CLOSE WINDOW

N1021: dpal sdom pa 'byung ba'i sgrub thabs
Wyliee-texts based on the ACIP/ALL Input

དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས་བཞུགས།། །། *། །རྒྱ་གར་སྐད་དུ། ཤྲཱི་སཾ་བ་རོ་དཱ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། དཔལ་སྡོམ་པ་འབྱུང་བའི་སྒྲུབ་ཐབས། དཔལ་སྡོམ་པ་ལ་ཕྱག་འཚལ་ལོ། །དག་ཞི་མཁའ་མཉམ ་ཁྱབ་པའོ། །རྟོགས་དཀའ་རྣལ་འབྱོར་པ་སྤྱོད་ཡུལ། །མི་མཉམ་གཉིས་མེད་རྒྱུ་མེད་པ། །ཁྱེད་རྣམས་ལ་བསྲུངས་དཔལ་སྡོམ་འབྱུང། །སྡོམ་པ་འབྱུང་རྒྱུད་གསུངས་པ་ཡིས། །སྒྲུབ་ཐབས་རིམ་པ་ཡང་དག་བསྡུས། །བསྒོམ་པས་གཏི་མུག ་འཚེ་བ་ལས། །མི་རྣམས་གྲོལ་བའི་ཕྱིར་བྱའོ། །འདིར་ཐོག་མར་རེ་ཞིག་བསྒོམ་པའི་དབང་དུ་བྱས་ཏེ། ཁ་ལྷོར་བལྟས་ལ་མགོ་སྐྱེས་གྲོལ་བས་གཏོར་མ་བྱིན་ཞིང་དམ་ཚིག་བསྟེན་པ། །སེམས་ཅན་གྱི་ཕུང་པོ་མཛའ་དག་བདེ་མཆོག་གི་སྐུ ་ཐོབ་པར་བྱ་བའི་ཕྱིར། བདག་དཔལ་བདེ་མཆོག་གོ་།ཞེས་སྐད་ཅིག་ལ་སྒོམ་པ་ཉིད་ཀྱིས་ཐ་མལ་པའི་ང་རྒྱལ་སྤངས་པར་གྱུར་ལ། བདེ་མཆོག་ཕྱག་གཉིས་པ་ཤེས་རབ་དང་བཅས་པའི་རྣལ་འབྱོར་དང་ལྡན་པའི་སྔགས་པ། ཨོཾ་ཨ་ཡིག ་ལ་སོགས་པཀྵ་ཡིག་གི་མཐར་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བ་ལན་གསུམ་བརྗོད་ཅིང་ཡི་གེའི་ཕྲེང་བ་གཡོན་བསྐོར་གྱིས་གནས་པ་འོད་ཟེར་ལྔ་འཕྲོ་བའི་ལྷ་ཚོགས་བགེགས་ཀྱི་ཚོགས་འཇོམས་པ་རྣམ་པར་བསྒོམས་ནས་གཟུགས་ཀྱི་ཕུང་པོ་ལ་སོགས ་པ་རྣམས་ཀྱི་རྣམ་པར་དག་པ་རྣམ་པར་སྣང་མཛད་ལ་སོགས་པ་ལྷག་པར་མོས་ཏེ། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྣཱ་པ་ཡ་གྲིཧྣཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན?་བིདྱ་རཱ་ཛ་ཧུཾ་ཧུཾ་ཕཊ། སྔགས་བཞི ་རྗེས་སུ་བརྗོད་ཅིང། ནག་པོ་དང་ལྗང་གུ་དང་དམར་པོ་དང་སེར་པོ་དང་ཚངས་པའི་སྒོ་ང་དང་ས་འོག་གི་བར་དུ་ཁྱབ་པར་འབར་བའི་སྐུ་ཆེན་པོ་རྣམས་ཤར་དང་བྱང་དང་ནུབ་དང་ལྷོའི་ཕྱོགས་རྣམས་སུ་རིམ་པས་བཞག་པར་བྱའོ། །དེའི་འདི་ཟེར་རྣམས ་གྱིས་དེའི་ཁ་དོག་གི་རབ་བཞི་པོ་རྣམས་དང། །དེ་དང་དུས་མཉམ་པ་ཁོ་ནར་ཧཱུཾ་ལས་སྐྱེས་ཤིང་དེས་བྱིན་གྱིས་བརླབས་པའི་སྣ་ཚོགས་རྡོ་རྗེའི་རང་བཞིན་གྱིས་གཞི་ས་འོག་གི་མཐར་ཐུག་པ་རྣམས་སོ། །རྡོ་རྗེའི་འོད་ཟེར་རྣམས་ཀྱིས་རྡོ་རྗེ་རྩེ ་ལྔ་པའི་ར་བ་དང་སྟེང་དུ་མ་དའི་དྲ་བའོ། །དེའི་འོག་ཏུ་རྡོ་རྗེའི་གུར་རོ། །དེའི་འོག་ཏུ་རྡོ་རྗེའི་བླ་རེ་ཡང་བསམ་པར་བྱའོ། །དེ་ནས་སུམྦྷ་ལ་སོགས་པའི་སྔགས་བཞི་པོ་བརྗོད་ཅིང་ཕྱོགས་རྣམས་སུ་སེ་གོལ་བརྡབས་པས་གདུག་པ་བདུན་རྣམS ་བསྒྲད་དེ་རྣམས་ཐམས་ཅད་དུ་འགྲོ་པ་བགེགས་དང་བྲལ་བར་ལྷག་པར་མོས་པར་བྱའོ། །དེ་ནས་རང་གི་སྙིང་གར་ཨོཾ་ལས་སྐྱེས་པའི་ཟླ་བ་ལ་གནས་པའི་ཧཱུཾ་ཡི་གེ་སྔོན་པོ་བལྟ་ཞིང། དེ་ལས་འཕྲོས་པའི་ཕྱོགས་བཅུ་ཁྱབ་པར་ཡོངས་སུ ་འཕྲོ་བའི་འོད་ཟེར་གྱི་ལྕགས་ཀྱུ་རྣམས་ཀྱིས་མདུན་གྱི་ནམ་མཁར་ཡང་དག་པར་བཀུག་སྟེ། འཆད་པར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་ལ། རང་གི་སྙིང་གའི་ས་བོན་ལས་འཐོན?་པའི ་མེ་ཏོག་མ་དང། བདུག་པ་མ་དང། མར་མེ་མ་དང། དྲི་མ་དང། པི་ཝང་མ་དང། གླིང་བུ་མ་དང། རྔ་ཟླུམ་མ་དང། རྫ་རྔ་མ་དང། བཞད་མ་དང། སྒེག་མ་དང། གླུ་མ་དང། གར་མ་དང་མེ་ལོང་མ་དང། རོ་མ་དང། ་རེག་བྱ་མ་དང། ཚེས?་མ་རྣམས་ཏེ། ལྷ་མོ་བཅུ་དྲུག་པོ་རྣམས་ཀྱིས་མཆོད་པར་བྱའོ། །དེའི་རྗེས་ལ་རྐང་པ་བརྒྱད་པའི་སྔགས་རྣམས་ཀྱིས་བསྟོད་དེ། སྡིག་པ་བཤགས་པ་ལ་སོགས་པ་ཇི་སྲིད་བཏང་སྙོམས་ཀྱི་བར་རྣམས ་བསྒྲུབས་ནས། ཨོཾ་སྭ་བྷ་བ་ཤུདྡྷ(རྒྱུད་འགྲེལ་ལ་རིམ་པས་ནཱ་དའི་མཐར་བསྒོམས་ལ་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བ་ཨཱཏྨ་ཀོ་ཧཾ། ཞེས་པ་འདིའི་དོན་ནང་དུ་བརྗོད་པས་གསལ་བར་བྱ་ཞིང་ནཱ་ད་ཙམ་གྱིས་རྣམ་པར་རྟོག་པ་ཡང་ཡོངས་སུ་དོར་པར་བྱའོ། །སྔོན་གྱི་སྨོན་ལམ་ལ ་སོགས་པའི་མཐུས་རང་རང་གི་ས་བོན་ལྷག་པར་གནས་པའི་རང་གི་སེམས་ནཱ་དའི་གཟུགས་ཀྱིS་ནམ་མཁར་བཞག་སྟེ། ཡཾ་ལས་སྐྱེས་པའི་རླུང་སྔོན་པོ་གཞུ་ལྟ་བུ་རྒྱལ་མཚན་དང་བཅས་པའོ། །རཾ་ལས་སྐྱེས་པའི་མེ་དམར་པོ ་ཟུར་གསུམ་དུ་མེ་ལྕེ་བདུན་པ་དང་བཅས་པའོ། །བཾ་ལས་སྐྱེས་པའི་ཆུ་དཀར་པོ་ཟླུམ་པོ་བུམ་པ་དང་བཅས་སོ། །ལཾ་ལས་སྐྱེས་པའི་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་ཟུར་དུ་རྡོ་རྗེ་ཕྱེད་པ་དང་བཅས་པའི་སྟེང་དུ་སུམ་ལས ་བྱུང་བའི་རི་རབ་རིན་པོ་ཆེ་སྣ་ཚོགས་པའི་རང་བཞིན་གྱི་སྟེང་དུ་པཾ་ལས་སྐྱེས་པའི་སྣ་ཚོགས་ཆུ་སྐྱེས་ཀྱི་ཟེ་འབྲུར་གནས་བའི་ཧཱུཾ་ལ?་སྐྱེས་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་གཡོན་དང་ཅིག་ཤོས་སུ་བསྐོར་བའི་ཨཱ་ལི་ཀཱ་ལི་ཉིས་འགྱུར་ལས ་སྐྱེས་པའི་གཟུགས་བརྙན་ལྟ་བུའི་ཟླ་བའི་དཀྱིལ་འཁོར་ཅིག་ལ་སྔར་བཞག་པའི་ནཱ་ད་ལས་རིམ་གྱིས་རྫོགས་པའི་འོད་ཟེར་སྤྲོ་བ་དང། བསྡུ་བས་ལྷའི་འཁོར་ལོ་རྡོ་རྗེ་སེམས་དཔའ་རིང་བཞིན་ཧཱུཾ་ཡིག་རྣམ་པར་བསྒོམས་པར་བྱའོ། །ཟླ ་བ་དང་ས་བོན་དེ་ཡོངས་སུ་གྱུར་པ་ལས། དུར་ཁྲོད་བརྒྱད་དང་གཞལ་ཡས་ཁང་དང་དཀྱིལ་འཁོར་གྱི་ལྷ་རྣམས་དང་ལྷན་ཅིག་པའི་བཅོམ་ལྡན་འདས་གཡས་བརྐྱང་བའི་ཞབས་གཉིས་ཀྱིས་སྣ་ཚོགས་ཆུ་སྐྱེས་དང་ཉི་མ་དང་འཇིགས ་བྱེད་དང་དུས་མཚན་མོ་རྣམས་མནན་པ། རྩ་བ་དང་གཡས་པ་དང་ཅིག་ཤོས་ཀྱི་ཞལ་ནག་པོ་དང་དཀར་པོ་དང་དམར་པོ་དང། ཞལ་སོ་སོ་ལ་སྤྱན་གསུམ་པ། སྟག་གི་པགས་པའི་ཤམས་ཐབས་ཅན། ཕྱག་དྲུག་པ་རྡོ་རྗེ་དྲིལ་བུ་དང ་བཅས་པའི་ཕྱག་ཟུང་གིས་རྡོ་རྗེ་རྣམ་སྣང་མཛད་མ་ལ་འཁྱུད་ལ།?་གཉིས་པོ་ཕྱག་དག་གིས་གླང་པོ་ཆེའི་པགས་པ་དཀར་པོ་ཁྲག་དང་བཅས་པ་རྒྱབ་ཏུ་བརྒྱངས་ནས་འཛིན་པ། གསུམ་པའི་ཕྱག་གཡས་པ་དང་གཡོན་པ་དག་གིས་ཌ་མ་རུ ་དང་ཁ་ཊཝཱི་ག་དང་ཐོད་པ་ཡང་འཛིན་པའོ། །མི་མགོ་རློན་བ་དང་བཅས་པ་ལྔ་བཅུའི་ཕྲེད་བ་མགུལ་པ་ལ་འཕྱང་བ། མགུལ་རྒྱན་དང་རྣ་རྒྱན་དང་ལག་གདུབ་དང། སྤྱི་བོ་ལ་འཁོར་ལོ་དང། སྐ་རགས་དང། མེའི་རུས་པའི་རང་བཞིན་གྱི ་ཐལ་པ་སྟེ། ཕྱག་རྒྱ་དྲུག་དང། མིའི་རྒྱུས་པའི་མཆོད་ཕྱིར་ཐོགས་པ་དབྲལ་བའི་སྟེང་དུ་ཐོད་པ་ལྔའི་ཕྲེད་བས་བརྒྱན་པ། ནོར་བུའི་གཡོན་ཕྱོགས་སུ་ཟླ་བ་ཆོས་པ་དང། རལ་པའི་ཅོད་པན་སྣ་ཚོགས་རྡོ་རྗེས་མནན་པ། རྣམ་པར་འགྱུར་བའི ་ཞལ་ཅུང་ཟད་བྱེ་ཞིང་མཆེ་བ་གཙིགས་པ། སྒེག་པ་དང། དཔའ་བ་དང། མི་སྡུག་པ་དང། དྲག་པོ་དང། བཞད་པ་དང། འཇིགས་སུ་རུང་པ་དང། སྙིང་རྗེ་དང། ངོ་མཚར་དང། ཞི་བ་དང། གར་གྱི་ཉམS ་དགུ་དང་ལྡན་པར་བདག་ཉིད་བསྒོམ་པར་བྱའོ། །བཅོམ་ལྡན་འདས་མ་རྣམ་པར་སྣང་མཛད་མ་ནི་དམར་མོ་སྤྱན་གསུམ་མ་ཞལ་གཅིག་མ། སྐྲ་སིལ་བུ་གྲོལ་བ། གཅེར་བུ་ཐོད་པའི་དུམ་བུའི་ཕྲེང་པས་བརྒྱན་པ། ཕྱག་གཡོན་པ ་ཐོད་པ་གཡོན་པར་འཛིན་པས་འཁྱུད་པ། ཟླ་མཚན་དང་ལྡན་བས་གཙོ་བོ་ལ་སྟོབ་པ། གཡས་སྡིག་མཛུབ་དང་བཅས་པའི་རྡོ་རྗེ་སྟེང་དུ་བརྐྱང་བས་བདུག་པ་རྣམས་ལ་ཀུན་ཏུ་བསྡིགས་པ། ཁྲག་དང་བྲལ་བ་ཉིད་ཀྱིས་མི་མགོ་སྐམ་པོའི ་ཕྲེང་བ་ཅན་ཉི་མའི་དཀྱིལ་འཁོར་འོད་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། དགའ་བའི་སྤུ་ལོང་དང་ལྡན་པ་བྱིན་པ་གཉིས་ལ་དཀྲིས་ཏེ་བཅུག་པས་འཁྱུད་ནས་བཞུགས་པའོ། །དེ་ནས་ཕྱོགས་ཀྱི་མདབ་མ་རྣམས་ལ་མཁའ་འགྲོ་མ་དང། ་ལྔ་མ་དང། ཁཎྜ་རོ་ཧ་དང། རཱུ་པི་ཎི་རྣམས། ནག་མོ་དང། ལྗང་གུ་དང། དམར་པོ་དང། སེན་མོའི་མདོག་ཅན་སྤྱན་གསུམ་ཞལ་གཅིག་མ་སྐྲ་གྲོལ་པ་ཕྱག་གཉིས་མ་གཡོན་པས་ཁ་ཊཝཱཾ་ག་དང་ཐོད་པ། གཡས་པས་རྡོ ་རྗེ་གྲི་གུག་འཛིན་པ་གཅེར་བུ་གཡས་བརྐྱང་བས་གནས་པ་རྣམས་སོ། །ཕྱོགས་བྲལ་གྱི་འདབ་མ་རྣམས་ལ་བདུད་རྩི་ལྔས་གང་བའི་པདྨའི་སྣོད་རྣམས་སོ། །སྒོ་རྣམས་སུ་ཁྭ་གདོང་མ་དང། འུག་གདོང་མ་དང། ཁྱི་གདོང་མ་དང ་ཕག་གདོང་མ་དང་རྣམས་མཁའ་འགྲོ་མ་ལ་སོགས་པ་བཞི་ཏེ། ཞལ་གཞན་མིང་གི་རྗེས་སུ་འགྲོ་བ་རྣམས་སོ། །ཟུར་རྣམས་སུ་ཡ་མ་དཱ་དྷཱི་དང། ཡ་མ་དྷུ་ཏཱི་དང། ཡ་མ་དྷིཥྚ?་དང། ཡ་མ་མཱ་ཐཱ་ནཱི་རྣམས་མིའི་ཞལ་ཅན་ཏེ། ཕྱེད ་གཟུགས་མའོ། །བརྒྱད་པོ་འདི་རྣམས་ནི་རོའི་གདན་ལའོ། །མཁའ་འགྲོ་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ཀྱང་མི་མགོ་བརྒྱུས་པའི་ཕྲེང་བ་མགུལ་ཕན་འཕྱང?་བ། དཔྲལ་བ་རྡོ་རྗེ་ཕྲེང་བས་མཚན་པ། ཕྱག་རྒྱ་ལྔ་དང་ལྡན་པ། སྐྱེ ་རགས་ལ་སྒྲ་དང་བཅས་པའི་དྲིལ་བུ་ཆུང་གིས་རྣམ་པར་བརྒྱན་པ་།དཔྲལ་བ་དང་མགྲིན་པ་དང་སྙིང་ག་རྣམས་སུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་པའི་བཅོམ་ལྡན་འདས་ཀྱིས་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུཾ་ཡིག་སྔོན་པོ ་ཏིང་ངེ་འཛིན་སེམས་དཔའ་འོ། །དེའི་ཐུགས་ཀར་ཐིག་ལེ་ནཱ་ད་དང་བཅས་པ་བདེ་བ་ཆེན་པོའི་བདུད་རྩིའི་རང་བཞིན་བསམས་པར་བྱའོ། །ོཾ་ཨཱ་ཧཱུཾ་ཨོཾ་སརྦ་བཱི་ར་ཡོ་གི་ནཱི་ནཱཾ་ཀཱ་ཡ་བཱ་ཀཱ་ཡ་བཱཀྩིཏྟ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། ཨོཾ་བཛྲ་ཤུདྡྷ:སརྦ ་དྷརྨཱ་བཛྲ་ཤུདྡྷོ་ཧཾ། ཞེས་བརྗོད་པར་བྱའོ། །དེའི་རྗེས་ལ་ཨོཾ?་ཧ་ན་མ་ཧི་སྭཱཧཱ་ཧུ། བཽ་ཥཊ་ཧེ། ཧཱུཾ་ཧཱུཾ་ཧོ་ཕཊ་ཧཾ་ཞེས་པ་འདིས། དེ་བཞིན་གཤེགས་པ་དྲུག་གི་སྙིང་པོ་དང། སྤྱི་པོ་དང། སྤྱི་གཙུག་དང། ཕྲག་པ་གཉིས་དང། མིག ་གཉིས་དང། ཡན་ལག་ཐམས་ཅད་ལ་བསྲུང་བར་བྱའོ། །ོཾ་བཾ་ཧཾ་ཡཾ་ཧྲི་མོཾ། ཧྲེ་ཧྲི་ཧཱུཾ་ཧཱུཾ་ཕཊ་ཕཊ། ཅེས་པ་འདིས་དཔའ་མོ་དྲུག་གི་སྙིང་བོས་ལྟེ་བ་དང། སྙིང་ཀ་དང། ཁ་དང་སྤྱི་བོ་དང། སྤྱི་གཙུག་དང། ཡན་ལག་རྣམས་ཐམས ་ཅད་ལ་ཡང་གོ་ཆ་བྱའོ། །དེའི་རྗེས་ལ་རྡོ་རྗེ་དང་པདྨ་རྣམ་པར་སྦྱངས་ཏེ། ལྷ་མོའི་སྙིང་པོ་དང་ཉེ་བའི་སྙིང་པོའི་སྔགས་དག་གིས་ལྟེ་བ་དང། སྙིང་ག་དང། རང་གི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས་མགྲིན་པ་དང་དཔྲལ་བར་ཡང ་བཅོམ་ལྡན་འདས་དང་བཅོམ་ལྡན་འདས་མ་དང། བཅོམ་ལྡན་འདས་ཀྱི་སྙིང་པོ་དང་ཉེ་བའི་སྙིང་པོ་དག་གིས། མགྲིན་པ་དང་དཔྲལ་བ་དག་དུའོ་བྱས་ཏེ། ཡི་གེ་གསུམ་གྱིས་དགའ་བ་བརྩམ་པར་བྱའོ། །དེ་ནས་རང་གི་སྙིང ་གའི་ས་བོན་གྱི་འོད་ཟེར་དང་འབར་བའི་ཕྱག་རྒྱ་དང། ཕེཾ་ཡིག་གིས་ཀྱང་ཡེ་ཤེས་ཀྱི་འཁོར་ལོ་བཀུག་སྟེ། ལྷ་མོ་བཅུ་དྲུག་པོ་རྣམས་ཀྱིས་མཆོད་ནས་ཇི་ལྟར་རིག་པར་བདག་ཉིད་ཀྱི་ལྷ ་རྣམས་ལ་རབ་ཏུ་བཅུག་ལ་ཨོཾ་ཡོ་ག་ཤུདྡྷ:སརྦ་དྷརྨཱ་ཡོ་ག་ཤུདྡྷོ:ཧཾ། ཞེས་བརྗོད་ཅིང་པད་སྐོར་དང་འཁྱུད་པའི་སྟངས་ཀ་ཡང་བྱའོ། །ོཾ་ཨཱ:ཧཱུཾ་ཞེས་པ་ལ་སོགས་པའི་སྔགས་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ།། ་དེ་ནས་ཡེ་ཤེས་ཀྱི་འཁོར་ལོས་ལྷན་ཅིག་བྱོན་པའི་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་ཐོད་པ་དང་ཌ་མ་རུ་འཛིན་པ་རྣམས་དང། སྙིང་གའི་ས་བོན་ལས་སྤྲོས་པའི་གླིང་བུ་ལ་སོགས་པའི་མཆོད་པའི་ལྷ་མོ ་རྣམས་ཀྱིས་ཇི་ལྟར་བལྟམས་པ་ཙམ་ཉིད་ནི། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །ཞེས་བརྗོད་ཅིང་ཕྱག་གཡོན་པ་ན་ཡེ་ཤེས་ཀྱི་བདུད་རྩིས་གང ་བའི་ཐོད་པ་ཅུང་ཟད་ཡོ་བ་འཛིན་པ་རྣམས་ཀྱི་བདག་ལ་དབང་བསྐུར་ཏེ་བདེ་བ་ཆེན་པོའི་རང་བཞིན་དུ་རྣམ་པར་བསྒོམ་པར་བྱའོ། །ཆུའི་ལྷག་མ་ལས་གྲུབ་པའི་དེ་བཞིན་གཤེགས་པ་རྣམས་རང་དང་ལྷ་རྣམས་ཀྱི་སྤྱི་བོར་ཡང ་ངོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ་ཅེས་པ་བརྗོད་པར་བྱའོ། །དེ་ལ་བཅོམ་ལྡན་འདས་ཀྱི་སྣ་ཚོགས་རྡོ་རྗེར་གནས་པའི་མི་བསྐྱོད་པའོ། །བཅོམ་ལྡན་འདས་མའི་རྣམ་པར་སྣང་མཛད་དོ། །མཁའ་ ་འགྲོ་མ་ལ་སོགས་པ་རྣམས་ཀྱི་རིན་ཆེན་དབང་པོའོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་དོན་ཡོད་གྲུབ་པའོ། །དེ་ནས་རང་གི་སྙིང་གའི་ས་བོན་ལས་སྤྲོས་པའི་ལྷ་མོ་རྣམས་ཀྱི་དམ་ཚིག་ལ་སོགས་པ་རྣམས་ཀྱིས་དཀྱིལ ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་གཙོ་བོ་ལ་མཆོད་པ་བྱས་ནས། རོ་མར་བརྗོད་པས་དྲང་ཞིང་བདུད་རྩི་མྱངས་ཏེ། རྐང་པ་བརྒྱད་པའི་སྔགས་རྣམས་དང། སྤྲོས་པའི་ལྷ་མོ་རྣམས་ཀྱིས་བཅོམ་ལྡན་འདས་དང། བཅོམ་ལྡན ་འདས་མ་ལ་བསྟོད་པར་བྱའོ། །གསུངས་པ་འདི་ཐམས་ཅད་ཁམས་གསུམ་མཛའ་དག་ཀྱང་སྟོང་པ་ཉིད་དང་སྙིང་རྗེ་རོ་གཅིག་པ་ཉིད་རབ་ཏུ་རྟོགས་པའི་ཆེད་དུ་རབ་ཏུ་ཞུགས་ཏེ། དབུགས་ཀྱི་འོད་ཟེར་གྱིས་ཡང་དག་པར་བཀུག་པའི ་འགྲོ་བ་དུར་ཁྲོད་དང་ཁྭ་གདོང་མ་ལ་སོགས་པ་དང། བདེ་བ་ཆེན་པོའི་འཁོར་ལོའི་མཁའ་འགྲོ་མ་ལ་སོགས་པ་དང། བཅོམ་ལྡན་འདས་མ་དང། བཅོམ་ལྡན་འདས་དང། ཉི་མ་དང། ཧཱུཾ་དང། ཨའུ་དང། ཧ་དང་མགོ་དང། ཟླ་བ ་ཕྱེད་པ་དང། ཐིག་ལེ་དང། ནཱ་ད་རྣམས་མེ་ལོང་ལ་དབུགས་ཀྱི་རླངས་པ་ཕོག་པ་ལྟ་བུའི་དབྱེ་བའི་རིམ་པས་འོད་གསལ་ལ་རབ་ཏུ་གཞུག་པར་བྱའོ། །དེ་ནས་སྐད་ཅིག་ལ་ལངས་ཏེ། དོན་དམ་པ་སྟོང་པ་ཉིད་དང། སྙིང་རྗེ་གཉིས ་མེད་པའི་རང་བཞིན་ལྷའི་འཁོར་ལོར་མཛའ་དག་ཀྱང་བལྟ་བར་བྱའོ། །དེ་ནས་སྐྱོ་ན་སྔགས་བཟླས་པར་བྱ་སྟེ། ལྟེ་བའི་པདྨ་དང་ཟླ་བར་ནཱ་ད་དཀར་དམར་ལ་ལྷའི་འཁོར་ལོ་རྣམས་དང་ལྷན་ཅིག་པའི་རླུང་གིས་འཇུག་པ་དང། གནས ་པ་དང། ལྡང་བ་རྣམས་ཀྱིས། ཨོཾ་ཨཱ:ཧཱུཾ་ཞེས་པ་ནང་དུ་བཟླས་བརྗོད་པ་ནི་རྡོ་རྗེའི་བཟླས་པའོ། །དེ་ཁོ་ན་ལྟར་དེ་ཉིད་ལས་ནཱ་ད་ལས་བརྗོད་ཅིང་ལྷའི་ཚོགས་སྤྲོ་བ་དང་བསྡུ་བ་སྔོན་དུ་འགྲོ་བའི་སྙིང་པོ་དང་ཉེ་བའི་སྙིང་པོའི ་སྔགས་བཟླས་པར་བྱ་སྟེ། ལྷ་སོ་སོ་རེ་རེའི་སྔགས་བརྗོད་པ་ན་ཡོངས་སུ་རྫོགས་པ་ན་སོ་སོར་སྤྲོ་བ་དང་བསྡུ་བའོ་ཞེས་པ་དམ་ཚིག་གི་བཟླས་པ་གོམས་པར་བྱའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རྣམ་པར་མོས་ནས ་སྔགས་ཀྱི་ཕྲེང་བ་རང་གི་ཞལ་དུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་པདྨར་སོང་ནས་ཨ་བ་དྷཱུ?་ཏིའི་ལམ་ནས་ལངས་ཏེ་བཅོམ་ལྡན་འདས་མའི་ཞལ་ནས་འཐོན་ཏེ། རང་གི་ཞལ་གྱི་སྒོ་ནས་རབ་ཏུ་ཞུགS ་པ་དེ་ཁོ་ན་ལྟར་འཁོར་བ་བསྒོམ་ཞིང་ཕྲེང་བའི་སྔགས་བཟླས་པར་བྱའོ། །དེ་ལ་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་ར་སྭཱཧཱ་སྙིང་པོའོ། །ོཾ་ཧྲཱི:ཧཾ་ཧཾ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོ་སྟེ་བཅོམ་ལྡན་འདས་ཀྱིའོ།། ་བཅོམ་ལྡན་འདས་མའི་ནི། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ་སྙིང་པོའོ། །ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །བཅོམ་ལྡན་འདས་མའི་ཕྲེང་བའི་སྔགས་གཞན་ཧཱུཾ་དུ་བཟུང་བར་བྱའོ། །ོཾ་ཌཱ ་ཀི་ནཱི་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རུ་པི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལཱུ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭ་ནཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤཱུ་ཀ་རཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱ་ཌཧཱི་ཧུཾ་ཧཱུཾ་ཕཊ། ཨོཾ ་ཡ་མ་དཱུ་ཏཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚ?་ཎཱི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐཱ་ནཱཾ་ཡེ་ཧཱུཾ་ཧཱུཾ་ཕཊ། དཔའ་མོའི་སྔགས་རྣམས་སོ། །དེ་ནས་མདུན་དུ་ཡཾ་ལས་སྐྱེས་པའི་རླུང་གི་སྟེང་དུ་རཾ་ལས་སྐྱེས་པའི་མེ་ལ་མི་མགོ་གསུམ་གྱི་སྐྱེད?་བུ ་ལ་གནས་པའི་ཨ་ཡིག་དཀར་པོ་ལས་སྐྱེས་པའི་པདྨའི་སྣོད་དོ། །དེའི་དབུས་སུ་ཟན་ལ་སོགས་ཨོཾ་ཨཱ(རྒྱུད་འགྲེལ་གཡོས་པས་མེ་སྦར་ཏེ་བསྲོས་པས་ས་བོན་ལ་སོགས་པ་ཞུ་ནས། ཉི་མ་འཆར་ཀའི་མདོག་དང་ཁུ་བའི་གཟུགས་སུ་བལྟ་བར་བྱའོ། །དེའི་སྟེང་དུ་དངུལ་ཆུ་ལྟ་བུའི་ཧཱུཾ་ཡིག་ལས་བྱུང་བའི་ཁ་ཊཝཱཾ་ག་བདུད་རྩིའི་རང་བཞིན་འོག ་ཏུ་ཁ་བལྟས་པ་སྣོད་དུ་ཞུ་བ་རྣམ་པར་བལྟ་ཞིང་རོ་མཉམ་དུ་གྱུར་པ་བསྒོམ་པར་བྱའོ། །ཱ་ལི་ཀཱ་ལི་ལས་སྐྱེས་པའི་ཨོཾ་ཨཱ་:ཧཱུཾ་གི་ཡི་གེ་སྟེང་ནས་སྟེང་དུ་གནས་པ་རྣམས་རྣམ་པར་བསྒོམ་སྟེ། དེ་རྣམས་ལས་དཀྱིལ་འཁོར་གྱི ་འཁོར་ལོའི་རྣམས་སྤྲོས་ཏེ། འགྲོ་བའི་དོན་བྱས་ནས་སྙོམས་པར་འཇུག་པ་སྔོན་དུ་འགྲོ་བས་ཞུ་བར་གྱུར་པ་ཇི་ལྟ་བ་དེ་རྣམས་དང་ཡི་གེ་གསུམ་པོ་རྣམས་ལ་བཅུག་ལ་དེ་རྣམས་ཀྱང་རིམ་གྱིས་བདུད་རྩིར་ཞུ་བར་བལྟས་ཏེ། དེ་རྣམས ་ཉིད་ཀྱིས་དེ་སྲིད་འདོད་པ་བྱོན?་གྱིས་བརླབ་པར་བྱའོ། །དེའི་རྗེས་ལ་རྐང་པ་གཡོན་པས་རྐང་པ་གཡས་པ་མནན་ཏེ། གཡོན་པ་གཏོར་མའི་སྟེང་དུ་བལྟ་ཞིང་ལག་པ་དག་གི་ཁ་འོག་ཏུ་བྱས་ཏེ། མཐེ་ངོང?་གི་རྩེ་མོ་ཕན་ཚུན ་སྤྲད་པའི་སྟེང་དུ་མཛུབ་མོ་གཉིས་ཀྱི་རྩེ་མོར་ལྕགས་སྒྲོག་བཅིངས་ལ་གུང་མོ་ལ་རྩེ་མོར་བྱས་ནས་མིང་མེད་དང་མཐེའུ་ཆུང་བརྐྱང་བ་དཕྲལ་བའི་སྟེང་དུ་གཡོན་དང་ཅིག་ཤོས་སུ་བསྐོར་བ་དག་གིས་བསྐོར་བར་བྱའོ། །ཞེས་པ་འདད? ་པའི་ཕྱག་རྒྱའོ། །དེ་ནས་ཕེཾ་ཡིག་གིས་ཕྱོགས་བཅུ་ན་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་རྣམས་སྤྱན་དྲངས་པར་བལྟས་ཏེ། ལྷ་དེ་རྣམས་གཡོན་དང་ཅིག་ཤོས་ཀྱི་ཕྱག་དག་གིས་ས་མ་ཡ་སྟཝཾ་ས་མ་ཡ་ཧོ(རྒྱུད་འགྲེལ་གཡོན་དང་ཅིག་ཤོས་སུ་བསྐོར་ཞིང་བསྐོར་བས་མཆོད་བྱ་དང་མཆོད་བྱེད་དང་མཆོད་པ་རྣམས་དབྱེར་མེད་པར་ལྷག་པར་མོས་པ་མངོན་དུ་འགྲོ་བའི་གཏོར་མས་མཉེས་པར་བྱའོ། །ིནྡྲ་ཡ་མ། བ་རུ་ཎ། ཀེ་བེ་ར། ཨཱ་ཤ ་ཨག་ནི། རཀ་ཥ་ས། བཱ་ཡུ་ཙནྡྲ་དྲ་སཱུརྱ་?ཧམ་ཨཱ་དི། བེ་མ་ཙ་ཏྲ་བི་ཐི་བི་དི་བ་ཏཱ(རྒྱུད་འགྲེལ་ཀརྱཾ་ཀུ་རུ་སིདྡྷིརྦྷ?་བ་ཏུ་ཡ་ཐཱ་སུ་ཁཾ་ཨོཾ་ཀ་ར་ཀ་ར་ཀུ་རུ་ཀུ་རུ། བནདྷ་བནདྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲ:ཧྲ:ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། ་པ་ཙ་པ་ཙ། བྷཀྵ་བྷཀཱ། བ་སརུ་དྷི་ར་ཨན་ཏྲ་མཱ་ལཱ་བ་ལམ་ནི་ནི་གྲིཧྞ་གྲིཧྞ་སལྟ་པཱ་ཧཱ་ལ་ག་ཏ་བྷུ་ཛཾ་ག་སར་པ་མ་བཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌ་ཌཡ་ཨཱ་ཀཌ་ཌཧཡ་ཏྲེཾ་ཧྲེཾ་ཛྙཽཾ་ཛྙཽཾ། ཀྵྨསཾ་ཀྵྨཾ། ཏཾ་ཏཾ། ཧཾ་ཧཾ། ་ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ། ཕཊ་ཕཊ། །སྭཱཧཱ། ཞེས་པ་འདིས་ལན་ཅིག་བརྗོད་པས། བཅོམ་ལྡན་འདས་ཤེས་རབ་དང་བཅས ་པ་དང། མཁའ་འགྲོ་མ་ལ་སོགས་པ་གཤིན་རྗེ་འཇོམས་མའི་མཐར་ཐུག་ཐུག་པ་རྣམས་ཀྱིས་ཇི་ལྟར་རིགས་པར་བསྐོར་བར་བྱའོ། །ོཾ་བཛྲ་ཨ་རལླི་ཧོ(རྒྱུད་འགྲེལ་ཤྱ་ཧོ(རྒྱུད་འགྲེལ་ཁ་ཁཱ་ཧི་ཁཱ་ཧི། སརྦ་ཡཀྵ་རཱཀྵ། ས་བྷུ་ཏ་པྲེ་ཏ་པི་ཤཱ་ཙོནམཱ་དཱ་པསྨ་ར་ཌཱ་ཀ་ཌཱ་ཀི་ནྱཱ་ད་ཡ་ཨི་མཾ། བ་ལིཾ་གྲིཧྣནྟུ་ས་མ་ཡཾ་རཀྵནྟུ་སརྦ་དིདྡྷོ་མམེ་པྲ་ཡཙྪནྟུ་ཡ་ཐཻ་བཾ་ཡ་ཐེཥྚཾ་བྷུཉྫ་ཐ། པི་བ་ཐ་ཛི་གྲཱ?་ཐ་མཱ་ཏི་ཀྲ་མ ་ཐ་མ་མ་སརྦ་ཀཱརྟ་ཡ་སཏྶུ་ཁཾ་བི་ཤུདྡྷ་ཡེ་ས་ཧཱ་ཡི་ཀ་བྷ་བནྟུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ་ཞེས་པས་དབུལ་བར་བྱའོ། །དེ་ནས་རྐང་པ་བརྒྱད་པའི་སྔགས་ཀྱིས་ཡང་དག་པར་བསྟོད་དེ། མངོན་པར་འདོད་པའི་དངོས་གྲུབ་གསོལ ་བ་བཏབ་ནས། ཡི་གེ་བརྒྱ་པ་བཟླས་ལ་ཚོ?་མའི་ལག་བརྡ་བྱས་ལ། ཨོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་པ་ན་ཡང་འཁྱུད་པའི་སྟངས་ཀ་སྔོན་དུ་འགྲོ་བར་མིང་མེད་དང་མཐེའུ་ཆུང་གི་སེ་གོལ་བྱའོ། །ོཾ་ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཇི་ལྟར་རྗེས་མཐུན་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས ་པ་དང། །ཇི་ལྟར་བདེ་བར་བཞུགས་པར་མཛོད། །ོཾ་བཛྲ་མུ(རྒྱུད་འགྲེལ་དང། མགྲིན་པ་དང། ལྟེ་བ་དང། དཔྲལ་བའི་པདྨའི་ཟེ་འབྲུ་རྣམས་ལ་མཁའ་འགྲོ་མ་ལ་སོགས་པ་བཞི་དང། ཁ་དང་སྣ་བུག་གཡོན་པ་དང། བཤད་ལམ་དང། སྣ་བུག་གཡས་པ་རྣམས་ལ་ཁྭ ་གདོང་མ་ལ་སོགས་པ་བཞི་དང། གཡས་པ་དང་གཡས་མིན་གྱི་རྣ་བ་དང། མིག་རྣམས་ལ་ཡ་མ་དྷདྷཱི་ལ་སོགས་པ་བཞི་རབ་ཏུ་བསྟིམས་ཏེ། ངག་གི་སྒོ་ལ་སོགས་པའི་གཟུགས་ཀྱིས་གནས་པར་ཤེས་པར ་བྱའོ། །འདིར་སྤྱི་བོའི་འོག་ཏུ་བཞུགས་པའི་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་རྡོ་རྗེ་ལྷ་རྣམས་ཐམས་ཅད་ཡང་དག་པར་འཁྱུད་པ། གསང་བའི་ཆུ་སྐྱེས་ལས་སྐྱེས་བ་རྡོ་རྗེ་ཕག་མོ་དང་ཡང་དག་པར་འཁྱུད་པའི་དགའ་ ་བ་ཡིད་ཀྱི་བདེ་བ་ཆེན་པོ་རང་བཞིན་འབྱུང་བར་འགྱུར་རོ། །ཞེས་པ་གདམས་ངག་ལས་ཤེས་པར་བྱའོ། །ལུས་ཀྱི་དཀྱིལ་འཁོར་ཡང་དང་ཡང་ཤིན་ཏུ་བརྟན་པར་མོས་ཤིང་ཤེས་རབ་ཀྱི་བདག་ཉིད་སྟོང་པ་ཉིད་དང། སྙིང་རྗེའོ ་གཅིག་པ་བདེ་བ་ཆེན་པོའི་རང་བཞིན་གྱི་སུ་དང་མཚུངས་པར་རང་ཉིད་ལྷག་པར་མོས་པས་ཇི་ལྟར་མཛེས་པར་རྣམ་པར་དབྱད་པར་བྱའོ་ཞེས་སོ། ། ་བདེ་མཆོག་སྒྲུབ་ཐབས་བསྡུས་པ་ལས། །དྲི་མེད་བསོད་ནམས་འཁྲུངས་པ་དེས། །མཛའ་ཡས་སྐྱེ་བོ་འདི་རྣམས་ནི། །རྡོ་རྗེ་དབང་ཕྱུག་མྱུར་ཐོབ་ཤོག་ཅེས་སོ། །དཔལ་སྡོན ་པ་འབྱུང་བའི་སྒྲུབ་ཐབས་བལ་པོའི་པཎྜི་ཏ་ཆེན་པོ་ཀྵནྟི་ཤྲཱིའི་ཞལ་སྔ་ནས་མཛད་པ་རྫོགས་སོ།། །།བོད་ཀྱི་ལོཙྪ་བ་དགེ་སློང་ཤོད་བློ་བརྟན་གྱིས་བལ་པོའི ་ཡུ་གཽ་ཧཾ་བེ་ཧཱ་རིར་བསྒྱུར་བའོ།། །།བཀྲ་ཤིང?་།། ་