CLOSE WINDOW

N1044: grub pa'i rdo rje rnal 'byor ma'i sgrub pa'i thabs
Wyliee-texts based on the ACIP/ALL Input

ཞལ་སྔར་ཤཱཀྱའི་དགེ་སློང་རྗེ་བཙུན་པྲཛྙཱ་ཀཱིརྟིས་བསྒྱུར་བའོ།། །།གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་བཞུགས་སོ།། *། །རྒྱ་གར་སྐད་དུ། སིདྡྷི་བཛྲ་ཡོ་གི་ནི་སཱ་དྷ་ན། བོད་སྐད་དུ་། ་གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མ། །སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། །གཟི་བརྗིད་བསྐལ་པའི་མེ་ལྟར་འབར། ། ་ཁམས་གསུམ་རང་བཞིན་བདག་ཕྱག་འཚལ། །རྡོ་རྗེ་རྣལ་འབྱོར་མ་ཡི་ནི། །སྒྲུབས་ཐབས་མཆོག་ནི་མདོར་བསྡུས་པ། །རྗེས་གནང་གཅིག་གི་སྤྱོད་ཡུལ་ཏེ། །བླ་མ་བརྒྱུད་པའི་མན་ངག་བཤད། །དང ་པོ་རེ་ཞིག་སྔགས་བས་བླ་མ་དང། སངས་རྒྱས་དག་ལ་མི་ཕྱེད་པའི་གུས་པའི་ཡིད་ཅན། བྱང་ཆུབ་ཀྱི་སེམས་བརྟན་པོར་བཟུང་བ། དབང་བསྐུར་བ་ཡང་དག་པར་ཐོབ་པ་ཆོས་ཐམས་ཅད་རང་བཞིན་གྱིས་འོད་གསལ ་བར་ལྷག་པར་མོས་པ་བྱས་ཏེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མངོན་དུ་བྱ་བའི་ཕྱིར། དུར་ཁྲོད་ལ་སོགས་པ་དབེན་པའི་ཕྱོགས་སུ་ཤིན་ཏུ་འཇམ་པའི་སྟན་ལ་རྣལ་འབྱོར་གྱི་རོལ་པས་གནས་སུ་ཨོཌཡཎ ་གྱི་ཡུལ་དུ་ཁ་བལྟས་ཏེ་འདུག་ནས། དེའི་རྗེས་ལ་ལུས་དང་ངག་དང་ཡིད་དག་པར་བྱ་བའི་ཕྱིར། ལྷ་རྫས་ཀྱི་བཏུང་བ་སྦྲང་དམ་བུ་རམ་བདུད་རྩི་སྦྱར་བ་ལས་བྱུང་བ་སྟེ། རྣམ་པ་གསུམ་པོ་ཇི་ལྟར་རྙེད་པ ་བདུད་རྩི་ལྔ་དང་བཅས་པ་མཆོད་ཡོན་གྱི་སྣོད་དུ་བཞག་སྟེ། ཡི་གེ་གསུམ་མངོན་པར་བཟླས་ནས། བཏུང་བ་དེ་ལག་པ་གཡོན་པ་ནས་བརྩམས་ཏེ། ཡན་ལག་དད་ཉེ་བའི་ཡན་ལག་ཐམས་ཅད་ལ ་སྔགས་ཀྱི་ཁྲུས་བྱའོ། །དེ་ཉིད་ཀྱི་མཆོད་པའི་རྫས་རྣམས་ཀྱང་གསང་བར་བྱའོ། །དེའི་རྗེས་ལ། ཨོཾ་བཾ། ཧཾ་ཡོཾ། ཧྲཾ་མོཾ། ཧྲེཾ་ཧྲཾ། ཧཱུཾ་ཧཱུཾ། ཕཊ་ཕཊ་ཞེས་བྱ་བའི་སྔགས་ཀྱིས་ཡི་གེ་འདི ་རྣམས་ཀྱིས། །ལག་པ་གཡོན་པའི་སོར་མོ་རྣམས་ཡང་དག་པར་སྦྱངས་ཏེ། དག་པ་བརྗོད་པར་བྱའོ། །ོཾ་སྭ་བྷཱ་ཝ་ཤུད་དྷ(རྒྱུད་འགྲེལ་དྷརྨམཱ་བཛྲ་ཤུདྡྷོ་ཧཾ། ཨོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་མ་གྲི་གུག་དང་ཀ་པཱ་ལ་དང་ཁ་ཊཝཱཾ་ག་བསྣམས་པ། དབུ་སྐྲ་གྲོལ་བ། གཅེར་བུ་སྤྱན་གསུམ་པ་སྟེ། ན་ཚོད་གསར་པས་མཛེས་པ་ལ། ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སངས་རྒྱས་ལྔ་ཡིས་ཅོད་པན་ཆེ། ། ་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ནི། །ཟླ་ཉི་མེ་ཡི་དབུས་ན་བཞུགས། །ཛ་བ་སིནདྷུ་ར་ཡི་མདོག་།འདི་འདྲའི་གཟུགས་འཆང་ལྷ་མོ་ནི། །རྣལ་འབྱོར་རིག་པས་རྟག་ཏུ་བསྒོམ། །དེ་ཡི་གཡས་ནི་ཕག་གདོང་སྟེ། །དེ ་བཞིན་གཡོན་པའི་ཁྲོ་མོའི་ཞལ། །ཀུན་རྫོབ་དང་ནི་དོན་དམ་གཉིས། །ཞལ་ནི་གཉིས་སུ་རབ་ཏུ་བརྗོད། །བླ་མའི་མན་ངག་ལམ་གྱིས་ནི། །རིམ་པ་རྒྱས་པར་ཤེས་པར་བྱ། །དེ་ཡི་པདྨའི་ནང་གནས་པའི། ་འཁོར་ལོ་དོན་ཀུན་གྲུབ་གསོལ་བ། །ཡོན་ཏན་གསུམ་བརྒྱན་མཚན་མ་ནི། །འོད་ཆེན་ཁ་དོག་ཤིན་ཏུ་འབར། །སྔགས་ཀྱི་ཡི་གེ་ལེགས་པར་གང། །རྫ་མཁན་འཁོར་ལོ་བཞིན་དུ་འཁོར། །སྲིན་པོའི ་ཞལ་ནི་ལེགས་བསྡམས་ནས། །མེ་ནི་ཀུན་ནས་སྦར་བར་བྱ། །གཡུང་དྲུང་འཁྱིལ་པ་འཁོར་བ་ཡི། །དཀྱིལ་འཁོར་ཕག་གདོང་ཉེ་བར་བལྟ། །ཕྱག་རྒྱ་གཉིས་ཀྱི་སྦྱོར་བ་ཡིས། །འཇིག་རྟེན་གསུམ ་ཡང་སྒྲུབ་པར་བྱ། སྐད་ཅིག་རྣམ་པའི་རྣལ་འབྱོར་དག་།རྣལ་འབྱོར་འགྲུབ་འགྱུར་གཞན་དུ་མིན། །དེ་ནས་གཞན་ཡང་བཤད་བྱ་བ། །གསང་སྔགས་བཅུ་བའི་ཆོ་ག་མཆོག་།དཀྱིལ ་འཁོར་གྲུ་གསུམ་ཉམས་དགའ་བར། །རྡོ་རྗེ་ཨ་རལླི་ལས་བྱུང། །ཆོས་ཀྱི་འབྱུང་གནས་ཤེས་བཤད་ཅིང། །བཙུན་མོའི་བྷ་ག་ཞེས་ཀྱང་ངོ། །ཱ་ལི་ཀཱ་ལི་དབྱེ་བས་དེར། །སྡེ ་ཚན་བརྒྱད་ནི་རིམ་པས་བྲི། །གཟུགས་མེད་མདའ་དང་ཐུབ་པ་དང། །བུག་པ་དྲག་པོ་འདོད་པ་དད་པ་ཡི། །རིམ་པས་མན་ངག་ཇི་བཞིན་དུ། །རེ་མིག་རྣམས་སུ་དགོད་པར ་བྱ། །དང་པོར་ཨ་ཡིག་ནས་བརྩམས་ཏེ། །ཡི་གེ་ཧ་ཡིག་མཐར་ཐུག་པར། །གཡས་བསྐོར་གྱིས་ནི་སྦྱོར་བ་ཡིས། །སྡོམ་པ་རྒྱ་མཚོར་གསུངས་པ་བཞིན། །ཐ ་སྟེང་སུམ་འགྱུར་བྱས་ནས་ནི། །སྒྲ་དང་ཐིག་ལེས་རྣམ་པར་བརྒྱན། །བྷ་མ་ཐུག་སྟེང་དང་ཚ་སྟེང་ཡིག་།སྤྱི་བོར་ཏ་ལོག་སྟེང་སམ་བརྒྱན། །ཙ་སའི་དབུས་ནས་བླངས་ནས ་སུ། །དེ་བཞིན་ཌ་ཡིག་འོག་མས་བརྒྱན། །ཤ་ལོག་སྟེང་མ་ཤ་སྟེང་བསྐྱོན། །དེ་བཞིན་ཡང་དག་སྦྱར་བར་བྱ། །ལི་ཐུང་འོག་གི་ཡི་གེ་ལ། །ཉ་ཡི་འོག་མས ་རྣམ་པར་བརྒྱན། །པ་སྟེང་ཏ་ལོག་འོག་མས་སྦྱར། །ཕ་སྟེང་ཐ་ལོག་གིས་ནི་དབྱེ། །ཧ་དང་ན་ལོག་དབུས་ཡིག་ལས། །ན་ལོག་སྟེང་ན་གནས་པས་བརྒྱན། །ཤ་ཡིག་འོག་ན་གནས་པS ་བཟུང། །བྷ་མཐུག་འོག་མན་ལོག་གི་།འོག་མ་ཡིས་ནི་གདན་དུ་བྱ། །ཧ་སྟེང་གནས་པའི་ཡི་གེ་ཉིད། །ར་སྟེང་ར་ཡི་སྟེང་མས་སྦྱར། །ཏ་ལོག་སྟེང་ན་གནས་པ་ཡིས། །སྤྱི་བོར་སྦྱར་བ་ཡོངས་སུ་གྲགས། །ཕ་སྟེང་ཐ་ལོག་མ་ཡིS་ནི། །རྣམ ་པར་སྦྱར་བར་བརྗོད་པར་བྱ། །ཉ་ཡི་སྟེང་དུ་ན་ཡོག་སྟེ། །སྦྱར་པ་མན་ངག་གིས་ཤེས་བྱ། །ཙ་སའི་དབུས་ནས་བླངས་ནས་ནི། །བྷ་མཐུག་འོག་མ་ན་ལོག་གིས། །འོག་མ་ཡིས་ནི་གདན་དུ་བྱ། །དེ་བཞིན་རྩ་ཡི་སྟེང་ནས་བླངས། །ཏ་ཡི་སྟེང་ན་གནས་པས་བརྒྱན། །ཐ་སྟེང་ན ་འོག་འོག་ལ་བརྒྱན། །དེ་བཞིན་ཕ་ཡི་འོག་གནས་ཡིག་།དྷ་པའི་དབུས་གནས་ཡི་གེ་ལ། །ཐ་ལོག་འོག་མས་རྣམ་པར་བརྒྱན། །ཉ་ལའི་དབུས་གནས་ཡི་གེ་ལ། །ན་ལོག་སྟེང་མས་རྣམ་པར་བརྒྱན། །ས་ཡི་དབུས་གནས་ཡི་གེ་ལ། །རཱི་རིང་ས་བོན་འོག་མས་དབྱེ་བར ་བྱ། །ཐིག་ལེ་ནཱ་དར་ཡང་དག་ལྡན། །དེ་ཡང་སུམ་འགྱུར་བྱ་བ་ཉིད། །ན་ཡི་འོག་གནས་ཏ་ལོག་དབྱེ། །དེར་ཡང་སུམ་འགྱུར་བྱ་བའོ། །ཤ་ལོག་འོག་ནས་ཤ་ལོག་ཞོན། །ཉ་ལོག་གནས་ལས་དབྱེ་བར་བྱ། །མ་ཝའི་དབུས་གནས་ཡང་དག་ལྡན། །ཛཧ་མ་ཐུག་རྒྱབ་ཀྱི་དབྱངS? ་ཀྱིས་བརྒྱན། །བླ་མའི་མན་ངག་ལམ་གྱིས་ནི། །གསང་སྔགས་བཏུ་བ་ཤེས་པར་བྱ། །གླེགས་བམ་ལས་ནི་གཟུང་བའི་སྔགས། །ཡང་དག་བླང་བ་བྱས་པ་ཡིས། །བསྐལ་བ་བྱེ་བ་བརྒྱར་ཡང་ནི། །དངོས་གྲུབ་རྣམས་སུ་མི་འགྱུར་ཉིད། །དེ་ནས་ཡང་དག་བཤད ་པར་བྱ། །མཆོད་པའི་རྡོ་རྗེ་ཀུན་འབྱུང་བ། །ཚེས་བཅུའི་དུས་སུ་བབ་པ་ན། མཆོད་པ་ལྔ་དང་ཡང་དག་ལྡན་།བཟའ་བཅའ་དེ་བཞིན་བཏུང་བ་དང། །ཕྱི་དང་གསང་བར་ཡང་དག་ལྡན། །དྲི་མེད་སྣོད་ནི་ཡང་དག་པར། །གུར་ཀུམ་སོགས་ཀྱིས་བྱུགས་ནས་སུ།། ་བཟང་པོ་བཏུང་བ་ཡང་དག་ལྡན། །སིནདྷུ་ར་ཕྱེ་མ་བཙགས་པ་ལ། །གསེར་སྨྱུག་གིས་ནི་སྦྱོར་བ་ཡིས་།མཁས་པས་ཨེ་ཝཾ་རྣམ་པར་བྲི། །དབུས་སུ་གསང་སྔགས་རྒྱལ་པོ་འདི། །བསྟན་བཅོས་ཀྱིས་ནི་དབྱེ་བས་བྲི། །གཡུང་དྲུང་དགེ་བའི་ཕྱག་རྒྱ་ནི། །འཁོར་ལོ ་ཡིན་ནི་ལོགས་སུ་དགོད། །མེ་ཏོག་རྣམ་བ་སྣ་ཚོགས་པ། །ཆུ་དང་དེ་བཞིན་ཐང་ལས་སྐྱེས། །སྒྲོན་མ་ཙཱ་རུ་དམ་ཚིག་ཅེས། །དེ་བཞིན་གཞོན་ནུ་མ་དག་མཆོད། །མཆོད་པའི་ལས་ནི་ཁྱད་པར་དུ། །གདོན་མི་ཟ་བར་བྱ་བ་སྟེ། །སྒྲ་གྲོལ་གཅེར་བུར་བྱས་པ་ཡིས། །སྔར་བཤད་ཕྱོགས་སུ་ཁ་བལྟས་ནས།། ་མཉམ་པར་གཞག་པས་མཆོད་པ་ཡིས། །དུས་སུ་ཤིན་ཏུ་བསང་བྱ་སྟེ། །མ་བསང་བགེགས་ནི་འབྱུང་བར་འགྱུར། །དེ་བཞིན་དུ་ཡང་དངོས་གྲུབ་ཉམས། །ནད་ཀྱི་རྣམ་པ་སྣ་ཚོགས་པ། །དམ་ཚིག་ཉམས་ལས་བྱུང་བར་འགྱུར། །སྲོག་ནི་ཡོངས་སུ་གཏང་བ་འམ། །འཆི་བ་དང་ནི་ཕྲད ་ཀྱང་བླ། །གལ་ཏེ་དངོས་གྲུབ་མཆོག་འདོད་ན། །དམ་ཚིག་རྟག་ཏུ་བསྲུང་བར་བྱ། །འགྲོ་ཀུན་གཡོན་ལས་འབྱུང་བ་སྟེ། །འཇིག་རྟེན་གསུམ་པོ་བརྟན་དང་གཡོ། །རྟག་ཏུ་རྣལ་འབྱོར་གཡོན་པས་སྤྱད། །རྐང་པ་གཡོན་པ་སྔོན་དུ་ངོས། །མཆོད་པ་ལག་པ་གཡོན་གྱིས་བྱ། །གཡོན་གྱིས ་བསྟབ་ཅིང་བཟའ་བར་བྱ། །རིགས་ལྔ་ཀུན་ཏུ་སྤྱོད་པས་ན། །རིགས་གཅིག་ཏུ་ནི་བརྟག་པར་བྱ། །བཟའ་དང་བཟའ་མིན་དེ་བཞིན་བཏུང། །གཙང་སྨེ་ངོ་ཚ་སྡང་བར་བྱ། །ཀུན་རྟོག་ཀུན་ལས་ངས་གྲོལ་བས། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །རྣལ་འབྱོར་དྲ་པའི་སྡོམ་པ ་ཡིས། །རྣལ་འབྱོར་སེང་གེ་བཞིན་དུ་སྤྱོད། །གསང་སྔགས་རྣལ་འབྱོར་མ་ཡིས་དངོས། །རྣལ་འབྱོར་མ་ཡང་གསང་སྔགས་དངོས། །གལ་ཏེ་གོ་འཕང་མཆོག་འདོད་ན། །དེ་དག་ཐ་དད་མི་བྱ་སྟེ། །བསམ་པ་གང་དང་གང་གིས་ནི། །མི་རྣམས་ཡིད་ནི་ཡང་དག་སྦྱོར། །དེ་དང་དེ་ཡི ་ངོ་བོར་འགྱུར། །སྣ་ཚོགས་ནོར་བུ་ཇི་བཞིན་ནོ། །སེམས་ནི་རྗེས་མཐུན་རྣལ་འབྱོར་གྱིས། །གང་ཞིག་གོམས་པར་བྱེད་པ་ནི། །བསོད་ནམས་ཆུང་བའི་མི་ཡིས་ཀྱང། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་ཏེ། །བླ་མ་དཔལ ་ལྡན་རྡོ་རྗེ་ཅན། །འདིར་ནི་བླ་ཡི་རྒྱུ་ཡིན་ནོ། །སངས་རྒྱས་གོ་འཕང་འདོད་པ་ཡིས། །དེ་ཕྱིར་བླ་མ་མཉེས་པར་བྱ། །དགོས་པ་བླ་ན་མེད་པ་ཉིད། །དཔལ་ལྡན་ཨོཾཌ?་ཎ་གནས་ཀྱིའོ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་མའི་གསང་བ་སྙན་ནས་སྙན་ཞལ་ནས་ཞལ་དུ་བརྒྱུད་པའི་རྗེས་སུ་གནང ་བའི་གཞུང་ལུགས?། །སློབ་དཔོན་ཆེན་པོ་དཔལ་ཨོརྒྱན་གྱི་མི་དབང་ཨིནྡྲ་བྷུ་ཏིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དཔལ་ན་ལེདྡར?་བ་དང་ལོཙྪ་བ་དགེ་སློང་པྲཛྙཱ་ཀིརྟིས་བསྒྱུར་བའོ།། །།རྡོ་རྗེ་རྣལ་འབྱོར་མའི་སྔགས་དེ་ཁོ་ན་ཉིད ་