| Wylie | e-texts based on the ACIP/ALL Input |
ཀྱིས་བཅིངས་པའི་སེམས་ཅན་རྣམས། །ཁྱོད་ཀྱི་རྣམ་སྤྲུལ་མཐོང་ཐོས་དྲན་པས་ཀྱང། །མགོན་པོ་ཁྱོད་ཀྱིས་གདུལ་བྱར་གཟུང་དུ་གསོལ། །དཔལ་འཁོར་ལོ་སྡོམ་པའི་སྟོད་པ་སློབ་དཔོན་མེ་ཏྲི་བས་མཛད་པ་རྫོགས་སོ།། །།དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། ་ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང། །ཐབས་ཀྱི་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྟ་ཡི་ལྷར་གྱུར་པ། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བདག་མེད་དབང་ཕྱུག་སྐུ་དང་གཉིས་མེད་ཅིང། །བདེ་མཆོག་འོད་གསལ་དག་པའི་དཀྱིལ ་འཁོར་ནས། །རྒྱལ་བསྲས་བཅས་ལ་སོགས་སྤྲིན་འཕྲོ་བ། །རྡོ་རྗེ་ཕག་མོའི་སྐུ་ལ་ཕྱག་འཚལ་ལོ། །དུས་གསུམ་བདེ་བར་གཤེགས་པའི་ཡེ་ཤེས་སྐུ། །འཁོར་འདས་སྟོང་པར་མཛད་པའི་ཐུགས་རྗེ་ཡིས། །གདུལ་བྱ་ཀུན་མཁྱེན་ས་ལ་འགོད་མཛད་པའི། །རིགས་ལྔ་བདེ་བར ་གཤེགས་ལ་ཕྱག་འཚལ་ལོ། །ནམ་མཁའ་ལྟ་བུ་ཐམས་ཅད་ཐོགས་མེད་ཅིང། །འདོད་དགུར་བསྒྱུར་བའི་རྫུ་འཕྲུལ་ལུས་དང་ལྡན། །ཐུགས་དམ་དབང་གིས་བསྒྲུབ་ལ་བརྩེར་དགོངས་པ། །གནས་གསུམ་མཁའ་འགྲོའི་ཚགས་ལ་ཕྱག་འཚལ་ལོ། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ ་བརྙེས་བ། །སྲིད་པའི་འཁོར་ལོ་མ་ལུས་གཅོད་པའི་ཕྱིར། །ཐབས་མཁས་ཐུགས་རྗེས་འགྲོ་བའི་དྲེན་མཛད་པ། །རྒྱལ་གཉིས་རྡོ་རྗེའི་ཞབས་ལ་དད་པས་འདུད། །ལྷ་མིའི་ལོངས་སྤྱོད་ཕུན་ཚོགས་ཐམས་ཅད་དང། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོ་དང། །གསང་དང་གསང་རབ་གསང ་ཆེན་བླ་མེད་ཀྱི། །མཆོད་པའི་སྤྲིན་ཆེན་རྒྱ་མཚོ་དག་གིས་མཆོད། །བདག་གིས་ལུས་དང་ངག་དང་ཡིད་ཀྱིས་ཀྱང། །ཆགས་དང་ཞེ་སྡང་རྣམ་པར་རྨོངས་སེམས་ཀྱིས། །སྲིད་པ་ཉམས་ངར་སྡིག་པ་ཅི་བགྱིས་པ། །དེས་ན་སྡིག་པ་ཐམས་ཅད་རབ་ཏུ་བཤགས། །རྫོགས་སངས་རྒྱས་མགོན ་བྱང་ཆུབ་སེམས་དཔའ་མཆོག། འཕགས་པ་རྣམས་ཀྱིས་དགེ་བ་གང་བགྱིས་བ། །དེ་དག་བླ་མེད་བྱང་ཆུབ་འབྲོས་ཐོབ་པར། །མ་ལུས་པ་ལ་རྟག་ཏུ་རྗེས་ཡི་རང། །རྫོགས་སངས་རིན་ཆེན་རང་གི་སེམས་གནས་དང། །རྟོག་པའི་དྲ་བ་རབ་དྲལ་དམ་པའི་ཆོས། །ས་དབང་ཚོགས་དང་བརྟུལ ་ཞུགས་དགེ་འདུན་ལ། །རབ་ཏུ་དང་པས་བདག་ནི་སྐྱབས་སུ་མཆི། །རྒྱལ་དང་རྒྱལ་ཉིད་ལེགས་སྐྱེས་དེ་དག་ལ། །ཀུན་ནས་ཀུན་ཏུ་བདག་ཉིད་བདག་གིས་དབུལ། །སེམས་དཔའ་མཆོག་གིས་བདག་ནི་ཡོངས་བཞེས་ཤིག། དད་པས་བདག་ཉིད་ཁྱེད་ཀྱི་འབངས་སུ་མཆི་།བློ་བུར་ཉོན ་མོངས་ཚོགས་ཀྱིས་གདུངས་པ་ཡིས། །བསྐྱོད་པའི་སྐྱེ་བོ་མཛའ་དག་བསྒྲལ་བའི་ཕྱིར། །དམ་ཆོས་བདུད་བརྩིའི་སྔགས་རྣམས་བཤད་པ་རུ། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་ལོ། །མཆོག་ཏུ་མི་དགེ་བ་ནི་རབ་བཅོམ་པས། །བདུད་ཀྱི་སྐྱེ་རྒན་དང་འཆི་ལས་གྲོལ། །མྱ ་ངན་འདའ་བཞེད་གྱུར་པ་སྤང་བར་ནི། །སྨན་མཆོག་མགོན་པོ་ལ་ནི་བདག་གསོལ་ལ། །སངས་རྒྱས་འཇིག་རྟེན་གང་བྱུང་བ། སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་ཏུ་ནི་སེམས་བསྐྱེད་ལྟར། དེ་རིང་ཉིད་དུ་སེམས་བསྐྱེད་དོ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ ་པའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །དེ་བཞིན་བརྟན་པོར་གཟུང་བར་གྱི་ཡ། །ཇི་ལྟར་ཕྱོགས་བཅུའི་རྒྱལ་བ་ཡིས། །སྔོན་གྱི་བདེ་གཤེགས་གྲངས་མེད་ལ། །ཐུགས་བསྐྱེད་དམ་ཚིག་དཔག་མེད་དག་འཚང་རྒྱ་བར་དུམ་བཏང ་ལྟར། བདག་ནི་དེང་ནས་བྱང་ཆུབ་པར། །ལུས་སྲོག་ལྟོས་པ་མེད་པར་ཡང། །བསླབ་འདི་མགོན་བཞིན་བསྲུང་ལ་གནས། །ཡེ་ཤེས་ཐུགས་ཀྱིས་དགོངས་སུ་གསོལ། །རྣམ་རྟོག་ཡེ་ཤེས་ལྔར་གྱུར་པ། །རྟག་ཏུ་བསྟེན་ཅིང་སྤྱོད་པར་བྱ། །རྒྱལ་བ་རིགས་ལྔའི་བརྟུལ་ཞུགས་དག། སྲོག ་གི་ཕྱིར་ཡང་མི་གཏོང་ངོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དག། རྟག་ཏུ་མི་ཕྱེད་བརྟུལ་ཞུགས་བཟུང། །རྒྱལ་བས་དགོངས་ཏེ་གསུངས་པ་ཡི། །དམ་ཚིག་བཞི་པོ་བསྲུང་བར་བགྱི། །རྩ་བའི་ལྟུང་བ་བཅུ་བཞི་སོགས། །རིག་སྔགས་འཆར་ཀུན་མི་འདའ་ལྟར། །དེང་ནས་བླ་མེད་བྱང ་ཆུབ་པར་།བདག་གིས་ཚུལ་བཞིན་བསྲུང་བར་བགྱི། ཉིན་དང་མཚན་མོ་ལན་གསུམ་དུ། །ཟླ་རེར་བཅུ་ཕྲག་གཉིས་པོ་དང། །བཅོ་ལྔ་ལ་ནི་རབ་ཏུ་མཆོད། །ཐེག་པ་དམན་ལ་འདོད་མི་བགྱི། །སེམས་ཅན་ལ་ཡང་རྒྱབ་མི་ཕྱོགས། །འཁོར་བ་དག་ཀྱང་མི་སྤང་ཞིང། །མྱ་ངན་འདས ་ལ་དགར་མི་འགྲོ། །དཔའ་བོ་རྣལ་འབྱོར་མ་ཀུན་ལ། །གུས་པས་བསྙེན་བཀུར་མཆོད་པར་བགྱི། །བདག་གིས་སེམས་ཅན་ཐམས་ཅད་ལ། །བརྙས་པ་ཉིད་དུ་མི་བགྱིའོ། །ཕྱག་རྒྱ་བཞོན་པ་མཚན་ཆ་དང། །མཚན་མ་འགོམ་པར་མི་བགྱིའོ། །བདག་གི་དུས་གསུམ་དགེ་བ་ཅི་སྤྱད ་པས། །ནམ་མཁའ་ཨི་མཐས་ཀླས་གྱུར་པའི་སེམས་ཅན་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་བདག་ཉིད་ཤོག། སྐྱེ་ཞིང་སྐྱེ་བ་དག་ནི་ཐམས་ཅད། །བློ་ལྡན་རིགས་བཟང་ང་རྒྱལ་མེད་པ་དང། །སྙིང་རྗེ་ཆེ་ལྡན་བླ་མ་ལ་དད་ཅིང། །འཁོར་ལོ་བདེ ་མཆོག་དམ་ཚིག་ལ་གནས་ཤོག་།རྡོ་རྗེ་དྲིལ་བུ་ལ་སོགས་རྟག་ཏུ་འཆང། །ཟབ་ཅིང་རྒྱ་ཆེའི་ཆོས་ནི་རྟོགས་པ་དང། །ཀཀྐོ་ཤུ་ཀྲ་ལ་སོགས་རྟག་ཟ་ཞིང། །མཐར་ཐུག་ཐེག་ཆེན་སྒྲུབ་པའི་སྐལ་ལྡན་ཤོག། དེང་ནས་བྱང་ཆུབ་སྙིང་པོར་མཆིས་པར་དུ། །བཅོམ་ལྡན་བདེ་གཤེགས ་ཀུན་ཏུ་བཟང་པོ་དང། །གསང་བའི་ཐེག་པ་དབྱེར་མེད་རྨད་བྱུང་དང། །མི་འབྲལ་ཚུལ་བཞིན་རྟག་ཏུ་བསྒྲུབ་པར་ཤོག་།སྒྲུབ་མཆོག་འདི་ལ་བར་ཆད་མི་འབྱུང་ཞིང། །ཚེ་འདི་ལ་སོགས་སྐྱེ་བ་བདུན་བར་དུ། །དཔལ་ལྡན་བདེ་མཆོག་འཁོར་ལོ་ཆེན་པོ་ཡི། །ཞབས་རྡུལ་བྲེ་འབྲུ་སྤྱི ་གཙུག་གནས་པར་ཤོག་།གང་ཚེ་འགྲོ་བའི་མགོན་ལ་བལྟ་བ་དང། །ཕྱིར་ཞིང་ཅུང་ཟད་འདྲི་བར་འདོད་ན་ཡང། །བཅོམ་ལྡན་བདེ་གཤེགས་ཐུགས་ཀྱི་བདག་པོ་ནི། །ཐམས་ཅད་སྒྲིབ་མེད་ས་ལེར་མཐོང་བར་ཤོག་།ཕྱོགས་བཅུ་ནམ་མཁའ་ཨི་ཁམས་དང་མཉམ་པ་ཡི། །སེམས་ཅན ་མ་ལུས་བྱང་ཆུབ་དགོད་པའི་ཕྱིར། །ཐུབ་པའི་དབང་པོའི་སྤྱོད་པ་ཇི་ལྟ་བར། །བདག་གི་སྤྱོད་པའང་དེ་དང་འདྲ་བར་ཤོག། སེམས་ཅན་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །བདག་བདེ་དགེ་པས་དེ་ཀུན་བདེ་ཐོབ་ཤོག། ཚེ་རིང་ཀུན་ཏུ་སྒོ་གསུམ་རིན་ཆེན་དང། །བུམ་བཟང་དཔག་བསམ་ས ་སོགས་ལྟ་བུར་ཤོག། མགོན་པོ་ཀུན་མཁྱེན་ཐུགས་རྗེའི་བྱིན་བརླབས་དང། །སྒྲུབ་པ་མཆོག་ལ་རྩེ་གཅིག་སྦྱངས་པ་ཡིས། །བདེ་མཆོག་མཁའ་འགྲོའི་དངོས་གྲུབ་མཆོག་ཐོབ་ནས། །སེམས་ཅན་ཐམས་ཅད་སྨིན་པའི་མཐུ་ལྡན་ཤོག་།དབང་དང་མངོན་ཤེས་སོ་སོར་རིག་པ་དང། །གཟུངས ་དང་རྣམ་པར་ཐར་པའི་སྒོ་རྟོགས་ནས། །ནམ་མཁའ་ཨི་མཛའ་ཀླས་གྱུར་པའི་སེམས་ཅན་རྣམས། །གནས་དང་ཉེ་བའི་གནས་སོགས་བགྲོད་པར་ཤོག། ཏིང་འཛིན་མང་པོས་གདུལ་བྱའི་རྒྱུད་མཁྱེན་ནས། །ཐམས་ཅད་འདུན་ན་སྔགས་ཀྱི་གཟུགས་ཀྱིས་ནི། །སྣ་ཚོགས་ནམ་མཁའ་ཁྱབ ་པའི་ཆོས་བསྟན་པས། །ཞིང་དང་ཉེ་བའི་ཞིང་སོགས་བགྲོད་པར་ཤོག་།བདེ་གཤེགས་སྤྱན་སྔར་གནས་གསུམ་མཁའ་འགྲོ་ཡིས། །དམ་བཅས་བསྲུང་ཞིང་དངོས་གྲུབ་མཆོག་རྩོལ་བའི། །ཐུགས་དམ་བཞིན་དུ་རྟག་བསྲུང་དངོས་གྲུབ་ནི། །རྣམ་གསུམ་ཚེ་འདི་ཉིད་ལ་སྩོལ་པར ་ཤོག། འཆི་ཚེ་མགོན་དང་དཔའ་བོ་མཆོགས་ཀྱིས། །མེ་ཏོག་རྒྱལ་མཚན་གདུགས་སོགས་ཐོགས་ནས་ཀྱང། །རོལ་མོ་གླུ་དང་སྒྲ་སྙན་ཚོགས་མཆོད་ནས། །མཁའ་ལ་སྤྱོད་པའི་གནས་སུ་ཁྲིད་པར་ཤོག་།སྒང་ཅིག་དེ་ལ་སྣང་བ་གསུམ་ཐོབ་ནས། །གསལ་དང་རྟགས་སྣང་རང་གི ་རིགས་རྟོགས་ཏེ། །དུར་ཁྲོད་ལ་སོགས་རྒྱལ་ཉིད་ས་ཐོབ་ནས། །ཚན་དོ་ལ་སོགས་ས་ལ་བགྲོད་པར་ཤོག། ཤིན་ཏུ་རྣམ་པར་དག་པ་ཀུན་གྱི་མཆོག་།གདོད་ནས་རྣམ་པར་གྲོལ་བ་དེ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་གྱི་བདག་པོ་ཡི། །སྲས་ཀྱི ་དབང་པོ་ཉིད་དུ་བདག་གྱུར་ཅིག་།ས་གསུམ་མཐར་ཕྱིན་གསུམ་ཕྲག་གསུམ་གནས་གྱུར། །ཤེས་བརྒྱད་གྱུར་པས་ཡེ་ཤེས་ལྔར་གྱུར་ཏེ། །ཡེ་ཤེས་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི། །ཆོས་སྐུ་བྱང་ཆུབ་སྙིང་པོ་ཐོབ་པར་ཤོག་།ཆོས་དབྱིངས་ལས་བྱུང་ནམ་མཁའ་ཨི་མཚན ་ཉིད་འདྲ། །ཐོག་མ་དང་ནི་ཐ་མ་མེད་པའི་བདག་།སེམས་དཔའ་རྡོ་རྗེ་ཐུགས་ཀྱི་བདག་པོ་རུ། །རྡོ་རྗེ་སེམས་དཔའ་ཉིད་དུ་བདག་གྱུར་ཅིག་།དངོས་གྲུབ་མ་ལུས་པ་ནི་ཀུན་གྱི་བདག། དབང་ཕྱུག་ཆེན་པོ་ལྷ་ཡི་ལྷར་གྱུར་པ། །སྟུག་པོའི་རྒྱན་གྱུར་མ་ལུས་ཀུན་གྱིས་བརྒྱལ།། ་མི་འགྱུར་དམ་པ་ཉིད་དུ་བདག་གྱུར་ཅིག། །ཉོན་མོངས་རྣམ་དག་ཡེ་ཤེས་སྐུ་བརྙེས་པས། །འདོད་ཆགས་ཀུན་གྱི་རྗེས་སུ་རབ་ཆགས་ལ་།འདོད་ཆགས་མེ་ཀུན་རང་བཞིན་རྣམ་དག་ནས། །གསུང་གི་དབང་ཕྱུག་ཉིད་དུ་བདག་གྱུར་ཅིག། ང་རྒྱལ་རྣམ་དག་མཉམ་ཉིད་ལྷུན་གྱིས ་ཕྲུག། ཡོན་ཏན་ཡིད་བཞིན་བརྒྱ་ཚན་མཁར་འདྲ་བས། །གདུལ་བྱ་རྫོགས་སངས་ཉིད་དུ་རེ་སྐོར་བ། །བྱ་བ་བདག་རྡོ་རྗེ་ཉི་མར་བདག་གྱུར་ཅིག་།ཕྲག་དོག་དག་པས་བྱ་བ་གྲུབ་བརྙེས་ཤིང། །ཕྲིན་ལས་རྒྱ་མཚོས་གདུལ་བྱ་དཔག་མེད་རྣམས། །གྲུབ་མཆོག་ཕྱག་རྒྱ་ཆེ་ལ་འགོད ་མཛད་པའི། །བདེ་གཤེགས་གདོན་མི་ཟ་བར་བདག་གྱུར་ཅིག། དུས་གསུམ་བདེ་བར་གཤེགས་པ་ཀུན་གྱི་བདག་།དཔལ་ལྡན་བདེ་མཆོག་འཁོར་ལོའི་སྐུར་གྲུབ་ནས། །ནམ་མཁའ་དག་དང་མཉམ་པའི་མཐུ་སྟོབས་ཀྱིས། །འཁོར་འདས་མ་ལུས་འདྲེན་པའི་དཔལ་དུ་ཤོག ་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུན་བཤགས་རྒྱས་པ་སློབ་དཔོན་བྷུ་རི་བས་མཛད་པ་རྫོགས་སོ།། །།ཛ་བོ་རྗེ་དང་ལོཙྪ་བ་རིན་ཆེན་བཟང་པོས་བསྒྱུར་པའོ།། །།དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བསྙེན་པའི ་