CLOSE WINDOW

N1047: rdo rje rnal 'byor ma dmar mo'i sgrub thabs
Wyliee-texts based on the ACIP/ALL Input

རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས་བཞུགས་སོ།། །།*། །རྒྱ་གར་སྐད་དུ་། རཀྟ་བཛྲ་ཡཽ?་གི་ནི་སཱ་དྷ་ན། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་དམར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག ་འཚལ་ལོ། །དང་པོ་ཨེའི་དཀྱིལ་དུ་པཾ་ལས་བྱུང་བའི་སྣ་ཚོགས་པདྨའི་ལྟེ་བར། རཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཧཱུཾ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་བསམས་ལ། མཆོད་པ་བྱ་སྟེ། ་ཨོཾ་བཛྲ་ཡོ་གི་ནི་ཧཱུཾ་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། དེ་བཞིན་དུ་ཤར་གྱི་འདབ་མ་ལ་ཨོཾ་?་ཀི་ནི་ཧཱུཾ་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། ལྷོའི་འདབ་མ་ལ་ཨོཾ་ལཱ་མེ་ཧཱུཾ་བཛྲ་པུཥཔཾ་པྲ་ཏཱཙྪ་སྭཱཧཱ། ནུབ་ཀྱི་འདབ་མ་ལ་ཨོཾ་ཁཎྜ་རོ་ཧི་ཧཱུཾ་བཛྲ་པུཥཔཾ་བྲ་ཏཱིཙྪ་སྭཱཧཱ། ་བྱང་གི་འདབ་མ་ལ་ཨོཾ་རཱུ་པི་ཎཱ་ཧཱུཾ་བཛྲ་པུཥཔཾ་པྲ་ཏཱིཙྪ་སྭཱཧཱ། ཞེས་བྱ་བས་མཆོད་ལ། དེ་ནས་བསྒོམ་པ་ནི་གཅེར་བུ་སྐུ་མདོག་དམར་བ་འོད་ཟེར་འབར་བ། ཞལ་གཅིག་ཕྱག་གཉིས་པ། ཞལ་ལ་བདུད་རྩི ་འཆང་བ། སྤྱན་གསུམ་པ། སྤྱན་ཟླུམ་ཞིང་དམར་ལ་འགྱུར་བ་དཔྲལ་བའི་མཛོད་སྤྲུལ་ཁྲོ་གཉེར་ཡོད་པ། མཆེ་བ་གཅིགས་པ། ལྗགས་འདྲིལ་བ། ་དབུ་སྐྲ་གྲོལ་བ་རོའི་གདན་ལ་ཞབས་གཡོན་བསྐུམ་པའི་ཚུལ་དུ་བཞུགས་པ། གཞོན་ནུ་མའི་ཆ་བྱད་དང་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པ་དང་དྲིལ་བུ་གཡེར་ཁའི་ཕྲེང་བས་ཞབས་གདུབ་བྱས་ཤིང་སྒྲ་གྲགས་པ། ཕྱག་རྒྱ་དྲུག་གིས ་བརྒྱན་པར་ཕྱག་གཡོན་ན་ཐོད་པ་དང་ཁ་ཊཝཱཾ་ག་ཐོགས་པ། གཡས་པས་རྡོ་རྗེ་གྲི་གུག་འཆང་བ། དྲག་མོའི་གཟུགས་ཅན། དུར་ཁྲོད་ལ་སོགས་པར་རྣལ་འབྱོར་པ་སྙིང་རྗེ་དང་ལྡན་པས་བསྒོམ་པར་བྱའོ། །བསྒོམ་པས་སྐྱོན་སྔགས་ཀྱི་བཟླས་པར་བྱའོ། །ོཾ་སརྦ ་བུདྡྷ་ཊ་ཀིནཱི?་ཡེ་བཛྲ་ཝརྞ་ནཱི་ཡེ། བཛྲ་བེ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་སྭཱཧཱ། རྩ་བའི་སྔགས་སོ། །ོཾ་སརྦ་སིདྡྷི་པྲ་ཏཱིཙྪ་ཧཱི་ཧཱུཾ་ཕཊ་སྭཱཧཱ། སྙིང་པོའོ། །ོཾ་བཛྲ་ཡོ་གཱི་ནཱི་ཡེ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །ོཾ་བཛྲ་?་ཀི་ནཱི་ཡེ་ཧེཾ་ཧཱུཾ་ཨི་དཾ་བ་ལཾ་གྲིཧྞ་གྲིཧྞ་ཧ་ཧ་ཁ་ཁ ་ཛ་ཛ་ཨ་ཧཱུཾ་མམ་སིདྡྷ་པྲ་ཏཱིཙྪ་སྭཱཧཱ། གཏེར་མའི་སྔགས་སོ། །ཆོས་བརྒྱད་དམ་བ?་འམ་བཅུ་བཞི་ལ་དུད་ཁྲོད་ལ་སོགས་པར་ངེས་པ་མཆོད་པར་བྱའོ། །གདམས་དག་ཆེན་པོའི་ཡུལ་སུ་གྱུར་པ། དཔལ་རི་ཁྲོད་དབང་ཕྱུག་གིས་བསྟན་པ་རྡོ་རྗེ་རྣལ ་འབྱོར་མ་དམར་མོའི་སྒྲུབ་ཐབས་རྫོགས་སོ།། །།རྣལ་འབྱོར་མ་དཀར་མོ་བསྒྲུབ?་ཐབས་བཞུགས་སོ། །*། །རྒྱ་གར་སྐད་དུ། སུ་ཀ་ལ་བཛྲ?་ཡོ་གི་ནི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་རྣལ་འབྱོར་མ་དཀར་མོའི་སྒྲུབ་ཐབས། རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག ་