CLOSE WINDOW

N1037: dbang gi cho ga'i rim pa zhes bya ba
Wyliee-texts based on the ACIP/ALL Input

དབང་གི་ཆོ་གའི་རིམ་པ་བཞུགས།། །།རྒྱ་གར་སྐད་དུ། ཨ་བྷི་ཥེ་ཀ་བིདྷི་ཀྲ་མ་ནཱ་མ། བོད་སྐད་དུ། དབང་གི་ཆོ་གའི་རིམ་པ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དབང་གི་བྱ་བ་བྲི་པར་བྱའོ། །དང་པོ་སློབ་མས་ལན་གཉིས་ལན་གསུམ ་དུ་གསོལ་བ་གདབ་པ་དང། རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ལ་དབང་གི་ཡོ་བྱད་ཐམས་ཅད་འབྱོར་བ་ཡོད་དམ་ཞེས་བྲིའོ། །བདག་ལ་ཐམས་ཅད་ཡང་དག་པར་ཡོད་དོ་ཞེས་པ་དེ་ལ། ཇི་ལྟར་དེའི་ལས་ཀྱི་སྒྲིབ་པ་དང་ལྡན་པ་དེ་སློབ་དཔོན་གྱིས་རབ་ཏུ་འཇོམས་པའི་དོན ་ནི། དེའི་སྙིང་གར་ཀཾ་གི་ཡི་གེ་ཞུ་བ་ལས། ལས་ཀྱི་སྒྲིབ་པའི་རང་བཞིན་གདུག་པ་ཅན་མ་ལུས་པ་རྣམ་པར་བསམ་མོ། །དེ་བཞིན་དུ་དེའི་ལྟེ་བའི་གནས་སུ་རྡོ་རྗེ་རྩེ་ལྔ་པ་ཞུ་བ་ལས་ཡོངས་སུ་རྫོགས་པའི་རྡོ་རྗེ་གནོད་སྦྱིན་ཕྱག་གཉིས་པ་ཁ་དོག་ནག་པོ། །མཆེ་བ་གཙིགས ་པ་ཞལ་གཅིག་པ་བསྒོམས་ཏེ། །གཡས་དང་གཡོན་ན་རྡོ་རྗེ་དང་ཞགས་པ་བསྣམས་པའི་ཁྲོ་བོ། །དེ་ནས་ཡང་ན་མཆེ་བ་དང་གཡོན་སྡིགས་མཛུབ་ཅན། བདག་ཉིད་ཀྱིས་རྡོ་རྗེ་གསོར་བ་ལས་སོང་ནས་དེའི་སྙིང་གར་རང་གིས་བྱས་པའི་ལས་ཀྱིས་སྒྲིབ་པ་ཞུ་བ་རྣམ་པར ་བསམས་པ་ལ་རྡོ་རྗེ་བསྣུན་པ་ལ་རྡོ་རྗེ་གནོད་སྦྱིན་གྱིས་ཀྱང་བསྣུན་ཏེ། ཨོཾ་བི་ཛྲ་ཡཀྵ་ཀྲོ་དྷ་ཁཱ་ད་ཁཱ་ད་པཱ་པཾ་ཡ་སྱ་ཧཱུཾ་ཕཊ་སྭཱཧཱ། །སྔགས་འདིས་ཐལ་བ་ལྟ་བུར་གྱུར་པར་རྣམ་པར་བསམས་པས་སྡིག་པ་འབྱད་དོ། །དེ་ལ་བསྲང་བ་བྱ་སྟེ། གནོད་མཛེས་ཀྱི་སྔགས་སམ ་བདུད་རྩིས་ཁྱིལ་བའི་སྔགས་ཀྱིས་ལག་པ་གཡས་པ་ལ་སྐུད་པ་བཅིང་ངོ། །དེ་བཞིན་དུ་སྤྱི་བོ་མགྲིན་པ་སྙིང་གར་ཡི་གེ་གསུམ་བྲི་བ་འམ་བསྒོམ་པར་བྱའོ། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་པའོ། །ཡོངས་སུ་འཛིན་པ་རྣམ་པར་དག་པ་འདིའི་སྔོན་དུ ་ཐམས་ཅད་སོང་བ་སྟེ། བུམ་པ་ལྷག་པར་གནས་པ་དང། ལྷ་ལྷག་པར་གནས་པ་དང། དཀྱིལ་འཁོར་བ་དེའི་སྒྲུབ་པ་མངོན་དུ་བྱས་པའོ། །དེ་ནས་ཀུ་ཤ་གཉིས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མངོན་པར་བསྔགས་པ་བྱིན་ལ། སློབ་མ་སེངྒེའི་ཉལ་ཐགས ་སུ་སྟན་དང་སྡས་སུ་བྱའོ། །ནུབ་གཉིས་པ་ལ་རྨི་ལམ་ཡོངས་སུ་བརྟག་པར་བྱའོ། །བཟང་ངན་མཐོང་བ་དང། ཞི་བའི་བགེགས་བསྐྲད་པ་དང། སྦྱིན་སྲེག་དེ་ནས་བྱའོ། །དེའི་སྔོན་དཀྱིལ་འཁོར་བྲི་བ་དང་བསྒྲུབ་པ་དང། མཆོད་པ་ཆེན་པོ་དང་གཏོར་མ་བྱིན་ནས་ནམ་ཕྱེད་ལུས ་པ་ན་སློབ་མ་དཀྱིལ་འཁོར་གྱི་སྒོའི་ཕྱི་རོལ་ཏུ་བཞག་ལ། མེ་ཏོག་གི་ཕྲེང་བ་འཛིན་པ་སློབ་དཔོན་གྱི་གསུང་གིས་གདོང་གཡོགས་བཅིང་ངོ། །ཁྱོད་གང་ལ་དགའ་བ་ཡིན་ཅེས་པ་དང། སྐལ་བ་བཟང་པོ་བདག་བདེ་བ་ཆེན་པོ་ལ་དགའ་ལགས་སོ་ཞེས་སོ། །དེ་ནས་སློབ་མའི་ལག ་པ་ནས་བཟུང་ལ་དཀྱིལ་འཁོར་གྱི་སར་ཁྲིད་ལ་སྔགས་འདི་བརྗོད་དོ། །ོཾ་ཤྲི་ཧེ་རུ་ཀ་པདམི་ཧེ་བི་དྱཱ་རཱ་ཛ་ཡ་དྷི་མ་ཧེ་ཏནྟུ་ཝཱི་རི་པྲ་ཙོ་ཏ་ཡ་སྭཱཧཱ། འདི་ནི་སློབ་མ་གཞུག་པའོ། །སློབ་མ་དེ་ལྷོ་ཕྱོགས་ཀྱི་སྒོ་རུ་བཞག་ལ་ཕྱག་གསུམ་བཙལ་ལོ། །གསང་སྔགས་འདས་ཨོཾ་ན་མ་སྟེ ་ཧཱུཾ། ན་མཱ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱཧཱ། དེ་ནས་ཤར་ཕྱོགས་སྒོར་ཐལ་མོ་སྦྱར་ཏེ་ལུས་ཐམས་ཅད་ཀྱིས་ཕྱག་བྱའོ། །སྔགས་འདིས་དཔའ་བོ་དང་རྣལ་འབྱོར་མ་མཆོད་པའི་བདག་ཉིད་ཅན་དུ་བྱའོ། །ོཾ་སརྦ་བཱི་ར་ཡོ་གི་རྱ་ཨཱཏྨཱ་ཌཱ་ཀི་ནི་ཡེཏཥྛི་མཱཾ་ཨི་དེ། ཐལ་མོ་སྙིང་གར ་སྦྱར་ཏེ་བྱང་གི་སྒོར་ཕྱག་བྱ་བ་གོང་མ་བཞིན་ནོ། །སྔགས་འདིས་རྣལ་འབྱོར་མ་རྣམས་ཐམས་ཅད་མཆོད་པའི་དབང་བསྐུར་བའི་བདག་ཉིད་ཅན་དུ་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བི་ར་ཡོ་གཱི་ནཱི་ཨཏྨ་ན་ཏཾ་ལཱ་མ་ཨ་བྷི་ཥེཉྩ་ཏུ་མཱཾ། དེ་ནས་ཐལ་མོ་སྦྱར་ལ་ཨོཾ་རྣལ་འབྱོར ་མ་ཐམས་ཅད་མཆོད་པའི་བདག་ཉིད་ཅན་དུ་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གཱི་ནི་ཨཏྨ་ཁཎྜ་རོ་ཧ་སྱ་པྲ་བརྟ་ཡ་ཏོ་མ་མ་ཨི་དེ་དེས་ནུབ་ཀྱི་སྒོར་རོ། །དེ་ནས་ལྷོ་ཕྱོགས་ཀྱི་སྒོར་རྠལ་མོ་ཡན་ལག་ཐམས་ཅད་ལ་བསྐོར་ཞིང་ཨོཾ་དཔའ་བོ་དང་རྣལ་འབྱོར་མ ་ཐམས་ཅད་ལ་མཆོད་པའི་ལས་བྱ་བའི་དབང་བསྐུར་བའི་བདག་ཉིད་ཅན་དུ་བྱའོ། །ོཾ་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གཱི་ནཱི་ཨཱཏྨ་རཱུ་པི་ཎི་ཀརྨ་ཀྲ་རོ་ཏོ་མཱཾ་ཡི་ཏེ། རབ་ཏུ་བཏུད་པའི་ཕྱག་བཞི་བྱའོ། །དེ་ནས་སློབ་དཔོན་གྱི་སྣང་བ་བརྟག་པར་བྱ་སྟེ། མིག་ལ་ ་སྣང་བ་དྲང་བར་བྱའོ། །དེ་ནས་སྣང་བ་རྗེས་སུ་འཇུག་པའི་ལས་གར་གྲུབ་པ་བསྟན་པར་བྱའོ། །དེ་ནས་སོར་བཅུ་གཉིས་བའི་རྩེ་མོ་ལ་མེ་ཏོག་ཅན་རྨ་མེད་པ་མ་གས་པ་དྲང་པོ་མྱ་ངན་མེད་པ་ལ་སོགས་པའི་སོ་ཤིང་སློབ་མས་བཟའ་ཞིང་ཤར་དུ་བལྟས ་ཏེ་མཎྜལ་པགས་པའི་ཚད་ལས་མ་རྟོགས་པ་དོར་བར་བྱའོ། །བྱང་དུ་བལྟས་ན་ཞི་བའོ། །ཤར་དུ་བལྟས་ན་རྒྱས་པའོ། །ལྷོར་བལྟས་ན་མངོན་སྤྱོད་དེ། །ནུབ་ཏུ་བལྟས་ན་དབང་དུ་བྱ་བའོ། །སྟེང་དུ་བལྟས་ན་རིག་པ་འཛིན་པའི་དངོས་གྲུབ་པོ། །མཎྜལ་གྱི་ཕྱི་རོལ་ལྷུང་ན་དངོས ་གྲུབ་ཆུང་པའོ། །སོ་ཤིང་སྦྱིན་པའོ། །དམ་ཚིག་གི་ཆུ་སྦྱིན་པ་བརྗོད་པར་བྱའོ། །ཧེ་རུ་ཀ་དཔལ་བུ་ཁྱོད་ཀྱི། །སྙིང་ལ་དེ་རིང་ཡང་དག་ཞུགས། །གལ་ཏེ་ཚུལ་འདི་སྨྲས་འགྱུར་ན། །དེ་མ་ཐག་ཏུ་དྲལ་ནས་འགྲོ། དེས་ན་འདི་ནི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད།། ་དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འདིས་འགྲུབ་ཅེས་པས་སྦྱིན་ནོ། །དེར་འདིར་གང་ཞིག་ཁ་ཅིག་རྡོ་རྗེའི་ཆུས། །ཐམས་ཅད་བྱེད་པ་རང་ཉིད་མ་བྱེད་ཅིག། མ་བསྐྱངས་གྱུར་ན་དམྱལ་བར་ལྷུང་འདིའོ། །སྔགས་ནི་ཨོཾ་བཛྲ་ཨ་མྲི་ཏ་ཨུ་ད་ཀ་ཋ་ཧཱུཾ་ཞེས་པས ་ཁྱོར་བར་འཐུང་དུ་གཞུག་གོ་།ཇི་ལྟར་ཁྱོད་དམ་ཚིག་དང་སྡེམ་པ་ལ་སོགས་པ་འདི་རྟོགས་ནས་འཛིན་པར་འདོད་པ་དེ་ལྟར་གཟུང་བ་དེ་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བསྐྱེད་པར་བྱ་ཡིས། ཡེ་ཤེས་དེས་ཁྱེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་བྱེད་དོ།། ་དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་ཅེས་བསྟན་ནས་མི་ཕྱེད་པའི་དཀྱིལ་འཁོར་དུ་མེ་ཏོག་གི་ཕྲེང་བ་དོར་བས་གང་ཞིག་ལ་མེ་ཏོག་ཕོག་པས་དེ་དག་གི་རིགས་ཏེ་མིང་གི་དབང་བསྐུར་བའི་དོན་ནོ། །དེ་ནས་མིག་གཡོགས་དགྲོལ་བའི་སྔགས་འདིས་སོ། །ཤྲཱི་ཧེ་རུ་ཀ་རཾ་ཡེ ་ཏིརྱ་ཙཀྵོ་རོ་དུདྒྷ་ཊན་ཏཏཔ་ར་ཨུདྒྷཊ་ཡ་ཏེ་སརྦ་ཨཀྵོ་བཛྲ་ཙཀྵུ་ཨུ་ཏ་རི། དེ་བཞིན་དུ་སྔགས་ནི་ཨོཾ་བཛྲ་ནེ་ཏྲ་ཡ་ཧ་ར་ཧ་ར་པ་ཊ་ལཾ་ཧྲི། འདི་བརྗོད་པར་བྱའོ། །དཀྱིལ་འཁོར་འདི་ཁྱོད་མཐོང་བ་ཡིས། །རིགས་ཀྱིས་སྐྱེ་བའི་རྣལ་འབྱོར་ལ། །ཤིན་ཏུ་དད་པར་ཁྱོད་ཀྱིས་བྱོས། །སྔགས ་དད་ཕྱག་རྒྱས་བྱིན་བརླབས་ནས། །དེ་ཁོ་ན་ཉིད་དབང་བསྐུར་དོན། །སློབ་མ་རྗེ་བཙུན་བྱེད་རྣམས་ལ། །སློབ་དཔོན་ཁྱེད་ཀྱིས་བདག་བཟུང་བ། །ཁྱེད་ཀྱི་བསྟན་པ་དགའ་བ་ཆེ། །མགོན་པོ་ཆེན་པོ་བདག་གི་ནི། །འདོད་པ་བྱང་ཆུབ་ཆེན་པོ་ནི། །ཐེག་པ་མི་ཕྱེད་ངོ་བོ་ཡིས། །དམ་ཚིག་དེ་ཉིད་བདག་ལ ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསེལ། །སངས་རྒྱས་ཆོས་དང་དགེ་འདུན་གྱི། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །བྱང་ཆུབ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །དེས་ནི་འདི་དག་གིས་གསོལ་བ་གདབ་པའོ། །དེ་ནས་སློབ་དཔོན་གྱིས་དེ ་བཞིན་གཤེགས་པ་རིགས་ལྔའི་དམ་ཚིག་སྦྱིན་ནོ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང། །འདི་ནི་སངས་རྒྱས་རིགས་དག་པའི། །སྡོམ་པའི་ངོ་བོ་མི་བྱེད་པ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་དག་།བློ་ཆེན་ཁྱོད་ཀྱིས་བཟུང་བར་གྱིས། །བྱང་ཆུབ་སེམས་གང ་དེ་རྡོ་རྗེ། །ཤེས་རབ་དྲིལ་བུ་རྗེས་སུ་དྲན། །སློབ་དཔོན་ངག་ཀྱང་གཟུང་བར་གྱིས་།བླ་མ་སངས་རྒྱས་ཀུན་དང་མཉམ། །འདི་ནི་རྡོ་རྗེ་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །ཉིན་དང་མཚན་མོ་ལན་གསུམ་དུ། །ཟང་ཟིང་མི་འཇིགས་ཆོས་དང་བྱམས། །སྦྱིན་པ་རྣམ ་བཞི་རྟག་ཏུ་སྦྱིན། །རིན་ཆེན་རིགས་མཆོག་ཆེན་པོའོ། །ཕྱི་དང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་གཟུང། །འདི་ནི་པདྨའི་རིགས་དག་པའི། །དམ་ཚིག་སྡོམ་པ་ཡིན་པར་གསུངས། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི ་ལས་ཀྱང་ཅི་ནུས་གྱིས། །ལས་ཀྱི་རིགས་མཆོག་ཆེན་པོའོ། །སྲོག་ཆགས་བསད་པར་མི་བྱ་ཞིང། །མ་བྱིན་པར་ཡང་མི་བླང་ངོ། །འདོད་ལོག་སྤྱད་པར་མི་བྱ་ཞིང། །བརྫུན་གྱི་ཚིག་ཀྱང་མི་བྱའོ། །ཉེས་པ་ཀུན་གྱི་རྩ་བ་ཡི་།མྱོས་པར་འགྱུར་བ་སྤང་བར་བྱ། །སེམས་ཅན་འདུལ་བ་མ ་གཏོགས་པ། །བྱ་བ་ཇན?་པ་ཐམས་ཅད་སྤང། །དམ་པ་ཉེ་བར་བསྟེན་པར་བྱ། །རྣལ་འབྱོར་ཅན་ལ་བསྟེན་པར་བྱ། །ལུས་ཀྱི་ལས་ནི་རྣམ་པ་གསུམ། །དག་གི་རྣམ་པ་བཞི་དག་དང། །ཡིད་ཀྱི་བྱེད་པ་གསུམ་དག་ནི། །ཅི་ནུས་པར་ནི་རྗེས་སུ་བསྲུང། །སེམས་ཅན་གནོད་པ་མི་ཕྱོགས ་དང། །ཐེག་པ་དམན་ལ་འདོད་མི་བྱ། །འཁོར་བ་དག་ཀྱང་མི་སྤང་ཞིང། །རྟག་ཏུ་མྱ་ངན་འདས་མི་ཆགས། །ལྷ་དང་ལྷ་མིན་གསང་བ་ལ། །དེ་ལ་བསྙེན་བཀུར་མི་བྱ་ཞིང། །ཕྱག་རྒྱ་བཞོན་པ་ཕྱག་མཚན་སོགས། །དེ་ལ་འགོམ་པར་མི་བྱའོ། །འདི་ལྟར་དམ ་ཚིག་བསྡུས་པ་རྣམས། །ཁྱེད་ཀྱིས་རྟག་ཏུ་བསྲུང་བར་གྱིས། །དེ་ནས་སློབ་མ་དེས་རང་གི་དག་གིས་གཟུང་ངོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། བྱང ་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱིས། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །ཚུལ་ཁྲིམས་གསུམ་གྱི་ཆོ་ག་འདི། །སྡོམ་པའི་ཚུལ་ཁྲིམས་བསྲུང་བ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་ཕྱེད་ཚུལ ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པར་གཟུང། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་མཆོག་ཏུ་གཟུང་བར་བགྱི། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འདི། །སོ་སོར་ཡང་དག་ཉིད་དུག?་དུ? ་སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །ཉིན་དང་མཚན་མོ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བའོ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཚིག་སོ་སོར་གཟུང ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པའོ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །སོ་སོར་ཡང་དག་ཉིད་དུ་བཟུང། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོའོ། །བྱང་ཆུབ་སེམས་ནི་བླ་མེད་པའི། །དམ་པ་བདག་གིས ་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། །མ་བསྒྲལ་པ་རྣམས་བསྒྲལ་བར་བགྱི། །མགྲོལ་བ་རྣམས་བསྒྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །མྱ་ངན་འདས་ལ་འགོད་པར་བགྱི། །ལུས་དང ་ངག་དང་ཡིད་ཀྱི་ལས། །མི་དགེ་བ་ནི་བཅུ་པོ་དང། །བག་མེད་པ་ཡི་གནས་གྱུར་པའི། །ཆད་ནི་ཡོངས་སུ་སྤང་པར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །ལྷ་དང་ལྷ་མིན་གསང་བ་ལ། །དེ་རྣམས་བསྙེན་པར་མི་བྱའོ། །ཕྱག་མཚན་འགོམ་པ་ལ་སོགས་རྣམས། ། ་དུས་འདི་ནས་ནི་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །བདག་གིས་རབ་ཏུ་སྤང་བར་བགྱི། །ཅེས་པའོ། །དེ་ཉིད་གཟུང་ལ་རིག་པའི་དབང་གིས་སྡོམ་པའི་སློབ་མའི་དབང་སྦྱིན་ཏེ། དེ་ལ་སྒོམ་ཞིང་སློབ་དཔོན་གྱི་ཆུའི་དབང་སྦྱིན་ནོ། །སྔགས་ནི་ཨོཾ་བཛྲ་ཨ་བྷིཥིཉྩ་མི ་ཡ་ཏེ། དེ་ཐོབ་པའི་སློབ་མ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཞེ་སྡང་རྣམ་པར་དག་པ་མངོན་སྤྱོད་ཀྱི་ལས་གྲུབ་པ། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པའོ། །འདིས་ནི་མི་བསྐྱོད་པའི་རང་བཞིན་ངོ་བོ་ཆུའི་དབང་ངོ། །དེ་ནས་རིན་ཆེན་འབྱུང་ལྡན་གྱི་རང་བཞིན་གྱི་ངོ ་བོ་ཅོད་པན་ནམ་པར་བསམས་ལ་སློབ་མའི་དབང་སྔགས་འདིས་སོ། །ོཾ་བཛྲ་བི་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཅོད་པན་གྱི་དབང་ཐོབ་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ངོ་བོ། ཚོར་བའི་ཕུང་པོ་རྣམ་པར་དག་པ་རྒྱས་པ་འགྲུབ་པས་ང་རྒྱལ་རྣམ་པར་དག་པའོ། །དེ་ནས་སྣང་བ་མཛའ་ ་ཡས་ཀྱི་རང་བཞིན་གྱི་ངོ་བོ་རྡོ་རྗེའི་དབང་བསྐུར་སྦྱིན་ཏེ། སྔགས་འདིས་ཨོཾ་ཨཱདྱ་ཨ་བྷི་ཥེ་ཀ་ཏ་སྟ། བ་སེ་བཱི་རེ་ཡོ་ཤྲཱི་ཧེ་རུ་ཀ་དེ་བྷཡ:ཻ་དཾ་ཏ་ཏ་སརྦ་བུདྡྷ་ཧཾ། གྲིཧྞ་བཛྲ་སུ་སིདྡྷ་ཡེ། རྡོ་རྗེའི་དབང་བསྐུར་ཐོབ་པས་སོ་སོར་ཀུན་ཏུ་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་འདུ་ཤེས་ཀྱི་ཕུང་པོ་རྣམ་པར ་དག་པ། འདོད་ཆགས་རྣམ་པར་དག་པ་དབང་དུ་བྱ་བ་འགྲུབ་པའོ། །དེ་ནས་དོན་ཡོད་གྲུབ་པའི་རང་བཞིན་གྱི་ངོ་བོ་དྲིལ་བུའི་དབང་སྦྱིན་ཏེ། ཨེ་ན་ས་ན་སྲ་པ་པྲཛྙཱ་ནཎྜ་གོ་ཤ་ནོ་ཀ་ཏྲི་ཏ་ཀྲ་ཡ་བེ་ཧེ་ས་ཏ་དརྱ་བ་དེ་ར་གྲི་ཡ་ཛི་ན་ཡ་ཨ་རཏན། རང་བཞིན་གྱི་ངོ་བོ་དག་པའི་བཅོམ ་ལྡན་འདས་འདི་དང་དྲིལ་བུའི་དབང་ཐོབ་པས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པས་ལས་ཐམས་ཅད་གྲུབ་པ་ཕྲག་དོག་གི་ཉོན་མོངས་པ་སྤངས་པར་བསམ་མོ། །དེ་ནས་མིང་གིས་དབང་བསྐུར་ཏེ་ཤྲཱི་ཧེ་རུ་ཀ་དེ་བ་དེ་ཏྲ་ཨ་བྷི་ཥིཉྩ་མེ ་ཤྲཱི་ཧེ་རུ་ཀ་ཏྱེ་ཏེ་ན་མ་ཏོ། །ཀྱེ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བ་རྣམ་པར་སྣང་མཛད་ཀྱི་རང་བཞིན་གྱི་ངོ་བོ་མིང་གི་དབང་བསྐུར་ཐོབ་པས། ཆོས་ཀྱི་དབྱིངས་ལེགས་པར་རྣམ་པར་དག་པའི་ཡེ་ཤེས་ཀྱི་ངོ་བོ་ཉོན་མོངས་པ་གཏི་མུག་རྣམ་པར་དག་པ་ཞི་བའི་ལས ་འགྲུབ་པ་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པའོ། །དེ་ནས་དབང་བསྐུར་བ་སྦྱིན་ཏེ། ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀ་བདེ་ལ་སོགས་པའོ། །དེ་ནས་བརྟུལ་ཞུགས་འདི་ཉིད་སངས་རྒྱས་ཀྱི། །ཧེ་རུ་ཀ་ཡི་ལག་ན་གནས། །ཁྱོད་ཀྱིས་རྟག་ཏུ་འཛིན་པར་གྱིས། །བརྟུལ་ཤུགས་མི ་ཕྱེད་ཧེ་རུ་ཀ་།ཅེས་བརྗོད་ལ་སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་ཧཱུཾ་ཧ་ཧ་ཧོ་ཧོ། དེ་ཉིད་འཛིན་པ་ལ་དཔའ་བོ་ཆེན་པོའི་ལྷག་པའི་བསམ་པས་ཁ་ཊཝཱཾ་ག་དང་ཌ་མ་རུ་ཧེ་རུ་ཀའི་ཡན་ལག་གི་ཡན་ལག་གོ་།རྣལ་འབྱོ་མའི་ཁ་ཊཝཱཾ་ག ་དང་ཌ་མ་རུ་སྟེ་ཐམས་ཅད་ཀྱིས་རྡོ་རྗེ་དང་དྲིལ་བུ་དང་ཌ་མ་རུའི་སྒྲ་དབྱངས་དང། ཚངས་པའི་སྐུད་པ་དང། རྣལ་འབྱོར་མའི་བདག་ཉིད་ཁ་ཊཝཱཾ་ག་དང་རྣལ་འབྱོར་གྱི་ལྷུང་བཟེད་དོ། །འདིས་ནི་ཁ་ཊཝཱཾ་ག་དང་ཌ་མ་རུའི་བརྟུལ་ཤུགས་ཀྱི་དབང་པོ་དེ་ཉིད་ཀྱི་དུས་སུ་སངས་རྒྱས་དང ་དཔའ་བོ་དང་རྣལ་འབྱོར་མ་དཔག་ཏུ་མེད་པ་ལ་ཤེས་རབ་དང་བདེ་བའི་འབྱུང་བའི་སྒེག་པའི་གར་གྱིས་མཆོད་པའོ། །སྒེག་པས་ཕྲེང་བ་ཕྱར་བ་འདིས། །སངས་རྒྱས་ཀུན་རྫོགས་རྣལ་འབྱོར་མས། །ལྷག་པར་མོས་པ་འབྱུང་པ་ཡི། །ཕྲེང་བ་དེ་དག་གིས་བརྒྱན ་ཡིན། །ཅེས་པས་ཕྲེང་བའི་ཆོས་ཀྱི་རྣམ་པ་ཐམས་ཅད་ཀྱི། །ལུས་ཅན་ཀུན་གྱིས་ཡང་དག་པའི། །རྣལ་འབྱོར་མ་རྣམས་བདེ་བ་ཡི། །རྗེས་སུ་བྱེད་པའི་གླུ་བླང་ངོ། །དྲི་དབུལ་རྒྱལ་བ་རྣམས་ཉིད་ལ། །ཚུལ་ཁྲིམས་བསམ་གཏན་ཤེས་རབ་དང།། ་སངས་རྒྱས་ཀུན་ནས་དྲི་མཆོག་གོ་།སྤོས་ཕུལ་ཡང་དག་སངས་རྒྱས་ལ། །བརྟུལ་ཤུགས་བཟང་པོས་དཔའ་བ་ཡིད། །ལུས་ཅན་བདེ་གཤེགས་དཔག་མེད་ཀྱི། །ཡེ་ཤེས་དགའ་བ་འབྱུང་བའོ། །ཆོས་ཀྱི་སྤྱན་ནི་བླ་མེད་འབར། །པདྨའི་དབང་ཕྱུག་འབྱུང ་བ་ཡི། །མ་རིག་མུན་པས་བྱེད་པ་ཀུན། །ཡེ་ཤེས་སྣང་བས་མར་མེའོ། །ཇི་ལྟར་མིག་སྨན་སྐྱེས་བུ་ཡིས། །འཇིག་རྟེན་ལིང་ཏོག་སེལ་བ་ལྟར། །བུ་ཁྱོད་ཀྱི་ནི་མ་རིག་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ་ནེ་ཏྲ་ཡ་ཧ་ར་ཧ་ར་པ་ཊ་ཁྲཾ་ཧྲི་དྲཾ་སྤྱན་དབྱེ་བའོ། །ཆོས་རྣམས ་གཟུགས་བརྙན་ལྟ་བུ་ཡི། །གསལ་ཞིང་ངག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལ་འབྱུང་བ་ལྡན། །རང་བཞིན་དག་ཅིང་བདག་མེད་པ། །དེ་ལྟར་ཆོས་རྣམས་ཤེས་པར་གྱིས། །སེམས་ཅན་དོན་ནི་བདག་མེད་ཀྱིས། །འོན་ཀྱང་ནང་དུ་རྣལ་འབྱོར་སྟེ།། ་སེམས་ཅན་ཀུན་ལ་ཕན་པའི་དོན། །འཇིག་རྟེན་ཐམས་ཅད་ཡང་དག་འཕགས། །བྱང་སྤྱོད་གསང་བའི་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །བསྐོར་ཞིང་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་དུང་ནི་བླ་མེད་པ། །དྲི་མེད ་ཀུན་ཏུ་གང་བར་གྱིས། །དེས་མངའ་གཞུའི་དབང་བསྐུར་སྦྱིན་ནོ། །སློབ་མའི་ལག་ཏུ་མངའ་གཞུ་གཏད་ལ། །ཕྱོགས་བཞིར་འགེངས་སུ་གཞུག་གོ། བདུང་བཞི་ལས་རྣམ་པར་རྒྱལ་བ་བསྐོར་རོ། །དེ་བཞིན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་དེ་མདའ་ཡིས་ཐོབ་པའི་གཏམ ་བརྗོད་དོ། །དེའི་གསུང་གི་ཞི་བརྒྱས་པ། །དབང་འགུག་པ། ཞེ་སྡང་བཅིང་པ་ལ་སོགས་པ་བསད་པ་དང། བསྐྲད་པ་ཐམས་ཅད་དེ་བཞིན་དུ་བསྒྲུབ་པའོ། །རལ་གྲི་མིག་སྨན་ས་འོག་རྐང་མགྱོགས་རི་ལུ་རྣལ་འབྱོར་པའི་དངོས་གྲུབ། དེ་རྣམས་འདིས་རབ་ཏུ་བསྒྲུབ་པའོ། །སྔར ་ལངས་ཏེ་རྣལ་འབྱོར་བདག་གིས་བྱ་བ་ཐམས་ཅད་བྱ་སྟེ། ལུས་བསྲུངས་བཟའ་བ་དང། སྡོམ་པའི་བདག་ཉིད་བསྲུང་བའོ། །ལུས་སྲོག་ངེས་པར་བཏང་སྙོམས་སུ་བསྐྱངས་པའི་དམ་ཚིག་དང་སྡོམ་པ་འདི་དག་གསུངས་པའོ། །དེ་ཉིད་ལུང་བསྟན་པ་ནི་ཆོས་གོས་ཏེ། །འདི ་ལྟར་བདག་གིས་ལུང་བསྟན་པར་བྱའོ། །ཧེ་རུ་ཀ་ཚུལ་དེ་བཞིན་གཤེགས། །སྲིད་དང་ངན་འགྲོ་རྣམས་ལས་བཏོན། །ཡང་དག་དངོས་གྲུབ་ཧེ་རུ་ཀ། ཞེས་བྱའི་དེ་བཞིན་གཤེགས་པར་འགྱུར། །བྷུར་བྷུ་བ་སྭ:དེ་ནས་དབུགས་དབྱུང་བ་ནི། །ཁམས་གསུམ་ཀུན་གྱི ་རྒྱལ་པོ་ཆེ། །རྒྱལ་པོར་གྱུར་ནས་བརྟན་པར་གནས། །དེ་རིང་བདུད་ལས་རྒྱལ་བར་གནས། །རབ་ཏུ་གནས་པས་མཆོག་གི་གནས། །དེ་རིང་སངས་རྒྱས་ཉིད་ཐོབ་པར། །འགྱུར་བ་ཉིད་དུ་ཐེ་ཚོམ་མེད། །འདི་ནི་དབུགས་དབྱུང་པའོ། ། ་དེ་ནས་ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་བའི་དོན་ནི། །སློབ་མས་བླ་མ་ལ་གསོལ་བ་གདབ་པ་དང། ཕྱིར་མི་ལྡོག་པ་འཁོར་ལོའི་དབང། །མགོན་པོ་ཉིད་གསུང་གིས་བྱིན་པ། །འཁོར་ལོ་ལྷ་ཡི་དེ་ཁོ་ན། །སློབ་དཔོན་མཆོག་གི་ལས་དང་ནི། །སངས་རྒྱས ་ཀུན་གྱི་དམ་ཚིག་གི་།གསང་བའི་སྡོམ་བ་བླ་ན་མེད། །སློབ་དཔོན་བདག་ནི་དུས་རྟག་ཏུ། །སེམས་ཅན་ཀུན་གྱི་དོན་བྱེད་པའོ། །བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་སྦྱིན་པ་མཆོད་པའི་བདག་།བདག་ཀྱང་རབ་ཏུ་བསྒྲལ་བའི་དོན། །ནམ་མཁའ་ཨི་རྡོ་རྗེ་བདག་ལ་གསོལ། །འདིས་ནི ་གསོལ་བ་གདབ་པ་དང། ཡང་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་དམ་ཚིག་དང་སྡོམ་པ་སྦྱིན་ནོ། །སློབ་དཔོན་དག་ལ་སྨོད་པ་དང། །བདེ་གཤེགས་བཀའ་ལས་འདས་པ་དང། །རྡོ་རྗེ་སྤུན་ལ་བརྙས་པ་དང། །བྱམས་པ་ཆེན་པོ་སྤོང་བ་དང། །བྱང་ཆུབ་སེམས་ནི་སྤོང་བ་དང།། ་ཐེག་པ་གསུམ་ལ་སྨོད་པ་དང། །སྐལ་མིན་གསང་བ་སྟོན་པ་དང། བདག་ཉིད་རྒྱལ་བ་ཕུང་པོ་སྨོད། །དམ་པའི་ཆོས་ལ་ཡིད་གཉིས་དང། །གདུག་ལ་བྱམས་དང་ཆགས་བྲལ་དང། །ཆོས་ལ་མཛའ་གཉིས་ཚུལ་བྱེད་པ། །དད་པའི་སེམས་ནི་བཟློག་པ་དང། །ཇི་ལྟར་དམ་ཚིག་བསྟེན ་པ་ཉམས། །རྩ་བའི་ལྷུད་བའོ། །དམ་ཚིག་དང་ནི་མི་ལྡན་པའི། །རིག་མ་བསྟེན་པར་དགའ་བ་དང། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང། །གསང་བའི་ཆོས་ནེ་སྟོན་པ་དང། །སེཾས་ཅན་དད་དང་ལྡན་པ་ལ། །དམ་ཆོས་གཞན་དུ་སྟོན་པ་དང། །སྦྱོར་བ་ངེས་པར་མ་བྱས་པ། །སྐལ་མིན་གསང་བསྟན ་པ་དང། །གང་ཞིག་ཕྱག་རྒྱ་མི་མཁས་ལ། །ལུས་ཀྱི་ཕྱག་རྒྱ་སྟོན་པ་རྣམས། །ཁ་ན་མ་ཐོ་སྦོམ་པོར་འགྱུར། །དེ་ཉིད་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་བའི་སྡོམ་པའོ། །སློབ་མ་ལ་ཕྱིར་མི་ལྡོག་པའི་དབང་བསྐུར་སྦྱིན་པའི་རིམ་པ་འདིའོ། །རྩ་བའི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་ཁ་དོག་གཅིག ་པའི་དཀྱིལ་འཁོར་ལ་སློབ་མ་བཞག་ལ། །ཡེ་ཤེས་སེམས་དཔའ་ཨི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོས་པས་ལྷ་དང་དཔའ་ཨོ་བཀུག་ལ། མཆོད་པ་དཔག་ཏུ་མེད་པ་ལ་སོགས་པ་བྱ་སྟེ། དེ་བཞིན་དུ་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པ་ཕྱག་ན་ཐོགས་པའི་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པས་དབང ་བསྐུར་བར་བསམ་མོ། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །དེ་ནས་མི་བསྐྱོད་པས་ཅོད་པན་བྱས་པའི་དཔའ་ཨོའི་ལྷ་རྣམས་ཀྱིས་དབང་བསྐུར་བའོ། །ོཾ་པྲ་ཏིཥྛ་བཛྲ་སྭཱཧཱ། སྔགS ་འདི་བརྗོད་པར་བྱའོ། །དྲིལ་བུའི་སྒྲ་སྔོན་དུ་སོང་བས་མེ་ཏོག་ལ་སོགས་པའི་མཆོད་པ་སྦྱིན་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བཅས་པའི་གཏམ་བྱའོ། །དེ་ནས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི་ས་གཞི་སྤྱན་མའོ། །ཐིག་ནི་རྣམ་པར་སྣང་མཛད་དྲན་པའོ། །ཁ་དོག་ནི་རིགས་སྣ ་ཚོགས་པའི་རྟོགས་པའོ། །མཆོད་པ་སྣ་ཚོགས་པ་བྱེད་པ་གཞན་དུའོ། །ཛ་ལནདྷ་ར་ནི་ཐུགས་ཀྱི་འཁོར་ལོའོ། །ུ་རྒྱན་ནི་གསུང་གི་འཁོར་ལོའོ། །རྦུ?་ད་ནི་སྐུའི་འཁོར་ལོའོ། །གོ་དཱ་བ་རི་ནི་གྲུ་བཞི་པ། །རཱ་མེ་ཤྭ་རི་ནི་མེའི་མཚམས་སོ། །དེ་པི་ཀོ་ཊི་ནི་བདེན་བྲལ་གྱི་མཚམས་སོ། །ཀཱ་མ་རུ་པི ་ནི་དབང་ལྡན་གྱི་མཚམས་བཞི་རྣམ་པར་དག་པའོ། །ུ་ར་ཤ་ནི་ཤར་ཕྱོགས་ཀྱི་སྒོའོ། །ཧྲི་ཤ་ཀུ་ནེ་དེ་བཞིན་ལྷོ། །ཀོ་ས་ལ་ནི་ནུབ་སྒོའོ། །ཀ་ལི་ག་ནི་དེ་བཞིན་བྱང་གིའོ། །ལཾ་པཱ་ཀ་ནི་ཤར་གྱི་རྟ་བབས་སོ། །ཀཱཉྩི་ནི་ལྷོའི་རྟ་བབས་སོ། །ཧི་མཱ་ལ་ཡ་ནི་ནུབ་ཀྱིའོ། །པྲེ་ཏ་པུ་རི་བྱང་གིའོ། །གྲིཧ་དེ་བ་ནི ་ལྷ་སྣམ་མོ། །སཽ་རཱཥྚ་ནི་རིན་པོ་ཆེའི་བྲང་བརྟེན་ནོ། །སུ་བརྞྞ་དྭི་པ་ནི་དྲ་བ་དང་དྲ་བ་ཕྱེད་པའི་ས་དེ་བཞིན་ནོ། །ན་ག་ར་ནི་རྔ་ཡབ་དྲིལ་བུ་རྒྱལ་མཚན་གདུགས་བད་ན་རྣམས་སོ། །སིནདྷུ་ནི་རྡོ་རྗེའི་ཐོག་དང་ཟླུམ་པོའོ། །མ་རོ་དང་ཀ་ལིཾ་ག་ནི་རྡོ་རྗེ་རིན་ཆེན་གྱི་ཐིག་གི་དཀྱིལ་འཁོར་ཤིན་ཏུ་ཆེན་པོའོ ་འཁོར་ལོ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་རང་བཞིན་ནོ། །རི་མོ་ཉི་ཤུ་ནི་རང་བཞིན་ནི་ས་གཞི་རྣམ་པར་དག་པའོ། །ཉི་ཤུ་རྩ་བཞི་དཔའ་བོའི་ངོ་བོའོ། །འདི་ནི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་དོ། །ལྷའི་དེ་ཁོ་ན་ཉིད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ཆོས་ཀྱི་ངོ་བོ ་ཉིད་དོ། །དཀྱིལ་འཁོར་གྱི་ལྷ་འདི་དག་གིས་ཕྱིར་མི་ལྡོག་པའི་འཁོར་ལོའི་དབང་བསྐུར་མདོར་བསྡུས་པ་དེ་སློབ་དཔོན་གྱིས་དབང་བསྐུར་བའི་ངོ་བོ་འདི་ལ། །དེ་ནས་སློབ་མས་བླ་མ་ལ་གསང་བའི་དབང་བསྐུར་བླང་བར་བྱའོ། །རྡོ་རྗེ་སེམས་ཁྱོད་བདེ་བ་འགྲུབ་པ་སྟེ།། ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་ལུས། །མ་ཆགས་དགའ་བའི་ཡིད་ཀྱིས་བདེ་ཆེན་པོ། །སྟོང་ཉིད་བསྒོམས་པས་ཀུན་ནས་ཡུན་རིངས་གདུངས། །ཀྱེ་མ་འདོད་ཆགས་དྲི་མེད་བྱང་ཆུབ་ཀུན་བཟང་གིས། །སྤྱོད་པ་འདོད་ཆགས་ངག་པ་རྡོ་རྗེ་དམ་ཚིག་ལས། །ཕྱེ ་མཛད་དགའ་བ་དྲུག་པོས་ཡང་དག་བརྟན། །འདོད་པའི་བདེ་བ་བྱང་སེམས་རིན་ཆེན་འབར། །རྡོ་རྗེའི་ཆུ་ཕྱུང་དྲི་མེད་རིན་ཆེན་ཆར། །རྒྱལ་བ་ཀུན་གྱིས་སྤྱི་བོར་དབང་བསྐུར་མཛོད། །སྣ་ཚོགས་སེམས་ཀྱིས་སེམས་ཅན་བརླག་གྱུར་པ། །རྡོ་རྗེ་ཡེ་ཤེས་རབ་ལྷུང་པད་གནས་སུ། །སྦྱོར་བ ་གཞན་མེད་མ་ཐོགས་གསུང་དུ་གསོལ། །མཉམ་དང་མི་མཉམ་འདོད་ཆགས་རྣམ་དག་པས། །རྡོ་རྗེ་སེམས་ཁྱོད་བདེ་བའི་དབང་ཕྱུག་གནས། །ཡང་དག་འདོད་ཆགས་རང་གི་བདེ་བའི་གྲོགས། །རྡོ་རྗེ་པདྨ་ལས་བྱུང་བདེ་བསྒྲུབ་པའི། །སྤྲོས་པས་གཟུགས་སྟོན་རྒྱལ་བའི་དངོས་གྲུབ་ཀུན། །སྦྱིན་པས ་ཁ་རུ་སྣ་ཚོགས་འབྲས་བུ་གསོལ། །འདི་ནི་གསང་བའི་གསོལ་བ་གདབ་པའོ། །དེ་ནས་སློབ་དཔོན་གྱིས་སློབ་མ་རྣམ་པར་སྣང་མཛད་ཀྱི་གཟུགས་སུ་རྫོགས་པ་ལ། །ཡེ་ཤེས་སེམས་དཔའ་དགུག་པ་དང། །གཞུག་པ་དང། བཅིང་བ་དང། དབང་དུ་བྱ་བ་སྟེ། དེ་ལ་ལས་ཀྱི་ཕྱག་རྒྱ་མ་རིགས་ལྔའི་ཚུལ ་དུ་དམིགས་ཏེ། དེ་དང་སྙོམས་པར་འཇུག་པ་བྱས་པས། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སློབ་མ་ལ་དབང་བསྐུར་བར་བྱའོ། །དེ་བཞིན་གཤེགས་པ་ཐམས་ཅད་དང་ལྷན་ཅིག་པའི་ཤེས་རབ་པ་སློབ་མ་བདག་གིས་ཨ་ཧོ་མཧཱ་སུ་ཁ་ཧོ་ཞེས ་པ་དག་གི་ལམ་ཏུ་བཏུང་བར་བྱའོ། །ཚིམ་པ་དེའི་དུས་སུ་ཁ་དོག་དང་དབྱིབས་ཀྱི་བསམ་པ་མེད་པར་རྣམ་པར་མི་རྟོག་པའི་སྐུའི་ཚུལ་དུ་བསམ་དུ་མེད་པའི་ཚུལ་བསམ་གཏན་གྱི་སྡོམ་པ་དེས་བསྔམས་པ་དེ་ལ་གསང་བའི་དབང་བསྐུར་བའི་ཆོ་གའོ། །དེ་ནས་དོན་དམ་པའི་ཚུལ་གྱིས་ཆོས་ཀྱི? ་སྐུ་རྟོགས་པར་བྱེད་པའི་ཆོས་ཀྱི་དབྱིངས་རྡོ་རྗེ་རང་འབྱུང་བའི་བྱིན་གྱིས་བརླབས་པ་སྦྱིན་པར་བྱའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པའི་སློབ་མ་ལ་དམ་ཚིག་དང་སྡོམ་པ་བརྗོད་པར་བྱ་སྟེ། ཅི་ཁྱོད་ཇི་ལྟར་སྤྲོ་བ་སྨྲོས། །བཤད་གཅི་ལ་སོགས་ཟ་བ་དང། །ཁྲག་དང་ཁུ་བ་དེ་བཞིན་ཤ། བུད་མེད་རྣམས ་ལ་རྟག་གུས་སམ། །བྷ་གའི་པདྨར་འོ་བྱེད་དམ། །དབང་བསྐུར་བ་གཉིས་པར་གསང་བ་དང། །ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་སྔོན་དུ་སོང་བའི་སློབ་མས་འདི་སྐད་བརྗོད་དེ། །ཅི་ཕྱིར་ལྷ་མོ་བདག་མི་སྤྲོ། །བཤད་གཅི་ལ་སོགས་ཟ་བ་དང། །བུད་མེད་རྣམས་ལ་གུས་པར་བགྱིད། །བྷ་གའི་པདྨར་འོ་བགྱིའོ། །ལྷ་མོ་དེས ་གོས་མེད་པར་ཕྱེ་ལ་བདག་གི་པདྨས་དེ་ཉིད་མཐོང། །ེ་མ་ཧོ་བདག་གི་པདྨ་འདི། །བདེ་བ་ཀུན་དང་ཡང་དག་ལྡན། །ཇི་ལྟར་ཆོ་ག་བཞིན་བསྟེན་ན། །དེ་ལ་བདག་ནི་དང་པོར་གནས། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ཀྱིས། །དག་པས་སེམས་ཅན་ཁམས་གྲོལ་བྱེད། །རང་འབྱུང་རྒྱལ་པོ་བདེ་བ་ཆེ། །ཐམས་ཅད་ངོ་བོ་ཉིད་ཀྱི་གནས ་དེ་ཉིད་ལྷག་པའི་བདག་ཉིད་ཀྱིས། །རྩ་ཡི་འཁོར་ལོ་རབ་ཏུ་མཐོང། །བྷ་གའི་དབུས་ན་ཇི་ལྟར་མཁའ་། །ནམ་མཁའ་ལྔ་ཡིས་རྣམ་པར་བརྒྱན། །ལྟེ་བའི་གེ་སར་ལྡན་པ་ཡི། །འདབ་མ་བརྒྱད་པས་བརྒྱན་པ་ཡི། །དེ་ཉིད་བདུད་རྩིའི་རྣམ་པ་དཀར་པོ་རྟག་ཏུ་འབབ། །དེའི་སྦྱོར་བ་བསྒོ་བས་བཛྲ་མོཀྵ་ཧོ། །དེ་ཉིད ་སྔགས་པས་གོང་གི་དབྱིངས་ཀྱི་དབང་ཕྱུག་མའི་རྩ་བྷ་གའི་དབུས་ན་རྣམ་པར་བཞུགས་པའོ། །ཐོབ་པར་དཀའ་བས་ན་བླ་མའི་གསུང་ལས་ཐོབ་པའོ། །སོར་མོ་བྲུང?་པས་རྩའི་རྣམ་པ་ལས་མཆོག་ཏུ་དགའ་བ་འབབ་པ་ཁ་ཅིག་གི་ལྕེ་བ་བཞག་པའོ། །ཕ་རོལ་ཕྱིན་པ་བཅུའི་གནས། །སྟོབས་བཅུའི ་དབང་དུ་བྱས་པའོ། །ས་བཅུའི་སྟེང་དུ་བྱས་པའོ། །རྟགས་གསོར་བ་ཡི་ངོ་བོའོ། །དེ་ལ་བསྒོ་བས་བསྒྲུབ་པ་དང། །ཉེ་བར་སྒྲུབ་པའི་རིམ་པས་རྟོགས་པར་བྱའོ། །རང་འབྱུང་གི་སློབ་དཔོན་གྱིས་ནམ་མཁའ་རྡོ་རྗེའི་ཏིང་ངེ་འཛིན་གྱི་གནས་ཡང་དག་པའི་རྣལ་འབྱོར་གྱིས་རང་རིག་པའི་བདེ་བ་ཆེན་པོ ་བསྐྱེད་པ་གང་ཡིན་པ་དེས་མཆོག་ཏུ་དགའ་བར་བྱས་པ་སྟེ། དགའ་བྲལ་གྱི་དགའ་བའི་དབུས་ན་བསམ་གཏན་གྱི་མཚན་མ་མི་ཕྱེད་པར་བྱའོ། །དེ་ལ་བསྒྲིམས་ཏེ་རྡོ་རྗེ་སྐྱིལ་ཀྲུང་གིས་མཚན་ཉིད་ཀྱི་ནང་དུ་སོང་བའི་བསམ་གཏན་བྱའོ། །གང་གིས་བསྐྱེད་པའི་བསམ་གཏན་ཤེས་རབ་སོ། །ཡེ ་ཤེས་དེ་ནི་རྣམ་པ་བརྗོད་དུ་མེད་པའོ། །ཆགས་མེད་ཆགས་པ་མེད་པ་མིན། །རྣལ་འབྱོར་ཡེ་ཤེས་བརྟན་པ་ཐོབ། །འདི་སྐད་དེས་ནི་ཀུན་བྱེད་བརྗོད། །སྐད་ཅིག་ཐུན་གཅིག་ལོ་གཅིག་གམ། །ཟླ་བ་ཕྱེད་དང་ཟླ་བ་གཅིག་།ལོ་གཅིག་བསྐལ་པ་སྟོང་དུ་ཡང། །ཡེ་ཤེས་རྣལ ་འབྱོར་གྱིས་བགྱིའོ། །དེ་ལ་སློབ་དཔོན་གྱིས་གསང་བའི་དབང་བསྐུར། །རང་བྱུང་མཐོང་བ་འདི་དག་ལས། །ཤེས་རབ་ཡེ་ཤེས་ཀྱི་ཚོགས་སློབ་མ་ལ་སློབ་དཔོན་གྱི་དག་གིས་སོ། །གང་འདི་ཁྱོད་ལ་རྣལ་འབྱོར་མ་དང་ལྷན་ཅིག་བདེ་བ་ཆེན་པོ་རྗེས་སུ་འབྱུང་བའོ། །དེ་ནས་བཞི་པའི་རང་བཞིན ་ཀྱི་ངོ་བོ་རྟོག་པ་དང་བྲལ་བར་བྱའོ། །འདི་ནི་བདེ་བའི་ངོ་བོའི་མན་ངག་གོ། དེ་ཉིད་རིག་པ་མཐོང་བའི་སློབ་མའི་སྤྱི་བོར་ལག་པ་བྱིན་ལ། རྡོ་རྗེ་སློབ་དཔོན་དེས་ནི་སློབ་མ་ལ། །རིག་པ་གཞན་གྱིས་སངས་རྒྱས་ཉིད་མི་ཐོབ། །དེ་ནས་རིག་པའི་ཆོག་འདི་གཉིས་སུ་མེད། །སྣང་བའི་ཆོས ་རྣམས་ཀུན་གྱི་ངོ་བོ་ཉིད། །གཉིས་ཀྱིས་མཚན་མའི་ངོ་བོ་མེད་པའོ། །དེ་ནས་འདི་དེ་སངས་རྒྱས་ཐམས་ཅད་དང། །རིག་པའི་བརྟུལ་ཤུགས་ཀྱིས་འཁོར་བ་སངས་ཏེ། རྗེས་སུ་གྲོལ་བའོ། །ཤིན་ཏུ་རིག་པ་འདིའི་དངོས་གྲུབ་རྨོངས་པ་རྣམས་ཀྱིས་མི་རྙེད་དོ། །དེའི་སྔགས ་ཀྱི་སྤྱོད་པ་སྤྱད་པ་ལ་སོགས་པའི་ཚུལ་ཁྲིམས་དང། སྡོམ་པ་ཀུན་ཏུ་བཟང་པོའི་སྤྱོད་པ་སྤྱད་པའི་སྡོམ་པ་ཤིན་ཏུ་རྣམ་པར་གྲོལ་བའོ།། ཐབས་ཀྱི་སྤྱོད་པ་སྤྱོད་པས་ལྷག་པའི་སེམས་ཀྱི་སྡོམ་པ་བརྗོད་པར་བྱའོ། །དེ་བཞིན་དུ་མ། །རཾ་བི་ཤཾ་མུ། ཀུཾ། དཾ། ཧ། ན་བཟའ་? ་བར་བྱའོ། །ཇི་ལྟ་ཇི་ལྟར་འདུལ་བའི་སེམས་ཅན་གྱི་རང་བཞིན་དེ། དེ་ལྟ་དེ་ལྟར་འདོད་ཆགས་ལ་སོགས་པ་རྣམ་པར་དག་པའི་སེམས་ཅན་གྱི་དོན་བྱའོ། །དེ་ནས་སེམས་ཅན་ཐམས་ཅད་ལ་ཕན་པའི་དོན་ལ། གང་ཁ་ཅིག་དམན་པ་དེ་སྔགས་དང་ཕྱག་རྒྱའི་ཏིང་ངེ ་འཛིན་གྱི་སྒོ་ལས། ལས་རྣམས་བྱའོ། །ཐམས་ཅད་ཀྱི་རྗེས་ལ་གཏོར་མ་བཅུ་སྦྱིན་ནོ།། བླ་མ་ལ་ཡོན་དབུལ་བ། ཡུལ་གླང་པོ་ཆེ། རྟ་རིན་པོ་ཆེ། གསེར་ལ་སོགས་པ་དང། གང་གཅེས་པ་རྣམས་དབུལ་ལོ། །དེ་ནས་གོས་ལ་སོགས་པ་དབུལ་ཏེ། སློབ་མས་སྨོན ་ལམ་གདབ་པར་བྱའོ། །འདི་ནི་དབང་བསྐུར་བའི་ཆོ་ག་ཅུང་ཟད་ཙམ་མོ། །དཔལ་ལྡན་རྣམ་པར་འདྲེན་པ་ཡི། །བླ་མས་གསུང་ལས་བདེ་རྒྱལ་པོས། །བྲིས་པའི་བསོད་ནམས་གང་ཐོབ་པས། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག་།དབང་བསྐུར་གྱི་རིམ་པའི་ཆོ་ག་ཁ་ཆེའི་པཎྜི ་ཏ་རཏན་ཤྲཱིའི་ཞབས་ཀྱི་པདམོ་ལ་གཏུགས་པ། པཎྜི་ཏ་ཤྲཱི་པ་ར་ཧེ་ཏ་དང། བོད་ཀྱི་ལོཙྪ་བ་དགེ་སློང་ཤེས་རབ་རྒྱལ་མཚན་གྱིས་བསྒྱུར་བ་རྫོགས་སོ།། །། *། །རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་རཻ་ཀོ་ལི་ནི་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པ ་