| Wylie | e-texts based on the ACIP/ALL Input |
མའི་གསང་ཚིག་རྫོགས་སོ།། །།རྩིབས་ཀྱི་རྒྱ་མདུད་དང་བཅས་པ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུ་ལ་ཧ་རིར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜལ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །མགོན་པོ་དཔའ་པོ་ཀུན་བདག་ཉིད། །མཁའ་འགྲོ་མ་ཀུན་བདག་ཉིད་དེ། །འཁོར་ལོ་དགའ་བ་བཞི་རུ་གྲགས། །སྐད་ཅིག་བསྙེན ་སོགས་ངོ་བོ་ཉིད། །མི་ཕྱེད་ནམ་མཁའ་དང་མཚུངས་པ། །ཞལ་བཞི་གཡས་བརྐྱང་བ་ཡིས་བཞུགས། །ས་དང་ཕ་རོལ་ཕྱིན་དག་པས། །ཕྱག་དང་ཕྱག་མཚན་འཆང་པའི་མཆོག། དེ་བཞིན་ཤེས་དང་ཤེས་དག་པས། །ཐོད་དང་མགོ་བོ་ཟླ་ཕྱེད་འཆང། །མི་བསྐྱོད་པ ་དང་དྲག་པོའི་འོད། །གར་གྱི་རོ་དགུའི་ཉམས་དང་ལྡན། །སྲེང་དང་ཞེས་སྡང་རྣམ་དག་པས། །འཇིགས་བྱེད་ཨུ་མའི་སྟེང་ན་བཞུགས། །དཔལ་ལྡན་འཁོར་ལོའི་འདྲེན་པ་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ། །ཡེ་ཤེས་འཁོར་ལོའི་ལྟེ་བ་ན། །བདེ་བ་ཆེ ་ལ་རྣམ་རོལ་པ། །ཡང་དག་ཏིང་འཛིན་རྣམ་དག་པས། །དཔལ་ལྡན་བདེ་མཆོག་ལ་ཕྱག་འཚལ། །མགོན་པོར་ཡང་དག་འཁྱུད་བཞུགས་པ། །ཞལ་གཅིག་མ་ལ་ཆེར་དམར་པ། །གྲི་གུག་ཐོད་ལྡན་བདེ་རང་བཞིན། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །དེ་མདུན་ཞི་བ ་དགའ་བ་དང། །ལུས་དྲན་ཉེ་བར་གཞག་ངོ་བོ། །སྐུ་མདོག་ནག་མོ་གྲི་ཐོད་མཚན། །རོར་གནས་མཁའ་འགྲོ་མར་ཕྱག་འཚལ། །གཡོན་དུ་རྒྱས་དང་མཆོག་དགའ་དང། །ཚོར་བ་དྲན་པ་ཉེར་གཞག་རིམ། །སྐུ་མདོག་ལྗང་མོ་གྲི་ཐོད་མཚན། །དེ་མདུན་ཞི་བ ་མ་ལ་ཕྱག་འཚལ། །ནུབ་ཏུ་དགའ་བྲལ་དགའ་བ་དང། །དབང་དང་སེམས་དྲན་ཉེར་གཞག་བཞུགས། །སྐུ་མདོག་དམར་མོ་གྲི་ཐོད་མཚན། །རོར་གནས་དུམ་སྐྱེས་མར་ཕྱག་འཚལ། །གཡས་སུ་འགུགས་དང་ལྷན་ཅིག་སྐྱེས། །ཆོས་དྲན་ཉེ་བར་གཞག་པས ་བཞུགས། །སྐུ་མདོག་སེར་མོ་གྲི་ཐོད་འཆང། །རོར་གནས་གཟུགས་ཅན་ལ་ཕྱག་འཚལ། །ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། །ཕྱག་རྒྱ་ལྔ་ཡི་རྣམ་པར་བརྒྱན། །བཅོམ་ལྡན་འདས་ཀྱི་ཞལ་དང་མཚུངས། །མཁའ་འགྲོ་མ་སོགས་བདག་ཕྱག་འཚལ། །པུལླི ་མདུན་དང་མགོ་བོ་དང། །སོ་དང་སེན་མོ་རྣམ་དག་པས། །ཐུགས་ཀྱི་འཁོར་ལོར་ཐོད་དུམ་དང། །རབ་གཏུམ་ནག་མོ་ལ་ཕྱག་འཚལ། །ཛཱ་ལནདྷ་ར་བརྩོན་འགྲུས་སྤྱི། །སྐྲ་དང་སྤུ་ནི་རྣམ་དག་པས། །ཀེང་རུས་ཀྱིས་འཁྱུད་སྐུ་མདོག་སྔོ། །གཏུམ་མིག་མ་ལ་ཕྱག ་འཚལ་ལོ། །ུ་རྒྱན་དང་ནི་དཔྱོད་པ་དང། །རྣ་བ་གཡས་དང་པགས་པ་དྲི། །ཀེང་རུས་ཆེན་པོ་དང་ལྷན་ཅིག་།འོད་ལྡན་མ་ལ་ཕྱག་འཚལ་ལོ། །རྦུ་དཱ་དང་སེམས་ལྷག་པ། །ཤ་ཡི་སམས?་ནི་རྣམ་དག་པས། །མཆེ་བ་རྣམ་པར ་གཙིགས་སྦྱོར་བའི། །སྣ་ཆེན་མ་ལ་ཕྱག་འཚལ་ལོ། །གོ་དཱ་བ་རི་རྣ་གཡོན་དང། །རྩ་རྒྱས་དང་དབང་བདག་ཉིད་དེ། །ལྷ་དགྲ་དང་བཅས་མཁའ་འགྲོ་མ། །དཔའ་བོའི་བློ་མ་ལ་ཕྱག་འཚལ། །རཱ་མ་ཤྭ་རི་རུས་པ་དང། །སྨིན་དབུས་བརྩོན་འགྲུས་དབང་པོ་དག། ་འོད་དཔག་མེད་ལ་ཡང་དག་འཁྱུད། །ལྷ་མོ་མིའུ་ཐུང་ལ་ཕྱག་འཚལ། །དེ་བི་ཀོ་ཊི་མཚན?་བ་དང། །མིག་དང་དྲན་པ་རྣམ་དག་པ། །རྡོ་རྗེའི་འོད་ཀྱིས་ཡང་དག་འཁྱུད། །ལང་ཀི?་དབང་ཕྱུག་མར་ཕྱག་འཚལ། །མཱ་ལ་བེ་དང་ཕྲག་པ་སྙིང། །ཏིང་འཛིན་དབང་པོ ་རྣམ་དག་པ། །ལྷ་མོ་རྡོ་རྗེའི་སྐུར་སྦྱོར་བ། །ཤིང་གྲིབ་མ་ལ་བདག་ཕྱག་འཚལ། །ཀཱ་མ་རཱུ་དང་མཚན་ཁུང་དང། །མིག་དང་ཤེས་རབ་དབང་བདག་ཉིད། །གསུང་འཁོར་དམར་པོ་མྱུ་གུ་ཅན། །ས་སྲུངས་མ་ལ་ཕྱག་འཚལ་ལོ། །ོ་ཊེ་ནུ་གཉིས་མཁྲིས་པ་དང། ་དང་པའི་སྟོབས་ནི་རྣམ་དག་པ། །རྡོ་རྗེ་རལ་པ་ཅན་གྱིས་འཁྱུད། །འཇིགས་བྱེད་ཆེན་མོ་ལ་ཕྱག་འཚལ། །ཏྲི་ཤ་ཀུ་ནེ་ལྟེ་བའི་གནས། །གློ་བ་བརྩོན་འགྲུས་རྣམ་དག་པ། །དཔའ་བོ་ཆེན་པོས་ཡང་དག་འཁྱུད། །རླུང་ཤུགས་མ་ལ་བདག་ཕྱག་འཚལ། །ཀོ་ས་ལ་དང ་སྣ་རྩེ་དང། །དྲན་དང་རྒྱུ་མ་རྣམ་དག་པ། །རྡོ་རྗེ་ཧཱུཾ་མཛད་ཀྱིས་འཁྱུད་པ། །ཆང་ཐུང་མ་ལ་ཕྱག་འཚལ་ལོ། །ཀ་ལིངཀ་དང་ཁའི་ཕྱོགས་དང། །གཉེ་མ་དང་ནི་ཏིང་འཛིན་སྟོབས། །རབ་ཏུ་བཟང་དང་སྙོམས་འཇུག་པ། །སྔོ་བ་སངས་ལྷ་མོ་ལ་ཕྱག་འཚལ། །ལམྦྷ་ཀ་དང་མགྲིན་གནས ་དང། །གྲོད་པ་དང་ནི་ཤེས་རབ་སྟོབས། །རྡོ་རྗེ་བཟང་གིས་འཁྱུད་བཞུགས་མ། །ཤིན་ཏུ་བཟང་མོ་ལ་ཕྱག་འཚལ། །ཀཱཉྩི་དང་ནི་སྙིང་ཕྱོགས་གནས། །བཤད་དང་ཏིང་འཛིན་ཡན་ལག་དག་།འཇིགས་བྱེད་ཆེན་པོས་ཡང་དག་འཁྱུད། །རྟ་རྣམ་ལ་བདག་ཕྱག་འཚལ། །ཧི ་མཱ་ལ་ཡ་འདོམས་པར་དང། །བརྩོན་འགྲུས་མཚན་རྩེ་རྣམ་དག་པ། མིག་མི་བཟང་ལྡན་མཁའ་འགྲོ་མ། །བྱ་གདོང་མ་ལ་ཕྱག་འཚལ་ལོ། །སྐུ་ཡི་འཁོར་ལོར་བྲེ་ཏ་ཕུར། །དཀར་མོ་བད་ཀན་མཚན་མ་དང། །དགའ་བ་རྣམ་དག་འཁོར་ཤུགས་མ། །སྟོབས་ཆེན ་ལྡན་ལ་ཕྱག་འཚལ་ལོ། །གྲི་ཧ་དེ་བ་བཤད་ལམ་དང། །རྣག་དང་ཆོས་རྣམས་འབྱེད་བདག་ཉིད། །རིན་ཆེན་རྡོ་རྗེས་ཡང་དག་འཁྱུད། །དུམ་སྐྱེས་མ་ལ་ཕྱག་འཚལ་ལོ། །སཽ་རཱཥྚ་བརླ་གཉིས་གནས། །ཁྲག་དང་དྲན་པ་རྣམ་དག་པ། །རྟ་མགྲིན་དང ་ལྡན་མཁའ་འགྲོ་མ་།ཆད་འཚོང་མ་ལ་ཕྱག་འཚལ་ལོ། །སུ་ཝརྞྞ་དྭཱི་བྱིན་པར་གནས། །རྡུལ་དང་བཏང་སྙོམས་ཡན་ལག་དང། །ནམ་མཁའ་ཨི་སྙིང་པོར་འཁྱུད་མཛད་མ་།འཁོར་ལོའི་གོ་ཆ་མར་ཕྱག་འཚལ། །ན་གར་སོར་མོ་ཚིལ་དང་ནི། །ཤིན་ཏུ ་སྦྱངས་པ་རྣམ་དག་པ། །ཧེ་རུ་ཀ་དཔལ་སྙོམས་འཇུག་པ། །ཤིན་ཏུ་དཔའ་མ་ལ་ཕྱག་འཚལ། །སིནདྷུ་རྐང་པའི་བོལ་དང་ནི། །ཡང་དག་ལྟ་དང་མཆིམ་སྦྱངས། པདྨ་ག་ར་དབང་ཕྱུག་དང་ལྡན། ག།སྟོབས་ཆེན་མ་ལ་ཕྱག་འཚལ་ལོ། །མ་རོ་མཐེ ་བོད་སྟེང་དང་ནི། །ཡང་དག་རྟོག་པ་མཆིལ་མ་དག་།རྣམ་སྣང་མཛད་དང་སྙོམས་འཇུག་པ། །འཁོར་ལོ་སྒྱུར་མ་ལ་ཕྱག་འཚལ། །ཀུ་ལུ་ཏཱ་དང་པུས་མོར་གནས། །སྣབས་དང་ཡང་དག་དགྲ་དག་པ། །རྡོ་རྗེ་སེམས་དཔའ་སྙོམས་འཇུག་པ།། ་བརྩོན་ཆེན་མ་ལ་བདག་ཕྱག་འཚལ། །ཉི་དཀྱིལ་སྲོག་མེད་ལ་གནས་པ། །གཡོན་པ་ལ་སོགས་གོ་རིམས་ཀྱིས། །གྲི་གུག་དང་ནི་ཐོད་པ་འཆད། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །སྤྱན་གསུམ་ལྷན་ཅིག་སྐྱེས་དགའ་བས། །ཐུགས ་ནི་ཡང་དག་མཉེས་མཛད་པ། །ཐུགས་གསུང་སྐུ་ཡི་མཁའ་འགྲོ་མ། །གནག་དང་དམར་དཀར་ལ་ཕྱག་འཚལ། །ཤར་སྒོར་ཉི་མ་ལ་གནས་པ། །མཁའ་འགྲོ་མ་མཚུངས་འོད་མངའ་མ། །ཁྲོ་མོ་གྲི་གུག་ཐོད་པ་འཆང། །ཁྭ་གདོང་མ་ལ་ཕྱག ་འཆལ་ལོ། །གཡོན་སྒོར་ཉི་མ་ལ་བཞུགས་པ། །ལཱ་མ་དང་འབྲའི་འོད་མངའ་མ། །ཁྲོ་མོ་གྲི་གུག་ཐོད་པ་འཆང། །འུག་གདོང་མ་ལ་ཕྱག་འཚལ་ལོ། །ནུབ་སྒོར་ཉི་མ་ལ་བཞུགས་པ། །དུས་སྐྱེས་མ་ཡི་འོད་འདྲ་མ། །ཁྲོ་མོ་གྲི་གུག་ཐོད་པ་འཆང། །ཁྱི་གདོང་མ་ལ་ཕྱག་འཚལ་ལོ། ་ལྷོ་སྒོར?་ཉི་མ་ལ་བཞུགས་པ། །གཟུགས་ཅན་འདྲ་བའི་འོད་མངའ་མ། །ཁྲོ་མོ་གྲི་གུག་ཐོད་པ་འཆང། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །ཡང་དག་ལས་དང་ཡང་དག་འཚོ། །རྩོལ?་དང་དྲན་པ་ཡང་དག་ལྡན། །སྒོ་སྐྱོང་མ་ནི་བཞི་པོ་ལ། །དེ་གོམས་ཐོབ་ཕྱིར་བདག་ཕྱག ་འཚལ། །ཤར་ལྷོ་ཡི་ནི་མཚམས་བཞུགས་པ། །གནག་དང་སེར་བའི་འོང་མངའ་བ། །དྲག་མོ་གྲི་གུག་ཐོད་པ་འཆང། །གཤིན་རྗེ་བརྟན་མར་ཕྱག་འཚལ་ལོ། །ལྷོ་དང་ནུབ་ཀྱི་མཚམས་བཞུགས་པ། །སེར་དང་དམར་བའི་འོད་མདའ་བ། །དྲག་མོ་གྲི་གུག་ཐོད་པ་འཆབ ་གཤིན་རྗེ་ཕོ་ཉ་མོ་ལ་འདུད། །ནུབ་དང་བྱང་གི་མཚམས་བཞུགས་པ། །དམར་དང་ལྗང་བའི་འོང་མངའ་བ། །དྲག་མོ་གྲི་གུག་ཐོད་པ་འཆང། །གཤིན་རྗེ་མཆེ་བ་མར་ཕྱག་འཚལ། །བྱང་དང་ཤར་གྱི་མཚམS་བཞུགས་པ། །ལྗང་དང་གནག་པའི་འོད་མངའ་པ། །དྲག ་མོ་གྲི་གུག་ཐོད་པ་འཆང། །གཤིན་རྗེ་འཛོམས་མ་ལ་ཕྱག་འཚལ། །མ་སྐྱེས་པ་དང་སྐྱེས་པ་དང། །སྡིག་པ་མི་བསྐྱེད་འཛོམས་པའི་ཕྱིར། །དེ་བཞིན་དགེ་བ་བསྐྱེད་པ་དང། །དེ་བཞིན་གནས་དང་སྦེལ་ཐ་བྱེད། །རྣམ་ཤེས་ཚོགས་བརྒྱད་དག་པཱི་ཕྱིར། །འབད་དང་རྩོལ་བ ་རབ་མཛད་པའི། །འཇིག་རྟེན་ཆོས་རྣམS་རྣམ་མཉམ་ཕྱིར་།སྒོ་སྐྱེད་རྣམས་ལ་བདག་ཕྱག་འཚལ། །ལུས་དང་ངག་དང་ཡིད་ངག་པའི། །དུར་ཁྲོད་བརྒྱད་ཀྱི་རྣམ་པར་བརྒྱན། །མ་ལུས་མཁའ་འགྲོའི་འཁོར་ལ། །ལུས་ངག་ཡིད་ཀྱིས་ཕྱག་འཚལ་བསྟོད། །ཆོས་དང་ལོང་སྤྱོད་སྤྲུལ་པ ་དང། བདེ་བ་ཆེན་པོ་རྣམ་དག་པ། །སྒྲིབ་པའི་དྲི་སོགས་དགྲ་བའི་སེམས། །གང་དེ་ཡང་དག་རྣམ་པར་གནས། །ཡེ་ཤེས་འཁོར་ལོ་ཐུགས་འཁོར་ལོ། །གསུང་དང་སྐུ་ཡི་འཁོར་ལོ་དང། །དེ་བཞིན་དཾ་ཚིག་འཁོར་ལོ། །གནS་ཀུན་བདག་ཉིད་ཕྱག་འཚལ་ལོ། །ང་རྒྱལ་ཞེས་སྡང་འདོད་ཆགས་ཆེ ་གཏི་མུག་ཕྲག་དོག་རྣམ་དག་པ། །རིན་ཆེན་མེད་སྐྱོང་རྟ?་བགྲིན?་དང། །རྟག་པ་རྟ་བདག་རིམ་པ་ཡིས། །རྣམ་ཤེས་ཡེ་ཤེས་རྣམ་དག་པ། །དམ་ཚིག་ཆེ་དང་འབྱུང་བར་གྲགས། །ཕུང་པོ་ཁམས་ཀྱི་ངོ་བོ་ཉིད། །འཁོར་ལོ་ལྔ་པོ་ལ་ཕྱག་འཚལ། །མཁའ་སྤྱོད་དང་མིས་སྤྱོད ་དང། །དེ་བཞིན་ས་འོག་གནས་པ་དང། །ཀུན་རྫོབ་དང་ནི་དོན་དམ་དག་།འཁོར་ལོ་ལྔ་ལ་བདག་ཕྱག་འཚལ། །ཐིམ་དང་ལོངས་སྤྱོད་བདག་པོ་ཡིས། །གནས་ནི་ཉི་ཤུ་རྩ་བཞི་ལ། །སྐྱེ་དང་འཇིག་དང་གནས་པ་དང། །ཆོས་དང་ལོངས་སྤྱོད་སྤྲུལ་པ་སྟེ། ། ་འདིས་ནི་ཁམས་གསུམ་ཐམས་ཅད་ལ། །སྔགས་དང་དབྱིངས་དང་ཆོས་དག་གིས། །རྟག་ཏུ་ཁྱབ་ནས་ཡང་དག་གནས། །བདེ་མཆོག་དཔལ་ཚོགས་ཕྱག་འཚལ་ནས། །དཔལ་ལྡན་བདེ་མཆོག་ཅེས་བྱ་བའི། །དེ་ལྟར་དཀྱིལ་འཁོར་བསྟོད་བྱས་པས། །བསོད་ནམས་གང་ཐོབ ་དེ་ཡིས་ནི། །འགྲོ་རྣམས་དེ་ཡི་རང་བཞིན་ཤོག་།དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི་བསྟོད་པ་ཞེས་བྱ་བ་མཎྜི་ཏ་ཤཱུ་ར་ཀ་ལ་ཤས་མཛད་པ་རྫོགས་སོ།། །།ཞུ་ཆེན་གྱི་ལོཙྪ་བ་བསོད་ནམས་བཟང་པོས་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ ་