| Wylie | e-texts based on the ACIP/ALL Input |
རྒྱ་གར་སྐད་དུ། ཤྲཱི་སམྦ་རོ་པ་དེ་ཤ་མུ་ཁ་ཀརྞྞ་པ་ར་ཙིནདྷ་མ་ཎི་ནཱ་མ། བོད་སྐད་དུ། དཔལ་སྡོམ་པའི་མན་ངག་ཞལ་ནས་སྙན་དུ་བརྒྱུད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྐུ་གསུམ ་བདག་ཉིད་དགོས་འབྱུང་བླ་མ་དམ་པའི་ཞབས་པད་ཟེ་འབྲུ་དྲི་མེད་འོད་ཟེར་ལ་ཕྱག་འཚལ། །གསང་སྔགས་མཐར་ཐུག་སྙིང་པོའི་བཅུད་ཕྱུང་ཡིད་བཞིན་ནོར་བུ་མཁའ་འགྲོའི་གསུང་བཞིན་རྟོགས་པས་འདིར་གསལ་བཀོད། །བདེ་གཤེགS ་ཐུགས་ལ་སྣང་བ་མེད་པཉྩ་པ་ནས་རྟོགས་པ་ཀེ་རི་ལི་རུ་གསང་བདག་མཉེས། །སྤྱོད་པས་ཟིལ་མནན་ལུས་ཀྱི་བཀོད་པས་རྣལ་འབྱོར་རྗེས་བཟུང་མཛད་པ་ཐམས་འགྲོ་རྣམས་སྟོང་པར་བྱས། །བསླབ་པ་གསུམ་དང་བརྒྱུད་པར་ལྡན་པ་ཉམས ་སུ་མྱོང་བས་འཇུག་ཚུལ་ཤེས་པས་བླ་མ་དམ་པར་ཤེས། །པེན་ད་བ་རིགས་ཆད་བྲན་ལྟར་རུས་སྦལ་སྤུ་སྟེ་མོ་བཤམ་བུ་ལྟར་སློབ་མ་སྐྱོན་ལྔ་བྲལ། །མཆོག་གི་དོན་འདོད་གང་གིས་དེ་བསྟེན་ཐོག་མར་དབང་བཞིས་རྒྱུད་སྨིན་ཐབས་དང་ཤེས ་རབ་འབྲེལ་བ་ཉིད། །འདི་དོན་རིམ་པར་བརྒྱུད་པ་རྣ་བར་འཕྲོ་བྱེད་དེ་ཚེ་སངས་རྒྱས་བསྟན་གནས་གུས་པས་ཉན་པར་བགྱིས། །ས་ཡི་ཆོ་ག་ལྷག་པར་གནས་པ་རིག་བྱེད་སློབ་དཔོན་རིགས་སྦྱོར་སོགས་ཀྱིས་བུམ་པའི་དབང་བསྐུར་བྱ། ། ་བསླབ་པ་རྒྱུད་མཛེས་ཐོས་བསམ་ནོར་ལྡན་བླ་མར་འོས་པ་ཕུལ་ལ་བླ་མས་གསལ་སྟོང་ལ་སོགས་བཀུར། །ཉེར་ལྔ་ལྷག་སྤངས་རིགས་ལྡན་རྒྱན་སྤྲས་ཟབ་བཅས་སྐུལ་སོགས་གསུམ་པ་བྱིན་ནས་བརྟུལ་ཞུགས་བརྟན་པར་བྱ། །དགའ་བ ་གསུམ་སོན་ལྷན་ཅིག་སྐྱེས་པ་རྙོག་པ་དང་བྲལ་ཡུལ་དུ་བྱས་སོགས་འབྲས་བུར་ཤེས་པར་གྱིས། །དབང་བཞི་དང་འབྲེལ་བརྡ་ཡིས་མཚོན་པ་ཤེས་རབ་བདག་ཉིད་སིནདྷ་ར་ལ་མཉེས་སོགས་སྟོན་མོས་བརྒྱན། །སློབ་དཔོན་བཞི་ལ ་དབང་བཞི་དུས་བཞི་བྱེད་པ་བཅུ་གཉིས་ཆོས་ཉེར་དབང་ལ་མཚོན་དུ་མེད་པར་བྱོས། །དབང་གིས་སྨན་ནས་རིམ་པ་གཉིས་ཤེས་རྣལ་འབྱོར་དབང་ཕྱུག་ཟུང་དུ་འཇུག་པ་རྒྱལ་བའི་སྐུ་བསྒྲུབ་ཕྱིར། །དབང་པོའི་རིམ་པས་དབྱེ་དང ་བསྡུ་བའི་རིམ་པ་ཤེས་ནས་འདུ་འཛི་མེད་པས་རྒྱུན་དུ་འབད་པས་སྦྱང། །ཚངས་པའི་གནས་བཞི་གསོལ་དང་ཁམས་སོགས་བསླབ་པ་འཁོར་ལོ་ཚོགས་བརྟེན་རྒྱུ་འབྲས་ཉིད་དང་ཕྲ་མོར་བརྗོད། །གོ་ཆ་ཡེ་ཤེས་རྒྱ་གདབ་སྐུ ་གསུང་མཆོད་དང་བཟླས་བ་རྫོགས་རིམ་ཕྲིན་ལས་ཕྱོགས་དང་ཐུབ་པ་ཉིད། །བསྡུས་པའི་སྦྱོར་བ་ཚད་མེད་བཞི་ལྡན་རྫུས་ཏེ་སྐྱེས་པ་སྐད་ཅིག་རྣལ་འབྱོར་བཟླས་པས་བཅས་པ་ཉིད། །བརྟན་གཡོའི་དངོས་པོ་ལྷན་ཅིག་སྐྱེས་པ་སྣང ་སེམས་དབྱེར་མེད་རྣོན་པོའི་སྤྱོད་ཡུལ་ཟུང་འཇུག་རྡོ་རྗེའི་སྐུ། །ཀུན་ལ་ཁྱབ་པ་ངོ་བོ་ཉིད་སྟོན་གསལ་རིག་མཚན་ཉིད་ཐུབ་པའི་དབང་པོ་བདེ་གཤེགས་ཀུན་གྱི་གཙོ། །གསུམ་གསལ་བདག་གིས་མངོན་སུམ་ཉིད་དུ་ལེགས་པར་རྟོགས་ནས་བསྒོམ ་དང་བཟླས་པ་གསལ་པོར་རབ་ཏུ་ཕྱེ། །ཆོས་དབྱིངས་སྐྱེ་མེད་རྒྱལ་པའི་ཡུམ་གཅིག་རྒྱན་དང་ཕྱོགས་དང་རྒྱལ་བ་ཉིད་དེ་ན་ནམ་མཁའ་ཨི་རི་མོར་བལྟ། །བརྟན་དྡང་གཡོ་བརྟེན་དང་བརྟེན་པ་ལྷ་ཡི་རང་བཞིན་རང་ལ་བཅུག་ནས་སྣ་ཡི་རྩེ་མོར་རྡོ་རྗེ་བཟླས། །གཏོང ་མ་བྱིན་ནས་དབང་པོ་འབྲིང་པོས་འོད་གསལ་བསྒོམས་ཏེ་དབང་སོགས་ལམ་དང་དམ་ཚིག་འབྲས་བུར་བསྲེ། །བདག་འཇུག་དབང་དང་བླ་མ་མཆོད་བྱེད་ཉམས་ཆགས་བསྐང་ཕྱིར་རྡོ་རྗེ་སེམས་དཔའ་བརྟན་པའི་ཆོག་བཟླས། །རྒྱལ་པོ་བློན་པོ་དམངས་ཀྱི་བྱེད ་པས་མཚམས་ཀྱི་ཀུན་སྤྱོད་ཟ་བ་ལ་འགྲོ་དང་ཁྲུས་སོགས་རྣལ་འབྱོར་བྱ། །རྣམ་རྟོག་དང་བྲལ་ཟླ་བ་དྲུག་ཏུ་ངེས་པར་བསམས་ན་གྲུབ་པའི་མཚན་མ་མཐོང་ནས་རོལ་པར་གནས། །ཐུབ་པའི་བསྟན་པ་རྒྱས་མཛད་དངོས་གྲུབ་མཐར་འབྱིན་ཟབ ་དང་རྒྱ་ཆེ་གཉིས་མེད་དམ་ཚིག་ཀུན་གྱི་གཞི། །བག་ཡོད་བསྒོམ་ཞིང་བརྟེན་དང་གསང་བ་མི་བསག་མི་འབྲལ་བཟའ་བསྲུང་མཆོག་གྱུར་ཐུབ་པས་རབ་ཏུ་གསུངས། །བསླབ་པ་གསུམ་དང་རྒྱུ་འབྲས་ཞེན་མེད་དབང་སོགས་འབྲས་བུ་རྒྱུད་གཞན་ལས་གསུངས་རང ་སེམས་དྲན་པས་བསྲུང། །སྐུ་གསུམ་ལ་བརྟེན་ཏིང་འཛིན་གསུམ་གྱིས་རྒྱ་ཆེར་རབ་གསལ་གཞི་ལམ་འབྲས་བུས་ལྟ་བ་མཚོན་པར་གྱིས། །རྣལ་འབྱོར་སྲོག་རྩོལ་སངས་རྒྱས་ལྔ་བདག་གཡོན་དང་གཡས་སུ་རིམ་པ་ཇི་བཞིན་རྒྱུ་མ་ངེས་པ་སྟེ། །མཉམ་པར ་བཞག་པས་འཇུག་པའི་རླུང་ཉིད་བུམ་པ་ཅན་དུ་བྱས་ནས་བརྟན་པའི་གོ་འཕང་སོ་སོར་ཐོབ། །རླུང་གི་སྦྱོར་མེད་ཉིད་མི་ཤེས་པ་ལས་དང་ལས་མིན་འགྲུབ་རིག་པས་ནི་འབྲས་བུ་སྟེར། །བསྡམས་པ་ཆེ་དང་བཟླས་པའི་རིམ་པ་གོམས་བས་དགེ་དང་མི་དགེ ་འཆི་བཟློག་རླུང་རིག་པས་ནི་ཤེས། །དབྱེ་དང་ཕྱེད་ལས་ཆོས་མཚུངས་རྒྱུན་མཚན་བསྡམ་པའི་སྦྱོར་བའི་བསྐྱེད་རིམ་གོམས་པས་མཐུན་པའི་རྐྱེན་དང་ལྡན། །གསང་སྤྱོད་ལ་གནས་སྡུག་བསྔལ་བཟོད་པ་ལུས་གནང་གསུམ་ལྡན་དམིགས་པ་བཞི་ལ ་སྦྱོར་བའི་སྐྱེན་བསལ་ཏེ། །སྟེང་འོག་བར་དང་འབུགས་པའི་སྦྱོར་བ་ལི་ཁྲིའི་ཚུལ་དུ་སྒོ་གསུམ་སྤྱད་བར་བྱ་ཕྱིར་ངེས་པར་རོལ། །རྡོ་རྗེ་བཟླས་པ་ཡིག་འབྲུ་གསུམ་ལ་གོམས་ཤིང་སངས་རྒྱས་ལྔ་ལ་ཁ་དོག་སོ་སོར་བསླབ་པར་བྱ། །འབྱུང་བ ་ལྔ་ཡི་རླུང་ཟིན་པས་ནི་དུ་བ་སྨིག་རྒྱུ་མེ་ཁྱེར་མར་མེ་སྦྲིན་མེད་ནམ་མཁའ་འབྱུང། །བརྟན་པའི་རྟགས་སུ་ཟླ་ཟེར་ཉི་ཟེར་གློག་གི་ཟེར་དང་འཇའ་ཚོན་ཉི་ཟླ་བསྲེས་པ་དངོས་སུ་མཐོང། །སྤྱོད་ལམ་དང་ནི་སྦྱོར་བ་མཁས་པས་དུག་སོགས ་གཞོམ་དང་འཆི་བ་རྟག་པར་སྣ་ཚོགས་བསྒྱུར། །རྩ་དང་རླུང་དང་ཐིག་ལེ་འདྲེས་པས་བདེ་གསལ་མི་རྟོག་རྒྱུན་མི་འཆང་པའི་རྒྱལ་པོར་འགྱུར་རོ་ཀྱེ། །རིམ་པ་འདི་ཉིད་འཕེལ་པར་བྱ་ཕྱིར་སྣང་དམིགས་དངོས་པོ་སྒྱུ་མར་བསམས་ལ་དབེན་པའི་གནས་སུ་ནི། ་རྡོ་རྗེ་སེམས་དཔའ་མཚན་དཔེས་སྤྲས་པའི་གཟུགས་བརྙན་ལ་ནི་རབ་ཏུ་དམིགས་ལ་དངོས་པོ་ཆུ་ཟླ་ལྟར། །བཅུ་གཉིས་སྒྱུ་མའི་དཔེ་ཡིས་མཚོན་ཏེ་མཉམ་རྗེས་ལ་ནི་ཆོས་བརྒྱད་ལས་འདས་མཁའ་བཞིན་སྙོགས་པར་འགྱུར། །དེ་ལྟར་ཤེས་པས་མི་བྱ་བ ་མེད་སྔགས་ཟློས་བསྲུང་སོགས་མི་དགོས་དགེ་སློང་སོགས་ལ་ཕྱག་མི་བྱ། །འདི་དང་མཚན་དུས་བསྲེ་ཞིང་སྦྱང་དང་གོམས་པས་གྱེན་དུ་འཕངས་ཏེ་བདེ་གཤེགས་བལྟས་ལ་ཆོས་སོགས་མཉན། །རྨི་ལམ་མེད་དུས་གནད་དང་ལྡན་པས་འདོད ་ཆགས་ལ་སོགས་བརྒྱད་ཅུ་འགགས་ནས་སྣང་བ་གསུམ་འདས་ཏེ། །རྒྱུན་ཆད་མེད་པའི་འོད་གསལ་ཆེན་པོས་ས་བཅུར་གྱུར་པ་ལམ་བགྲོད་ན་ནི་རྣམ་ཤེས་གོང་དུ་འཕོ། །སྣ་ཚོགས་དོན་ཆེན་མཐོང་ནས་ཤེས་པ་སྤོ་སྟེ་རིམ་པ་གཉིས་ལྡན་འཇུག ་ཕྱིར་གཞན་གྱིས་མི་འགྱུར་རོ། །ཆགས་དང་ཆགས་བྲལ་འདི་མ་ཤེས་པར་གཞན་ནི་དོན་མེད་དུས་གསུམ་སངས་རྒྱས་བགྲོད་པ་གཅིག་པའི་ལམ། །རོ་བོར་བརྒྱུག་དང་ཟླ་བ་ཆུ་འཛིན་དུས་དང་འབྲེལ་བ་བསླབ་བཅས་སངས ་རྒྱས་དགོངས་པ་མི་ཤེས་ཕྱིར། །སྒོ་གསུམ་གནང་ཀྱིས་སྦྱང་བ་བྱ་ཞིང་ངལ་ན་སྣ་རྩེར་བལྟས་ལ་དེས་ཤེས་སྐྱེས་ནས་ཆེན་པོར་བལྟ། །དང་པོའི་ལས་ཀྱིས་ཡིད་འོང་ལ་བརྟེན་གོམས་པས་སྔགས་ལས་ཞིང་དང་ལྷན་ཅིག་སྐྱེས ་སོགས་རྩ་བསྙེན་བྱ། །ཅིག་ཅར་མགོན་པོ་བསྒོམས་ནས་མཛའ་གནས་རྡོ་རྗེའི་བཟླས་པ་རྩལ་མཁས་པས་པདྨའི་སྐྱོན་བཞི་བསལ། །བདེ་བའི་ལམ་དྲང་ཡེ་ཤེས་མཚོན་པ་མར་མེ་འདུ་བ་རྒྱུ་འབྲས་ཤེས་ནས་ཤེས་བྱའི་དཀྱིལ ་འཁོར་བལྟ། །ཐུར་སེལ་བཅུད་ནས་གླང་ཆེན་སེང་གེ་རྨ་བྱ་འདྲེན་དང་བྱ་རྒོད་སྟག་མོ་སྣང་དམིགས་བདེ་བར་འཆར། །སྦྱར་བ་དང་ས་མ་རླུང་དང་མཉམ་ཞིང་རིག་མས་བདེ་བ་ལུས་ལ་སྤྲོས་ནས་རྩ་འདུད་དགྲོལ་བར་བྱ། །བདེ་བ་ཉམས་སྐྱེས་ཚོགས ་དྲུག་ཀུན་ལ་རོ་མཉམ་ལུགས་ལས་འབྱུང་དང་བཟློག་པས་དགའ་བཞི་མཚོན་པར་བྱ། །དགའ་བ་གསུམ་དང་དཔེ་དོན་བསྲེས་ནས་རྒྱུ་ཚོགས་གཟུང་འཛིན་ཆོས་ཉིད་གོམས་ནས་རྩོལ་མེད་འབྲས་བུ་འཆར། །ཡེ་ཤེས་གསལ་བྱེད་དབང་གི་འབྲས་བུ་རྡོ་རྗེ ་ལུས་ལ་འཁོར་ལོ་མདུད་པ་སྤྱི་བོར་གྲོལ་བའི་གནས། །སྒོ་དགུ་འགགས་ནས་སྒོ་བཞི་ཐིམ་པ་ཉིད་ཀྱིས་རྣམ་གྲོལ་ཡེ་ཤེས་ལུས་ཅན་སྒྲ་བརྙན་ལྟ་བུ་བྲལ། །མིག་སོགས་སྟོང་དང་བདུད་བཞི་གྲོལ་བ་ཆོས་ཉིད་ལ་མཁས་གསུམ་པ་གཅིག་གྱུར་ཡེ་ཤེས་རྒྱུན་ཆད་མེད། གཞི ་ལམ་འབྲས་བུ་གཅིག་གྱུར་བདེ་ཆེན་དངོས་པོ་རོ་མཉམ་ཉི་གེ་བཞི་དོན་འབྲས་བུ་མངོན་དུ་འགྱུར། །མཐར་མ་སྐྱོལ་ན་ཉེ་བར་སྤྱོད་པ་ལུས་ལྡན་བཞི་དང་ངེས་ཤེས་རྟགས་ཏེ་ངོ་སྤྲོད་ཤེས་པར་བྱ། །སྐྱེ་ཤིའི་བར་དོ་ཤེས་པ་སྔ་ཕྱི་གཉིད་དུས་དྲན་མཚམས་འཆི་བའི ་དུས་དྲན་ཕྲ་རགས་ཐིམ་ནས་ནི། །འོད་གསལ་ཆེན་པོ་དེ་མ་རྟོགས་ན་བླ་མ་སོགས་ཀྱི་སྒྱེལ་བ་སུས་ཉིད་མཚམས་རླུང་གསུམ་བཅིངས་པའི་ཕྱིར། །ཡོན་ཏན་རྫོགས་པ་བར་དོ་ལོངས་སྐུ་ཡོན་ཏན་ལྡན་དེ་མ་བརྟན་ན་དུག་གསུམ་ལས་གྱུར་པའི། །རྟོག་པར་བཅས་ལ ་དབང་དུས་ཉམས་དང་ལྷ་སོགས་སྒྱུ་མ་ཟུང་དུ་འཇུག་པ་སློབ་དང་མི་སློབ་པ། བདུན་ཕྲག་རེ་ལ་བརྒྱལ་བར་འགྱུར་བ་དེ་མ་ཁེགས་ན་སྐྱེ་བ་སྣ་ཚོགས་སྤྲུལ་སྐུས་ཉིད་མཚམས་སྦྱར། །བར་དོ་གསུམ་ལ་འདོད་ཆགས་ལ་སོགས་དུས་གསུམ་ཤེས་པ་ཟག་མེད་འོད ་གསལ་སྒྱུ་མར་བསྲེས་ལ་བསྒོམ། །འདི་དོན་རིམ་པས་འཁོར་བ་དང་ནི་མྱ་ངན་འདས་རྒྱལ་གཉིས་མེད་ཟུང་འཇུག་ཕྱག་རྒྱ་ཆེན་པོར་འགྱུར། །དབང་དང་དམ་ཚིག་འབྲེལ་པར་ཤེས་པ་གདོད་ནས་དག་པ་རྐྱེན་གྱིས་སྐུར་ཚུལ་ཉམས་སུ་བླང་དང ་རྟོགས། །བུམ་སོགས་དམ་ཚིག་མཉམ་གཞག་རྗེས་སྤྱོད་མི་འབྲལ་བཟའ་བསྲུང་སྤྲོས་བཅས་སྤྲོས་མེད་ཡན་ལག་བཤགས་བྱ་ཉིད། །དབང་དུས་ལྟ་སོགས་མཚོན་པར་བྱ་ལ་བདུད་རིགས་ངོས་བཟུང་ཟིལ་གྱིས་མནན་ནས་བསྒོམ་དང་རྟགས་སུ་འབྲེལ།། ་ཐ་མ་འབྲིང་དང་རབ་དང་མཆོག་གྱུར་འཇུག་སྒོ་ཤེས་པས་སྒོམ་ལ་སྦྱར་ཏེ་གང་དང་གང་ལ་སོགས། །མཆོག་གི་དངོས་གྲུབ་ཚེ་འདིར་འདོད་པས་དུས་དང་འབྲེལ་བར་སྤྱོད་པ་བྱས་ནས་གོལ་ས་བཅད་པར་བྱ། །བྱ་སྤྱོད་ལ་སོགས་ཚོགས་སུ་བསྒྱུར་ལ ་འཕྲིན་ལས་བྱེད་པ་རབ་གནས་སྦྱིན་བསྲེག་རྣམ་པ་བཞིས་འདོད་དགུར་བསྒྱུར། །འཁོར་ལོ་བཞི་ལ་སྐུ་བཞིར་ཡན་ལག་བདུན་ལྡན་རྡོ་རྗེ་སེམས་དཔའ་སྒོ་གསུམ་ངོ་སྤྲོད་མཚན་དཔེས་སྤྲས། །རྒྱུད་རྣམས་སྙིང་ཕྱུང་མན་ངག་བཅུད་བསྡུས་ལམ་གྱི་རིམ་པ ་བདེ་གཤེགས་ཀུན་ཐུགས་ཡིད་བཞིན་ནོར་བུ་ཉིད། །མི་མཐུན་ཕྱོགས་ལས་རྒྱལ་བར་བྱ་ཕྱིར་འཇུག་པའི་ཚུལ་དང་ཞུགས་པའི་འབྲས་བུ་གསལ་བའི་ཐབས་ཉིད་དོ། །ལུས་ལ་གོ་གྱོན་ངག་གིས་གཡུལ་སྤྲད་སེམས་ཀྱིས་མཚོན་བསྣུན་སྐུ་གསུམ་ཁྲུས ་བཅུད་རླུང་དང་འཁོར་ལོ་བསྐོར། །རྩ་བ་དྲུག་ལ་ཡན་ལག་སོ་དགུ་ནད་ལ་སྨན་དཔྱད་བར་ཆད་བསྲུང་འཁོར་གནད་བྲལ་གེགས་བསལ་ཏོ། །ས་ལ་སོགས་པའི་རོ་བཞི་ངོས་བཟུང་འཁོར་ལོ་བཞི་ཡིས་རེ་བཞི་བསྙམས་ལ་ཞི་གནས་ཕྱོགས་ལ ་ནི། །ཐབས་དང་ལྡན་པས་པི་ཝང་སྒྲ་སོགས་རྩ་རླུང་ལ་ནི་ཤེས་རབ་སྐུ་གསུམ་མཐུན་སྦྱོར་རྫས་སོགས་ལྔ། །ཟིན་དང་མ་ཟིན་ལེགས་པར་ཤེས་ནས་ལུས་ཀྱི་གནང་ལ་ཉི་མ་ཟླ་སོགས་བརྫིས་ནས་རྡུལ་སྤྲུགས་བྱེད། །འབྱུང་བཞིའི་རླུང་ལ་ལྟེ་བ ་ལ་སོགས་སྟོང་ར་བཅས་ནས་ན་ཚ་བིགས?་འདོན་གེགས་འཁྱིམས་ལ་སོགས་བསལ། །བཅུ་པའི་རླུང་ཤེས་ཏིང་འཛིན་རང་གྲོལ་སྨན་པ་ལྟ་བུས་བརྒྱད་པོ་བསལ་ནས་རྡུལ་ཆུ་ལྟར་སྤྱད་བྱ། །དངས་མ་བསྒྲུབས་ན་སྐྱོན་རྣམས་སེལ་ཕྱིར་བདག་ལྟའི ་བུད་ཤིང་བསྲེགས་ནས་འོད་གསལ་ཆོས་སྐུ་བཀྲལ། །འདི་དོན་རིམ་བརྒྱུད་བླ་མ་ལ་བརྟེན་གུས་པས་བླང་ཕྱིར་བྱིན་རླབས་ལམ་ཁྱེར་སྙན་ནས་སྙན་དུ་བརྒྱུད། །མཆོག་གི་བློ་ཅན་བརྩེ་བ་ཆེན་པོས་ཐེག་གཞན་སྤངས་ལ་སྨིན་དང་གྲོལ་བ་རིམ ་པ་གཉིས་ལ་འབད། །སྣོད་བཅུད་ལ་སོགས་གཞལ་ཡས་ཁང་དང་ཕུང་པོ་ཁམས་སོགས་ལྷ་རུ་དག་པས་རྒྱལ་བ་ཐམས་ཅད་བསྡུ། །རྡོ་རྗེ་ལུས་ལ་བདེ་ཆེན་གནས་པ་ཕོ་ཉ་ལ་སོགས་སྤྲོས་དང་སྤྲོས་མེད་འཁོར་ལོ་ཟུང་དུ་འཇུག། རིམ་པ་འདི་ལ་མོས་པ་བརྟན ་པས་སྤྲུལ་མཐོང་ཞིང་སྐྱེན་ཡོད་དང་བཅས་ཆུང་དུ་ཡིན་ཕྱིར་ཚོགས། །སྐད་ཅིག་བཞི་ཡིས་དགའ་བ་གསུམ་སོན་འབྲིང་པོའི་དྲོད་དེ་ལྷན་ཅིག་སྐྱེས་པ་དྷུ་ཏཱིའི་ལམ་ཞུགས་ནས། །འཇིག་རྟེན་ལས་འདས་བརྒྱ་ཕྲག་བདུན་པོ་ཡོན་ཏན་གྱིས་སྤྲས་གནས་དང་ཉེ་གནས ་ཉི་ཤུ་བཞི་སོགས་ལ། །དངས་མ་ཡས་བྱོན་པུ་ལི་སོགས་ཁྱབ་རྒྱུ་བ་མས་བརྟན་བདེ་ཆེན་བརྟོལ་ནས་མ་ཆགས་པདྨའི་ས། །རབ་བཀྲ་མཚན་པོ་ཕྲག་བདུན་ཡོན་ཏན་ཡེ་ཤེས་གསལ་བྱེད་ཆོས་སྐུའི་བདག་ཉིད་རྡོ་རྗེ་འཛིན་པར་འགྱུར། །འཁོར་ལོ ་སྡོམ་པའི་བསྐྱེད་རྫོགས་ལ་སོགས་གཏིང་དཔག་དཀའ་པ་གསལ་པོར་རབ་ཕྱེ་སྙན་རྒྱུད་མཁའ་འགྲོའི་གསང། །དྲི་མེད་བསགས་པའི་དགེ་བ་དེས་ནི་ས་གསུམ་གནས་པ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་ཤོག། །ཡིད་བཞིན་ནོར་བུ་ཞེས་བྱ་བ་མཁའ་འགྲོ ་མའི་གསང་ཚིག་རྫོགས་སོ།། །།རྩིབས་ཀྱི་རྒྱ་མདུད་དང་བཅས་པ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་པུ་ལ་ཧ་རིར་བསྒྱུར་བའོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦ་ར་མཎྜལ་སྟོ་ཏྲ་ནཱ་མ། བོད་སྐད་དུ། དཔལ ་