CLOSE WINDOW

N1024: dpal mkha' 'gro rgya mtsho'i rgyud kyi gtor ma'i cho ga rin po che asma garbha
Wyliee-texts based on the ACIP/ALL Input

བཅོམ་ལྡན་འདས་དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །ས་གསུམ་མ་ལུས་སྟོབས་རང་བཞིན། །མཁའ་འགྲོ་རྒྱ་མཚོ་རིག་མར་བཅས། །བླ་མ་རྣམས་ལའང་ཕྱག་འཚལ་ནས། །གཏོར་མའི་དེ་ཉིད་བརྗོད་པར་བྱ། །དེ་ལ་མཚན་བྱེད ་དམ་ཇི་ལྟར་ཁོམ་པའི་དུས་སུ་རང་གི་ལྷའི་ང་རྒྱལ་དང་ལྡན་པས། གཏོར་མ་ཤིན་ཏུ་ཆེན་པོ་ཉ་དང་ཤ་ལ་སོག་པ་དང། ཟན་དང་ཆང་དང་ཉེ་བར་སྤྱད་པ་ལྔ་དང་བདུད་རྩི་དང་བཅས་པ་མདུན་དུ་བཞག་སྟེ། དེ་ཡང་མ་དམིགས་པ་ལས་འོག་ཏུ་ཡཾ་སྔོ་སྐྱ ་དེ་ཡོངས་སུ་གྱུར་པས་ལས། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས་ཅན་མཛའ་གཉིས་ན་བ་དན་གྱིས་མཚན་པ། དེའི་སྟེང་དུ་རཾ་དམར་པོ་ཡོངས་སུ་གྱུར་པ་ལས། མེའི་དཀྱིལ་འཁོར་གྲུ་གསུམ་པ་འབར་བས་མཚན་པའོ། །དེའི་སྟེང་གི་གྲུ་གསུམ་ལS ་མདུན་ནས་གཡོན་བསྐོར་དུ་དཀར་བ་དང། དམར་པ་དང། གནག་པའི་ཨོཾ་ཨཱ:ཧཱུཾ་གསུམ་ཡོངས་སུ་གྱུར་པ་ལས་ཀེང་རུས་ཀྱི་མགོ་གསུམ་གྱི་སྒྱེད་པ་དང། དེའི་སྟེང་དུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཐོད་པའི་སྣོད་ཆེན་པོ་བསམས་ཏེ། དེའི་ཤ ་དུ་བི་དཀར་པོ་དང། བྱང་དུ་མུ་ལྗང་གུ་དང། ནུབ་དུ་མ་དམར་པོ་དང། ལྷོར་ར་སེར་པོ་དང། དབུས་སུ་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་དྲི་ཆེན་དྲི་ཆུ་དང། ཤ་ཆེན་པོ་དང། རང་བྱུང་དང་བྱང་ཆུབ་ཀྱི་སེམས་རྣམས་སུ་གྱུར་ཏེ་རང་རང་གི་ཡི་གེས་མཚན ་པའོ། །ཤར་ལྷོ་དང། ལྷོ་ནུབ་དང། བདེན་བྲལ་དང། རླུང་དང་དབང་ལྡན་དང་དབུས་རྣམས་རིམ་པ་བཞིན་དུ། གོ་ཀུ་ད་ཧ་ན་དཀར་བ་དང་སྔོ་བ་དང་དམར་བ་དང་ལྗང་བ་དང། སྔོ་པ་རྣམས་ཡོངས་སུ་གྱུར་པ་ལས་བ་ལང་ཁྱི་དང་གླང་པོ་ཆེ་དང་རྟ་དང་མིའི་ཤ ་རྣམས་ལ་རང་རང་གི་ཡི་གེས་མཚན་པའོ། །དེའི་སྟེང་དུ་ཧཱུཾ་དཀར་པོ་ཁ་འོག་ཏུ་བལྟས་པ་ཡོངས་སུ་གྱུར་པ་ལས་བདུད་རྩིའི་རང་བཞིན་གྱི་ཀེང་རུས་ཀྱི་ཁ་ཎཝE་ག་འོག་ཏུ་བལྟས་པ་ཧཱུཾ་གིས་མཚན་པ་བསམས་ཏེ། དེ་གཡོན་དུ་འཁོར་བས་རླུང་གཡོས ་པས་མེ་སྦར་ཏེ་ཐམས་ཅད་ཞུ་ནས་སེར་པོ་བླ་བའི་དངོས་པོར་གྱུར་ཏེ་རླངས་པ་ནམ་མཁའ་ལ་ཆགས་པ་རྣམས་གཡོན་བསྐོར་དང་གཡས་བསྐོར་དུ་ཨཱ་ལི་དང་ཀཱ་ལིའི་ཕྲེང་བར་གྱུར་ཏེ་དེ་རྣམས་འདྲེས་ཤིང་ཡོངས་སུ་གྱུར་པ་ལས་ཁ་དོག་གསུམ་དང་ལྡན་པའི་ཡི་གེ་གསུམ་དུ་གྱུར་ཏེ་དེ ་དག་ལས་ཁམས་གསུམ་གྱི་ངོ་བོའི་དཀྱིལ་འཁོར་འཁོར་ལོ་བཅུ་གཉིས་ཀྱི་ལྷའི་ཚོགས་སྤྲོས་ཏེ་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་ལྡན་པར་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གནས་ཡེ་ཤེས་ཀྱི་བདུད་རྩི་འཁོར་ལོ་བཅུ་གཉིས་ཀྱི ་ཚུལ་དུ་བཀུག་པ་སྙོམས་པར་ཞུགས་པས་ཡི་གེ་གསུམ་ལ་གཞུག་པར་བྱའོ། །དེ་དག་ཀྱང་རིམ་གྱིས་འོག་ཏུ་ལྷུང་བས་གཏོར་མ་ལ་ཐིམ་སྟེ། ཁ་ཊཝཱཾ་ག་ཡ་ཞུ་བས་ཁ་དོག་དཀར་པོ་བསིལ་བ་ཕུན་སུམ་ཚོགས་པར་བལྟས་ཏེ། ཡི་གེ་གསུམ་ཇི་ཙམ་འདོད་པར ་བཟླས་སོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་དང་སྐྱེ་གནས་ཀྱི་ཕྱག་རྒྱ་དཔྲལ་བར་བསྐོར་བ་དང། མིག་སྟེང་དུ་བལྟ་བ་དང། ཕཊ་ཀྱི་སྒྲ་དང་རྐང་པ་མནན་པའི་སྦྱོར་བ་རྣམས་ཀྱིས་རྣམ་པ་ཐམས་ཅད་ཀྱིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་མདུན་གྱི ་ནམ་མཁར་ཆོས་འབྱུང་ཆེན་པོའི་ནང་དུ་སྤྱན་དྲངས་ཏེ་པདྨའི་ལག་པ་བསྐོར་ནས་སྙིང་གར་སེ་གོལ་བརྡབ་པར་བྱའོ། །དེ་ནས་ཞབས་བསིལ་ལ་སོགས་པ་དང། མེ་ཏོག་ལ་སོགས་པ་ལྔ་དང། པི་ཝང་མ་ལ་སོགས་པ་ཉི་ཤུ་རྩ་བཟིས་མཆོད་པར་བྱའོ། །ལག་པ ་གཡོན་པར་ཨཱ་ལི་ལས་ཟླ་བ་དང། གཡས་པར་ཀཱ་ལི་ལས་ཉི་མ་དང་ཁ་སྦྱར་བའི་དབུས་ཧཱུཾ་ཁ་དོག་སྔོན་པོ་བསམས་ཏེ། ཨོཾ་ཨུ་ནྱོ་ནྟཱ་ནུ་ག་ཏ:སརྦ་དྷརྨཱ་ཧཱུཾ་ཨོཾ་སྤ་ར་སྤ་རཱ་ནུ་པྲ་པིཥྚ་སརྦ་དྷརྨཱ་ཧཱུཾ། ཨོཾ་ཨ་ཏྱནྟཱ་ནུ་པྲ་པིཥྚ:སརྦ་དྷརྨཱ་ཧཱུཾ་ཞེས་བརྗོད་པས། ལག་པ་རྡོ་རྗེ་རྩེ ་ལྔ་པར་བསྒོམས་ཏེ་ཐལ་མོ་ཁ་ཕྱེ་ལ་ལག་པར་གཏོར་མ་བཞག་ལ་རྣམ་པ་གསུམ་དབྱེར་མེད་པའི་ངོ་བོར་ལྷག་པར་དམིགས་ཏེ། ལྷ་མོ་ཚང་མའི་དམ་ཚིག་ཚང་མ་དེ་།ངེས་གསུང་དག་ཀྱང་མཆོག་ཏུ་ཚང་མའོ། །ངེས་ནི་བདེན་པར་གྱུར་ཅིག་འདི་རུ་ནི། །ལྷ་ ་མོས་བདག་ལ་རྗེས་འཛིན་རྒྱུར་གྱུར་ཅིག་ཅེས་བརྗོད་དེ་ལྷ་རྣམས་ཀྱིས་ལྗགས་ཧཱུཾ་དཀར་པོ་ལས་རྡོ་རྗེ་བསམས་ལ། ཨོཾ་ཨ་རལླི་ཧོ(རྒྱུད་འགྲེལ་མ་གཏོགས་པས་རྡོ་རྗེའི་སྤུ་གུས་དྲངས་ནས་གསོལ་བར་བསམ་མོ། །དེ་ནས་ཡང་ཞལ་བསིལ་ལ་སོགས་པ་ཐམས་ཅད་དང། སོ་རྩི་ཡང་ཕུལ་ཏེ་རྐང་པ་བཞི་བཅུ་རྩ་བརྒྱད་པ་རྐང་པ་བརྒྱད་པ་དང་བཅས་པས་བསྟོད་པ་དང། འདོད་པའི་དོན་ལ་བསླང་བ ་དང། བཀྲ་ཤིས་བརྗོད་པ་དང། ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །དེ་ནས་དུར་ཁྲོད་པ་རྣམས་ཀྱི་ལྕེ་ཕྱིན་གྱིས་བརླབས་ཏེ་ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷུ་ཧ་པྲེ་ཏ་པི་ཤཱ་ཙ་ཨུནཊ་ད། ཨ་བསྨཱ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ་ཨི་མཾ་བ་ལཻཾ?་གྲིཧྞན་ཏུ་སརྦ་སིདྷི ་མེ་པྲ་ཡཙྪན་ཏུ་ཡ་ཐཻ་བཾ་ཡ་ཐཻཥྚཾ་བྷུཉྫ་ཐ་པི་ཝ་ཐ་མཱ་ཏིཀྲ་མ་ཐ་མ་མ་སརྦ་ཀ་རི་ཏ་ཡ། སཚུ་ཁ་བི་བྲིདྡཱ་ཡེ་མ་མ་ས་ཧཱ་ཡི་ཀ་བྷ་ཝནྟུ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་བྱ་བ་ལན་གསུམ་བརྗོད་པས་ཐམས་ཅད་ཀྱིས་འཐུངས་པར་བསམ་མོ། །དེ་ནས་དེ་རྣམས་ལ་ཡང ་མཆོད་པ་ལ་སོགས་པ་ཐམས་ཅད་སྔར་བཞིན་བྱས་ལ། སྲིད་དང་ཞི་བ་མཉམ་པས་ཞོན་པ་བཅོམ་ཞིང་ཀུན་ཏུ་རྟོག་པ་བཅོམ། །དངོས་དང་དངོས་པོ་མ་ཡིན་ཐམས་ཅད་མཁའ་བཞིན་རྣམ་པར། །ཟིགས་པ་རྣམས། །བླ་མ་མཆོག་གི་ཐུགས་རྗེའི་ཆུ་སྤྲོ ་ཐུགས་ནི་ཆུའི་མགོན་པོ་རྣམས། །མཛོད་ཅིག་མཛོད་ཅིག་ལྷ་མོས་བདག་ལ་རྗེས་སུ་ཐུགས་ནི་བརྩེ་བར་མཛོད། །ཅེས་བརྗོད་ལ་མིག་གི་ཕྱག་རྒྱ་བསྟན་ལ་པདྨའི་ལག་པས་བསྐོར་ལྟེ་བར་འཁྱུད་པས་སེ་གོལ་གཏོགས་ཏེ། ཨོཾ་བཛྲ་མཎྜལ་མུ(རྒྱུད་འགྲེལ་པས་དཀྱིལ་འཁོར་བདག་ཉིད་མཛོད་སྤུ་ནས་གཞུག་པར་བྱ་སྟེ། རོལ་མོ་དང་མར་མེའི་སྣང་བ་དང་བཅས་པས་བསྐྱལ་བར་བྱའོ། །གཏོར་མའི་ཆོག་བྱས་པ་ལས། །བྱུང་བའི་དགེ་བས་འགྲོ་བ་ཀུན། །ལུས་སེམས་བདེ་བས་གནས་གྱུར་ཅིག། སྟོབས་བཅུ ་དང་ཡང་ལྡན་པར་ཤོག། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་གཏོར་མའི་ཆོ་ག་རིན་པོ་ཆེ་ཨསྨ་གརྦྷ་མཁས་པ་ཛ་ཡ་སེ་ནའི་གསུང་དཔལ་ཡེ་ཤེས་རྡོ་རྗེས་བསྒྱུར་བ་རྫོགས་སོ།། །།དཔལ་མཁའ་འགྲོ་རྒྱ་མཚོ་ལ་ཕྱག་འཚལ་ལོ། །བླ་མ་ཡོངས་སུ ་