CLOSE WINDOW

N1023: rkang pa bzhi bcu rtsa brgyad pa'i bstod pa
Wyliee-texts based on the ACIP/ALL Input

འོག་ཐམས་ཅད་གྲུ་བཞི་པའི་དཀྱིལ་འཁོར་རོ། །གཞན་ཡང་རྡོ་རྗེ་ཕག་མོས་གཙོ་བྱས་པ་ལ་སོགས་པའི་དཀྱིལ་འཁོར་ཀུན་ཕལ་ཆེར་འདིའི་རིམ་པས་ཤེས་པར་བྱའོ། །ཁྱད་པར་ནི་ངང་རང་གི་ལེའུ་རྣམས་ལས་ཤེས་པར ་བྱའོ། །དེ་ལྟར་དཔའ་བོ་གཅིག་པ་དང། ཡབ་ཡུམ་དང། དཀྱིལ་འཁོར་གྱི་འཁོར་ལོའི་གཙོ་བོ་དང་དཀྱིལ་འཁོར་གྱི་བྱེ་བྲག་ལས་རྒྱས་བསྡུས་དཔག་ཏུ་མེད་པ་རྣམས་སྒྲུབ་ཐབས་འདིས་མཚོན་ནས་ཤེས་པར་གྱིས་ཤིག། མཁས་པའི་རློམ་པས་མ ་ཡིན་ཞིང། །རྒྱུད་ཀྱི་ཚིག་དོན་ནམ་ལུས་པ། །ཁོང་དུ་ཆུད་པའི་ནུས་མེད་ལ། །གཞན་ཕན་དཀའ་ཡང་བསམ་བཟང་པོས། །འོན་ཀྱང་བླ་མས་བསྟན་པ་ཡིས། །མན་ངག་བརྗེད་པའི་འཇིགས་ནས་བྲིས། །འདི་ལ་མཁའ་འགྲོ་བླ་མ་དང། །མཁས་པ་རྣམས་ཀྱིས ་བཟོད་པར་མཛད། །འདི་བྱུང་དགེ་བ་ཅུང་ཟད་སྲིད་གྱུར་ན། །དེ་ཡིས་འཇིག་རྟེན་དམན་ལ་མོས་པ་ཡི། །ཞུམ་པའི་སེམས་རྣམས་མ་ལུས་སེལ་བ་དང། །རྒྱ་ཆེན་དཀྱིལ་འཁོར་འདི་ཉིད་ཡིད་བྱེད་ཤོག་།དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་དཀྱིལ་འཁོར་གྱི ་འཁོར་ལོའི་སྒྲུབ་ཐབས་རིན་པོ་ཆེ་པདྨ་རཱ་གའི་གཏེར་ཞེས་བྱ་བ་མཁས་པ་ཛེ་ཡ་སེ་ནའི་གསུང་དཔལ་དར་མ་ཡོན་ཏན་གྱིས་བསྒྱུར་བ་རྫོགས་སོ།། །།དཔལ་རྡོ་རྗེ་མཁའ་འགྲོ་དཔལ་བོ་ཆེན་པོ་དཔའ་བོའི་དབང་ཕྱུག་།ས་གསུམ་བསྐྱོད ་ཅིང་གཡོ་བར་མཛད་དུ་འཇུག་པ་པོ། །མཆེ་བ་གཙིགས་པ་འཇིགས་སུ་རུང་བ་འཇིགས་པར་མཛད་པ། སྤྱན་སྟོང་ཕྲག་མངའ་ག་གློག་གི་ལྗགས་ཅན། ཀེང་རུས་ཀྱི་ཕྲེང་བས་བརྒྱན་པའི་སྐུ་ཅན། ཕྱག་བྱེ་བ་འབུམ་མངའ་བ། འབར་བས་ཀུན་ནས་བསྐོར་བས ་རེག་པ། དགྲ་སྟ་དང་ཞགས་པ་དང་དཔལ་ཅན་འཕྱར་བ། བསྐལ་པའི་མཛའ་ཨི་དུ་བ་དྲག་པོའི་སྐུ་ཅན། རྣམ་པར་གཙིགས་པའི་ཞལ་ཧ་ཧ་སྒྲོགས་པ། མ་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་བའི་སྔགས་ཅན། ལྷན་ཅིག་སྐྱེས་མའི་མཛེས་མ་དང་བཅུག་པར ་མཛད་པ། ཧཱུཾ་ཧཱུཾ་ཞེས་སྒྲོགས་པའི་ཞལ་ཅན། དུར་ཁྲོད་ཆེན་པོ་ལ་དགྱེས་པ། འབྱུང་པོ་ཐམས་ཅད་ཀུན་ཏུ་སྐྲག་པར་མཛད་པ། བསྐལ་པའི་མཛའ་མའི་མེའི་གཟི་བརྗིད་ཅན། རལ་པའི་ཚོགས་ཀྱི་ཅོད་པན་ཅན། ཁྲི་རྐང་དང་ཐོད་པ་དང་གསལ་ཤིང་གིས་ཕུག་པ་འཛིན་པ། རྒྱ་མཚོ་ཆེན་པོའི ་སྐེ་རགས་ཅན། སྟག་གི་པགས་པའི་ན་བཟའ་འཆང་བ། རོ་ལངས་ཀྱི་ཚོགས་འཇོམས་པར་མཛད་པ། བགེགས་ཆེན་པོ་ལས་སྐྱོབ་པ་པོ། དགྲ་ལ་ངེས་པར་གནོད་པ་མཛད་པ། སྟོང་གསུམ་གྱི་སྟོང་ཆེན་པོ་བ་སྤུ་འཁྱིལ་བ་གཅིག་གི་ནང་དུ་གནས་པ་པོ། ཞལ་བརྒྱ་ཕྲག་སྟོང ་མངའ་བ། ཡེ་ཤེས་ཀྱི་རྒྱ་མཚོའི་ཞལ་ཅན། ཤ་ཆེན་པོ་དང་ཁྲག་དང་ཞག་གསོལ་བ་པོ། བདུད་ཐམས་ཅད་ཀྱི་སྟོབས་འཇེམས་པ་པོ། འབྱིན་པ་དང་སྡུད་པ་མཛད་པ་པོ། ཀླུ་ཐམས་ཅད་ཀྱི་སྐེམས་པ་དང། རེངས་པ་དང། རྣམ་པར་འཇུ་བུར་མཛད་པ། རྒྱུ་མའི་ཕྲེང ་བ་འཛིན་པ། རི་རབ་གཡོ་བར་བྱེད་པའི་སྒྲ་ཅན་དང། ཁྲོ་བོའི་སྐུ་འཛིན་པ། གོ་སྐབས་ཆེན་པོའི་ཐིག་ལེའི་བདག་ཉིད་ཅན། སངས་རྒྱས་བྱེ་བ་སྟོད་སྐད་ཅིག་གིས་རྫོགས་པར་མཛད་པ། ཡེ་ཤེས་ཀྱི་བདུད་རྩིའི་ཆར་འབེབས་པ། ལས་ཐད་རབ་ཏུ་འཇུག་པར་མཛོད? ་པ། འཆིང་བར་བྱེད་པ། རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་མཛད་པ། མགོ་སོ?་འཁྲིགས་ངས?་རེག་པའི་སྐུ་ཅན། གཞན་གྱིས་བྱས་པའི་འཁྲུལ་འཁོར་དང། སྔགས་འཇོམས་པ་པོ། བསྲུང་བ་ཆེན་པོ་བྱེད་པ། སྡང་བ་རྣམས་ཀྱི་རྣམ་པར་འཇོམས་པ་པོ། ཆོས ་འབྱུང་བར་མཛེད་པ། ཁྲོ་བོ་སྔོ་ཞིང་སྤྲོ་བར་བྱེད་དུ་འཇུག་པ། དབང་པོའི་དྲ་བ་སེམས་ཅན་ཐམས་ཅད་ཀྱི་བདག་ཉིད་ཅན། འཐབ་པ་དང། རྩོད་པ་དང། རབ་ཏུ་རྩོད་པའི་བློ་གྲོས་ཆེན་པོ་ལ་ཕྱག་འཚལ་ལོ། །རྐང་པ་བཞི་བཅུ་རྩ་བརྒྱད་པའི་བསྟོད་པའོ།། །།ཤྲཱི་ཛ་ཡ་སེ་ན་དང། ་དཔལ་དར་མ་ཡོན་ཏན་གྱིས་བསྒྱུར་རོ། །དགེ་བ་འདི་ཡིས་ཉེ་བར་མཚོན་ནས་ནི། །སེམས་ཅན་རྣམས་ཀྱི་དུས་གསུམ་བསགས་པ་ཡི། །བྲག་བཅས་ཟག་མེད་ཟུང་འཇུག་དགེ་བ་རྣམས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བགྱི། །འགྲོ་ཀུན་ཐམས་ཅད་མཁྱེན་པ་ཐོབ་པར་ཤོག།། ་