CLOSE WINDOW

N1050: dpal de kho na nyid ye shes grub pa
Wyliee-texts based on the ACIP/ALL Input

འབྱུང་གནས་བཟང་པོའི་ཞལ་སྔ་ནས་དང་བོད་ཀྱི་ལོཙྪ་བ་སྨ་བན་ཆོས་འབར་གྱིས་བསྒྱུར་བའོ།། (།།དཔལ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་བཞུགས་སོ། །)་*། །རྒྱ་གར་སྐད་དུ། ཤྲཱི་ཏཏདྭ?་ཛྙཱ་ན་སིདྡྷི། བོད་སྐད་དུ། དཔལ་དེ་ཁོ་ན ་ཉིད་ཡེ་ཤེས་གྲུབ་པ། དཔལ་རྡོ་རྗེ་འཕག་མོ་ལ་ཕྱག་འཚལ་ལོ། །རླུང་གིས་བསྐྱོད་པས་འོག་གི་འཁོར་ལོ་ནས་བཞེངས་གློག་གི་ཟེར་ལྟར་འོད་གསལ་ཞིང། །རྩིབས་གནས་གསུམ་པོ་བསྲེགས་ནས་འཇིག་རྟེན་གསུམ་གྱིས་མཆོད་གྱུར་བདུད་རྩིའི ་རྒྱུན་རབ་འབབ། །སངས་རྒྱས་ཡེ་ཤེས་བཅུ་དང་འདྲེས་ཤིང་སྐྱོན་བྲལ་ཤིན་ཏུ་དགའ་བའི་ཚོགས་སྟེར་བ། །དངོས་དང་དངོས་མེད་རྣམ་པར་སྤྱོད་དང་བྲལ་བའི་ཕག་མོ་ཡིས་ནི་ཁྱེད་ལ་སྲུངས། །ཀ་སོགས་ཡི་གེས་བསྐོར་ནས་སྤྲུལ་པའི་རྩིབས་ཅན་ཉིད ་དབང་དཀྱིལ་འཁོར་ལ་བཞུགས་ཤིང། །འབར་བའི་མེ་ལྟར་རབ་འབར་བདུད་རྩི་རབ་འཛག?་པདྨའི་སྐུད་པ་ལྟར་ཕྲ་བ། །རིག་མ་སངས་རྒྱས་ཆོགས་རྣམས་བསྲེག་ཅིང་འཁོར་ལོ་གསུམ་པོ་འབྱེད་པ་གང་ཡིན་པ། །ཀུན་དགའ་དང་བཅས་རལ་པས ་གྱེན་གཤེགས་ཕག་མོ་ཁྱེད་ཀྱི་སེམས་ལ་གསལ་གྱུར་ཅིག་།རྡོ་རྗེ་ཡི་ནི་རྣལ་འབྱོར་མ། །རྡོ་རྗེ་སྔོན་སོང་ཕག་མོ་ལ། །མགོས་ཕྱག་འཚལ་ནས་རང་དྲན་ཕྱིར། །བདག་གིས་དེ་ཉིད་ཤེས་གྲུབ་བརྗོད། །ཡིད་དང་རྗེས་སུ་མཐུན་པའི་དབེན་གནས་སུ། །མགོན་པོས ་མགོ་མཚན་བློ་ལྡན་ཞུགས་ནས་ནི། །དེར་ནི་ཤིན་ཏུ་འཇམ་པའི་སྟན་དག་ལ། །ཀུན་ནས་དག་པ་རྣམ་པར་བསྒོམ་པར་བྱ། །དེ་རྗེས་ཡི་གེ་གསུམ་གྱིས་སྔགས་དྲུག་པ། །རྒྱལ་བ་རྡོར་འཛིན་སྙིང་པོ་མིང་མེད་ཀྱིས། །བྲིས་ནས་མེ་ཏོག་དམར་བས་མཆོད་པར ་བྱ། །རྡོ་རྗེ་དང་པོ་མཆོག་གི་སྣོད་དུ་ནི། །གཡས་པ་ལས་གཞན་ལག་པ་བཅུག་ནས་ཀྱང། །ཉེ་བར་བསྟན་པར་ཇི་ལྟ་བ་བཞིན་དུ། །ལག་པ་རེག་ནས་རྡོ་རྗེའི་ཁྲུས་བྱའོ། །མཐེ་བོང་ཆེན་པོ་དང་ནི་སོར་མོ་རྣམས། །ཡང་དག་ལྡན་པས་ལག་པས་བཀོད་བྱས ་ནས?་དཔའ་བོ་ཡི་ནི་དབང་ཕྱུག་དྲུག་པོ་ཡི། །སྔགས་རྣམས་ཀྱིས་ནི་ལུས་ལ་དགོང་པར་བྱ། །དེ་རྗེས་ལ་ཡང་རྡོ་རྗེ་འཆང་སྟེང་དུ། །ཚོན་བཟང་སྦྱར་བ་ལས་སྐྱེས་སྣོད་སྙོམས་ལ། །ཞ་ཉེ་ལས་སྐྱེས་ཕྱེ་མ་སོ་མ་དག་།སེང་རལ་དག་ཏུ་དལ་བུས་བཙགས་ལ་དགྲམ། ། ་དེར་ནི་གསེར་ལས་བྱས་པའི་ཐུར་མ་ཡིས། །རྒྱལ་པའི་སྙིང་པོས་སྙིང་པོའི་འཁོར་ལོ་ནི། །གཙུག་ཕུད?་ཅན་གྱི་ཟུང་ལྡན་མངོན་བྲོས་ནས། །དེ་ཡི་སྙིང་པོར་སྔགས་ཀྱི་ཕྲེང་བ་བྲི། །འཁོར་ལོའི་ཕྱི་རོལ་ཤར་གྱི་ཆ་དང་ནི། །བྱང་དང་ནུབ་དང་གཟི་ལྡན་སྲས་ཕྱོགས ་སུ།?་བཀྲ་ཤིས་དམ་པ་རྣམས་ནི་རིམ་པ་བཞིན། །ལག་པ་གཡོན་པ་ཡིས་ནི་མངོན་པར་བྲི། །ཛ:ཧཱུཾ་བཾ་ཧོ:ཞེས་ནི་རབ་བརྗོད་ནས། །རྡོ་རྗེ་ལྷ་མོ་བཀུག་ནས་གསང་སྔགས་ཀྱི། །ཡི་གེ་ལ་ནི་བཅུ་གནས་བསྡམ་པ་དང། །ཆོ་ག་ཡིS་ནི་ཡོངས?་སུ་མཉེས་པར་བྱ། །དེ་རྗེས ་སྔགས་ཀྱི་རང་བཞིན་དེ་ལ་ནི། །བཟའ་དང་བཅའ་དང་བཏུང་བ་དང། །བཞི་བ་བྱ་འདོད་ཡོན་ལྔ་དང་བཅས་རྣམས་ཀྱིས། །མཆོད་པ་རྣམ་པ་སྣ་ཚོགས་པ་དག་བྱ། །སྣ་ཚོགས་སྟོབས་ནི་མྱོས་བྱེད་དང་བཅས་པ། །ཤིན་ཏུ་ཁྱད་འཕགས་མཆོད་པའི་རྣམ་ལྔ་དང། །གླུ ་དང་རོལ་མོ་དང་ནི་གར་རྣམས་དང། །བསྐོར་བ་ཕྱག་འཚལ་བསྟོད་པ་རྣམས་ཀྱིས་ནི། །ཉིན་རེ་བཞིན་ནམ་ཟླ་ཕྱེད་སོ་སོ་འམ། །ཟླ་རེ་བཞིན་ནམ་ཚེས་ནི་བཅུ་པ་ལ། །དངོས་གྲུབ་འདོད་པའི་དམ་པས་ཇི་སྐད་དུ། །བཤད་བཞིན་མཆོད་པའི་ཆོ་ག་འདི་ལ་བྱ། །དེ་ཁོ་ན་ཉིད ་ཡེ་ཤེས་གྲུབ་པ་ལས། ཕྱི་རོལ་མཆོད་པའི་ཆོ་གའོ།། །།དེ་ནས་གཙོ་ཆེན་ཕྱི་རོལ་མཆོད་པའི་ཚུལ། །བྱས་པས་སྤྲུལ་པའི་རྩིབས་ཅན་པད་དབུས་སུ། །དབུགས་བྲལ་སྙིང་གར་ཚ་ཟེར་ཅན་གཟུགས་ལ། །སྔར་བརྗོད་པ་ཡི་ལྷ་མོ་བསྒོམ་བྱ་སྟེ། ། ་དགོངས་ཀའི་ཐུན་མཚམས་དམར་ཐག་མདོག་ཅན་འདོད་དཔུང་ཚོགས་ཀྱི་མདུན་གྱི་གཟི་བཅོམ་ཞིང། །དཔག་མེད་འོད་འཕྲོ་ཉམ་ཐག་ཀུན་གཅོད་པ་ཡི་གྲི་གུག་གཡས་ཀྱི་ཕྱག་ན་འཛིན། །རྒྱལ་མཚན་དང་བཅས་གཡོན་པས་པད་སྣོད་ཤིན་ཏུ་དཀར་བ་ཁྲག་གི་། ་བཀང་འཛིན་ཅིང། །ཐོད་ཕྲེང་རྡོ་རྗེ་ཕྲེང་བས་དབུ་བཅིངས་མགོ་སྐྲ་གྲོལ་ཞིང་གྱེན་དུ་འགྲེད་གྱུར་བ། །མགོ་བོས་ཕྲེང་བས་སྐུ་བརྒྱན་ཁྲག་གིས་ཞལ་བཀང་རོ་ཡི་སྤྱན་ལྡན་གྲོལ་བའི་གདངས། །སྐལ་ལྡན་ས་རློག་ཞལ་ནི་གྱེན་དུ ་བལྟ་ཞིང་རྩ་བའི་ཞལ་ནི་ཅུང་ཟད་ཁྲོ། །ཀུན་དགའ་དང་བཅས་རྗེས་སུ་ཆགས་ཤིང་སྣ་ཚོགས་ཉམས་ཅན་སྐྱིལ་ཀྲུང་ཕྱེད་པའི་གར། །ཕྱག་རྒྱ་ལྔས་ནི་རྒྱས་གདབ་ན་བཟའ་དང་བྲལ་བཅུ་དྲུག་ལོ་ཚད་སྐུ་མཆོག་ཅན། །ཡེ་ཤེས་དགུག་སོགས་སྔ་མ་བཞིན་དུ ་ནི། ཆོ་གའི་རིམ་པ་སྔགས་པས་བྱས་ནས་ནི། །བཀྲ་ཤིས་དཔྲལ་བ་ཡི་ནི་སྔོན་ཕྱོགས་ལ། །མྱུར་བར་འཁོར་བ་ཅིག་ནི་བསྒོམ་པར་བྱ། །དེ་ཡི་རྗེས་ལ་བྱ་ལམ་ཁམས་སུ་ནི། །གྲུ་གསུམ་རི་མོ་ཡི་ནི་སུལ་ནང་དུ། །འཁོར་ལོ་དམར་པོ་རབ་ཏུ་འབར་བ་ནི།། ་མྱུར་བར་སྔར་བཤད་ལྟ་བུར་འཁོར་ལོར་བསྒོམ། །ལྷག་པའི་ཤུགས་ཀྱིས་བརྟན་པ་ལྟར་གནས་ཤིང། །རླུང་མེད་མི་གཡོ་མར་མེ་ལྟར་གསལ་དེས། །བདེ་བ་ཆེན་བོའི་འཁོར་ལོ་བཞུ་བྱས་ནས། །བདུད་རྩིའི་ཐིག་ལེ་ཟགས་པས་ཁྲུས་བྱས་ཤིང། །སྐུ་གསུམ་ངོ་བོ ་མཆོག་ཏུ་ལྷན་ཅིག་ཏུ། །སྐྱེས་པའི་བདག་ཉིད་འགྲོ་ལ་ཁྱབ་བྱེད་ཅིང། །བདེ་བ་དཔག་ཏུ་མེད་པའི་རྒྱུར་འཕྲོ?་བ། །ནུབ་ཏུ་བལྟས་ནས་ཕྱི་ནས་བལྟ་བར་བྱ། །ཉི་མ་རེ་རེ་བཞིན་དུ་ཐུན་རེའམ། །ཇི་ལྟར་ཁོམ་བཞིན་འདི་ནི་ཇི་སྲིད་དུ། །དངོས་གྲུབ་མཚན་མ་མཐོང ་བ་དེ་སྲིད་པར། །བསྒོམ་བྱ་དེ་ཡང་གསལ་བར་བརྗོད་པར་བྱ། །འབད་མེད་སྐྱེས་པ་དགའ་བའི་ཤུགས་དང་རྗེས་འབྲེལ་བས། །གང་ཚེ་རྣམ་པར་བསྒོམ་པས་འདི་ནི་གསལ་གྱུར་ཅིང། །ལྕགས་ཀྱི་བཞུ་བ་ལ་སོགས་གནོད་པ་མི་ཚོར་བ། །དེ་ཚེ་གྲུབ་པ་ཉེ་བར ་གནས་པར་གྱུར་པ་ཡིན། །རྔ་བོ་ཆེ་སོགས་རབ་ཏུ་བརྡུངས་པ་རྣམས་ཀྱི་སྒྲ། །གསལ་པོར་ཉན་པའི་སྦྱོད་ཡུལ་དུ་ནི་མི་འགྱུར་ཞིང། །གང་ཚེ་རྨི་ལམ་དུ་ནི་བླ་མེད་བྱང་ཆུབ་མཆོག་།ཐོབ་ནས་རིང་པོར་མི་ཐོགས་བསམ་གཏན་པས་མཆོག་འགྲུབ། །གྲུབ་པའི ་མཚན་མ་མཐོང་ནས་འདྲེ་གནས་དང། །རི་ལྗོངས་ལྗོན་པའི་རྩ་བ་ལ་སོགས་སུ། །གནས་ནས་རྫོགས་པའི་རྣལ་འབྱོར་ནི། །བློ་བཟང་གིས་ནི་རྒྱུན་མི་འཆད་པར་བསྒོམ། །གྲུབ་ནས་ནོར་འཛིན་ལ་སོགས་རིམ་པ་ཡིས། །གོང་ནས་གོང་དུ་རབ་ཏུ་ཐིམ་འགྱུར་ཞིང། །དེ ་ཚེ་ནམ་མཁའ་ལྟ་བུར་སྣང་བ་ཡིན། །འོད་གསལ་བ་ཡི་ཡེ་ཤེས་ཙམ་དུ་འགྱུར། །དེ་དག་མཚན་མར་ཤེས་བྱ་མཚན་མ་ཡང། །རྣམ་པ་ལྔར་ནི་དེ་ཤེས་པས་རིག་བྱ། །དེ་བཞིན་ཕྱིར་ན་དེ་དག་རྣལ་འབྱོར་པས། །མཉམ་པར་བཞག་པའི་སེམས་ཀྱིས་རྟོགས་པར་བྱ། ། ་དངོས་པོ་རི་དགས་སྲེད་བཞིན་སྣང་བ་སྟེ། །མཚན་མ་གཉིས་པ་དུད་པའི་རྣམ་པ་ཅན། །གསུམ་པ་མེ་ཁྱེར་འདྲ་དང་བཞི་པ་ནི། །སྒྲོན་མ་འབར་བ་ལྟ་བུར་གསལ་བ་ཡིན། །མཚན་མ་ལྔ་པ་རྣམ་པར་མི་རྟོག་པ། །སྤྲིན་བྲལ་ནམ་མཁའ་ལྟ་བུར་སྣང་པ་ཡིན། །དེ་ལྟ་བུ་ཡི་མཚན ་མ་མཐོང་ནས་ནི། །ཕྱག་རྒྱ་ཆེན་པོ་ཐོབ་པར་འགྱུར། །ལྡང་བར་འདོད་པ་རྣལ་འབྱོར་མ་དང་མགོར་གནས་པའི། །མགོན་ལ་བཏུང་ནས་ཡི་གེ་མུ:ནི་རབ་ཏུ་བརྗོད། །ལངས་ནས་དེ་ཉིད་བློ་ཡིས་བྱ་བ་བསྒྲུབ་བྱ་ཞིང། །རྣལ་འབྱོར་རིག་པས་རྟག་ཏུ་རྣལ་འབྱོར་ལྡན་པར ་གནས། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས། །བསྒོམ་པའི་ཆོ་གའོ།། །།སློབ་མས་མཎྜལ་བྱས་ཤིང་ཞབས་པདྨ་ལ། །འདོད་པས་གསོལ་བ་མང་དུ་བཏབ་གྱུར་པའི། །སྔགས་པ་ཡིས་ནི་ཚེས་བཅུ་པ་དག་ལ། །དེ་དག་རྣམས་ནི་རྗེས་སུ་བཟུང་བར་བྱ། །རྣལ་འབྱོར ་བྱས་པ་སྔགས་ཀྱི་རང་བཞིན་གྱིས། །ལྷ་མོ་འཁོར་ལོའི་བདག་ཉིད་ཅན་མཆོད་ཅིང། །བཟླ་བ་བྱས་པར་གྱུར་པའི་མཆོག་།ཀུན་ཏུ་བླངས་ཏེ་དེ་ལས་འདའ་བར་བྱ། །དེ་ནས་མཎྜལ་ལྔ་ནི་བྱས་གྱུར་ཅིང། །ཡོན་ཕུལ་ནས་ནི་མདུན་དུ་འགྲེང་གྱུར་བའི། །མེ་ཏོག་ཕྲེང་འཛིན་སློབ་མའི་མགོ་བོ ་ལ། །མགོན་པོ་བསྒོམ་ལ་བླ་མས་བལྟ་བར་བྱ། །རྡོ་རྗེས་ཇི་སྐད་བཤད་པའི་ལྷ་མོ་དང། །འོད་ཟེར་འབར་བའི་འཁོར་ལོའི་ཤུགས་ལྡན་པ། །ཉེ་བར་གནས་པའི་ལུས་ལ་བསམས་ནས་ནི། །དེ་ལ་རྡོ་རྗེ་འཛིན་པ་སྦྱིན་པར་བྱ། །མཐར་གྱིས་དེ་ལྟར་བབས་པ་དེ་ལ་ནི། །སྤྲུལ་ལྡན་པ་དང་རབ ་ཏུ་འདར་བ་དང། །མཆི་མ་འབྱུང་བདག?་ནི་འགྱེལ་བ་དང། །ཡེ་ཤེས་སྐྱེས་པའི་རང་བཞིན་འབྱུང་བར་འགྱུར། །དེ་རྗེས་དང་ལྡན་ཡོན་ཏན་དང་བཅས་ཤིང། །བླ་མས་སངས་རྒྱས་གཉིས་མེད་གུས་པ་ལ། །རྡོ་རྗེ་ཡིན་ནི་རྣལ་འབྱོར་མ་རྣམས ་ཀྱི། །ཏིང་འཛིན་མཆོད་དང་སྔགས་རྣམས་བརྗོད་པར་བྱ། །དད?་པ་དང་ནི་རྣམ་པར་བྲལ་བ་ཡི། །གུས་པ་རྣམ་པར་ཉམས་པའི་སློབ་མ་ལ། །ཡིད་ཆེས་འཕྲལ་བསྐྱེད་ཤིན་ཏུ་རྣམ་དག་པའི། །རྣལ་འབྱོར་འདི་ནི་བརྗོད་པར་མི་བྱའོ། །གང་ཞིག་སྔགས་དང་བཅས་པར་གྱུར ་པ་ཡི། །ལྷ་མོའི་འཁོར་ལོ་ལ་ནི་མཆོད་བྱེད་པ། །དེ་ལ་འཇིགས་པ་བརྒྱད་པ་རྣམས་དང་ནི། །སྡིག་པ་ཆེན་པོ་རྣམས་དང་སྐལ་ངན་དང། །དབུལ་བ་དང་ནི་ནད?་དང་རྒས་པ་དང། །སྡུག་བསྔལ་ཡིད་མི་བདེ་བ་རྣམས་དང་ནི། །འཁྲུལ་དང་ཐབས་རྩོད་ཉེས་སྐྱོན་ཉོན་མོངས ་དང། །གདུད་བ་སྣ་ཚོགས་རྣམས་ཀྱང་འཇིག་པར་འགྱུར། །གང་ཞིག་སྙིང་ཁར་འཁོར་ལོའི་གསང་སྔགས་ནི། །བསྒོམས་ནས་འགོག་པའི་ཚིག་གིས་ཟློས་བྱེད་དེས། །དངོས་གྲུབ་བརྒྱད་པོ་རྣམས་དང་མངོན་ཤེས་ལྔ། །དེ་བཞིན་ཡོན་ཏན་བརྒྱད་པོ་ཐབ་པར ་འགྱུར། །ཉིན་རེ་བཞིན་དུ་ཐུན་བཞིར་འབར་ནས་སུ། །ས་རློག་ཞལ་ནི་བསྒོམ་པ་གང་ཡིན་ལ། །སེངྒེ་འཕྲོག་བྱེད་དབྱིག་གི་སྙིང་པོ་ཡིས། །ཐུབ་པར་དཀའ་བའི་དྲན་པ་སྐྱེ་བར་འགྱུར། །འཁོར་ལོ་དང་བཅས་ཕག་ཞལ་ཅན་འདི་གང་ཞིག་བསྒོམ་བྱེད་པ།། ་དེ་ལ་བུད་མེད་རྣམས་དང་རེག་པ་སྣ་ཚོགས་གོས་དང་ནི། །བཟའ་བཏུང་སྣ་ཚོགས་ནོར་འབྲུ་ས་བཞི་དང་ནི་ཁང་བཟང་དང། །ལྷ་རྫས་ཀྱི་ནི་མལ་སྟན་དག་དང་སྒྲུབ་བྱེད་རྣམས་ཀྱང་འབྱུང། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས་ཕན་ཡོན་དང་སློང་མ་རྗེས་སུ་གཟུང ་བའི་ཆོ་གའོ།། །།དེ་ནས་རྡོ་རྗེ་རྣལ་འབྱོར་མའི། །སྔགས་བཏུ?་མཆོག་གྱུར་རིམ་པ་བཞིན། །རྣ་ནས་རྣ་དང་དེ་བཞིན་དུ། །ཞལ་ནས་ཞལ་དུ་འདས་འདི་བརྗོད། །སྔར་བརྗོད་ལྟ་བུའི་འཁོར་ལོ་ལྷའི། །ཚོགས་ཀྱི་གནས་དང་ལྡན་པ་བྲི། ། ་ཕྲེང་ཀ་ཕྲེང་དེ་བཞིན་དེར། །གཅིག་པ་མཚང་རིམ་གྱིས་བྲི། །ཛཧ་འོག་དང་སྟེང་ནས་སྦྱར་བ། །ཧ་འོག་བརྟེན་པས་རྣམ་བརྒྱན་པའི། །ཡིག་མཆོག་དེ་ཉིད་གསལ་བྱེད་ནི། །དང་པོ་ཉིད་དུ་གསུམ་བྲི་བྱ། །བྷ་སྟེང་རྟེན་དང་ཚ་དང་གནས་པ་ནི། །ཊ་སྟེང་གནས་དང་འབྲེལ ་པ་དེ་རྗེས་བྲི། །ཥ?་འོག་བརྟེན་བ་ཌ་འོག་མར་བཅས་དང། །ཤ་སྟེང་བརྟེན་པ་ཥ་སྟེང་གནས་དང་བཅས། །ལི་འོག་གནས་པ་ཉ་འོག་དང་ལྡན་པ། །པ་སྟེང་ཊ་འོག་ལྡན་པ་དེ་རྗེས་བྲི། །པ་སྟེང་སོན་པ་ཥ་འོག་དང་ལྡན་པ། །ཧ་ཊའི་བར་གནས་ཨི་གཡོན་དང་བཅས་ཏེ། །ཙ ་སའི་དབུས་གནས་པ་དང་བྷ་འོག་དང། །གནས་པ་ཐ་གཡས་དང་འབྲེལ་དེ་རྗེས་ལ། །ཧ་ཐའི་དབུས་སོན་པ་དང་ཏ་གཡོན་རྟེན། །ཋ་ལའི་དབུས་དང་འབྲེལ་བ་ཕྱི་ནས་བྲིས། །ཆ་ཀུན་གྱིས་ནི་མཛའ་དང་ཕའི་བར་མ། །སྡེ་གསུམ་པ་ཡི་དང་པོའི་གཡོན་ནས་འབྲེལ།། ་ལ་ཡི་འོག་མ་ཎ་སྟེང?་བ་དང་ལྡན། །ཚ་སྟེང་གནས་དང་བྷ་འོག་ཋ་གཡས་ལྡན། །ཥ་འོག་གནས་པ་ཏ་སྟེང་བ་དང་ལྡན། །ཎ་འོག་ཐ་སྟེད་དང་ལྡན་ཕྱི་ནས་ཡིན། །པ་འོག་རྟེན་དང་ཕ་སྟེང་ཐ་འོག་མར། །ལྡན་དང་ལ་འོག་ཎ་སྟེང་དང་ལྡན་ནོ། །ཝ་འོག་གནས་པ་རཱི་འོག་སྟོང ་པ་ཅན། །གསུམ་དང་རྩ་སྟེང་ར་འོག་གནས་བཅས་གསུམ། །ཤ་འོག་གནས་པ་ཐ་འོག་དང་ལྡན་ཞིང། །ཉ་ཡི?་འོག་མ་དང་ཡང་ལྡན་པ་ཡིན། །ས་ཡའི་བར་གནས་ཛྙ་ཡི་གཡོན་བཅས་ཏེ། །གསང་ཆེན་ཡི་གེའི་རྣམ་པ་བརྗོད་གྱུར་པ། །རྡོ་རྗེ་ལྷ་མོ་རྣམས ་ཀྱི་སྔགས་འདི་ནི། །བྲི་ཞིང་བསྒོམ་པ་བརྗོད་པར་བྱ་བ་ཡིན། །ཡིད་བཞིན་ནོར་བུ་དཔག་བསཾ་ཤིང་དང་བུམ་པ་མཆོག་།དཔལ་ལྡན་འདོད་པའི་འོག་མའི་བ་ཡང་རབ་ཏུ་སྔགས། །དེ་དག་བསྒྲུབ་པས་འདིར་ནི་ནོར་སྟེར་ཙམ་འགྱུར་ཏེ། །འདི་ནི་བདེ་དང་བཅས་པའི ་ནོར་རྣམས་སྟེར?་བར་བྱེད། །དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པ་ལས་སྔགས་བཏུ་བའི་ཆོ་གའོ།། །།མཆོད་པའི་རྒྱུར་ནི་ཆོ་ག་མཁས་པ་ཡིས། །སྣོད་ལ་བརྟེན་པ་གང་ལ་འདི་བྲས་པ། །དེས་ནི་མགོ་དང་འགུལ་པ་དཔུང་པ་ལ། །བཏགས་པས་བྱིས་པའི ་ཆུལ་བཞིན་བསྲུང་བར་བྱ། །བསྲུང་བཅས་བྱིས་པ་མཐོད་ནས་ལྟོ་འཕྱེ་འབྱུང་པོ་དང། །གནོད་དང་མཚན་མོ་རྒྱུ་དང་ཤ་ཟའི་ཚོགས་བཅས་དང། །བྱིས་པ་འཇིགས་པས་ཉམ་ཐག་བྱེད་པའི་རབ་འཇིགས་གཞན། །སྟོབས་ལྡན་སེངྒེས ་ནགས་སུ་སྐྲག་ལ་འདར་བཞིན་འབྱོར། །རྣལ་འབྱོར་གྱི་ནི་མན་ངག་དམ་པ་ཐོབ་ཅིང་ཡིད་ཆེས་མཐོང་གྱུར་ནས། །བདག་གིས་གསལ་བའི་ཡེ་ཤེས་དྲི་མེད་ཡང་དག་གྲུབ་པ་འདི་བྲིས་ཏེ། །དེས་ན་དེ་ཐོབ་དོན་དུ་གུས་སྨྲ་རབ་ཏུ་སྦྱིན་པའི་ཚུལ་རྣམས་དང།། ་ལུས་ངལ་བ་དང་རབ་འདུད?་རྣམས་ཀྱི་བླ་མ་དམ་པའི་ཞབས་པད་བརྟེན། །འཇིག་རྟེན་དག་ན་མ་བཞིན་ཕན་པ་མང་པོ་བསྐྱེད་བྱེད་དེ་ཉིད་མཆོག་གྲུབ་གང་ཡིན་པ། །དེ་བྱས་དགེ་བསྐྱོན་བྲལ་ཟླ་བ་ཉ་བའི་འོད་ལྟར་དཀར་བ་ཡང་དག་གང་ཐོབ་པ། །དེ་ནི་འཇིག་རྟེན་རྩོད ་པའི་དྲི་བྲལ་རྫོགས་པའི་བྱང་ཆུབ་དག་པ་ཡི་ནི་སྣོད་གྱུར་ཅིང། །ཕྱག་རྒྱ་རྒྱ་ཆེན་སྲིད་དང་ཞི་བ་མཉམ་གྱུར་སེམས་ཅན་ཀུན་དོན་བྱེད་པ་ཐོབ་པར་ཤོག། །།དེ་ཁོ་ན་ཉིད་ཡེ་ཤེས་ཡང་དག་པར་གྲུབ་པ་ཞེས་བྱ་བ་དག་བྱིན་གྱིས་བརླབས་པའི་རིམ ་པ་དཔལ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ་མཁས་པ་ཆེན་པོ་ཏིང་ངེ་འཛིན་རྡོ་རྗེའི་ཞལ་སྔ་ནས་ཀྱི་ཞབས་ཀྱི་རྡུལ་ལ་རེག་པ་པཎྜི་ཏ་སྟོང་ཉིད་ཏིང་ངེ་འཛིན་གྱིས་མཛད་པ་རྫོགས་སོ།། །།བལ་པོའི་ཨཱ་ཙཨཱརྱ་བྷ་རེནྡྲ?་རུ་ཙེ་དང། ལོཙྪ?་བ་བློ་ལྡན་ཤེས ་རབ་ཀྱི་བསྒྱུར་བའོ།། (།།རྡོ་རྗེ་དོན་ཐམས་ཅད་གྲུབ་པ་བཞུགས་སོ།།)་*། །རྒྱ་གར་སྐད་དུ། སརྦཱ་ཌཐ?་སིདྡྷི་སཱ་དྷ་ནཾ་ནཱ་མ། བོད་སྐད་དུ། དོན་ཐམས་ཅད་གྲུབ་པ་ཞེས་བྱ་བའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །དོན་ཀུན་གྲུབ་པའི་སྒྲུབ་ཐབས་འདི། ་