| Wylie | e-texts based on the ACIP/ALL Input |
དེ་ཡིས་ནི། །འགྲོ་རྣམས་དེ་ཡི་རང་བཞིན་ཤོག་།དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ་མཎྜི་ཏ་ཤཱུ་ར་ཀ་ལ་ཤས་མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོཙྪ་བ་བསོད་ནམས་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ ་སམྦ་ར་མཎྜ་ལ་དེ་བ་ག་ན་སྟོ་ཏྲ་ན་མ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །ལྷ་མོ་འཁོར་ལོ་དང་ལྡན་པའི། །མཁའ་འགྲོ་དཔའ་བོ་དཔའ་མོ་དང། །དག་པའི་ཆོས ་ཀྱི་དྲི་མེད་པ། །ཁྲག་འཐུང་མགོན་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་དཔལ། །རྣམ་པར་སྣང་མཛད་རིགས་ལས་བྱུང། །སུམ་ཅུ་རྩ་བདུན་ཡང་དག་སྤྲོ། །རྡོ་རྗེ་ཕག་མོ་ཕྱག་འཚལ་ལོ། །ལུས་དང་ཚོར་དང་སེམས་དང་ཆོས། །དྲན་པ་ཉེ་བར ་གཞག་པའི་དངོས། །མཁའ་འགྲོ་ལཱ་མ་དུམ་སྐྱེས་མ། །གཟུགས་ཅན་མ་ལ་ཕྱག་འཚལ་ལོ། །པདྨའི་དབུས་ཀྱི་བཅོམ་ལྡན་འདས། །ཕྱོགས་ཀྱི་ལྷ་མོ་ཆེན་མོ་བཞི། །མཚམས་ཀྱི་དག་ནི་སྣོད་བཞི་པོ། །ཞལ་བཞི་དག་ལ་ཕྱག་འཚལ་ལོ། །སེན་མོ་སོ་ལ་ཐོད་དུམ ་གནས། །འདུན་པའི་རྫུ་འཕྲུལ་རྐང་གདུབ་བྱེད། །རབ་གཏུམ་མོ་ནི་མགོ་ལ་གནས། །པུལླི་ར་མར་ཕྱག་འཚལ་བསྟོད། །ཀེང་རུས་ཆེན་པོ་ཡང་དག་བཞུགས། །གཏུམ་མིག་མ་ནི་སྐྲ་དང་སྤུ། །བརྩོན་འགྲུས་རྫུ་འཕྲུལ་སྤྱི་གཙུག་ལ། །ཛཱ་ལན་དྷ་རར་ཕྱག ་འཚལ་བསྟོད། །དཔའ་མོ་བགས་པ་དྲི་མ་དང། །དཔྱོད་པའི་རྫུ་འཕྲུལ་ཀེང་རུས་ཅན། །འོད་ལྡན་མ་ནི་རྣ་གཡས་གནས། །ོཾ་ཌི་ཡ་ནར་ཕྱག་འཚལ་བསྟོད། །རྦུད?་ནི་རྒྱབ་ཚིགས་ལ། །སྣ་ཆེན་མ་ནི་རྣལ་འབྱོར་མ། །ཤ་ལ་མཆེ་གཙིགས་སེམས་རྫུ ་འཕྲུལ། །བདེ་བའི་གནས་ལ་ཕྱག་འཚལ་བསྟོད། །ལྷ་མོ་རྩ་དང་རྒྱུས་པ་ལ། །དད་པའི་དབང་པོ་དཔའ་བོ་ལ། །རྣ་བ་དག་ནི་གཡོན་པ་ལ། །ཉེ་བའི་གནས་ལ་ཕྱག་འཚལ་བསྟོད། །བརྩོན་འགྲུས་དབང་བོ་ཉེ་བའི་གནས། །འོད་དཔག་མེད་ནི་རུས་པ་ལ། །མིའུ ་ཐུང་མ་ནི་སྨིན་མའི་དབུས། །མར་མེ་མ་ལ་ཕྱག་འཚལ་ལོ། །མཆིན་པ་ལ་ནི་དྲན་དབང་པོ། །ལང་ཀའི་དབང་ཕྱུག་རྡོ་རྗེའི་འོད། །དེ་བི་ཀོ་ཊི་མིག་གཉིས་ལ། །ཉེ་བའི་གནས་ལ་ཕྱག་འཚལ་ལོ། །ཏིང་འཛིན་དབང་པོ་ཤིང་གྲིབ་མ། །ཕྲག་པ་ལ་ནི་ཉེ་བའི་གནས། ་སྙིང་ག་ལ་ནི་རྡོ་རྗེའི་སྐུ། །མཱ་ལ་བར་ནི་ཕྱག་འཚལ་ལོ། །ཐུགས་ཀྱི་འཁོར་ལོའི་གནས་འདི་དག། མཁའ་ལ་སྤྱོད་པའི་རྣམ་དག་པ། །ཕྱོགས་དང་མཚམས་སུ་ནག་པོར་ཞུགས། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཤེས་རབ་དབང་པོས་སྲུངས་མ། །མཆན་ཁུང་ལ་ནི ་གནས་པ་སྟེ། །མྱུ་གུ་ཅན་ནི་མིག་ལ་གནས། །ཀཱ་མ་རུ་པར་ཕྱག་འཚལ་ལོ། །དད་པའི་སྟོབས་ནི་འཇིགས་བྱེད་ཆེ། །ནུ་མ་ལ་ནི་གནས་པ་སྟེ། །མཁྲིས་པ་རྡོ་རྗེ་རལ་པ་ཅན། །ོཾ་ཊེར་ཞིང་ལ་ཕྱག་འཚལ་ལོ། །བརྩོན་འགྲུས་སྟོབས་ནི་རླུང་ཤུགས་མ། །ལྟེ་བ ་ལ་ནི་གནས་པ་སྟེ། །གློ་བ་ལ་ནི་དཔའ་བོ་ཆེ། །ཏྲི་ཤ་ཀུ་ནེར་ཕྱག་འཚལ་ལོ། །དྲན་པའི་སྟོབས་ནི་ཆང་མཐུང་མ། །སྣ་རྩེ་ལ་ནི་རབ་ཏུ་གནས། །རྒྱུ་མ་རྡོ་རྗེ་ཧཱུཾ་མཛད་དེ། །ཀོ་སར་ཉེ་ཞིང་ཕྱག་འཚལ་ལོ། །ཏིང་འཛིན་སྟོབས་ནི་སྔོ་བསངས་མ། །ཚན་དོ་ཧ་ནི་ཁ ་ལ་བཞུགས། །གཉེ་མ་ལ་ནི་རབ་ཏུ་བཟང། །ཀ་ལིང་ག་ལ་ཕྱག་འཚལ་ལོ། །ཤིན་ཏུ་བཟང་མོ་ཤེས་རབ་སྟོབས། །ཚནདོ་ནི་མགྲིན་པའི་དབུས། །གྲོད་པ་ལ་ནི་རྡོ་རྗེ་བཟང། །ལམཔཱ་ཀ་ལ་ཕྱག་འཚལ་ལོ། །ཏིང་འཛིན་ཡན་ལག་རྟ་རྣམ། །ཀཱཉྩིར་སྙིང་ལ་གནས་པ་སྟེ། ། ་བཤད་པ་ལ་ནི་འཇིགས་བྱེད་ཆེ། །ཉེ་ཚན་དོ་ལ་ཕྱག་འཚལ་ལོ། །ཧི་མཱ་ལ་ཡར་མཚན་མའི་རྩེ། །བརྩོན་འགྲུས་ཡང་དག་བྱ་གདོང་མ། །གསང་བའི་སྤུབས་ལ་མིག་མི་བཟང། །ཉེ་ཆེན་དོ་ལ་ཕྱག་འཚལ་ལོ། །གསུང་གི་འཁོར་ལོར་ཡང་དག་གནས། །ས་སྤྱོད་ཏིང་འཛིན ་ཡང་དག་གནས། །ཁ་དོག་དམར་པོ་ཕྱོགས་མཚམས་ན། །ཡང་དག་བཞུགས་ལ་ཕྱག་འཚལ་ལོ། །པྲེ་ཏ་མཚན་མ་འཁོར་ལོ་ཤུགས། །དགའ་བ་ཡང་དག་བྱང་ཆུབ་ལམ། །བད་ཀན་ལ་ནི་སྟོབས་པོ་ཆེ། །འདུ་བ་ཅན་ལ་ཕྱག་འཚལ་ལོ། །གྲི་ཧ་བཤད་ལམ་དུམ་སྐྱེས་བཞུགས ་ཤིན་ཏུ་སྦྱངས་ལ་བྱང་ཆུབ་ལམ། །རྣག་ལ་རིན་ཆེན་རྡོ་རྗེ་སྟེ། །འདུ་བ་ཅན་ལ་ཕྱག་འཚལ་ལོ། །སཽ་རཱཥྚ་བརླ་གཉིས་ལ། །ཉེ་བར་གནས་པའི་འདུ་ཅན་དུ། །ཆོས་རབ་འབྱེད་པ་ཆང་འཚོང་མ། །རྟ་མགྲིན་ཁྲག་ལ་ཕྱག་འཚལ་ལོ། །གསེར་གླིང་དག་ནི་བྱིན་པ་ལ། །དྲན་པ་འཁོར་ལོའི་གོ་ཆ་མ།། ་རྡུལ་ནི་ནམ་མཁའ་ཨི?་སྙིང་པོར་སྟེ། །ཉེ་བའི་འདུལ་ཕྱག་འཚལ་ལོ། །ཤིན་ཏུ་དཔའ་མོས་ལེགས་པར་འཁྱུད། །བཏང་སྙོམས་ཡང་དག་སོར་མོ་ལ། །ཚིལ་ནི་ཧེ་རུ་ཀ་དཔལ་ཏེ། །དུར་ཁྲོད་གྲགས་ལ་ཕྱག་འཚལ་ལོ། །སིནདྷུ་རྐང་པའི་བོལ་ལ་ནི། །ཡང་དག་ལྟ་བ་སྟོབས་ཆེན་མ། །མཆིན་པ་པདྨ་གར་དབང ་ཕྱུག་།དུར་ཁྲོད་གྲགས་ལ་ཕྱག་འཚལ་ལོ། །མཆིལ་མ་དཔའ་བོ་རྣམ་སྣང་མཛད། །འཁོར་ལོ་སྒྱུར་པ་ཡང་དག་རྟོག་།མཐེ་བོང་གཉིས་ལ་ཉེ་དུར་ཁྲོད། །མ་ནོར་གནས་ལ་ཕྱག་འཚལ་ལོ། །ཀུ་ལུ་ཏཱར་ནི་ཡང་དག་ངག། བརྩོན་ཆེན་མ་ནི་པུས་མོ་ལ། །སྣབས་ལ་རྡོ་རྗེ་སེམས་དཔའ་སྟེ། །ཉེ ་དུར་ཁྲོད་ལ་ཕྱག་འཚལ་ལོ། །འདི་ནི་སྐུ་ཡི་འཁོར་ལོ་སྟེ། །ས་འོག་སྤྱོད་པར་གནས་པ་ཡིན། །ཕྱོགས་དང་མཚམས་ན་དཀར་པོར་གནས། །དེ་ལ་རྟག་ཏུ་ཕྱག་འཚལ་ལོ། །ཡང་དག་ལས་དང་འཚོ་བ་དང། །ཡང་དག་རྩོལ་བ་དྲན་པ་དག་།ཁྭ་དང་འུག་པ་ཁྱི་དང་ཕག། སྒོམ་བཞི? ་ལ་ཕྱག་འཚལ་ལོ། །ཡང་དག་སྤོང་བཞི་རྣམ་དག་པ། །གཤིན་རྗེ་བརྟན་མ་ཕོཊ?་མོ། །གཤིན་རྗེ་མཆེ་མ་གཤིན་རྗེ་འཇོམས། མཚམས་མ་བཞི་ལ་ཕྱག་འཚལ་ལོ། །བསམ་གཏན་དཀྱིལ་འཁོར་བསྲུང་དོན་དུ། །འདི་བརྒྱད་ཀྱིས་ནི་བགེགས་སྤངས་སོ། །བདེ་མཆོག ་འཁོར་ལོ་བསྟོད་པ་ཡིས། །དགེ་བས་བདུད་བཞིའི་དགྲ་བཅོམ་སྟེ། །ལྷ་ཚོགས་ལྷ་མོ་ཁྲིར་གྱུར་ནས། །བསམ་ཚོགས་སྟོབས་མཁན་ལྡན་གྱུར་ཅིག་།དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སྟོད་པ་ཞེས་བྱ་བ་ཁ་ཆེའི་མཁས་པ་ཆེན་པོ ་བྲམ་ཟེ་རིན་ཆེན་རྡོ་རྗེ་མཛད་པ་རྫོགས་སོ།། །།མཧཱ་ཛ་ན་དང། མར་པ་ཆོས་ཀྱི་དབང་ཕྱུག་གི་བསྒྱུར། །།རྒྱ་གར་སྐད་དུ། ཤཱི་ཙཀྲ་སམྦ་ར་སྟོ་ཏྲཾ། བོད་སྐད་དུ་དཔལ་འཁོར་ལོ་སྡོམ་པ་ལ་བསྟོད་པ། བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལ ་