| Wylie | e-texts based on the ACIP/ALL Input |
དཔལ་མཁའ་འགྲོ་རྒྱ་མཚོའི་ཆོག་བཞུགས།། །།*། །བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ཡོད་མེད་མཛའ་སོགས་རྣམ་པར་སྤངས། །བློ་ཡི་སྤྱོད་ཡུལ་མ་ཡིན་ཀྱང། །འགྲོ་ལ་བརྩེ་བས་སྣ་ཚོགས་གཟུགས། ། ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ། །གང་ཞིག་བློ་ཡི་མུན་སེལ་ཅིང། །བདེ་བ་མ་ལུས་འབྱུང་བའི་གནས། །རྡོ་རྗེ་སེམས་དཔའ་ཨི་ངོ་བོ་ཉིད། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི། །ལྷ་རྣམས་མཉེས་པར་བྱེད་པའི་ཐབས།། ་རྒྱུད་འདི་ནས་ནི་ཕལ་ཆེ་བའི། །བླ་མའི་མན་ངག་སྦྱིན་སྲེག་བཤད། །སྦྱིན་སྲེག་རྣམ་པ་གཉིས་ཡིན་ཏེ། །ཕྱི་དང་ནང་དུ་འདིར་བཞེད་དོ། །ཕྱི་ཡི་རྣམ་པ་དགུ་ཡིན་ཏེ། །ནང་གི་གཏུམ་མོའི་རྣལ་འབྱོར་རོ།། །།དེ་ལ་སྔོན་དུ་བསྙེན་པ་བྱས་པའི་སྒྲུབ་པ་པོས།། ་དཀྱིལ་འཁོར་གྱི་ཆོ་གར་བཤད་པའི་སའི་ཆོ་ག་ཡོངས་སུ་རྫོགས་པར་བྱས་ཏེ་ཐབ་ཁུང་མངོན་པར་འདུ་བྱ་བའོ། །དེ་ལྟར་ཐོག་མར་སྦྱིན་སྲེག་གི་ཁང་པ་གྲུ་བཞི་པ་རི་མོ་གསུམ་དང་ལྡན་པ་རང་གི་ཁ་བལྟ་བའི་རྒྱབ་ན་སྒོ་གཅིག་ཡོད་པ་བྱས་ཏེ། དེའི་དབུས་སུ་ཞི ་བའི་ཐབ་གཞི་དཀར་པོ་ལ་ཟླུམ་པོ་ཁྲུ་གང་བ་དེའི་ཕྱེད་ཐུར་དུ་བརྐོས་པ། དེའི་དབུས་སུ་སོར་བཅུ་དྲུག་པའི་པདྨའི་སྟེང་དུ་འཁོར་ལོ་སོར་བརྒྱད་པ་དཔངས་སུ་སོར་གཅིག་ཡོད་པ་ལ་རྡོ་རྗེས་མཚན་པའོ། །ཐབ་ཀྱི་སྟེང་དུ་སོར་བཞི་དོར་བར་དཔངས་དང་རྒྱར་སོར་བཞི་པའི་ཁ་ཁྱེར ་ཅུང་ཟད་གྱེད་པར་བྱའོ། །ཁ་ཁྱེར་གྱི་སྟེང་དུ་དབུས་ཀྱི་མཚན་མས་བསྐོར་བར་བྱ་ཞིང། ཕྱི་རོལ་ནི་ཐམས་ཅད་ལ་གྲུབ་ཞིར་བྱས་ཏེ། གྲཝ་བཞིར་ཡང་དེ་ཉིད་ཀྱིས་མཚན་པའོ། །ཁ་ཁྱེར་གྱི་འོག་གི་གྱེད་པ་ལ་པདྨ་འདབ་མ་བཅུ་དྲུག་བྲི་བར་བྱའོ། །ཐབ་ལ་ནི་ས་དཀར ་བ་དང་ཕྱི་རོལ་ཀུན་ནས་ཁྲུ?་ཕྱེད་ཙམ་ལྕིབས་བྱུག་པར་བྱས་ལ་དེ་གཉིས་ནི་ས་དཀར་པོ་དང་ལྡན་པ་དང་དྲི་དཀར་པོས་ཉེ་བར་བྱུག་བ་དང་ཐབ་མ་སྐམས་ཀྱི་བར་དུ་ཐུན་གསུམ་དུ་མེ་ཏོག་དཀར་པོའི་སིལ་མ་གཏོར་བར་བྱའོ། །རྒྱས་པ་ལ་ནི་ས་གཞི་སེར་པོའི་སྟེང་དུ་ཐད་ཀར ་ཁྲུ་དོ་པ་ཐུང་དུ་ཁྲུ་གང་པ་ལ་གྲུ་བཞི་པའོ། །དེའི་དབུས་སུ་རིན་པོ་ཆེ་སོར་བརྒྱད་པ་ལ་རྡོ་རྗེས་མཚན་པའོ། །ཁ་ཁྱེར་ཐམས་ཅད་ནི་བཞི་ཆའི་རིམ་པས་དང། དེ་ལ་དབུས་ཀྱི་མཚན་མས་བསྐོར་བ་དང་པདྨ་འདབ་མ་བཅུ་དྲུག ་བྲི་བ་ནི་ཐུན་མོང་དུ་གོ་བར་བྱའོ། །དེའི་ཕྱི་རོལ་ཁྲུ་ཕྱེད་འཁོར་བའི་ལྕི་བས་ཉེ་བར་བྱུགས་ལ་དེ་གཉིས་ས་སེར་པོ་དང་ལྡན་པ་དང། དྲི་སེར་བོས་བྱུགས་ཏེ་མེ་ཏོག་སེར་པོ་དགྲམ་པར་བྱའོ། །དབང་གི་ཐབ་ནི་ས་གཞི་དམར་བ་འམ། ཞན་པར ་གྲུ་གསུམ་པ་ཁྲུ་ཕྱེད་པའོ། །དབུས་པདྨ་ལ་གནས་པའི་པདྨ་ལ་རྡོ་རྗེས་མཚན་པའོ། །ས་དམར་པོ་དང་བདུད་རྩི་དང་བཅས་པའི་དྲིས་ཉེ་བར་བྱུགས་པ་མེ་ཏོག་དམར་པོ་གཏོར་བར་བྱའོ། །ཕྱི་རོལ་ལྕི་བས་བྱུགས་པ་ཡང་ཀུན་ལ་ཤེས ་པར་བྱའོ། །མངོན་སྤྱོད་ནི་གས?་པ་དང། བ་ཚྭ་ཅན་དང། རྩུབ་པ་དང། ནམ་མཁའ་ལྟར་གནས་པའི་ས་གཞི་ལ་ཟུར་དྲུག་པ་སོར་བརྒྱད་པའོ། །དབུས་སུ་པདྨ་ལ་རྡོ་རྗེས་མཚན་པའོ། །ཡང་ན་ཞི་པ་ལ་ཁྲུ་གཉིས་པའོ། །རྒྱས་པ་ལ་ཁྲུ ་གསུམ་པའོ། །དབང་ལ་ཁྲུ་བཞི་པའོ། །མངོན་སྤྱོད་ལ་ཁྲུ་ལྔ་པའོ། དེའི་ཁ་ཁྱེར་ལ་སོགས་དང་དབུས་ཀྱི་པདྨའི་མཚན་མ་ལ་སོགས་གོང་གི་རིམ་པས་དཔྱད་པར་བྱའོ། །དྲག་པོའི་ཐབ་དེ་ལ་བདུད་རྩི་དང་ལྡན་པའི་ས་ནག་པོ་དང་རོ་བསྲེགས ་པའི་ཐལ་པ་དང་བོར་བུ་དང། རྔ་མོ་ལ་སོགས་པའི་སྦང?་ཇི་ལྟར་རྙེད་བ་བྱུགས་ལ། དྲི་མི་ཞིམ་པའམ། དྲི་མེད་པའི་སྔོའམ། དམར་པའི་མེ་ཏོག་གམ་འབྲུའི་ཤུན་པ་ལ་སོགས་པས་གཏོར་བ་འབར་བས་བསྐོར་བ་དྲག་པོ་མིའི་སྣུམ་ལ་སོགས ་པའི་མར་མེ་དང་ལྡན་པར་བྱའོ། །ལྷག་མ་ལས་ཐམས་ཅད་པ་མ་གཏོགས་པའི་ས་གཞི་ལ་སོགས་པ་མངོན་སྤྱོད་དང་འདྲའོ། །བསྐྲད་པའི་ཐབ་ནི་ཟུར་བདུན་ལ་ཁྲུ་དྲུག་པ་སྟེ་དབུས་སུ་མདའ་ལ་རྡོ་རྗེས་མཚན་པའོ། །སྡང་བར་བྱ་ལ་ཁྲུ་བརྒྱད་པ་སྟེ ་ཁྲུ་བདུན་པ་ལ་དབུས་སུ་གྲི་གུག་ལ་རྡོ་རྗེས་མཚན་པའོ། །རེངས་པ་ལ་ནི་ཟུར་དགུ་པ་སྟེ་ཁྲུ་བརྒྱད་པ་ལ་དབུས་སུ་གཞུ་ལ་རྡོ་རྗེས་མཚན་པའོ། །བསད་པ་ལ་ནི་ཟུར་ལྔ་པ་སྟེ་ཁྲུ་དགུ་པ་ལ་དབུས་སུ་རལ་གྲི་ལ་རྡོ་རྗེས་མཚན་པའོ། །ལས་ཐམས་ཅད་པའི ་ཐབ་ན་ལས་དང་རྗེས་སུ་མཐུན་པའི་ས་གཞི་ལ་ཟུར་བཅུ་པ་ཁྲུ་བཅུ་པའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྡོ་རྗེས་མཚན་པའོ། །དེ་ལ་དཀྱིལ་འཁོར་གྱི་ཁང་པའི་ཤར་ཕྱོགས་སུ་ཞི་བར་བྱེད་པའི་ཐབ་བོ། །ལྷོ་ཕྱོགས་སུ་རྒྱས་པའི་འོ། །ནུབ་ཕྱོགས་སུ་དབང་དང ་དབང་དགུག་གི་ཐབ་བོ། །བྱང་དུ་དྲག་པོའི་ལས་རྣམས་ཀྱི་ཐབ་བོ། །དཔལ་ཁ་སྦྱོར་གྱི་རྒྱུད་ཀྱི་ནི་ཤར་དུ་ཞི་བའོ། །ལྷོར་མངོན་སྤྱོད་དོ། །ནུབ་ཏུ་དབང་དང་དགུག་པའི་ཐབ་བོ། །བྱང་དུ་རྒྱས་བའོ། །མ་འབྱོར་ན་རྡུལ་ཚན་གྱིས་བྲིས་པ་ཡང་རུང་སྟེ་འདི་ནི ་ཐབ་ཀྱི་རབ་ཏུ་བྱེད་པའོ།། །།པ་ལཱ་ཤ་ཨུ་དུམྦ་ར་ཨ་ཤྭ་ཏྠ། །གམ་པ་རི་ཨ་མུ་ཀཱ་དམ་པ་ཀ་རྣམས། །ས་མི་བལྐྵ་བ་ཌ་ལ་སོགས་ཀྱང། །འདབ་མ་གཉིས་ལ་འོ་མ་འཛག་ཤིང་རྣམས། །རློན་པ་མཉམ་པར་བཅད ་པ་སོར་བཅུ་གཉིས་པ་རྩེ་མོའི་ཆར་སྐྱེས་པ། །མཐེའུ་ཆུང་གི་སྒོམས་ཅན་རྣམས་སྦྲང་རྩི་དང་འོ་མ་དང། མར་གྱིས་མགོ་དང་མཇུག་མ་བཏགས་པ་བདུད་རྩི་དང་དྲིའི་ཆུ་གཏོར་བའི་ཡམས་ཤིང་རྣམས་མིང་མེད་དང། མཐེ་བོང་བཟུང་སྟེ་རྩེ་མོ་ལོ་མ་ཟུང ་དང་བཅས་པ་རྩེ་མོ་ལྷ་ལ་བསྟན་ནས་བསྲེགས་པར་བྱའོ། །དེ་རྣམས་དང་ཀུ་ཤ་དང། ཨ་མུའི་ལོ་མ་དང། དཱུ་ར་བ་མང་གཉིས་གཉིས་བསྡོམས་པའོ། །རིངས་པ་དང་ལྕི་བ་དང་ཕྲ་བ་དང་འཁྱོག་པ་དང་རིང་བ་དང་ཐུང་བ་དང་ལོ་མ་མེད་པ་དང། སྲིན་བུ ་ལ་སོགས་པས་ཟོས་པ་དང། དམན་པ་དང་པགས་པ་མེད་པ་དང། བྲུན་གྱིས་གོས་པ་དང། རྩེ་མོའི་ཆ་གཉིས་པ་དང། སྦོམ་པ་རྣམས་སྤང་བར་བྱའོ། བརྙིངས་པས་ནི་འཆིའོ། །འཁྱོག་པས་སྐལ་པ་ངན་པར་བྱའོ། །ཐུང་བས་རིག་པ་རྒྱུན་ཏུ་མི་ ་འཇུག་གོ་།ལོ་མ་མེད་པས་ནད་བྱེད་དོ། །སྦོམ་པས་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་སོ། །བསྐམས་པ་ལ་སོགས་པས་ཀྱང་མི་འདོད་པ་འབྱུང་བར་ཤེས་པར་བྱའོ། །སྦྱིན་སྲེག་གི་ཟས་བརྗོད་པར ་བྱ་སྟེ། ཏིལ་མར་ལ་བཏགས་ཀུ་ཤ་སཱ་ལུའི་ཟན། །འོ་མ་ནས་དང་ཏིལ་དང་ཞོ། །པྲི་ཡང་ཀུ་དང་ཙན་དན་དུ་རཱ་དང། །རོ་བཅུད་དང་ནི་དྲི་བཟང་པོ་རྣམས་དང། །མེ་ཏོག་འབྲས་ཡོས་ཨ་མྲའི་ལོ་མ་ནི། །རྩེ་མོ་གཉིས་ནི་སྦྲང་དང། ་མར་བཏགས་ལ། །བསྲེགས་པར་བྱའོ་ཇི་ལྟར་རྙེད་པ་སྟེ། །ཞི་བར་བྱེད་པའི་མཐར་ནི་བདུད་རྩིའོ། །ལ་ལ་ནི་ཕྱིའི་བདུད་རྩི་ལྔ་ཞེས་ཟེར་རོ། །ཡམ་ཤིང་ནི་དེ་རྣམས་ཏེ་འདི་ལྟར་དབུས་ཀྱི་ཆར་སྐྱེས་པ་ཚད་ཆག་གང་བ། ཁྲུ་གང ་ཙམ་དང་ལྡན་པ་རྣམས་བདུད་རྩི་དང་དྲི་ཞིམ་པོ་དང་བཅས་པའི་ཆུས་གཏོར་མ་ཞོ་དང་འོ་མ་དང་མར་དང་བཏགས་པ་དང། མངར་གསུམ་དང་བཏགས་པའི་བཟའ་བ་མཆོག་དང། ཞོ་དང་སྦྲང་རྩི་དང་མར་དང་ལྡན་པའི་ཏིལ་ནག ་པོ་དང་ཞོའི་བཟའ་བ་མར་དང་ལྡན་པ་དང། གོ་སྙོད་དང། བིལ་བའི་འབྲས་བུ་དང། འབྲས་སཱ་ལུ་དང། པདྨ་དང། ནཱ་ག་གེ་སར་དང། ཀརྞི་ཀ་རའི་འབྲུ་ནི་རྒྱས་པའིའོ། །ཞི་བ་ལ་བཤད་པའི་ཡོན་ཏན་དང་སྐྱོན་མེད་པ་རྣམས་སོར་ལྔ་དང ་ལྡན་པ་རྣམས་དང། པྲི་ཡང་ཀུ་དང་ཙམ་པ་པུན་ནཱ་ག་།ནཱ་ག་གེ་སར་ཀེར་ས་ར་དང་ནི། །ལ་ཀུ་ཙ་དང་མྱ་ངན་མེད་ཡམ་ཤིང། །དེ་བཞིན་དུ་ནི་ནགས་ན་ཆེ་པའི་དངོས། །འབྲས་བུ་དང་ནི་མེ་ཏོག་སྐྱར?་པོ་དང། །མངར་བ་དང་ནི་གཞན་ནོམས ་རང་རང་གི། རྟོག་?་གསུངས་པ་དང་ནི་གཞན་པ་ནི། །ཤེས་པར་བྱ་བ་དབང་གི་ལས་ཀྱིའོ། །དེ་རྣམས་དང་ནི་འདི་ལྟར་ལྕགས་ཀྱུ་ཡི། །རྣམ་པའི་ཚེར་མ་ཡང་ནི་སྔོན་བཞིན་ནོ། །དབང་དགུག་གིའོ། །ནིམ་པ་དང། སེང་ལྡེང་དང། ཀོ་བི ་དཱ་ར་དང། བྷཱི་ལའོ་ཊ་ཀ་དང་མྱོས་བྱེད་རྣམས་སམ་དེ་ལས་གཞན་པའི་རོ་ཚ་བ་དང་ཚེར་མ་ཅན་དང། ཁ་བའི་ཤིང་རྣམས་སམ། རོ་བསྲེགས་པའི་སྡོང་དུམ་དང། གས་པ་སོར་བཞི་པ་འམ། སོར་བཅུ་པ་རྩ་བའི་ཆར་སྐྱེས་པ། རྩེ་མོ་རྣོན་པོ་གཉིས་དུག་དང། ་ཁྲག་ལ་བཏགས་པའི་ཡམ་ཤིང་ངོ། །ཡུངས་མར་དང་མར་ནག་ཚན་དེ་དང། །ཁྲག་དང་ལན་ཚ་དང་སྐེ་ཆེ་དང་ནིམ་པའི་ལོ་མ་དང། རོ་བསྲེགས་པའི་ཐལ་བ་དང། རྐང་རྗེས་ཀྱི་རྡུལ་དང་བོང་བུ་དང་རྔ་མོ་ལ་སོཌ་པའི་སྤངས་དང། སྐ་དང། ཁྱིམ་བྱའི་ཚིལ་དང། ་བྱ་རོག་ལ་སོགས་པའི་སྤྲོ་དང། དྲི་ཆེན་དང་དྲི་ཆུ་དང་རུ་ཚེར་མ་དང་རུས་པའི་ཕྱེ་མ་དང། ཤ་ཆེན་པོ་ལ་སོགས་པ་ཇི་ལྟར་རྙེད་པ་གཅིག་གམ། རྫས་ལ་དུག་དང་ལན་ཚ་དང་ཁག་དང་བཏགས་པའི་རྫས་འདི་རྣམས་དང། ཐལ་བ་དང། སོལ་བ་དང། །རྩུན་པ ་ལ་སོགས་པའང་རུང་བ་ལས་དགྲའི་གཟུགས་བརྙན་དུག་ལ་བཏགས་རྐང་པ་གཡོན་པའི་མཐེའུ་ཆུང་ནས་བརྩམས་ལ་མཚོན་ཆ་རྣོན་པོས་བཅང་ཅིང་བསྲེག་པ་ནི་མངོན་སྤྱོད་བསང་པའོ། །བསྐྲད་པ་ལ་སོགས་པ་ནི་གཟུགས་བརྙན་མི་དགོས་སོ། །པ་ལཱ་ཤ་དང། ་པཱ་ཀཱ་དང་།ུ་དུམྦ?་ར?་དང་སེང་ལྡེང་དང། ཨརྐ་དང། ནྱ་གྲོ་དྷ་དང། བཻ་ཀཾ་ཀ་དང། ཨ་མྲ་དང། ས་མི་དང། གྷཾ་པ་རི་དང། ཨ་པ་མཱརྒ་དང་ཨ་ཤྭཏྭ?་དང། གསར་བུ་མངོན་པར་བྱུང་བ་མཛུབ་མོ་ཙམ་དྲང་བ་བདུད་རྩི་དང། དྲི་ཞིམ་པོ་དང་བཅས་པའི་ཆུས ་གཏོར་བ་ལས་རྗེས་སུ་མཐུན་པས་རྩེ་མོ་གཉིས་མཐུན་པ་ལ་སོགས་པས་བཏགས་པའི་ཡམ་ཤིང་དང་ཞི་བ་ལ་སོགས་པར་བཤད་པའི་ནས་དང་འོ་མ་ལ་སོགས་པ་ཡང་བསྲེག་པར་བྱ་བ་ནི་ལས་ཐམས་ཅད་པའི་ལོ། གཅུང་ཟད་ཞི་བ་དང་རྒྱས་པའི་རྫས་གང ་དང་བདག་ཉིད་ཀྱི་སྟོན་མོ་དང་དེ་ཐམས་ཅད་ལ་མར་ཀྱིས་བཏགས་པ་དང། གུ་གུལ་དང་ས་རྫར་ས་ཡང་རུང་སོ་སོའི་སྔགས་ཀྱིས་ཕྱེ་པའི་བསྲེག་པར་བྱའོ། །དྲི་དང་མེ་ཏོག་ལ་སོགས་པའི་ཉེ་བར་སྤྱོད་པ་ཡང་ལས་དང་རྗེས་སུ་མཐུན་པའི་ས་ཇི་ལྟ་བར་རང་གི ་སྔགས་ཀྱིས་བཟླས་པར་བྱའོ། །རྫས་ཀྱི་རབ་ཏུ་བྱེད་པའོ།། 2་།།མཆོད་སྦྱིན་ཅན་གྱི་བུད་ཤིང་ལ་སྲིན་བུ་མེད་པ་ཐབ་པས་ཚད་ཅུང་ཟད་དམའ་བ་དང་ལྕི་བ་སྐམ་པོ་ཡང་རུང་བ་ནི་ཞི་བའི་འོ། །ནགས་ཀྱི་ལྕི་བ ་སྤངས་པའི་ཇི་ལྟར་བཤད་པའི་བུད་ཤིང་འབྲས་བུ་དང་བཅས་པ་ནི་རྒྱས་པའིའོ། །ནིམ་པ་དང་སྐྱུར་བའི་ཤིང་དང་བུད་ཤིང་གཞན་མེ་ཏོག་དང་བཅས་པ་ནི་དབང་དུ་བྱ་བའི་འོ། །ཚེད་མ་དང་བཅས་པ་ནི་དགུག་པའི་འོ། །ཚ་བ་དང་ཚེད་མ་ཅན་དང་ཁ ་བ་དང་དྲི་མི་ཞིམ་པ་དང་དྲི་མེད་པའི་ཤིང་རྣམས་དུར་ཁྲོད་དུ་སྐྱེས་པ་རྣམས་སམ། བོང་བུ་དང་རྔ་མོའི་སྤངས་དང་བུད་ཤིང་སྐམ་པོ་ནི་མངོན་སྤྱོད་ལ་སོགས་པའིའོ། །ལས་དང་རྗེས་སུ་མཐུན་པ་ནི་ལས་ཐམས་ཅད་པའི་བུད་ཤིང་ངོ། །བུད ་ཤིང་གི་རབ་ཏུ་བྱེད་པའོ།། 3་།།གསེར་རམ་ཟངས་ཀྱི་རང་བཞིན་ནམ་མཆོག་སྦྱིན་བྱ་བའི་ཤིང་གི་རང་བཞིན་ལས་དགང་གཟར་བྱ་སྟེ། དེའི་ཡུ་བ་ནི་སྐྱེས་བུ་ཚང་མའི་སོར་ཉི་ཤུ་རྩ་བཞི་ལ། ཐོག་མར་རྡོ་རྗེ་དང་བཅས་པ་ཆད་པS ་བཟུང་བར་འོས་པའོ། །ཡུ་བའི་སྟེང་དུ་རྒྱར་སོར་བཞི་པ་གྲུ་བཞི་པའི་དབུས་སུ་པདྨ་ལ་སོར་གཉིས་པའི་རྡོ་རྗེ་ལྔ་པས་མཚན་པ། དེར་སོར་གཉིས་ཀྱིས་དམའ་བར་བརྐོས་པ་གྲུ་བཞི་པའི་སྟེང་དུ་རྒྱར་སོར་གཅིག་ལ་རྡོ་རྗེའི་ཕྲེང་བའོ། །གྲུ ་བཞི་པའི་སྟེང་དུ་པདྨའི་འདབ་མའི་རྣམ་པས་སོར་བཞི་པ་མཐེའུ་ཆུང་གི་ཚད་བརྐོས་པ་ལ་རྡོ་རྗེ་སོར་བཞི་པས་མཚན་པའོ། །བླུགས་གཟར་ཀྱང་དེ་ཉིད་ཀྱི་རྒྱུ་ལས་ཡུ་བའི་རྣམ་པ་དང། ཚད་ནི་སྔར་བཞིན་ནོ། །ཡུ་བའི་སྟེང་དུ་རྒྱར་སོར་གཉིས་པ་པདྨའི ་རྣམ་པ། ཁ་ལ་སོར་གཅིག་བརྐོས་པ་དབུས་སུ་རྡོ་རྗེ་རྩེ་མོ་ལྔ་པས་མཚན་པའོ། །གཉིས་ཀ་ལ་ཡུ་བའི་འོག་ཏུ་རྡོ་རྗེ་དང་རིན་པོ་ཆེ་ཇི་ལྟར་མཛེས་པར་བྱའོ། །དགང་གཟར་བླུགས་གཟར་གྱི་རབ་ཏུ་བྱེད་པའོ།། 4་།།དེ་ནས་ཁྲུས་བྱས་པ་དྲི་ཞིམ་པོས་ལུས་ལ ་བྱུགས་པ་བརྩེ་བ་དང་བྱམས་པ་དང་ལྡན་པ་གོས་དཀར་པོ་འཛིན་པ་ལས་དང་རྗེས་སུ་མཐུན་པར་བྱས་ཏེ་འདོད་པའི་ལྷའི་རྣལ་འབྱོར་དང་བསྲུང་བའི་ཆོ་ག་དང་བཟླས་པ་དང་སྨྲ་བ་བཅད་ངས་ཤིན་ཏུ་འཇམ་པའི་སྟན་ལ་པདྨའི་འདུག་སྟབས་ཀྱིས་བསྡད་དེ་སྲོང་ལ་ཁ ་ཤར་དུ་ཕྱོགས་པའི་བློ་དང་ལྡན་པས་བསྒྲུབ་བྱ་ལ་དམིགས་ཏེ་དཀར་པོའི་ཚེས་གཅིག་ནས་བརྩམས་ནས་ཞི་བའི་ཡིད་ཀྱིས་ཞི་བ་བྱའོ། །འདི་ལྟར་སེར་པོ་དང་གཞན་རྗེས་སུ་བྱུགས་པ་རྒྱུན་དང་རྣམ་པར་བཀྲ་བའི་གོས་བགོས་པ། བཟང་པོའི་འདུག་སྟབས་ཀྱིས ་གནས་ཏེ། སྤྲོ་བའི་ཡིད་ཀྱིས་ཉེ་ནས་བརྩམས་ཏེ་ཁ་བྱང་དུ་ཕྱོགས་པས་ཐོ་རང་ནི་རྒྱས་པའི་འོ། །ཆགས་པའི་སེམས་ཀྱིས་ཤིན་ཏུ་དམར་བ་ལ་སོགས་པའི་རྒྱན་དང། ཁ་ནུབ་ཏུ་ཕྱོགས་པས། མཐོ་ཞིང་བདེ་བའི་སྟན་ལ་རྡོ་རྗེའི་སྐྱིལ་མོ་ཀྲུང་གི་གནས་ཏེ་མཚན ་ཕྱེད་དམ་སྲོད་ལ་དབང་དུ་བྱ་བའོ། །འདི་ལྟར་དབང་དགུག་ལ་ནི་འོན་ཀྱང་ཁ་སྟེང་དུ་ཕྱོགས་པས་ལྷ་མཉེས་པར་བྱ་བ་དང། ཡང་ན་ནུབ་ཏུ་ཕྱོགས་པའོ། །ཁྲོས་པས་གོས་དང་རྒྱན་སྔོན་པོ་བགོས་པ་འམ་ཁྲག་གིས་རླན་པའི་གོས་བགོས་པ་སྲ་བའི ་སྟན་ལ་ཁ་གཤིན་རྗེར་བལྟས་པས་གནས་ཏེ་བསྒྲུབ་བྱའི་གཟུགས་བརྙན་གྱིས་བྲང་ལ་གནོན་པ་འམ་ཅོག་པུ་དང་སྟན་མེད་པར་རྐང་པས་རྐང་པ་མནན་ཅིང། སོ་ཡིས་སོ་བཅེར་བས་མིག་བསྲུངས་པས་ཁྲོ་གཉེར་གྱི་གདོང་གིས་སྙིང་རྗེས་དཀོན་མཆོག་གསུམ་ལ ་གནོད་པ་མེད་པར་བྱ་བའི་དོན་དུ་ནག་པོ་བཅུ་བཞི་འམ་བརྒྱད་ལ་ཉི་མ་ཕྱེད་ངམ་ཕྱེད་ན་ཁྲོ་བོའི་སྐྱིལ་མོ་ཀྲུང་དང་ལྡན་པས་རྣལ་འབྱོར་ཀྱང་ཁྲོ་བོའི་བསྒྲུབ་བྱ་གང་ཡིན་པ་དེའི་བསྲུང་བ་སྙིང་གཱི་པདྨའི་ནང་དུ་སོན་པ་དེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ལྕགས་ཀྱུས ་བཅད་ཅིང་བཀུག་སྟེ་བདག་ཉིད་ཀྱི་ནང་དུ་བསྒོམ་པ་འམ་རང་གི་ཤེས་རབ་ཀྱི་ཆུ་སྐྱེས་སུ་རང་གི་རྡོ་རྗེའི་ཕུར་བུ་ཡིས་ཡོངས་སུ་ཕུར་བུས་བཏབ་ལ་བསྒྲུབ་བྱ་དང་ལྷ་ཐམས་ཅད་དེ་ཡིས་གསལ་བར་སྒོམས་ལ། དེ་ལ་སྡིག་པ་མི ་འཇུག་པར་བྱ་བར་འདོད་པའི་བརྩེ་བས་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཞིང་ངམ་ཕན་པ་དང། བདེ་བའི་བསམ་པས་རིགས་བཟང་པོར་སྐྱེ་བར་བྱ་བ་ནི་མངོན་སྤྱོད་དང་བསད་པའོ། །སྡང་བའི་ཡང་ངོ། །དབང་ལྡན་དུ་ཁ་ཕྱོགས ་པས་དེ་བཞིན་དུ་རྡོ་རྗེའི་སྐྱིལ་མོ་ཀྲུང་ནི་རེངས་པའིའོ། །པཽ་ཥཊ་ཧེ་ཡི་སྔགས་ཀྱིས། ཐབ་ཀྱང་གྲུ་བཞིའང་རུང་བ་སྟེ། སེར་དང་དཀར་བ་རྣམ་རྒྱན་ལྡན། །རྒྱས་པའི་ཆོ་ག་བཞིན་ཡོངས་གནས། །དེ་བཞིན་མེ་ཕྱོགས་ཁ་བལྟས་པས། །བསྐྲད་པ་རྔ་མོ་སོགས་བླུན? ་བླུགས། །དུག་གིས་བྲིས་པའི་ནག་པོ་ནི། །དཀར་པོས་བརྒྱན་པ་བསྲེག་པ་ཡིན། །བྱ་རོག་ལ་སོགས་གཤོག་བསྡུས་ལ། །རབ་ཏུ་བསྒྲུབ་བྱའི་མིང་སྤེལ་བའོ། །འདིར་བྱ་རོག་ལ་སོགས་པའི་གཤོག་པ་ལ་ཆེ་གེ་མོའི་ཨུཙྪ་ཌའི་སྔགས་ཀྱི་མཛའ་ཅན་བྲིས་པ་དང ་ལྡན་པའོ། །ཁ་བདེན་བྲལ་དུ་ཕྱོགས་པས་དེ་བཞིན་དུ་སྡང་བར་བྱ་བ་ལ་མར་ནག་ཚན་དེ་དང་དུག་ལ་སོགས་པས་བྲིས་ལ་རྐང་པ་དག་ཕྱིན་ཅི་ལོག་པས་སེར་བ་དང་གནག་པས་རྣམ་པར་རྒྱན་པའོ། །ལས་ཐམས་ཅད་པ་ལ་གང་ཕྱོགས་མཚམས་སུ་ཁ་བལྟས ་པ་དང་དེ་དྲེང?་པོ་ནི་མཆོག་སྟེ་ཕྱོགས་དང་མཚམས་སུ་གནས་པ་འམ། དོན་དམ་པར་གདོད་མ་ནས་ཞི་བའི་རྒྱུད་ཉིད་པས་ཇི་ལྟར་དེ་བཞིན་དུ་གནས་པས་ཡིད་མ་ཞུམ་པའི་ང་རྒྱལ་གྱིས་བློ་མཉོམ་པའི་དེ་བཞིན་དུ་ཐམས་ཅད་དང་བཅས་པ་བྱའོ། །བསྒྲུབ ་པ་པོའི་རབ་ཏུ་བྱེད་པའོ།། །།གསེར་དང་དངུལ་དང་རྔོ་དང་ཟངས། །ཤིང་དང་ས་དང་མུ་ཏིག་དང། །དུད་རང་ལོ་མའི་སྐྱོང་བུ་ནི། །མཆོད་ཡོན་བསང་གཏོར་ལ་སོགས་སྣོད་ནས་དང་འོ་མ་དང་མེ་ཏོག་དཀར་པོ་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས ་དང་ལྡན་པ་བདུད་རྩི་དང་བཅས་པ་དྲི་སེར་པོའི་ཆུ་ལ་རྣམ་པར་རྒྱལ་བའི་བུམ་པ་ལ་གནས་པའི་ས་གཏོར་བ་བདུག་སྤོས་ཀྱིས་བདུགས་པར་རང་གི་ལྷའི་སྔགས་སམ་ལས་ཐམས་ཅད་པ་ལ་སྭཱཧཱའི་མཛའ་ཅན་བརྒྱ་བཟླས་པ་ནི་ཞི་བའི་འོ། ། ་འདི་ལྟར་ཏིལ་དང་ཞོ་སེར་པོའི་མེ་ཏོག་དང་དྲི་ལ་སོགས་པ་དང་བཅས་པའི་ཆུ་ལ་ཕྱག་འཚལ་གྱི་མཛའ་ཅན་རྒྱས་པའི་འོ། །དམར་པོའི་དྲི་ལ་སོགས་པའི་ཆུ་ལ་ཧོ(རྒྱུད་འགྲེལ་ཙོག་པར་སོང་བའི་ཁམ་པོར་གྱི་དུམ་བུ་ལ་སོགས་པའི་སྣོད་ཁྲག་དང་ཀོ་ཏྲ་བ་དང་ལྕི་བ་དང། བའི་གཅིན་དང། གནག་པ་དྲི་མི་ཞིམ་པ་དང་དྲི་མེད་པའི་མེ་ཏོག་ལ་སོགས་པ་དང་བཅས་པའི་ཚུལ་ཕཊ་ཀྱི་ཡི་གེ་མཛའ་ཅན་ནི་བསད་པ་ལ་སོགས་པའི་འོ། །དྲི་དང ་མེ་ཏོག་དང་ཏིལ་དང་ཀུ་ཤ་དང་འབྲས་ཡོས་དང་ཆུ་སྟེ་ཇི་ལྟར་རྙེད་པའི་ལས་དང་རྗེས་སུ་མཐུན་པ་བཞག་པར་བྱའོ། །ཐམས་ཅད་དུ་རྒྱས་པ་ལ་སོགས་པའི་ལས་ཐམས་ཅད་པའོ། །འདི་ནི་མཆོད་ཡོན་གྱི་རབ་ཏུ་བྱེད་པའོ།། 6་།།ཞི་བ་དང་རྒྱས་པ ་དང་དབང་གི་ལས་ལ་བདུད་རྩི་འཁྱིལ་བའི་སྔགས་སམ། ཧཱུཾ་གི་ཡི་གེ་བཟླས་པའི་ལས་ཐམས་ཅད་པའི་ཆུའི་སྣོད་དང་མཆོད་ཡོན་ལ་སོགས་པའི་སྣོད་གསུམ་གཡོན་གྱི་ངོས་སུའོ། །དེའི་མདུན་དུ་བཞེས་པར་བྱེད་པའི་སྣོད་གསུམ་ཀྱང་ཁྲིའུ་ལ་སོགས ་པ་ལ་བཞག་ལ་སྔགས་གོང་མ་གཉིས་གང་རུང་ཟློས་བཞིན་པའི་ཆུ་ལག་པ་གཡས་པར་གནས་པར་ཀུ་ཤའི་རྩེ་མོ་བཟུང་བའི་བུད་ཤིང་ལ་སོགས་པ་ཐམས་ཅད་ལ་གཏོར་ཏེ་རྫས་ནི་གཡས་ངོས་སུ་དགོད་པར་བྱའོ། །བདག་ཉིད་དང་དགང་གཟར་དང་བླུགས ་གཟར་ལ་ཡང་གཏོར་བར་བྱའོ། །རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའི་བུམ་པ་ལྷག་པར་གནས་པ་ནི་དཀྱིལ་འཁོར་གྱི་ཆོ་གར་བཤད་པ་བཞིན་དུའོ། །ཆོ་ག་བསྡུས་པ་ལ་ནི་བུམ་པ་མེད་པ་འམ་གཅིག་ཙམ་མོ། །བསང་པ་དང་བསྐྲད་པའི་ལས་དང་སྡང ་བ་ལ་སོགས་པ་ལ་ལག་པ་གཡོན་པས་བསང་གཏོར་བྱ་བ་དང། གཡས་ངོས་སུ་ལས་ཐམས་ཅད་པའི་སྣོད་དང་མཆོད་ཡོན་གྱི་སྣོད་དང། གཡོན་ངོས་སུ་རྫས་དགོད་དོ། །འདི་ནི་དགོད་པའི་རབ་ཏུ་བྱེད་པའོ།། 7་།།ཞི་བ་ལ་ནི་འོ་མ་ཅན་གྱི་ཤིང་ལས ་དང། འབྲོག་དགོན་པར་སྐྱེས་པའི་མི་དང། སྦྱིན་སྲེག་གི་འགྲམ་དུ་འཐེབ་ཏུ་བཞག་པ་དང་སྦྱིན་སྲེག་གི་མེ་ཡང་ངོ། །རྒྱས་པ་ལ་ནི་རྒྱལ་པོ་དང་རྒྱལ་རིགས་ཀྱི་ཁྱིམ་དུ་སྐྱེས་པ་དང། ནགས་ལས་སྐྱེས་དང། ནོར་བུ་ལས་བླངས ་པ་འམ། དགེ་འདུན་གྱི་འམ། རྒྱུན་ཞག་གི་མེའོ། །སྨད་འཚོད་མ་དང། དམངས་རིགས་ལས་བླངས་པ་ནི་དབང་གིའོ། །གར་མཁན་དང་འགྲོན་པོའི་དང། གླུ་གར་མཁན་གྱིས་བྱས་པ་ནི་དབང་དགུག་གིའོ། །མེའི་རུས་པའི་དང། རོ་བསྲེགས་པའི་དང། ་རྡོ་རྗེའི་དང། བ་ལང་གསོད་པའི་ཁྱིམ་དུ་སྐྱེས་པ་ལ་སོགས་པ་ནི་མངོན་སྤྱོད་ལ་སོགས་པའི་མེར་བཟུང་བར་བྱའོ། །རང་རང་གི་ཇི་ལྟ་བ་ནི་ལས་ཐམས་ཅད་པ་སྟེ་འདི་ནི་མེའི་རབ་ཏུ་བྱེད་པའོ།། 8་།།དེ་ནས་རྡོ་རྗེ་གསོར་བ་དང་དྲིལ་བུའི་སྒྲ་བྱས ་ཏེ། གཏོར་མ་བྱིན་ལ་བསྲུང་བ་དང་ལྡན་པས་ཡི་གེ་གསུམ་གྱིས་མེ་སྣོད་དུ་བཞག་ལ། དེ་ནས་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་མར་གྱིས་རབ་ཏུ་འབར་བའི་མེ་སྦར་བར་བྱའོ། །དེ་བཟླས་པའི་ཆུ་ཀུ་ཤའི་རྩེ་མོས་བཟུང་བས་གཡས་སུ་བསྐོར་བ་དང་བསད ་པ་ལ་སོགས་པའི་ལས་ལ་གཡོན་དུ་ལན་གསུམ་བསྐོར་ཞིང་བསང་གཏོར་བྱས་ལ་ཐབ་ཏུ་གཙང་ཞིང་སྐམ་པའི་རྩཝའི་ཚོམ་བུ་དང་བཅས་པ་ལ་དུ་བ་མེད་པར་རོ། །བསད་པ་དང་བཅས་པ་ལ་དུ་བ་དང་བཅས་པའོ། །ཛཝ་ལ་ཛཝ་ལ་ཧཱུཾ་ཞེས་བྱ་བ་འདི་འམ་ཧཱུཾ་གི་ཡི་གེས ་རླུང་ཡབ་ཀྱིས་མེ་སྤར་ཏེ་གཙོ་བོར་སྙིང་པོ་བཟླས་པའི་ལྕགས་གཟར་ལ་གནས་པའི་མར་གྱིས་འབར་བར་བྱས་ཏེ། བསད་པ་ལ་སོགས་པ་ལ་ནི་ཐོག་མར་མར་ནག་ཚན་དེས་བྱའོ། །དེ་ནས་ཀུ་ཤ་རྣམས་ལ་ཨོཾ་བཛྲ་སཏྭ་ཨཱ(རྒྱུད་འགྲེལ་པའི་ཀུ་ཤ་གཉིས་གཉིས། རྩེ་མོ་ཕྱོགས་གཅིག་པ་དྲི་མེད་པ་ལྗང་ཁུ་གཤིབས་པ་འདབ་མ་དུམ་བུ་མ་ཡིན་པ་ཤིན་ཏུ་རིང་བ་མ་ཡིན་པ། ཐོག་མར་སྒྲུབ་པ་པོའི་གཡོན་གྱི་ཁ་ཁྱེར་གྱི་ཕྱི་རོལ་ནས་ཁ་ཤར་དུ་ཕྱོགས་པ་དང། དེ་ལྟར་གཤིན་རྗེར ་ཁ་ཕྱོགས་པ་དང། ཁ་ནུབ་ཏུ་ཕྱོགས་པ་དང། བྱང་དུ་རྩེ་མོ་བསྟན་པའོ། །དེ་ནས་ཐབ་ལ་རྩེ་མོ་མདུན་དུ་བསྟན་པས་གཡོག་པར་བྱའོ། །ཀུ་ཤ་རྣམས་ནི་བ་ལང་རྣ་བ་ཙམ་སྟེ་ཤིན་ཏུ་རིང་བ་མ་ཡིན་ནོ། །རྒྱས་པ་དང་དབང་དང་མངོན་སྤྱོད་ཀྱི་ཐབ་ལ་རིམ ་པ་བཞིན། བྱང་དང་ནུབ་དང་ལྷོར་རྩེ་མོ་བསྟན་པའི་ཀུ་ཤ་གཉིས་གཡོན་གྱི་ཁ་ཁྱེར་གྱི་ཕྱིར་ཐོག་མར་དེ་བཞིན་དུ་རྩེ་མོའོ། །དེ་ནས་ལྷའི་བདག་ཉིད་ཅན་གྱིས་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་གྱི་ཧཱུཾ་ལས་ཐབ་རྫོགས་པར་བྱས་ལ་མེ་རབ་ཏུ་འབར ་བར་རིག་པ་འདི་ཉིད་དེའི་དབུས་བདག་མེད་པར་དམིགས་ལ་རཾ་ལས་བྱུང་པའི་མེ་གྲུ་གསུམ་གྱི་དཀྱིལ་འཁོར་ལ་པདྨ་དང་ཉི་མ་ལ་གནས་པའི་རཾ་གྱི་ཡི་གེ་ལས་བྱུང་བ་འམ་སྐད་ཅིག་གིས་རྫོགས་པ་སྟེ། ལས་དང་རྗེས་སུ་མཐུན་པ་ཅན་གྱི་དྲང་སྲོང་ཕྱག ་བཞི་པ་གཡས་པར་དབྱུག་པ་དང་མེའི་ཐབ་འཛིན་པ་གཡོན་པས་སྤྱི་བླུགས་དང་བགྲང་ཕྲེང་འཛིན་པ་སྨ་ར་དང་རལ་པའི་ཆོ་གས་ཅན་གསུས་པ་འཕྱང་བ། ལུས་ལ་གོན་པ་ལས་དང་རྗེས་སུ་མཐུན་པའི་རྒྱན་དང་གོས་དང་འོད་ཀྱི་ཕྲེང་བ་དང་རྣམ་པར་ཤེས ་པ་དང། རིགས་ཀྱིས་རྒྱས་གདབ་པ་དང་ལྡན་པའི་སྙིང་གར་རཾ་གྱིས་བྱིན་གྱིས་བརླབས་དང་བཅས་པའི་མ་རྣམ་པར་བསྒོམས་ལ་དམ་ཚིག་སེམས་དཔའ་ཨི་ས་བོན་གྱི་འོད་ཟེར་གྱི་ལྕགས་ཀྱུ་ཡི་ནམ་མཁའ་ཨི་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང ་འདྲ་བའི་མེ་ལྷ་དྲང་སྲོང་གིས་ཡོངས་སུ་བསྐོར་བ་མེའི་ཕྱོགས་སུ་བྱོན་པར་བལྟས་ཏེ། གཡས་པ་མི་འཇིགས་པའི་མཐེ་བོང་བསྐྱོད་པ་ཡིས་དང་སྔགས་འདིས་སྤྱན་དྲང་ངོ། །ོཾ་ཨེ་ཧཡེ་ཧི་ཨགན་ཡ་རཾ་སརྦ་སིདྡྷི་མེ་པྲ་ཡཙྪ་ཛཝ་ལ་ཛཝ་ལ་ཧོ(རྒྱུད་འགྲེལ་སཱུ་ཛཱི?་ཨསྨི་སནྣི་ཧི་ཧོ་བྷཱ་ཝ་ཧཱུཾ་ཞེས་བྱ་བས་སྤྱན་དྲངས་ཏེ། དེ་དང་ལྷན་ཅིག་ཏུ་འོངས་པའི་བགེགས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ཁ་གདོང་མ་ལ་སོགས་པ་གསལ་ཏེ། འདི་ལྟར་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་དགུག་པ་དང་གཞུག་པ་དང། བཅིང་བ་དང། མཉེས་པར་བྱའོ། །དེ་ནས་ཨོཾ་ཨཱ:པཱ་དྱཾ་ཧཱུཾ་ཏཱ་ས་ན་ཡེ་གྲིཧྞ་ཧཱུཾ་ཞེས་བྱ་བས་ཞབས་བསིལ་དབུལ་ལོ། །ོཾ་བཾ་ཨཉྩ་མ་ནཾ་རི་ཥ་ཡེ་པྲ་ཡཙྪ་ཧཱུཾ་ཞེས་བྱ་བས་ཞལ་བསིལ་དབུལ་བར་བྱའོ།། ་ཨོཾ་ཧཱུཾ་ཌཱ་ཀ་ཌཱ་ཀི་ནཱི་ས་མ་ཨཱརྒྷཾ་ད་དཱ་མི་ཧཱུཾ་ཧཱུཾ་རཾ་རཾ་སྭཱཧཱ་ཞེས་བྱ་བས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་ལས་དང་རྗེས་སུ་མཐུན་པའི་མེ་ཏོག་ལ་སོགས་པ་རྣམས་དང་པི་ཝང་མ་ལ་སོགས་པའི་གསང་བའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པར་བྱའོ། ། ་ཇི་ལྟར་བདག་གི་བླ་མ་རྣམས་ཀྱི་སྦྱོར་བའི་ཁྱད་པར་ནི། ཀུ་ཤའི་དཀོར་བཞག་དང་སྣོད་ཀྱིས། །གསུམ་པའི་ཐོག་མར་བསང་གཏོར་ཏེ། །ཐམས་ཅད་བྱེད་པ་བཟླས་པའི་ཆུས། །དེ་བཞིན་དུ་ནི་ཞལ་བསིལ་བླུགས། །ཁུ་ཚུར་ཁ་སྤུབ་བྱས་པ་ཡིས།། ་མཛུབ་མོས་མེ་ཏོག་ཡོངས་བཟུང་སྟེ། །མཐེའུ་ཆུང་དང་ནི་མིང་མེད་དང། །གུང་མཛུབ་རིམ་གྱིས་ཕྱེ་བས་དོར། །གཉིས་པའི་དུང་གི་ཨརྒྷ་ནི། །བཞེས་བཟེར་སྣོད་ནི་གཉིས་པར་རོ། །རྡོ་རྗེ་ཐལ་མོ་རབ་ཕྱེ་བས། །གསུམ་པ་རུ་ནི་ཞབས་བསིལ་སྦྱིན།། ་མཐེ་བོ་མཛུབ་མོ་བཙིར་བ་ཡིས། །མེ་ཏོག་བཟུང་བའི་ཁུ་ཚུར་གྱིས། །སངས་རྒྱས་རྣམས་ལ་མངོན་སུམ་དུ། །ལན་གསུམ་བསྐོར་བ་མཇུག་རིམ་གྱིས། །དབྱེ་བ་མཛུབ་མོ་གུང་མོ་དང། །མིང་མེད་དང་ནི་མཐེའུ་ཆུང་ངོ། །ཞེས་བྱ་བ་ནི་རྒྱུད་པའི་གདམས ་པའོ།། །།དེའི་རྗེས་སུ་ལག་པ་གཡོན་པས་བྱང་ཆུབ་མཆོག་གི་ཁུ་ཚུར་བརྐྱང་བས་མར་གྱིས་གང་བའི་དགང་གཟར་གཟུང་ལ་ལག་པ་གཡས་པ་ཁ་འོག་ཏུ་བསྟན་པས་བླུགས་གཟར་མར་གྱིས་གདབ་བརྐྱང་སྟེ་དགབ་པའོ།། ་བྱུང་བའི་ལས་ལ་ནི་དུག་དང་བཅས་པའི་མར་ནག་ཚན་ངེས་གང་སྔོན་ལ་ཕྱིན་ཅི་ལོག་ཏུ་གཟུང་སྟེ་གཟར་བུ་གཉིས་ཀྱི་ཁ་ཡི་གེ་གསུམ་གྱི་ནང་དུ་ཆུད་པའི་ཧཱུཾ་གི་ཡི་གེ་ལས་དང་རྗེས་སུ་མཐུན་པའི་ཁ་དོག་ཅན་འོད་ཟེར་འབར་བའོ། །མེ་ལྷའི་ཞལ་ལ ་རཾ་བཀོད་ལ། དགང་གཟར་གྱི་ཁར་བླུགས་གཟར་གྱི་ཁ་བྱས་པའི་ལག་པ་དག་ནི་པུས་མོའི་ནང་དུའོ། །སྡང་པ་ལ་ནི་ཕྱི་རོལ་ཏུ་བྱའོ། །ོཾ་དེ་བ་རི་ཥི་པར་མ་སཽ་ག་ཏ་ཀཱ་རུ་ཎི་ཡ་ཛ(རྒྱུད་འགྲེལ་ཞེས་བྱ་བ་དགང་བླུགས་གསུམ་མམ་བདུན་དབུལ་བར་བྱའོ། །རྒྱས་པ་ལ་ཨོཾ་དང། དབང་ལ་ཧོ:དང། དགུག་པ་ལ་ཛ(རྒྱུད་འགྲེལ་དགང་གཟར་གྱིས་གཡས་ནས་བསྐོར་བར་བྱ་སྟེ། ཁྲོ་བ་ལ་གཡོན་དུ་བསྐོར་ནས་དབུལ་པའོ། །དེ་ནས་བགེགས་མེད་པ་འམ་བགེགས་དང་བཅས་པའི་མེའི་མཚན་མའི་མཚན་ཉིད་ཤེས་པར་བྱ་སྟེ། དཔལ་བེའུ་རྔ་ཡབ་གདུགས་རྒྱལ་མཚན།། ་ཆུ་སྐྱེས་བུམ་པའི་རྣམ་པ་དང། །རྩེ་གསུམ་རལ་རི་ཉ་དང་ནི། །ིདྲ་གོ་བ་སྭསྟི་འདྲ། །རྡོ་རྗེ་དུང་སོགས་རབ་ཏུ་བསྔགས། །མར་བསྲེགས་པ་ཡིས་བླུགས་གཟར་དབྱིབས། །འོད་དང་དེ་ལྡན་མི་དགེ་སྟེ། །དཀར་དང་དབང་པོའི་གཞུ་མཉམ་དང།། ་གཡས་སུ་འཁྱིལ་དང་ཤིན་ཏུ་སྣུམ། །བྱུ་རུའི་ཁ་དོག་དང་འདྲ་དང། །ཀུ་སུཾ་བྷ་རྡུལ་བཻཌཱུར་ཡང། །དྲི་མེད་འབར་བའི་ཉི་མ་མཉམ། །བུད་མེད་དྲི་ཞིམ་གླིང་བུ་དང། །མྲི་ཏིང་གའི་སྒྲ་བླ་ན་མེད། །ཞིལ་ཁ་དོག་དཀར་ལྟ་བུ། །རྒྱས་པ་ལ ་ནི་སེར་པོར་མཉམ། །རྩེ་མོ་དམར་པོ་དབང་ལ་དགེ་།སྡོ?་དང་གནག་ལ་མངོན་སྤྱོད་ལའོ། །ཞི་སོགས་ལ་ནི་གསེར་ལྟ་བུ། །རྩེ་མོ་གཅིག་པ་དགེ་དྲན་བྱ། །རྩེ་གསུམ་སྤྲིན་འདྲ་དམན་པའོ། །དུད་པ་མི་དགེ་འཇུག་པ་གཞན། །རྩེ་མོ ་ཆད་པ་མི་དགེའོ། །རྩུབ་ནག་པ་ལ་ཤ་འདྲ་དང། །རྩེ་མོ་བ་ལང་མགོ་མཉམ་དང། །ཚ་ཚ་འཕྲོ་དང་བོང་བུའི་སྐད། །རུལ་བ་དང་ནི་རོ་ཡི་དྲི། །ཁྲོ་བའི་ལས་ལ་དགེ་བ་ཡིན། །མཚན་མ་མི་དགེ་བ་རྣམས་ལ་བགེགས་མཐར་བྱེད་ཀྱིས་འདི་ལྟར་ ་བསང་གཏོར་དང་བསྲུང་བ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་མར་གྱི་སྦྱིན་སྲེག་བདུན་ཀྱང་བྱའོ། །དེ་ནས་མེའི་སྔགས་ཀྱིས་སླར་ཡང་བསང་གཏོར་དང་གང་བའི་སྲེགས་བླུགས་གསུམ་མམ་གཅིག་དང་ཇི་ལྟར ་ཚོགས་པ་ཡང་མེའི་སྔགས་ཀྱིས་བསྲེགས་ཏེ་བླུགས་གཟེར་ལ་སོགས་པ་རྣམས་ཀྱིས་སྲེགས་བླུགས་གསུམ་མམ་བདུན་ནམ་གཅིག་གམ་ཇི་ལྟར་ཚོགས་པར་བྱའོ། །དེ་གསུངས་པ་བླུགས་གསར་གྱིས་ནི་མར་བསྲེགས་ཅིང། །འབྲུ ་རྣམས་དེ་ཡིས་དེ་བཞིན་དབུལ་ཞེས་སོ། །ཐོག་མར་ཡབ་ཤིང་ལ་སོགས་པ་སྦྱང་བར་བྱ་སྟེ། དེ་ལ་ཨོཾ་ཨཱ(རྒྱུད་འགྲེལ་སྭཱཧཱ། འབྲུ་སྦྱང་བའི་སྔགས་སོ། །ོཾ་ཀུ་རུ་ཀུ་རུ་སྭཱཧཱ། རྫས་ལྷག་མ་རྣམས་སྦྱང་བའི་སྔགས་སོ། །རིམ་པ་འདིས་ནི་ཡམ་ཤིང་བསྲེག། ཡམ་ཤིང་མེ་ལ་མར་དང་ཏིལ། །དཱུ་རྦ་འབྲས་དང་ཞོའི་བཟའ་བ། །ཀུ་ཤ་སོགས་དང་སྲེག་པར་བྱ། །འཆད་པར ་འགྱུར་བ་རང་རང་གི་སྔགས་ཀྱི་ཡམ་ཤིང་དང་དུ་རྦ་དང། །ཀུ་ཤ་ཡང་མིང་མེད་དང་མཐེ་བོས་སོ། །ཐམས་ཅད་དུ་ཞུ་པའི་རྫས་ནི། ཞལ་དུ་ཡམ་ཤིང་དང། མིའི་རུས་པ་ལ་སོགས་པ་ཡང་འོད་ཀྱི་དཀྱིལ་འཁོར་ལའོ། །ཞོའི་བཟའ་བ་དང། ཟས་སྣ ་ཚོགས་དང་ཞལ་བསིལ་དང་ཏིལ་ལ་སོགས་པ་ནི་ཕྱག་ཏུའོ། །དྲི་ནི་ཐུགས་ཀར་རོ། །མེ་ཏོག་དབུ་ལའོ། །བདུག་སྤོས་ནི་འབར་བ་ལའོ། །ཞབས་བསིལ་ནི་ཞབས་དག་ལའོ། །མདུན་དུ་མར་མེ་དང་མཆོད་ཡོན་ཀྱང་དོ། །མཆོད་ཡོན་གྱི་ཆུ་ནི་ཕྱི ་རོལ་གྱི་སྣོད་དུ་བླུགས་སོ། །རྫས་རྣམས་དབུལ་བའི་དུས་སུ་ལྷའི་སྔགས་དང་ལས་ཀྱི་སྔགས་དང་གསུམ་སྤེལ་བར་བྱའོ། །དེའི་རྗེས་སུ་ཞབས་བསིལ་ལ་སོགས་པ་དང་བསང་གཏོར་ཡང་བྱས་ཏེ་ལས་དང་རྗེས་སུ་མཐུན་པའི་མེ་བར་བའི་རྣམ ་པར་བྱ་བ་འམ་ཐུགས་ཀར་པཾ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་པདྨ་འདབ་མ་བཞི་བཅུ་རྩ་བརྒྱད་པའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་ལྗང་སྔོན་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལྟེ་བ་ལ་ཉི་མ་ལ་གནས་པའི་ཧཱུཾ་གིས་བྱིན ་གྱིས་བརླབས་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་འཕྲོས་ཏེ་འགྲོ་བ་ཐམས་ཅད་དག་པར་བྱས་ཏེ་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་སེམས་བཅན་རེ་རེར་ཡང་བྱས་ནས། །དེ་རྣམས་བགདོད་མ་ནས་གྲུབ་པ་བེམས་པོ་མ་ཡིན་པའི་སེམས་ཅན ་ལས་འདས་པ་ཐམས་ཅད་བཀུག་སྟེ། དེ་ཉིད་དུ་ཞུགས་པ་ཡོངས་སུ་གྱུར་པ་ལས་དཔལ་མཁའ་འགྲོ་རྒྱ་མཚོའི་རྟེན་དང་རྟེན་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ཏུ་རྫོགས་པར་བྱས་ལ། ཨོཾ་ཨཱ(རྒྱུད་འགྲེལ་བྱའོ། །དེ་ནས་གོ་ཆ་བྱ་བ་དང་དབང་བསྐུར་ཞིང་རིགས་ཀྱི་བདག་པོས་རྒྱས་གདབ་པ་དང། སློབ་དཔོན་གྱི་སྙིང་གནས་སྤྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང་དེ་རྣམས་ཀྱི་སྔགས་རྣམས་བརྗོད་པས་བསྟོང་པ་དང་གཞན་ཡང་མཆོད་པ་རྣམས་ཀྱིས ་མཆོད་པ་དང། གཙོ་བོ་དང་དཀྱིལ་འཁོར་བ་བསྒོ་བའི་གླུ་བླངས་པའི་མཐར་ཐུག་པར་མངོན་པར་རྟོགས་པ་ནས་འབྱུང་བ་བཞིན་བྱའོ། །འོན་ཀྱང་དབང་བསྐུར་བའི་དུས་སུ་གླུ་དང་རོལ་མོ་དང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་བཅས་པས་དངོས་སུ་རྣམ་པར ་རྒྱལ་བའི་བུམ་པས་མེ་ལོང་ལས་དབང་བསྐུར་བར་བྱའོ། །དེ་ནས་སྐུ་མདོག་ནི་མངོན་པར་རྟོགས་པ་ལས་འགྱུར་བ་མེད་དེ་ཕྲིན་ལས་ནི་ལས་ཀྱི་དབྱེ་བ་སོ་སོར་བྱ་བ་ཡང། དེ་རྣམས་སྤྲོས་པའི་འོད་ཟེར་ལས་སྤྲུལ་པའི་མཁའ་འགྲོ་མ་ལ་སོགས་པ་ནོར་བུ་ཟླ་འོད་ཀྱི ་བུམ་པ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་ལས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་བསྒྲུབ་པར་བྱ་བའི་རིམས་ལ་སོགས་པ་བསལ་བར་བསམ་པར་བྱའོ། །རྒྱས་པ་ལ་ནི་རངས་ཤིང་དགྱེས་པའི་ཐུགས་ཀྱིས་སྔོན་བཞིན་གྱི་བུམ་པའི་མགྲིན་པ་ནས་བདུད་རྩི་འམ་རིན ་པོ་ཆེའི་ཆར་བསྒྲུབ་བྱ་ལུས་སམ་ཁྱིམ་ཡོངས་སུ་དགང་བར་བྱས་ཏེ་རྫུད་པ་ལ་སོགས་པ་འམ་འཕོངས་པ་འཇོམས་པར་བྱེད་དུ་གཞུག་གོ། དབང་ལ་ནི་ཆགས་པའི་ཐུགས་དང་ལྡན་པས་སྔོན་བཞིན་དུ་ཨུཏཔ་ལའི་དོག་པའི་མདེའུ་ཅན ་གྱི་མདས?་སྙིང་གར་ཕུག་ནས་དབང་དུ་བྱེད་དུ་གཞུག་གོ། དབང་དགུག་ལ་ཞགས་པ་དང་ལྕགས་ཀྱུ་དག་གིས་བཅིངས་པ་དང་ཕུགས་པས་དགུགས་སུ་ཡ་སྭཱཧཱ། །གཾ་བྷཱི་རའི་འོས། ཨོཾ་བཛྲ་ཤྲི་ཁ་རཱ་ཡ་སྭཱཧཱ། ཨ་པའ་མརྒ་ཡིའོ། །འབྲས་སོ་བ་ལ་སོགས་པ ་དབྱངས་སྐྱོང་གི་སྔགས་ཀྱིས་སམ། རྫས་ལྷག་མ་རྣམས་ཀྱང་དེས་བསྲེག་པར་བྱའོ། །བསྲེག་པར་བྱ་བའི་རྫས་ཐམས་ཅད་དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་ཡིས་གཏོར་བས་བདུད་རྩིའི་དངོས་པོར་ཉེ་བར་དམིགས་ལ་སྲེག་བླུགས་བྱའོ་ཞེས་གསུངས་པ་ནི ་གདམས་དག་གི་རིག་པ་ཤེས་པ་ཡིས་སོ། །དེ་ནས་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་ཤམྦ་ར་སྭཱཧཱ་ཞེས་བྱ་བའི་སྲེགས་བླུགས་བདུན་ནས་ཉི་ཤུ་རྩ་གཅིག་གིས་ཤིན་ཏུ་འབར་བར་བྱའོ། །དེ་ནས་ཉེ་བའི་སྙིང་པོས་གང་བའི་སྲེགས་བླུགས་ཕུལ ་ལ་གཙོ་བོའི་སྙིང་པོ་བཟླས་པས་མཆོད་ཡོན་དབུལ་བར་བྱའོ། །དེ་ནས་འཐོར་འཐུང་དང་ཞལ་བསིལ་དང་གོས་སར་བ་དང་ཕྱེ་མ་སྤངས་པའི་ཏཱ་མ་བུ་ལ་སྟེ་ཁྲོ་བའི་ལས་ལ་ནི་ཕྱེ་མ་དང་བཅས་པ་བྱིན་ལ་སྔོན་བཞིན་དུ་ཡོངས་སུ་མཆོད་པ་དང། བསྟོད་པ་ཕྱག ་དང་ཨརྒྷ་བྱིན་ལས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་བ་སྙིང་གར་སྦྱར་ཏེ་དམན་པ་ལ་སོགས་པའི་སྐྱོན་བཞི་བར་བྱ་བའི་དོན་དུ་བཟོད་པར་གསོལ་བ་འདི་བཀླག་གོ། བདག་བློ་རྨོངས་པས་ཅུང་ཟད་བྲི། །གང་བྱས་ཉེས་བྱས་ལ་ནི་སླར། །གྲང་ཞིག་ལུས་ཅན་སྐྱབས་རྣམས ་ཀྱིས། །མགོན་པོས་དེ་ཉིད་བཟོད་པར་མཛོད། །གཙོ་བོས་ནུས་པ་མ་མཆིས་དང། །མ་རྙེད་པ་དང་ཡོངས་མ་ཤེས། །བྱ་བ་འདི་ལྟར་བྱས་པ་འདིར། །དེ་དག་ཐམས་ཅད་བཟོད་པར་རིགས་ཞེས་བྱ་བས་བཟོད་པར་གསོལ་ལ་མངོན་པར་དགའ་ ་བའི་དངོས་གྲུབ་ཀྱང་མངོན་པར་བླངས་ཏེ་དམན་པ་དང་ཤིན་ཏུ་ལྷག་པའི་སྐྱོན་ཞི་བར་བྱ་བའི་ཕྱིར་ཐར་པའི་བསམ་པས་ཨོཾ་བཛྲ་སཏྭ་ཨཱ(རྒྱུད་འགྲེལ་དོན་ཀུན་མཛད། །ཇི་ལྟར་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ་ཞེས་བྱ་བས་ཡོངས་སུ་བསྐྱོད་པར་བྱ་སྟེ། རང་གི་སྙིང་པོ་ཡི་གེ་གསུམ་གྱི་ནང་དུ་བཅུག་པ་མུ(རྒྱུད་འགྲེལ་མཛའ་ཅན་བཀླགས་པས་རང་གི་བདག་པོའི་དཀྱིལ་འཁོར་བློ་ཡིས་རང་ལ་གཞུག་པར་བྱའོ། །དེ་ནས་མེ་ལྷ་ཡང་ཡོངས་སུ་མཆོད་པ་དང། མཆོད་ཡོན་ལ་སོགས་པ་དང་དགང་བླུགས་དང་རྫས་ལྷག་མ་ཐམས་ཅད་ཀྱིས་ལེགས་པར་བསྲེགས་ཏེ་བསང ་གཏོར་དང་ཞལ་བསིལ་ལ་སོགས་པ་དང། ཕྱེ་མ་སྤངས་པའི་ཏཱ་མ་བུ་ལ་དང་ཁྲོ་བའི་ལས་ལ་ནི་ཕྱེ་མ་དང་བཅས་པ་དང་གོས་སར་པ་ཕུལ་ལ་རྡོ་རྗེ་དང་དྲི་ལི་བུའི་སྒྲ་བྱས་པས་བསྟོད་པ་བྱའོ། །ཆོག་འདི་དོན་གྱིས་ནི་རང་གི་མངོན་པར་འདོད་པའི་དངོས ་གྲུབ་འཇུག་པར་བྱའོ། །རབ་གནས་ལ་སོགས་པ་ལ་གཞན་གྱི་དོན་དུ་བྱེད་པ་སྟེ་ཁྱད་པར་ནི་འདི་དག་ཡིན་ཏེ། ཡོན་ཕུལ་པའི་སློབ་མ་སྦྱིན་སྲེག་གི་ཁང་པའི་ནང་དུ་བོས་ལ་དེའི་གནས་པའི་མཐེ་བོང་གཡོན་པའི་མཐེའུ་ཆུང་གི་ཡང་དག་པར་གཟུང ་ལ་གཡས་སུ་བསྐོར་བ་ལན་གསུམ་བྱས་ཏེ་བླུགས་གཟེར་གྱིས་མགོ་བོ་ལ་ལན་གསུམ་བསྐོར་ནས་ཞུགས་ཏ་སྲེག་བླུགས་བདུན་བསྲེགས་ལ་གང་སྲེགས་བླུགས་སྦྱིན་དུ་གཞུག་པར་བྱའོ། །འཁྱིལ་བ་བཟླས་པའི་བསྲུངས་སྐུད། དེའི་ལག་པ་ལ ་བཅིངས་ལ་བསང་གཏོར་བྱའོ། །འབྱོར་ན་རྣལ་པོ་ལ་སོགས་པ་དགེ་བར་འདོད་པས་གང་བའི་སྲེག་བླུགས་བྱའོ། །དེའི་རྗེས་སུ་མེའི་ཐབ་ཀྱི་ནང་གི་མཛའ་མར་གསེར་དང་དངུལ་ལ་སོགས་པའི་སྣོད་དུ་འདྲས་སཱ་ལི་དང། འོ་མ་དང། མར་དང། ་ཁ་ར་དང། སྦྲང་རྩི་རྣམས་བླུགས་པ་མེ་ཏོག་གི་ཕྲེང་བ་བཏགས་པ་ཚོས་པའི་ཙཱ་རུ་མེལ་དབུལ་བར་བྱའོ། །དེའི་རྗེས་སུ་ཞབས་བསིལ་ཕུལ་ལ་བསང་གཏོར་དང་ཡོངས་སུ་མཆོད་པ་དང་ཨརྒྷ་ཕུལ་ཏེ་བཟོད་པར་གསོལ་ལ ་མངོན་པར་དགའ་བའི་དངོས་གྲུབ་མངོན་པར་བླང་ངོ། །ོཾ་ཨགན་ཡེ་སརྦ་སོནྟ་ལ་ཎཾ་ཀུ་རུ་མེ་ཡ་ཐཱ་ཀཱ་མེ་སིདྡྷི་དཱ་གཙྪ་ཏུ་ཧཱུཾ་ཧཱུཾ་སྭཱཧཱ། ཞེས་བྱ་བས་གཤེགས་སུ་གསོལ་ལོ། །དེ་ནས་ཙཱ་རུ་དེ་རང་ཡང་བཟའ་ཞིང་སློབ་མ་རྣམས་བླའང་བགོ་བར་བྱའོ། །དེ་ལྟ ་ནའང་འདི་བརྗོད་པར་བྱའོ། །དེ་བཞིན་གཤེགས་པས་གསོལ་བ་ཡི། །ལྷག་མ་སྡིག་པ་རྣམས་འཇོམས་པའོ། །ཞེས་བརྗོད་ལ་སྦྱིན་པར་བྱའོ། །དེ་ནས་དམ་ཚིག་དང་ལྡན་པ་འདུས་པ་ལ་ཚོགས་ཀྱི་སྟོན་མོ་བྱའོ། །དེ་ཡང་གཞུང་འདི་ཉིད་ནས་གསུངས ་པ། གཞོན་ནུ་མ་མཛེས་གར་བྱེད་དང། །སྣ་ཚོགས་སིལ་སྙན་རྣམ་བཀྲར་བྱས། །སྣ་ཚོགས་རྒྱན་དང་ལྡན་རྣམས་ཀྱིས། །སྐྱེ་བོ་ཆེན་པོ་བརྩོན་བཞིན་དང། །མེ་ཏོག་སྤོས་སོགས་ཀྱིས་སྤྲོ་བར། །འདུས་པའི་དབུས་སུ་བྱ་བའོ། །ཏཱ་མ་བུ་ལ ་ཀུན་ཐམས་ཅད་ལ། །དགྱེས་བྱེད་སྦྱིན་པར་བྱ་བ་ཡིན་ཞེས་སོ། །དེ་ནས་བླ་མ་ལ་ཡོན་དབུལ་བར་བྱ་སྟེ། སློབ་དཔོན་མཆོད་བྱ་ཡང་དག་པར། །རྡོ་རྗེ་འཆང་དུ་བྱས་ནས་ནི། །མུ་ཏིག་གསེར་དང་རིན་ཆེན་རྣམས། །གླང་རྟས་གཞི་ཡུལ ་ལྗོངས་དང། །བྲན་ཕོ་བྲན་མོ་འཁོར་རྣམས་དང། །ཆུང་མ་ཕུན་སུམ་ཚོགས་ཀུན་དང། །གོས་ཟུང་དུམ་རྣམས་དང་ནི། །དགྱེས་པ་འམ་ས་ལ་གང་ཅུང་ཟད། །བདག་ཏུ་ལྟ་བ་དང་བྲལ་བས། །གདུལ་བྱ་གཙོ་བོ་ཞི་བར་གྱིས། །བདག་ཉིད ་དངོས་པོ་ཐམས་ཅད་ཀྱིས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །མེ་ཏོག་སྤོས་སོགས་ཐམས་ཅད་རྣམས། །སྟོན་པའི་མདུན་དུ་དབུལ་བར་བྱ། །ཐམས་ཅད་ཉེ་བར་བྱ་བའི་ཕྱིར། །རྡོ་རྗེ་བླ་མ་ལ་དབུལ་བྱ། །དེ་ནས་མེ་བསད་ཞི་བ་ལ། ་འོ་མ་ཡིས་ནི་རྒྱལ་བསྒྲུབ་ལ། །དྲི་གསེར་རྣམས་ཀྱིས་དབང་དང་ཁྲོ། །འོ་མ་ཁྲག་ཏུ་དཀར་མིན་པའི་ཞེས་སོ། །སྦྱིན་སྲེག་གི་ཐལ་བ་དང་སོལ་བ་ནི་ལས་ཐམས་ཅད་པའི་བུམ་པར་བླུགས་ལ་ཆུ་ཀླུང་ལ་བསྐུར་བར་བྱའོ། །ལྷ་ཚིམ་པར་བྱེད་པའི་རབ ་ཏུ་བྱེད་པའོ།། 9་།།ད་ནི་ནང་གི་སྦྱིན་སྲེག་བཤད་པར་བྱ་སྟེ། །ནང་ལ་མཆོག་ཏུ་གཞོལ་བའི་སྒྲུབ་པ་པོས་འཇམ་ཞིང་ཡངས་པའི་སྟན་ལ་འདུག་སྟེ། སེམས་ཅན་ཐམས་ཅད་ལ་བརྩེ་བ་སྔོན་དུ་སོང་བས་སྐད་ཅིག་གིས་ཞལ ་གཅིག་ཕྱག་གཉིས་པའི་ཕག་མོ་དང་བཅས་པ་བདེ་མཆོག་ཏུ་དམིགས་ལ། རྐང་པའི་མཐིལ་དུ་ཡི་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་དང། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར་རོ། །དེ་ནས་ཟླུམ་པོ་ལྟེ་བར་སྐྱེས་པའི་ཐབ། །སྙིང་ག་རུ་ནི ་གྲུ་བཞི་པ། །ནོར་བུའི་བུ་གར་ཟུར་དྲུག་པ། །མགྲིན་པ་རུ་ནི་བདུན་པ་སྟེ། །ཟུར་བརྒྱང་པ་ནི་མགོ་ལའོ། །ཟུར་དགུ་པ་ནི་སྨིན་དབུས་སུ། །གཙུག་ཏོར་དུ་ནི་ཟུར་ལྔ་པའོ། །དེ་ལྟར་ཐམས་ཅད་ཀྱང་རྩ་ཐབ་ཀྱི་དབྱིབས་ཅན་དུ་བསྒོམས་ཏེ། ཐམས ་ཅད་ཀྱིས་དབུས་སུ་ཧཱུཾ་བཾ་སྔོ་བ་དང། དམར་པའི་མདོག་ཅན་ཁ་སྦྱར་བསམས་ཏེ་གཙུག་ཏོར་ནས་རྡོ་རྗེ་ནོར་བུའི་བར་དུ་རྩ་དབུ་མས་སྦྲེལ་བ་གཡས་གཡོན་གྱི་རྩ་དང་བཅས་པ་ལེགས་པར་གསལ་བར་བྱས་ཏེ། དེ་ནས་སྟེང་འོག་གི་?་དགག་པའི་སྦྱོར ་བས་རྐང་མཐིལ་གྱིས་རླུང་གིས་མེ་སྦར་ཏེ། ལུས་ཀྱི་རྩ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་བཞུ་ནས་རྩ་གཡས་པ་དང་གཡོན་པར་དྲངས་ལ་དེ་གཉིས་ནས་དབུས་མའི་རྩེ་མོའི་ཧཾ་ལ་བསྟིམས་ཏེ། དེ་ནས་དབུ་མ་ནས་བབས་པས་འབར་བཞིན་པའི ་ཐབས་རྣམས་སུ་བྱང་ཆུབ་ཀྱི་སེམས་ཀྱི་དགང་བླུགས་ཕུལ་བས་ཐམས་ཅད་གང་བར་གྱུར་ཏེ་ལུས་ཀྱི་རྩ་ཐམས་ཅད་དུ་ཡང་འཕྲོས་པར་བསམ་བཞིང། ཡང་བསྡུ་བའི་སྦྱོར་བ་གོམས་པ་རྒྱུན་མི་འཆད་པར་བྱས་ནས་དགོས་པ་ཐམས་ཅད་འགྲུབ་པར ་འགྱུར་ཏེ། འདི་ནི་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་མན་ངག་དང་བཅས་པ་བླ་མས་གསུངས་པ་ལ་བདག་གི་དཔེ་མ་ཁྱུད་མ་བྱས་པ་སྟེ། འདི་ནི་ནང་གི་སྦྱིན་སྲེག་གི་རབ་ཏུ་བྱེད་པའོ།། 10་།། ་དེ་ལྟར་བརྗོད་པའི་སྤྱིན་སྲེག་ཐབས། །བསོད་ནམས་ཚོགས་ཀྱི་རྒྱུ་དོན་དང། །ཡེ་ཤེས་ཚོགས་རྫོགས་བྱ་བའི་ཕྱིར། །བཅོམ་ལྡན་འདས་ཀྱིས་རྒྱུད་དུ་གསུངས། །དེ་ལ་མི་གསལ་གང་ཅུང་ཟད། །བླ་མའི་གསུང་གི་རྗེས་འབངས་ནས། ། ་གཞན་ལ་ཕན་གྱུར་སྲིད་སྙམ་ནས། །བདག་གིས་གསལ་བར་བྱས་པ་ཡིན། །ཐོས་བྲལ་རྟོག་པ་དམན་པ་ཡི། །སྐྱེ་བླུན་རྨོངས་པ་ང་རྒྱལ་ཅན། །འབྲེལ་མེད་ལུང་དང་མི་ལྡན་ལ། །དན་རྟོག་སྣ་ཚོགས་སྦྱོར་མཐོང་ནས། །རབ་འབྱམས ་ཐོས་པ་མ་ཡིན་ཀྱང། །རང་གི་གཞུང་ལུགས་དུ་མ་ལ། །སྐྱེ་བར་རྒྱུན་ཏུ་གོམས་བྱས་དང། །ལེགས་སྦྱར་སྐད་ལའང་རྟོག་སྐྱེས་དང། །བླ་མའི་ལུང་ཡང་ལེགས་མནོས་པས། །རྩོམ་མི་འོས་པ་བདག་མིན་སྙམ?། །བདག་གིས་ལེགས ་སྦྱར་བསོད་རྣམས་འདིས། །འགྲོ་ཀུན་ཉོན་མོངས་བུད་ཤིང་རྣམས། །གཉིས་མེད་ཡེ་ཤེས་རབ་འབར་བས། །བག་ཆགས་བཅས་པ་བསྲེག་གྱུར་ཅིག། །དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་སྦྱིན་སྲེག་གི་ཆོག་རིན་པོ་ཆེ་མེ་ཤེལ་མཁས ་པ་ཛ་ཡ་སེ་ནའི་གསུང། །དཔལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ་རྫོགས་སོ།། །།དཔལ་ལྡན་མཁའ་འགྲོ་རྒྱ་མཚོ་ཡི། །རྒྱུད་རྒྱལ་ཡིད་བཞིན་ནོར་བུའི་གཏེར། །ཡིད་བཞིན་ནོར་བུའི་རིས་རྣམ་གཉིས། །བླ་མའི་གསུང ་གི་གྱུར་ཞུགས་ནས། །བསྐྱེད་པའི་རིམ་པའི་ཕྱོགས་ཉིད་དང། །རྫོགས་པའི་རིམ་པ་སྣ་ཚོགས་སོ། །དེ་ལ་རྫོགས་པའི་རིམ་པའི་ཕྱོགས། །གྲུབ་པའི་སྐྱེས་བུ་མཚོ་སྐྱེས་ཀྱིས། རྒྱ་ཆེར་རྒྱུད་འགྲེལ་ཉིད་དུ་བཀྲལ། །བསྐྱེད་པའི་རིམ ་པའི་མི་གསལ་བ། །མངོན་རྟོག་དཀྱིལ་འཁོར་ཆོག་དང། །སྦྱིན་སྲེག་རབ་གནས་ཚོགས་འཁོར་དང། །གཏོར་མ་མཎྜལ་ཆོག་རྣམས། །བློ་ཡི་སྙིམ་པ་མ་ཉམས་པས། །ཡིད་བཞིན་ནོར་བུ་རྣམ་པ་བདུན། །ལེགས་པར་བླངས་ནས་འདིར་གཏོར ་མའོ། །དེ་ལྟར་བྱས་པའི་དགེ་བ་འདིས། །འདི་ལྟའི་ནོར་བྲལ་འགྲོ་བ་རྣམས། །ཚུལ་བཞིན་བླ་མ་གུས་བསྟེན་པས། །རིན་ཆེན་འདི་རྣམས་སྤྱོད་གྱུར་ཅིག། །།རྒྱ་གར་སྐད་དུ། །སྭཱ་དྷིཥྛ་ན་ཀྲ་མོ་པ་དེ ་