CLOSE WINDOW

N1019: mnyes pa'i snying po zhes bya ba
Wyliee-texts based on the ACIP/ALL Input

རྣམས། །དག་ཅིང་ཐུགས་རྗེས་གཟུང་བར་མཛོད་ཅེས་བྱ་བ་དང། སྔར་བསྟན་པ་བཞིན་སྨོན་ལམ་གདབ་པ་ཡང་བྱས་ནས། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེཌ ་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །མུ(རྒྱུད་འགྲེལ་བྱའོ། །ཞུགས་པའི་སློབ་མ་རྣམས་ཁ་ཟས་ཀྱི་ཚིམ་པར་བྱས་ལ། ཧཱུཾ་མཛད་ཀྱི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་མདའ་དང་ཕུར་བུ་བཏོན་ལ་འོ་མས་བགྲུ་བ་དང། རྡུལ་ཆོན?་གྱི་དཀྱིལ་འཁོར་བསྡུས་ལ་བུམ་པར་བཅུག་ལ ་ཆུ་བོར་དོར་བ་དང། དཀྱིལ་འཁོར་བ་བྱུང་ལྔས་བྱུག་པར་བྱའོ། །བདེ་མཆོག་ལས་ཀྱི་འོ་མའི་རྒྱ་མཚོ་ལས་བླ་མའི་གདམས་ངག་རིག་པའི་བསྲུབ་ཤིང་གིས། ཆོ་ག་ཞེས་བྱ་བའི་བདུད་རྩི་བླ་མས་འདི་བརྩམས་པ། བདེ་མཆོག་གཉིས ་དཔལ་དང་མཆོག་འཁོར་ལོའི་ཆོ་ག་ཡིད་འོང་ཕྲེང་བ་ཞེས་བྱ་བ། སློབ་དཔོན་དཔའ་བོ་རྡོ་རྗེ་མཛད་པ་རྫོགས་སོ།། །།མཉེས་པའི་སྙིང་པོ་བཞུགས།། རྒྱ་གར་སྐད་དུ། ཏྲིཔཏ?་གངྒྷ? ་ནཱ་མ། བོད་སྐད་དུ། མཉེས་པའི་སྙིང་པོ་ཞེས་བྱ་བ། དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ། །ོཾ་དེ་ལས་དང་པོར་རེ་ཞིག་སློབ་མ་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་ལག་ན་མེ་ཏོག་ཐོགས་པའི་སློབ་མ་ལ། ཡིད་གཞུངས་སྤྲོ་བ་ཆེ ་བ་དང། །བྱས་པ་གཟོ་ཞིང་ང་རྒྱལ་མེད། །རིགས་མཐོ་ཡོན་ཏན་དང་ལྡན་ཞིང། །གཟུགས་དང་ཁ་དོག་ལང་ཚོར་ལྡན། །བདེ་བར་གཤེགས་པའི་གསང་བ་ནི། །སྒྲུབ་པ་དོན་གཉེར་མངོན་བརྩོན་ན། །སློབ་མ་བཟང་པོའི་མཚན་ཉིད་དོ། ། ་བདེ་གཤེགས་སྔགས་ཀྱི་སྒྲུབ་པ་ལ། །དོན་དུ་གཉེར་ཞིང་མངོན་བརྩོན་ན། །གཟུགས་མེད་ཡོན་ཏན་མེད་པ་འམ། །དམན་པའང་ལྷག་པར་གནས་པར་བྱ། །སློབ་མ་ངན་པའི་མཚན་ཉིད་དོ། །ད་ནི་ཆོས་ཉན་དུ་གཞུག་པར་བྱ་སྟེ། ་དཀྱིལ་འཁོར་གྱི་ནི་ཆོ་ག་ལ། །འཁོར་རྣམ་བཞི་ཡང་རྗེས་སུ་གནང། །རང་གི་བསླབ་དང་ཤིན་ཏུ་ལྡན། །ཐེག་ཆེན་ལ་དགའ་ཨི་མཚན་ཉིད་ལྡན། །ལ་ལ་གསང་སྔགས་གྲུབ་དོན་གཉེར། །འདི་ན་དཀྱིལ་འཁོར་འཇུག་པར་འཚལ། །བསོད ་ནམས་འདོད་པ་དེ་ལས་གཞན། །གཞན་དག་འཇིག་རྟེན་གཞན་དོན་གཉེར། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་པ་ཡི། །ཚེ་འདི་འབྲས་བུ་འདོད་མི་བྱ། །ཚེ་འདི་འདོད ་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འབྱུང། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདིའི་འབྲས་བུ་རྒྱས། །ཞེས་འབྱུང་ངོ། །དེ་ནས་སློབ་མ་ཡི་གེས་ཧཱུཾ་གི་རང་གི་སྙིང་གར་བཅུག་ལ། བདག་གསང་བའི ་རྡོ་རྗེའི་ལམ་ནས་ཕྱུང་ནས་གཞལ་ཡས་ཁང་གི་སྒོར་བཞག་ལ་འདི་སྐད་ཅེས་གསོལ་བ་འདེབས་སུ་གཞུག་གོ་།དགའ་ཆེན་ཁྱོད་བདག་སྟོན་པ་བས། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པས་ ་མགོན་པོ་ཆེན་པོ་བདག་ཕྱག་འཚལ། །དམ་ཚིག་དེ་ཉིད་སྩལ་དུ་གསོལ། །བྱང་ཆུབ་སེམས་ནི་བདག་ལ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ནི་བདག་ལ་གསོལ། ། ་ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་བརྗོད་དུ་གཞུག་གོ་།དེ་ལ་སློབ་མའི་སྙིང་གར་མ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་ཧཱུཾ་ཡི་གིས་དྲིས་ལ་ཡི་གེ་བརྒྱ་པ ་བརྟན་པར་བྱ་སྟེ་འདི་སྐད་བསྒོའོ། །ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །བུ་ཚུར་ཐེག་པ་ཆེན་པོ་ཡི། །གསང་སྔགས་སྤྱོད་ཡུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །རྫོགས་པའི་སངས་རྒྱས་གད?་འདས་དང། །དེ་བཞིན ་གང་དག་མ་བྱིན་དང། །ད་ལྟར་འབྱུང་བའི་མགོན་པོ་རྣམས། །འགྲོ་ལ་ཕན་ཕྱིར་བཞུགས་པ་རྣམས། །དེ་དག་ཀུན་གྱི་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་ནས། །དཔའ་བོས་བྱང་ཆུབ་ཤིང་དུང་དུ། །ཐམས་ཅད་མཁྱེན ་པ་མཚན་མེད་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་ངེས། །སྐྱོབ་པ་དཔལ་ལྡན་ཧེ་རུ་ཀ་།བདུད་སྡེ་ཤིན་ཏུ་མི་བཟད་པ། །དཔུང་ཆེན་དག་ཀྱང་འདི་ཡིས་བཅོམ། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ ་གྲོས་འདྲི་གྱིས་ཤིག་།དེ་ནས་རྒྱུན་བཤགས་བྱ་སྟེ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །བསོད་ནམས་ཀུན་ལ་རྗེས་ཡི་རད་སངས ་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང། །བྱང་ཆུབ་མཐར་ཐུག་སྐྱབས་སུ་མཆི། །བྱང་ཆུབ་མཆོག་གི་སེམས་ནི་བདག་གིས་བསྐྱེད། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །འདོད་ལ་སྤྱོད་པའང་བྱང་ཆུབ་སྤྱོད་མཆོག་འགྱུར། ་འགྲོལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་།ཅེས་ལན་གསུམ་བརྗོད་ལ་།དེ་ནས་ཕྱག་འཚལ་བར་བྱ་སྟེ་།ཤར་ཕྱོགས་ཀྱི་སྒོར་འདུག་ལ་ཐལ་མོ་སྦྱར་ཏེ། ཨོཾ་ན་མ་སྟེ་ཧཱུཾ། ཨོཾ་ན?་མཱ?་མི་ཧཱུཾ་།ོཾ་ན་མོ་ན་མ་ཧཱུཾ། ཞེས་སྐུ་གསུང་ཐུགས་ཀྱི་ཕྱག ་བྱ་སྟེ། །ཡང་ཕྱག་བཞི་བྱའོ། །ཐལ་མོ་སྤྱི་པོར་སྦྱར་བར་བྱས་ལ་སྙིང་ག་ས་ལ་གཏུགས་ནས་འདི་སྐད་དུ་གཞུག་པར་བྱའོ། །ོཾ་སརྦ་བཱི་རཾ་ཡོ་གི་ནི་ཨཱརྱ་པཱུ་ཛོ་པསྨྲ་ནཱ་ཡ་ཨཱཏྨ་ནཱ་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི ་ཨའིདམ?་ནཾ་ཌཱ་ཀི་ནཱི་ཨ་དྷི་ཏིཥཔྲ?་སྤ་མཱཾ་ཞེས་པ་དང། ཐལ་མོ་སྙིང་གར་སྦྱར་དབྲལ་པ་ས་ལ་གཏུགས་ནས་ཨོཾ་སརྦ་བཱིར་ཡོ་གི་ན་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནཱཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཏྨ?་ལཱ་མེ་ཨ་བྷི་ཥིཉྩ་མཱཾ་ཞེས་པ་དང། ་ཐལ་མོ་དཔྲལ?་བར་སྦྱར་ལྐོག་མ་ས་ལ་རེག་པར་བྱ་སྟེ། ཨོཾ་སརྦ་བཱི་ར་ཡོ་གི་ནཱི་པཱུ་ཛ་པྲ་བརྟ་ནཱ་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་པཱ་ར་ཡོ་གི་ནཱི་ཨཏྨ་ནཱཾ་ཁཎྜ་རོ་ཧེ་དྷརྨཱ་པྲ་བརྟ་ཡ་མཱཾ་ཞེས་པ་དང། ཐལ་མོ་སྙིང་གར ་སྦྱར་སྤྱི་གཙུགས་ལ་གཏུགས་ཏེ། ཨོཾ་སརྦ་བཱི་ར་ཡོ་གི་ནི་པཱུ་ཛ་ཀརྨ་ཀ་ར་ཡ། ཨཱཏྨ་ནཱ་ནི་རྱ་ཏ་ཡི་མ། སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི་ཨཏྨ་རུ་པི་ཎི་ཀརྨ་ཀུ་རུ་མཱཾ་ཞེས་པ་དང་ཕྱག་བཞི་བྱའོ། །དེ་ནས་ལག་ན་མེ་ཏོག་ཐོགས་པ ་སློབ་མས་མཆོད་པ་ལ་སོགས་པ་བྱས་ཏེ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡབ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེགས་པ་རིགས་ཀྱི་ཡུམ་དང། སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་དང་ལས་ལས་གྲུབ་པ ་ཐམས་ཅད་ལ་བདག་མིང་འདི་ཞེས་བྱ་བས་ལུས་དང་དག་དང་ཡིད་དང་པའི་སྒོ་ནས་མཆོད་པར་བགྱིའོ། ། བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེགས་པ་རིགས་ཀྱི་ཡུམ་དང་སེམས་དཔའ་དང། ་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་ངང་ལས་ལས་གྲུབ་པ་ཐམས་ཅད་ཀྱི་སྤྱན་སྔར་སྡིག་པ་ཐམས་ཅད་ནི་བླ་ན་མེད་པའི་སོ་སོར་བཤགས་པས་སོ་སོར་བཤགས་པར་འགྱིའོ། །བཅོམ་ལྡན་འདས་དཔལ ་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེགས་པའི་རིགས་ཀྱི་ཡུམ་དང་སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་དང་ལས་ལས་གྲུབ་པ་ཐམས་ཅད་ཀྱི་སྤྱན་སྔར་བསོད་ནམས་ཐམས་ཅད་ལ་རྒྱ་ཆེར་རྗེས་སུ་ཡི ་རང་པར་བགྱིའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེགས་པའི་རིགས་ཀྱི་ཡུམ་དང་སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་དང་ལས་ལས་གྲུབ་པ་ཐམས་ཅད་ལ་ཆོས་ཀྱི་འཁོར ་ལོ་བསྐོར་བའི་ཕྱིར་བསྐུལ་བར་བགྱིའོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེགས་པའི་རིགས་ཀྱི་ཡུམ་དང་སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་དང་ལས་ལས་གྲུབ ་པ་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདབ་པར་བཞེད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་གསོལ་པ་འཚལ་ལོ། །བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེཌ ་པ་རིགས་ཀྱི་ཡུམ་དང་སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་དང་ལས་ལས་གྲུབ་པ་ཐམས་ཅད་ལ་དུས་ཐམས་ཅད་དང་རྣམ་པ་ཐམས་ཅད་དུ་བདག་འབུལ་གྱི་སོ་སོར་བཞེས་ཤིག་།བཅོམ་ལྡན་འདས་དཔལ ་ཧེ་རུ་ཀ་ཡུམ་རྡོ་རྗེ་ཕག་མོ་རིགས་ལྔ་བདེ་བར་གཤེགས་པ་རིགས་ཀྱི་ཡུམ་སེམས་དཔའ་དང་སེམས་མ་དཔའ་བོ་དང་དཔའ་མོ་ཡེ་ཤེས་དང་ལས་ལས་གྲུབ་པ་ཐམས་ཅད་ལ་བདག་མིང་འདི་ཞེས་བགྱི་བས་སྔོན་འཁོར་བ ་ཐོག་མ་མེད་པ་ནས་ཐ་མ་ད་ལྟར་གྱི་བར་དུ་ཉན་ཐོས་ཀྱི་སྡོམ་པ་དང། བྱང་ཆུབ་སེམས་དཔའ་ཨི་སྡོམ་པ་དང། གསང་སྔགས་ཀྱི་དམ་ཚིག་བསྲུང་པ་ཇི་སྙེད་པ་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔལ་ཧེ་རུ་ཀའི ་གོ་འཕང་དུ་བསྔོ་བར་བགྱིའོ། །བདག་གི་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་དུ་ནི་མྱུར་དུ་སངས་རྒྱས་ཤོག་།འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བགྱིད་ཅིང། །སེམས་ཅན་སྡུག་བསྔལ་མར་པོས་གཟིར་ལས་སྒྲོལ། ། ་དེ་ནས་སློབ་མ་བྱིན་གྱིས་བརླབ་པ་ནི་ཧཱུཾ་མཛད་ཀྱི་སྔགས་ཀྱིས་བསྲུངས་ལ། སྤྱི་བོ་དང་ལྐོག་མ་དང་ལྟེ་བ་དང་རྐང་པར་ཨ་ལས་ཟླ་བའི་དཀྱིལ་འཁོར་ལྔ་བསྐྱེད་ལ་དེའི་སྟེང་དུ་ཨོཾ་དཀར་པོ་དང། ཨཱ:དམར་པོ་དང། སྭཱ་སེར ་པོ་དང། ཧ་ལྗང་གུ་དེ་རྣམས་ཡོངས་སུ་གྱུར་པ་ལས་འཁོར་ལོ་དང་པདྨ་དང། རྡོ་རྗེ་དང་རིན་པོ་ཆེ་དང་རལ་གྲི་ལ་རང་རང་གི་ཡི་གེས་མཚན་པར་བསམས་ལ། ཨོཾ་ཨཱ:ཧཱུཾ་ཞེས་པས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས ་སློབ་མའི་སྤྱི་བོར་མེ་ཏོག་མདུན་དུ་སྤོས་དང་མར་མེ་སྙིང་གར་དྲི་སྦྱིན་པར་བྱའོ། །དེའི་རྗེས་ཨ་ཤྭད་ཐ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་པ་ཡོན་པོ་མ་ཡིན་པ་མ་གས་པ་སྲོག་ཆགས་མེད་པ་རྩེ་མོར་མེ་ཏོག་གི་ཕྲེང་བ་བཅིངS ་པ་ལ་བདུད་རྩི་ཐལ་སྦྱོར་གྱི་སྔགས་བཟླས་ལ་སློབ་མ་ལ་སྦྱིན་བར་བྱའོ། སློབ་མས་ཀྱང་བྱང་ངམ་ཤར་དུ་བལྟས་ཏེ་བཅས་ལ་བ་ལང་གི་ཀོ་བ་ཙམ་གྱི་སའི་ཆ་ལྕི་བས་བྱུགས་པས་དོར་བར་བྱའོ། །སོ་ཤིང་གི་རྩེ་མོ་ཤར་ལ ་སོགས་པར་བལྟས་ལ་ཞི་བ་ལ་སོགས་པའི་དངོས་གྲུབ་འབྱུང་བར་སྟོན་ནོ། །དེ་ནས་ཁྱོར་བ་གསུམ་གྱི་འཐོར?་འཐུང་བྱིན་ལ། ཨོཾ་ཧྲཱི:བི་ཤུདྡྷ་སརྦ་དྷརྨ་སརྦ་པཱ་པཾ་ནི་སཾ་ཤོ་དྷ་ཡ་སརྦ་བི་ཀ་ཝ་ཨ་པ་ན་ཡ་ཧཱུཾ་ཞེས་བཟླས་པའི ་ཆུས་ཁ་བཀྲུའོ། །དེ་ཡང་འདུག་པ་ལས་ཡི་གེ་བདུན་པ་བཟླས་པའི་ཀུ་ཤའི་སྔས་དང། ཁྲོ་བོ་ཧཱུཾ་མཛད་བཟླས་པའི་ཀུ་ཤ་སྟན་གྱི་ཕྱིར་བྱིན་ལ། ཡི་གེ་གསུམ་དང་ཧཱུཾ་མཛད་བཟླས་པའི་སྲུང་སྐུང?་བདུད?་པ ་གཡོན་པར་བཅིངས་ལ། དཔལ་བར་ཡི་གེ་བདུན་བཟླས་པའི་དྲིའི་ཐིག་ལེས་བསྲུངས་ལ། ཧཾ་ཁཾ་ལས་གོ་ཆ་བསྐྱེད་ལ་ཨོཾ་ཧཱུཾ་མཻ་ཏྲི་བཛྲ་ཀ་བ་ཙ་རཀྵ་ཧཾ་ཞེས་བྱ་བས་གོ་ཆ་བསྐོན་ནས། ཨོཾ་བཛྲ་ཨུཥྞི་ཥ་ཧཱུཾ་ཞེས་བྱ་བའི་སྔགས་དང ་རྡོ་རྗེ་བསྡམས་པ་ལས་གུད་མི?་མྱུ་གུ་ལྟར་བསྒྲེང་པའོ། །ཕྱག་རྒྱ་སྤྱི་བོར་བཞག་ལ་སྤྱི་བོའི་གཙུག་ཏོར་བསྐྱེད་པར་བྱའོ། །དེ་ནས་སྙིང་གར་ཡི་གེ་ཧཱུཾ་བསྒོམས་ལ་རྡོ་རྗེ་ཁུ་ཚུར་གྱིས་གཏུགས་ཏེ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ ་ནས་ཆོས་བཤད་པར་བྱ་སྟེ། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ནི། །གཡས་སུ་བསྲུང་སྐུད་པ་ཅིང་བ་དང། །ཀུ་ཤའི་ལོ་མ་སྟན་བྱས་ནས། །འཇིག་རྟེན་ན་ནི་ཀུན་མཁྱེན་རྣམས། །ུ་དུམ་བ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི ་རེས་འགའ་ཞིག་།འབྱུང་འགྱུར་ཡང་ན་མི་འབྱུང་ངོ། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟོ། །གང་ཞིག་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །བསྐལ་པ་བྱེ་བ་དུ་མ ་རུ། །སྡིག་པ་བགྱིས་པར་གྱུར་པ་གང། །དེ་ཀུན་དཀྱིལ་འཁོར་འདི་འདྲ་བ། །མཐོང་བས་བྱང་བར་འགྱུར་འདྲ་ན། །གྲགས་པ་མཛའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་པ་སྨོས་ཅི་དགོས། །སྐྱེབ?་པ་གསང་སྔགས་བཟླས ་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་བ། །དེ་དག་གིས་ནི་ངན་འགྲོའི་རྒྱུ་ན། །སྡུག་བསྔལ་ཀུན་འབྱུང་རབ་ཏུ་གཅོད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས ་རྙེད་པ་མཉམ་མེད་དེ་རིང་རྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཁྱེད་རྣམས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་གཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་ལ། །སང་ནི་རབ་ཏུ་སྐྱེ་པར ་འགྱུར། །ཐེག་པ་ཆེན་པོ་འབྱུང་བ་ཡི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བ་ལགས། །རང་འབྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་རྣམས་སུ་འགྱུར།? ་ཞེས་སྤྲོ་བ་བསྐྱེད་ལ། །བཞིན་བཟངས་རྣམས་ལོངས་ལ་དཀྱིལ་འཁོར་ལ་ཕྱག་གྱིས་ཤིག་ནང་པར་དཀྱིལ་འཁོར་ཆེན་པོ་མཐོང་བར་འགྱུར་རོ། །དེ་ནས་རྨི་ལམ་དགེ་མི་དགེ་ང་ལ་སྨོས་ཤིག་ཅེས་བསྒོའོ། །རྨི་ལམ་ངན་ན་ཧཱུཾ་མཛད་བརྒྱ་རྩ་བརྒྱད ་བཟླས་པར་བྱའོ། །སློབ?་མ་ལྷག་པར་གནས་པའོ།། །།དེ་ནས་སློབ་མ་གཞུག་པར་བྱ་སྟེ། དང་པོར་ཧཱུཾ་མཛད་བཟླས་པའི་སྟོད་གཡོགས་དང་སྨད་གཡོགས་བསྐོན་ལ། ཡི་གེ ་བདུན་པ་བཟླས་པའི་དི་བསེར?་ཁས་གདོང་གཡོགས་བཅིངས་ལ་ཡོལ་བའི་རྒྱབ་ཏུ་གཞུག་ལ་ཧཱུཾ་མཛད་ཀྱི་བུམ་པའི་ཆུས་བངས་ནས་སྡུག་པ་ཁྱོད་སུ་ཡིན་ཞེས་དྲི་བར་བྱའོ། །སློབ་མས་ཀྱང་བདག་སྐལ་བ་བཟང་པོ་ཅན་ནོ། །ཞེས་བརྗོད་པར ་བྱའོ། །དེ་ནས་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་དཔའ་བོ་རྣལ་འབྱོར་མའི་འཁོར་ལོ། །རྣལ་འབྱོར་གནས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་གྲོང་ཁྱེར་མཆོག་།སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །མགོན་པོ་བདག་ནི་གཞུག་པར་མཛད། ་ཅེས་སྨྲར་གཞུག་གོ་།དེ་ནས་མིག་ལམ་ན་ཅི་སྣང་ཞེས་དྲི་བར་བྱའོ། །ཁ་དོག་ལ་སོགས་པའི་བྱེ་བྲག་གིས་ཞི་བ་ལ་སོགས་པའི་ལས་འགྲུབ་པར་བསྟན་པར་བྱའོ། །དེ་ནས་སྔར་བསྟན་པ་བཞིན་དུ་ཕྱག་བཙལ་བ ་དང། མཆོད་པ་དང་སྡིག་པ་བཤགས་པ་དང་རྗེས་སུ་ཡི་རང་བ་དང། བསྐུལ་བ་དང། གསོལ་བ་གདབ་པ་དང། ལུས་དབུལ་?་དང། བསྔོ་བ་དང། བསྡོམ་པ་གཟུང་བར་བྱ་བ་ནི། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང ་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པ་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང། །དགེ་བའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ ་ཁྲིམས་གསུམ། །བདག་གིས་བརྟན་པར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་བདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤོང་ངོ། །རྡོ་རྗེ་རིགས་མཆོག ་ཆེན་པོ་ལ། །རྡོ་རྗེ་དྲིལ་བུས་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན ་བ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ཀྱང་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པའི་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས ་སྡོམ་པ་མ་ལུས་གཟུང། །མ་གྲོལ་བ་ནི་དགྲོལ་བར་བགྱི། །མ་བསྒྲལ་བ་ནི་བསྒྲལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་ཕྱུར་ཞིང། །སེམས་ཅན་མྱ་ངན་འདས་ལ་དགོད། ཅེས་བརྗོད་དོ། །ཡང་འདི་སྐད་ཅེས་བརྗོད་པར་བྱའོ་།གོང ་ནས་གོང་གི་སྡོམ་པ་འདི། །བུ་ཁྱོད་ཀྱི་ནི་བསྲུང་བྱ་སྟེ། །གྲོལ་བའི་རྒྱུ་ནི་དེ་ལས་གཞན། །ཐབས་ནི་ཅི་ཡང་ཡོད་མ་ཡིན། །གཉིས་མེད་གཉིས་མེད་རྣལ་འབྱོར་བདག་།བྱང་ཆུབ་ཡན་ལ་མེ་ཏོག་སྤྲུལ། །བདུད་རྩི་ལྔ་ཡི་དམ ་ཚིག་ནི། །སྡིག་པ་འབྱིན་བྱེད་བུས་བསྲུངས་ཤིག་།ཅེས་བརྗོད་དོ། །གཉིས་པ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་པ་ནི་གནས་གསུམ་དུ་ནི་ཡི་གེ་བདུན་པ་དྲིའི་ཐིག་ལེ་བྱས་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ་སྟེ། སྙིང་གང་ཟླ་བའི ་དཀྱིལ་འཁོར་ལ་ཡི་གེ་ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ་དཀར་པོ་བསྐྱེད་ལ་སྤོས་ཆུས་བརླན་པའི་ལག་པས་རྡོ་རྗེ་གཟུང་ལ་སློབ་མའི་སྙིང་གར་བཞག་ནས། །ོཾ་སརྦ་ཡོ་གི་ཙིཏྟོ?་ཏྭཱ་ད་ཡཱ་མི་སུ་ར་ཏ་ས་མ་ཡ་སྟཝཾ། ཧོ་བཛྲ་སིདྡྷི་ཡ་ཐཱ་སུ་ཁཾ་ཞེས ་བརྗོད་ལ་ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་གསུམ་པ་ལྷ་དང་སློབ་དཔོན་གྱི་དམ་ཚིག་བསྒྲག་པར་བྱ་སྟེ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་གྱིས་བྱིན་གྱིས་བརླབས་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག ་ཏུ་གསང་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་།དད་པ་དང་མི་ལྡན་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་ཡང་ཇེ?(རྒྱུད་འགྲེལ་ཨཱ་ཁཾ་པཱི་རཱ་ཧཱུཾ་ཞེས་པའི་སྔགས་དང་དཔའ་བོ་ནམ་མཁའ་དང་མཉམ་པའི་དཀྱིལ་འཁོར་དུ་བཞུགས་སོ་ཞེས་བརྗོད་པར་བྱའོ། །དེང་ཁྱོད་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་ཞུགས་ཀྱིས། ངས་ཁྱོད་ལ་ཡེ་ཤེས་གང་གིས ་དཔལ་ཧེ་རུ་ཀ་དང་དེ་བཞིན་གཤེགས་པ་ཐམས་ཅད་དང་དཔའ་བོ་དང། རྣལ་འབྱོར་མ་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་ཅི་དགོས་ཏེ་དེ་ལྟ་བུའི་ཡེ་ཤེས་བསྐྱེད་པར་བྱའོ།། ་ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ལ་སྨྲ་བར་མ་བྱེད་ཅིག་དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་བརྗོད་དོ། །སློབ་མའི་སྙིང་གར་རྡོ་རྗེ་བཞག་ལ་ཨོཾ་ཧེ་རུ་ཀ་དཔལ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་འགྱུར། ་གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས་ཞེས་བརྗོད་ནས་།ཐོད་པའི་ནང་དུ་བདུད་རྩི་ལྔ་སྦྱར་ལ་ཡི་གེ་གསུམ་བཟླས་ལ། འཐུང་དུ་བཅུག་ལ་འདི་སྐད་བརྗོད་པར་བྱའོ། །འདི་ནི་མི་ཐོད་ཆུ་ཡིན་ཏེ། ། ་དམ་ཚིག་འང?་ན་སྲེག་པར་བྱོད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩི་ཆུ་འཐུངས་ཤིག་།ོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋ:ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱི་དམ་ཚིག་བསྒྲག་པར་བྱ་སྟེ། དེང་ཕྱིན་ཆད ་ཁྱོད་ཀྱི་ཧེ་རུ་ཀ་ང་ཡིན་གྱིས་ངས་འདི་བྱོས་ཤིག་ཅེས་བསྒོ་བ་དེ་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་མ་བྱེད་ཅིག་།མི་བདེ་བ་མ་སྤངས་པས་ཁྱོད་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ་ཞེས་བརྗོད་དོ། །ད་ནས་བཞི་པ་ཡེ་ཤེས ་དབབ་པར་བྱ་སྟེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ལ་དཔལ་ཧེ་རུ་ཀའི་ཡེ་ཤེས་བདག་ལ་འབབ་པར་གྱུར་ཅིག་ཅེས་སྨར་བཅུག་ལ་།དེའི་ཐུགས་ཀར་ལཾ?་ལས་བྱུང་བའི་དབང་ཆེན་གྱི་དཀྱིལ་འཁོར་ཁ ་དོག་སེར་པོ་དཔུས་སུ་རྡོ་རྗེས་མཚན་པ། ལྐོག་མར་བཾ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་པོ་བུམ་པས་མཚན་པ་ལ། དབུས་ན་ཡི་གེ་ཨ་གནས་པར་བསམ་མོ། །སློབ་མའི་སྤྱི་བོར་ཡི་གེ་ཡཾ་ལས་བྱུང་བ་རླུང་གི་དཀྱིལ་འཁོར ་གཞུའི?་དབྱིབས་ལྟ་བུ?་ཁ་དོག་སྔོན་བོ་བ་ངན་གྱིས་མཚན་པ་ལ་དབུས་སུ་ཡི་གེ་ཧཱུཾ་གནས་པར་བསམ་མོ། །སློབ་མའི་རྐང་པའི་འོག་ཏུ་ཛཧཻཾ་འོད་ཟེར་འབར་བ་དང་བཅས་པ་བསམས་ལ་དེའི་འོག་ཏུ་ཡང་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་དཾ་ལས ་གྱུར་པའི་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ་བསྒོམས་ལ་དྲིལ་བུ་དཀྲོལ་ཞིང་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ། སྟོ་བཏ་ཡ་སྟོ་བྷ་ཡ། ར་ར་ར་ར། ཙ་ལ་ཡ་ཙ་ལ་ཡ། ཧཱུཾ་ཏ་ཨ་ཛཧཻཾ་ཞེས་བརྗོད་ཅིང་ཐང་ཆུ་ལྔ་སྦྱར་ལ་བསྡུས? ་པའི་གོས་ལེགས་པར་བརྡུངས་པ་དང། བྱི་ལ་ཡི་དང་གུ་གུལ་ལན་ཅིག་སྤྱར་བའི་ཐོང་པའི་ནང་དུ་དུར་ཁྲོད་ཀྱི་སོལ་བའི་མེ་ལ་ཡབ་ཡུམ་ཀྱི་སྔགས་དང། དཔའ་བོ་དང་དཔའ་མོའི་སྔགས་དང། ཨོཾ་ཏིཥྛ་མ་ཧཱ་ཀྲོ་དྷ་ཨཱ་བེ་ཤ་ཧཱུཾ། ་ཨོཾ་ཤྲཱི་ཧེ་རུ་ཀ་ཡ་བདེ་ཏེ་སྭཱཧཱ་ཞེས་བྱ་བས་དབབ་པར་བྱའོ། །དེ་ནས་བབས་ཀྱང་རུང་སྟེ་ལྕེ་ལ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱ:དམར་པོ་གསུང་གི་རྡོ་རྗེའི་རང་བཞིན་དུ་བསམས་ལ། བྲུ་ཧི་བཛྲ་དགེ་བ་འམ་མི་དགེ ་བསྒྲོས?་ཤིག་ཅེས་བརྗོད་ལ། བབས་པར་གྱུར་ནི་ཏེཥྛ་བཛྲ་ཞེས་པ་དང། ཡི་གེ་བརྒྱ་པས་བརྟན་པར་བྱའོ། །དེ་ནས་ལྔ་པ་མེ་ཏོག་ངོར་བར་བྱ་སྟེ་རིན་པོ་ཆེའམ་མེ་ཏོག་གི་ཕྲེང་བ་ངོར་ལ་ལྷ་དང་ཉེ་བ་དང་མི་ཉེ་བའི་གནས་བརྟགས་ལ ་གྲིཏ?་གྲིཧྞ་སྭ་མི་སཱཾ་སདབ?་མདཱ་བ་ལ་ཞེས་པས་བླངས་ལ་སློབ་མའི་མགོ་ལ་བཅིང་བར་བྱའོ། །དེ་ནས་དྲུག་པ་གདོད་གཡོགས་དགྲོལ་བར་བྱ་སྟེ། དེའི་མིག་གཉིས་སུ་ཡི་གེ་འོད་ཟེར་དང་བཅས་པ་བསམས་ལ་རྡོ་རྗེ་རྩེ་མོས་ཕྱི་ཞིང། །ོཾ ་བཛྲ་ནེ་ཏྭ་ཨ་པ་ཏ་ར་པ་ཊ་ལཾ་ཏྲཱཾ:ཞེས་པ་དང། ཧེ་རུ་ཀ་དཔལ་དེད་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེ་མིག་ནི་བླ་མེད་པ། །དེ་ཉིད་དུ་ནི་འབྱེད་པར་ཤོག་།ཅེས་བརྗོད་ལ་གདོང་གཡོགས་དགྲོལ་བར་བྱའོ། །དེ་ནས་བདུན ་པ་དཀྱིལ་འཁོར་བསྟན་པ་ནི། དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ད་ནི་དང་བ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །གསང་སྔགས་ཕྱག་རྒྱ་བྱིན་གྱིས་བརླབས། །འགྲོ་བའི་ཕུན་སུམ་ཚོགས་ཀུན ་དང། །དངོས་གྲུབ་ཀུན་ཁྱོད་མངོན་དུ་གྱུར་ཞེས་པ་དང། གང་དུ་མེ་ཏོག་བབས་པའི་ལྷ་དང་དཀྱིལ་འཁོར་གྱི་དེ་ཉིད་བསྟོན་པར་བྱའོ། །སྣ་ཚོགས་པདྨའི་ལྟེ་བར་བཞུགས། །གཉིས་མེད་གཉིས་མེད་ནང་ན་གནས། །བརྟན་གཡོ ་ཀུན་གྱི་བདག་ཉིད་ཅན། །སྤྱོད་དང་གྲོལ་བའི་རབ་བརྩོན་བྱ། །ཀུན་མཁྱེན་ཀུན་མཁྱེན་གཙོ་བོ་སྟེ། །དཔའ་པོ་ཆེ་ལ་བུ་ཁྱོད་ལྟོས། །རྣལ་འབྱོར་མ་ལ་སོགས་པའི་ཚོགས། །གྲུབ་པའི་རྣལ་འབྱོར་མ་ལྔའོ། །ཐོད་པའི་དུམ་བུ་ལ ་སོགས་ཀུན། །འཁོར་ལོ་མཁའ་ལ་སྤྱོད་པས་བསྐོར། །རབ་ལ་སོགས་པས་ཡང་དག་འཁྱུད། །གཉིས་པོ་ཐུགས་ཀྱི་སྤྲུལ་པ་ཡིན། །མྱུ་གུ་ཅན་ལ་སོགས་པ་ཀུན། །རྣལ་འབྱོར་མ་བརྒྱད་གཉིས་སུ་མེད། །གསུམ་ནི་རྣམ་དག་ངོ ་བོ་ཡིས། །མི་ཡི་འཇིག་རྟེན་དག་ཏུ་ཁྱབ། །སྟོབས་པོ་ཆེ་ལ་སོགས་གནས་པ། །གྲུབ་བས་འོག་པ་རྣམས་ཡིན། །སྐུའི་སྤྲུལ་པར་བཤད་པ་ཡི། །ཆགས་པ་ཀུན་གྱི་རྗེས་སུ་ཆགས། །ཧེ་རུ་ཀ་ལ་སོགས་འཁོར་ལོ། །གཡོན་ནས ་འཁྱུད་ཉིད?་ནུ་མ་འཛིན། །སྐུ་གསུམ་ཞེས་བྱའི་སྤྲུལ་པ་སྟེ། །འབྲིང་དང་མཆོག་དང་ཐ་མ་དང། །ཁྭ་ལ་སོགས་པ་བརྒྱད་པ་ཡི། །གཟུགས་ནི་རྒྱུ་ཡིས་ཡང་དག་བསྟན། །ཁྲོ་བོ་རྣམ་རྒྱལ་ལ་སོགས་བརྒྱད། །བྱང་ཆུབ་སུམ་ཅུ ་རྩ་བདུན་?། །མཁའ་ལ་སྤྱོད་དང་ས་ལ་སྤྱོད། །ས་འོག་དག་ནི་སྤྱོད་པ་སྟེ། །བརྒྱད་གཉིས་མཆོད་པའི་ལྷ་མོ་སྟེ། །ལྷ་རྣམས་དེ་ཉིད་བསྟན་པ་ཡིན། །དཀྱིལ་འཁོར་གྱི་ནི་དེ་ཉིད་དང། །སློབ་མ་གཞུག་པའི་ཆེ་གའོ།། །། ་དེ་ནས་དབང་བསྐུར་བ་བཞི་བཤད་པར་བྱ། དེ་ལ་རེ་ཞིག་རིག་པའི་དབང་བསྐུར་བ་དང་པོར་བྱ་སྟེ། པདྨ་འདབ་མ་བརྒྱད་པ་བྲིས་ཏེ་དེའི་སྟེང་དུ་སློབ་མ་སྐྱིལ་ཀྲུང་དུ་བཞག་ལ། ཧཱུཾ་མཛད་ཀྱི་ཆུས་བསངས་ནས། ཡོན་གྱི་མཆོག་གླངS? ་ནས་གསོལ་པ་གདབ་པ་ནི། མི་ལྡོག་འཁོར་ལོ་ལི་དབང་བསྐུར་བ། །མགོན་པོ་ཆེན་པོ་བདག་ལ་སྩོལ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ལས་རྣམས་དང། །ཧེ་རུ་ཀ་དཔལ་དམ་ཚིག་དང ་སྡོམ་པ་གསང་པ་བླ་ན་མེད། །སེམས་ཅན་གྱི་ནི་དོན་གྱི་ཕྱིར། །དཔའ་པོ་སློབ་དཔོན་བདག་གྲུབ་མཛོད། །དེ་ལྟར་གསོལ་བ་བཏབ་ནས་སྔར་བཤད་པའི་སྡོམ་པ་བྱིན་ལ། སྙིང་གར་ཧཱུཾ་བསམས་ལ། ཨོཾ་སྭ་བྷཱ་བ་ཤུདྡྷ:སརྦ ་དྷརྨཱ་སྭ་བྷཱ་བ་ཤུདྡྷོ་ཧཾ་ཞེས་བྱ་བའི་སྔགས་ཀྱིས་སློབ་མ་སྟོང་པ་ཉིད་དུ་བསྒོམས་ལ་།དེ་ནས་ཨཱ་ལི་ཀཱ་ལི་ལས་ཉི་ཟླ་ཁ་སྦྱོར། དེའི་དབུས་སུ་ཧཱུཾ་བཾ་གཉིས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་གྲི་གུག་།དེའི་སྤྲོ་བསྡུ་ལས་བཅོམ་ལྡན་འདས ་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་བཞི་པ་ཕྱག་བཅུ་གཉིས་པ། ཡུམ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་པ་བསྒོམ་དུ་བཅུག་ལ། དེ་ལ་གོ་ཆ་དཀོན་ནས་ཡེ་ཤེས་སེམས་དཔའ་བཅུག་ལ་དབང་བསྐུར་བར་བྱ་སྟེ། ཇི་ལྟར ་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་བ། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །བུམ་པ་ཐམས་ཅད་ཀྱི་ཆུ་བླངས་ལ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་ལ་མེ་ཏོག ་སྤྱི་བོར་དོར་ལ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣཾས། །རྡོ་རྗེ་མི་ཕྱེད་གསུམ ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ཐུགས་སུ་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཙཏྟི་ནིརྱཱ་ཏ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། རྣམ་ཤེས་ཕུང་པོ་རྣམ་དག་པས། །མེ་ལོང ་ལྟ་བུའི་ཡེ་ཤེས་ཀྱིས། །ཞེ་སྡང་རྣམ་དག་མི་བསྐྱོད་པའི། །དཔལ་ལྡན་ཆུ་ཡིས་དབང་བསྐུར་བའོ། །དེ་ནས་གསེར་ལ་སོགས་པ་ལས་བྱས་པ་འབུར་དུ་གཏོད་པ་འམ་རས་ལ་སོགས་པ་བྲིས་པ་ལ་སོགས་པའི་ཅོད་པན་ལ། ཧཱུཾ ་མཛད་ལ་སོགས་པའི་སྔགས་ཀྱིས་བསངས་ནས་ཡི་གེ་རཾ་ལས་རིན་པོ་ཆེ་དེ་ཡོངས་སུ་གྱུར་པ་ལས་རིན་ཆེན་འབྱུང་ལྡན། དེ་ཡོངས་སུ་གྱུར་པ་ལས་རིགས་ལྔའི་དབུ་རྒྱན་དུ་བསམས་ལ་དྲིའི་ཐིག་ལེ་བྱས་ཏེ། མེ་ཏོག་ལ་སོགས་པས་ཡང ་དག་པར་མཆོད་ནས་སློབ་མའི་མགོ་ལ་བཞག་སྟེ། འདི་སྐད་ཅེས་བརྗོད་དོ། །ཕལ་པའི་མདངས་ནི་གཞོམ་པའི་ཕྱིར། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཡོན་ཏན་གཟི་བརྗིད་བསྐྱེད་པའི་ཕྱིར། །ཅོད་པན་གྱིས་ནི་དབང་བསྐུར ་རེ། །ོཾ་སརྦ་ཏ་ཐཱ་ག་ཏ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ་ཞེས་བརྗོད་པ་དང། རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་རིན་ཆེན་མཛད་དུ་གསོལ། །ཕྱོགས་བཅུ་ཡི་ནི་སངས་རྒྱས་རྣམས།། ་རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་རིན་ཆེན་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་སྭཱ་བྷཱ་བ་ཨཱཧམ་ཀོ་ཧཾ། ཚོར་བའི་ཕུང་པོ་རྣམ་དགེ་པའི། །མཉམ་པ་ཉིད་ཀྱི་ཡེ་ཤེས ་ཀྱིས། །ང་རྒྱལ་རིན་ཆེན་འབྱུང་ལྡན་གྱི། །ཅོད་པན་གྱིས་ནི་དབང་བསྐུར་རོ། །ཅོད་པན་ཀྱི་དབང་སྟེ་གཉིས་པའོ། །དེ་ནས་རྡོ་རྗེའི་དབང་བསྐུར་བ་ནི། གསེར་རམ་རིན་པོ་ཆེ་ལས་བྱས་པའི་རྡོ་རྗེ་ཧཱུཾ་མཛད་ཀྱིས་བསངས་ཏེ། ཧྲཱི ་ལས་པདྨ་དེ་ཡོངས་སུ་གྱུར་པ་ལས་སྣང་བ་མཛའ་ཡས་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་བསམས་ལ། དྲའི་ཐིག་ལེ་བྱས་ལ་མེ་ཏོག་ལ་སོགས་པས་ཡང་དག་པར་མཆེད་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང། །དེ་རིང་ཁྱོད་ལ་བསྐུར་བར ་བྱ། །ཧེ་རུ་ཀ་དཔལ་རབ་བསྒྲུབ་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ལོང། །ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་དགའ་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།ོཾ་སརྦ ་བ་ཐཱ་ག་ཏ་ཧྲཱི:ཤྲཱི་ཧེ་རུ་ཀ་བཛྲ་ཨ་དྷི་ཥཉྩི་མི། ཏིཥཐ་བཛྲ་བཛྲ་ས་མ་ཡ་སྟཝཾ་ཞེས་པས་ལག་པར་རྡོ་རྗེ་གཏད་ལ། ཆོས་ཀྱི་གསུང་ལ་དཔལ་དང་ལྡན། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས ་ནས་སུ། །རྡོ་རྗེ་གསུང་དུ་བདག་གིས་བསྒོམ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པ། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་གསུམ་དུ་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་བག? ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ། འདུ་ཤེས་ཕུང་པོ་གནས་འགྱུར་བས། །སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས། །འདོད་ཆགས་སྣང་བ་མཛའ་ཡས་ཀྱིས། །རྡོ་རྗེ་ཡི་ནི་དབང་བསྐུར་རོ། །རྡོ་རྗེའི་དབང་སྟེ་གསུམ་པའོ།། །། ་དེ་ནས་དྲིལ་བུའི་དབང་བསྐུར་ནི་གསེར་ལ་སོགས་པའི་དྲིལ་བུ་ཡང་ཧཱུཾ་མཛད་ཀྱིས་བསངས་ལ། །ཁཾ་ལས་རལ་གྲི་དེ་ལས་དོན་ཡོད་གྲུབ་པ། དེ་ཡོངས་སུ་གྱུར་པ་ལས་དྲིལ་བུ་བསམས་ལ། དྲིའི་ཐིག་ལེ་བྱས་ལ་མེ་ཏོག་ལ་སོགས་པས་མཆོད ་ནས། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང། །རྒྱལ་བས་བྱང་ཆུབ་མཆོག་ཏུ་བཞེད། །སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་སྲིང་བྲལ་བྱས། །རང་བཞིན ་དག་པའི་སེམས་དཔའ་མཆོག་།སྲིད་པའི་མཆོག་ཏུ་གྲུབ་པར་བྱེད། །ོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་སྟཝཾ། ཨ་བྷི་ཥིཉྩ་མི་ཏིཥྛ་བཛྲ་ས་མ་ཡ་སྟཝཾ་ཞེས་བྱ་བ་བྱིན་ལ། དཔལ་ལྡན་རྡོ་རྗེ་དོན་ཡོད་འཆང། །རྡོ་རྗེ ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་ལས་སུ་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་མོ་གྷ་བཛྲ་སྭ་བྷཱ་པཱ་ཨཱཏྨ་ཀོ་ཧཾ། འདུ་བྱེད་ཕུང་པོ་རྣམ་དག་པའི། །བྱ་བ་ནན་ཏན་ཡེ་ཤེས་ཀྱི། །ཕྲག ་དོག་དོན་ཡོང་གྲུབ་པ་ཡི། །དྲིལ་བུ་ཡི་ནི་དབང་བསྐུར་རོ། །དེ་ནས་མེ་ཏོག་གི་ཕྲེང་བ་བཟུང་ལ་མིང་གི་དབང་བསྐུར་བར་བྱ་སྟེ། ལུགས་མེའི་སྐུ་སྤྱི་བོར་བཞག་ལ་ཨོཾ་ལས་འཁོར་ལོ། །དེ་ལས་རྣམ་པར་སྣང་མཛད་དེ་ཡོངས་སུ་གྱུར ་པ་ལས་དབུའི་གཙུག་ཏོར་དུ་བསམས་ལ་ཕྲེང་བ་སྤྱི་བོར་བཅིངས་ཏེ། སྲིད་པའི་བདེ་བ་ཤིན་ཏུ་ཆུང། །སྡུག་བསྔལ་ཆེན་པོ་དག་བྱའི་ཕྱིར། །ཤིན་ཏུ་བདེ་བ་དམ་པའི་ཐབས། །ཧེ་རུ་ཀ་དཔལ་དག་ཏུ་བསྐྱེད། །ོཾ་ཤྲཱི་ཧེ་རུ་ཀ་ཨ ་བྷི་ཥིཉྩ་མི། ?་ཧེ་རུ་ཀ་ཆེ་གེ་མོ་ནཱ་མ་ཨ་བྷི་ཥེ་ཀ་ཏ། དཔལ་ལྡན་རྡོ་རྗེ་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེ་སྐུར་ནི་མཛད་དུ་གསོལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ ་པ་?་བྷཱ་བ་ཨཱཏྨ་ཀོ་ཧཾ། གཟུགས་ཀྱི་ཕུང་པོ་རྣམ་དག་པས། །ཆོས་དབྱིངས་ཡེ་ཤེས་རྣམ་དག་པའི། །གཏི་མུག་རྣམ་པར་སྣང་མཛད་ཀྱི། །དཔལ་ལྡན་མིང་གིས་དབང་བསྐུར་རོ། །དེ་ནས་མེ་ཏོག་གཏོར་བྱས་ནས། །ཕུང་པོ་ལྔ ་ནི་?་དག་ཅིང། །ཉོན་མོངས་ལྔ་ནི་སྤངས་པས་ན། །མ་རིག་པ་ནི་རྣམ་དག་པས། །རིག་པ་ཡི་ནི་དབང་ཞེས་བཤད། །རིག་པའི་དབང་བསྐུར་རོ།། །།དེ་ནས་བརྟུལ་ཞུགས་མང་པོས་སྦྱིན་པར་བྱ་སྟེ་རྡོ་རྗེ ་དྲིལ་བུ་བྱིན་ལ། པདྨ་ལྟར་སྐོར་བའི་ཕྱག་རྒྱས་ལན་གསུམ་བསྐོར་ལ། རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་དུ་བཅུག་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །ཧེ་རུ་ཀ་དཔལ་ཕྱག་ན་བསྣམས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅད། ། ་ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ོཾ་སརྦ་ཏ་ཐཱ་ག་ཏཾ་སིད་དྷི་བཛྲ་ས་མ་ཡ་ཏཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི། ཧཱུཾ་ཧ་ཧ་ཧ་ཧ་ཧོ་ཞེས་བྱ་བས་རྡོ་རྗེ་བརྟུལ་ཞུགས་སོ། །དེ་ནས་ཕྱག ་མཚན་བཅུ་གཉིས་ལུགས་མའམ་འབུར་དུ་བརྐོས་པ་འམ་རི་མོར་བྲིས་པ་ཧཱུཾ་མཛད་ཀྱི་སྔགས་ཀྱིས་བསངས་ནས་སློབ་མ་ལ་སྦྱིན་པར་བྱ་སྟེ། རྡོ་རྗེ་དྲིལ་བུ་བཅངས་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་དང། །བཟོད་པ་གླང་པོའི་པགས་པ ་དང། །སྨོན་ལམ་ཅད་ཏེའུ་བསྣམས་པ་དང། །ཡེ་ཤེས་གྲི་གུག་ཉོན་མོངས་གཅོད། །དགྲ་སྟ་ཚུལ་ཁྲིམས་རྣམ་དག་དང། །རྩེ་གསུམ་སྦྱིན་པའི་ཕ་རོལ་ཕྱིན། །ཐོད་པ་ཐབས་ལ་མཁས་པ་དང། །བརྩོན་འགྲུས་རྡོ་རྗེ་ཞགས་པ ་དང། །ཁ་ཌཝཱ་བསམ་གཏན་རྣམ་དག་སྟེ། །ཚངས་པའི་མགོ་བོ་སྟོབས་སུ་བཤད། །ཕ་རོལ་ཕྱིན་པ་རྣམ་དག་པས། །དུ་ཁྱོད་ཀྱིས་ནི་བཅང་བར་བྱ། །ོཾ་ཧྲཱི:ཧ་ཧ་ཧཱུཾ་ཧཱུཾ་ཕཊ་རེ་རེ་ཞིང་བཟླས་པར་བྱ། དེ་ནས་མེ་ཏོག་གཏོར་ནས། དཔའ་ ་པོ་ཆེན་པོ་བརྟུལ་ཞུགས་བཟང། །རྟེན་འབྲེལ་བཅུ་གཉིས་རྣམ་དག་པ། །ཕ་རོལ་ཕྱིན་པ་བཅུ་རྣམས་ཀྱིས། །ཕྱག་རྒྱ་ཡིས་ནི་དབང་བསྐུར་རོ། །དབང་བདུན་པའོ།། ་སངས་རྒྱས་ཀུན་གྱི་མིག་འབྱེད་པའི། །གསང་སྔགས་བླ་ན་མེད་པ་ཡིས། །སྙིང་པོ་ཡིད་བཞིན་ནོར་བུ་འདི། །སྐྱོབ་པའི་སངས་རྒྱས་དབང་བསྐུར་རོ། །དེ་ནས་མེ་ཏོག་གཏོར་ལ་སྔགས་བཟླ་པའི་ཕྱིར། བཟླས་པའི་ཕྲེང་བ་སྦྱིན་པར་བྱའོ། །དེང་ནས ་བརྩམས་ཏེ་རྫོགས་སངས་རྒྱས། །རྣལ་འབྱོར་མ་དང་རྫོགས་སངས་རྒྱས། །ཤེས་རབ་ཐབས་ཀྱི་སྙོམས་ཆེན་གྱིས། །གར་མཆོག་བདེ་བ་དགའ་སྟོན་གྱིས། །སྒེག་དང་བཅས་པའི་མེ་ཏོག་ཕྲེང། ། ་སངས་རྒྱས་ཀུན་སོགས་རྣལ་འབྱོར་མ། །དེས་ནི་བྲལ་བར་མི་འགྱུར་ཏེ། །མེ་ཏོག་ཕྲེང་བས་བརྒྱན་གྱུར་ཅིག་།ཕྲེང་བའོ།། །།ལུས་ཅན་ཀུན་གྱི་དམ་ཆོས་ཀྱི། །ཁྱོད་ཀྱིས་གླུ་ནི་བླངས ་བྱས་ཏེ། །དེས་ན་རྣལ་འབྱོར་མ་དེ་དང། །མྱུར་དུ་བདེ་བ་མྱུར་བར་འགྱུར། གླུའོ།། །།ཁྱོད་ཀྱིས་རྒྱལ་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང། །རྣམ་གྲོལ་ཡེ་ཤེས་མཐོང ་བ་ཡི། །ལུས་ཅན་བྱང་ཆུབ་ཐོབ་གྱུར་ཅིག་།དྲིའོ། །རྫོཌ་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་ཞིང། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་གྱུར་ཅིག་།སྤོས ་སོ།། །།ཆོས་ཀྱི་མར་མེ་ལེགས་སྦར་པས། །པདྨ་གར་དབང་བདག་ཉིད་དེ། །སེམས་ཅན་མ་རིག་ལྗོངས་བྱས་ལ། །ཡེ་ཤེས་སྒྲོན་མ་སྣང་གྱུར་ཅིག་།མང་མེའོ།། །། ་བརྟུལ་ཞུགས་མང་བོའོ། །དེ་ནས་ཕྱིར་མི་ལྡོག་པའི་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པར་བྱ་སྟེ། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་མཆོད་ཅིང་གསོལ་པ་གདབ། །བདག་ཀྱང་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་བདག་ལ ་གསོལ། །ཧེ་རུ་ཀ་དཔལ་དབང་བསྐུར་བ། །འགྲོ་བ་སྐྱོབ་པའི་གཟི་བརྗིད་ཅན། །ཇི་ལྟར་ཡོན་ཏན་འབྱུང་གནས་སྩོལ། །དེ་བཞིན་བདག་ལ་དེང་བདག་སྩོལ། །དཔའ་པོ་ཆེན་པོ་མི་ལྡོག་པའི། །དབང་བསྐུར་བ་ནི་བདག་ལ་གསོལ། ། ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་ནི་རྟག་ཏུ་སློབ་དཔོན་གྱུར། །དེ་ལྟར་གསོལ་བ་བཏབ་པའི་རྗེས་ལ་སྡོམ་པ་སྦྱིན་པར་བྱ་སྟེ། ཇི་བཞིན་དོན་ལྡན་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་གྲགས། །སྤང་ཞིང་དོར་བར་མི་བྱ་སྟེ། །རྩ་བའི ་ལྟུང་བར་ཤེས་པར་བྱ། །སློབ་དཔོན་ལ་ནི་བརྙས་པ་དང། །བདེ་གཤེགས་བཀའ་ནི་གཙོག?་པ་དང། །སྡང?་བས་སྤུན་ལ་བསྔགས་མི་བྱ། །བྱམས་པ་ཆེན་པོ་སྤང་བྱར་བྱེད། །བྱང་ཆུབ་སེམས་ནི་འདོར་བར་བྱེད། །ཤེས་པ་གསུམ་ལ་སྨོད ་པ་དང། །སྐལ་མིན་གསང་བ་སྒྲོགས་པ་དང། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོས། །དག་པའི་ཆོས་ལ་ཡིད་གཉིས་དང། །གདུག་ལ་བྱམས་དང་ཆགས་བྲལ་དང། །ཆོས་ལ་གཉིས་སུ་འབྱེད་པ་དང། །དད་པའི་སེམས་ནི་རབ་ཏུ་སྨོད། ། ་དམ་ཚིག་བསྟེན་ཚེ་ཇི་སྙེད་ཚེ། །རྟག་པའི་བུད་མེད་སྨོད་པ་སྟེ། །རྩ་པའི་ལྟུང་བང་འགྱུར་བ་ཡིན། །ཉིན་དང་མཚན་མོ་ལན་གསུམ་དུ། །ཉིན་ཏེ་ཞིང་ནི་བཟླ་བར་བྱ། །སྔགས་པས་འདི་དག་བྱེད་པ་ནི། །ཁ་ན་མ་ཐོ་སྦོམ་པོར་འགྱུར ་ཡན་ལག་དམ་ཚིག་ཤེས་པར་བྱ། །དམ་ཚིག་མི་ལྡན་སྨོད་མིན་པའི། །རིག་མའི་སྟེན་པར་བྱ་བ་དང། །ཚོགས་ཀྱི་འཁོར་ལོར་རྩོད་པ་དང། །གསང་བའི་ཆོས་ནི་སྟོན་པ་དང། །སེམས་ཅན་དང་དང་ལྡན་པ་ལ། །དམ་ཆོས་གཞན ་དུ་སྟོན་པ་དང། །ཉན་ཐོས་དག་ཏུ་སློབ་བྱེད་པའི། །ནང་དུ་ཞག་བདུན་གནས་པ་དང། །སྦྱོར་བ་ངེས་པར་མ་བྱས་པའོ། །སྣོད་མིན་གསང་བ་སྟོན་པ་ཡི། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །སྔགས་དམ་ཚིག་ཟད་པར་འགྱུར། །ཟད་པས ་དངོས་གྲུབ་མི་འགྱུར་ཞིང། །བདུད་དང་སྡུག་བསྔལ་རབ་ཏུ་འཕེལ། །དེ་བས་དམ་ཚིག་བུས་བསྲུངས་ཤིག་།ཅེས་བརྗོད་པར་བྱའོ། །སློབ་མས་ཀྱང་དེ་བཞིན་དུ་བགྱིད་དོ། །ཞེས་བརྗོད་དོ། །དེ་ནས་སེང་གེའི་ཁྲི་ལ་དར་གྱིས ་གཡོགས་ཏེ་དེའི་སྟེང་དུ་བཞག་ལ། །ཡི་གེ་མངོན་པར་བཟླས་པའི་གདུགས་དང་རྒྱལ་མཚན་དང་བ་དན་བསྒྲེང་ལ་སློབ་མ་ལྷར་བསྐྱེད་ལ། པུ་ཛ་ཨུ་ཨ་གོ་རཱ་དེ་མཱ་ལ་སོགས་པའི་ཡི་གེ་ཉི་ཤུ་རྩ ་བཞི་ལུས་ལ་བཀོད་ལ། ཧཱུཾ་རིང་པོ་བརྒྱད་ལས་སྒོ་མཚམས་པ་བསྐྱེད་ལ་སྙིང་གའི་རྩ་བཞི་ལ་ཡུམ་བཞི་དང། བདུད་རྩའི་སྣོད་བཞི་བསྐྱེད་ལ་དཔའ་པོ་དཔའ་མོའི་གོ་ཆ་བསྐོན་ནས། ཕེཾ་ཕེཾ་གི་ཕྱག་རྒྱས་ཡེ་ཤེས་སེམས་དཔའ་ ་སྤྱན་དྲངས་ལ་བཅུག་སྟེ། གནས་གསུམ་དུ་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་སློབ་དཔོན་གྱིས་ལྷ་ཐམས་ཅད་ཀྱི་རང་བཞིན་རྣམ་པར་རྒྱལ་བའི་བུམ་པ་བླངས་ནས་བཀྲ་ཤིས་ཚིགས་སུ་བཅད་པ་བརྗོད་ཅིང ་བསྐུར་བར་བྱ་སྟེ། ལྷ་རྣམས་ཞུ་པ་ལས་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ཏེ་སྤྱི་བོར་བླུགས་ནས་འདི་སྐད་བརྗོད་དོ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །གསང་བ་གསུམ་ནི་གནས་ལས་བྱུང། ། ་དབང་བསྐུར་བ་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་དབང་བསྐུར་རོ། །ོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་བར་ཧི་ཀ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲཱི་ཡེ་ཧཱུཾ་ཞེས་བརྗོད་དོ། །དེ་ནས་ཅོད་པན་དང། རྡོ་རྗེ་དྲིལ་བུ་དང། མེ་ཏོག་གི་ཕྲེང་བ་སྤྱི ་པོར་བཅིངས་ལ་འདི་སྐད་བརྗོད་དོ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པས། །ཕྱག་རྒྱ་ཆེན་པོའི་བྱིན་བརླབས་ལ། །གཟུགས་དོར་བའི་དམ་ཚིག་གིས། །གསང་སྔགས་མ་ཚང་མེད་པར་བཟླ། །རང་རང་རིག་པའི་ངོ་བོ་དེ། ། ་ཕྱོགས་བཅུ་དུས་གསུམ་བཞུགས་པའོ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །བདག་དང་གཞན་ལ་མཆོད་པར་བྱ། །དཀའ་ཐུབ་སྡོམ་པ་མི་བཟད་པ། །བསྲུངས་ནི་མི་སྣང་མངོན་ཤེས་དང། །མཁའ་ལ་རྒྱུ་དང་ལུས་ངག་ཡིད། །ལS་འབྱུང ་འདོད་གྲུབ་འགྲུབ་མི་འགྱུར། །དེ་བས་སངས་རྒྱས་སེམས་དཔའ་མཆོག་།འདོད་པ་ཐམས་ཅད་བསྟེན་པ་ཡིས། །ཆོས་ཀྱི་ཡེ་ཤེས་མཆོག་བརྙེས་པའོ། །བདེ་དང་སྡུག་བསྔལ་དེ་དག་མིན། །འདོད་པའི་ཡོན་ཏན་ལྔ་རྣམས་བསྟེན། །ཡེ ་ཤེས་དོན་གཉེར་འདོད་ཆགས་ཅན། །སྦྱོར་པས་བསྒྲུབས་ན་མྱུར་དུ་འགྲུབ། །སྐུ་གསུང་ཐུགས་ཀྱི་ཡང་དག་འགྲུབ། །གང་གཞན་དམན་པ་བཤད་པ་ཡིན། །སྔགས་ཀྱིས་བཟླས་པ་འགྲུབ་འགྱུར་བ། །སྐུ་གསུང་ཐུགས་ནི་བསྒོཾས ་པས་སོ། །དེ་ཉིད་ཀྱིས་ནི་རྡོ་རྗེ་གཟུང། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གི་ན་ཕྱོག?་རྒྱ་ཆེར། །བྱིན་གྱིས་བརླབས་ནས་སྙིང་པོ་བཟླ། །དེ་ནས་མིག་གཉིས་སུ་ཧཱུཾ་ལས་རྡོ་རྗེ་ནས་འབྲས་ཙམ་དཀར་པོར་བསམས་ལ། གསེར ་རམ་རིན་པོ་ཆེ་ལས་བྱས་པའི་མིག་ཐུར་དང་པྲ་ཞེས་བྱ་བས་མིག་དབྱེ་བར་བྱ་སྟེ། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་ལིང་ཏོག་བསལ་བ་ལྟར། །བུ་ཁྱོད་ཀྱི་ནི་མི་ཤེས་པའི། །རབ་རིབ་རྒྱལ་བ་རྣམས་ཀྱིས་བསལ། །ོཾ་བཛྲ ་ཎེ་ཏྲ་ཨ་པ་ཧ་ར་བ་ཊ་ལཾ་ཧྲཱི(རྒྱུད་འགྲེལ་ལས་ཀུན་དུ་བྱུང། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་འདི་ཤེས་གྱིས་ལ། །སེམས་ཅན་དོན་ནི་མཉམ་མེད་བྱས། །འོན་ཀྱང་སངས་རྒྱས་སྲས་སུ་སྐྱེ། །ཡེ་ཤེས་ཀྱི་དབང་ངོ། །དེ་ནས་སྐུ་གསུང་ཐུགས་ཀྱི་དབང་སྦྱིན ་པར་བྱ་སྟེ། ཨ་ལས་སྐྱེས་པའི་དྲིལ་བུ་བླངས་ཏེ། །ཆོས་རྣམས་ནམ་མཁའ་ཨི་མཚན་ཉིད་དེ། ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་མཉམ་སྦྱོར་བ་ཡིས། །སྐུ་མཆོག་མཉམ་པ་ཉིད་ཏུ་གསལ། །གསུང་གི་དབང་ངོ།། ་དེ་ནས་ཧོས་བསྐྱེད་པའི་མདའ་གཞུ་བྱིན་ལ་ཕྱོགས་བཞི་དང་སྟེང་འོག་ཏུ་ཧོ་ཞེས་པས་མདའའཕེན་དུ་གཞུག་གོ་།སྐུའི་དབང་ངོ། །དེ་ནས་ཧཱུཾ་ལས་མེ་ལོང་བསྐྱེད་པ་བྱིན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་བཞིན ་དག་ཅིང་གསལ་ལ་རྙོད་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །གང་འདི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་བྱང་ཆུབ་ཀྱི་སེམས་ནི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་པར་བྱ་སྟེ་། ཐུགས་ཀྱི་དབང་ངོ། ། ་དེ་ནས་རྐང་པ་གཉིས་ཀྱི་བར་དུ་ཆོས་ཀྱི་འཁོར་ལོ་བཞག་ལ་། ལག་པ་གཡས་པར་དུང་བྱིན་ཏེ་གཡོན་པར་ལྕེ་བྱིན་ལ་འདི་སྐད་ཅེས་བརྗོད་དོ། །དེང་ནས་བརྩམས་ཏེ་སེམས་བསྐྱེད་པ་ཙམ་གྱིས་ཆོས་ཀྱི་འཁོར་ལོ་སྐོར་ཅིག་།དེང ་ཕན་ཆད་འཇིག་རྟེན་ལ། །སྐྱོབ་པའི་ཆོས་ཀྱི་འཁོར་ལོ་བསྐོར། །ཆོས་ཀྱི་དུང་ནི་བླ་མེད་པ། །མ་ལུས་ཀུན་ཏུ་གང་བར་བགྱིས། །སོམ་ཉི་ཡིད་གཉིས་མི་བྱ་ཞིང། །དོགས་པ་མེད་པའི་སེམས་ཀྱིས་སུ། །གསང་སྔགས་སྤྱོད་པའི ་ཚུལ་གྱི་མཆོག་།འཇིག་རྟེན་འདི་ལ་རབ་ཏུ་སྒྲོགས། །དེ་ལྟར་བྱས་ནས་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་གཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཏུ་བསྲུང་བ་ཁྱོད་ལ་མཛད་ཞེས་བྱ་བས་སྦྱིན་པར་བྱའོ། །དེ་ནས་རྗེས་སུ ་གནང་བའི་དབང་ལྔ་སྦྱིན་པར་བྱ་སྟེ། འཇིག་རྟེན་ཀུན་ལས་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བ། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་བཞིན་དུ་རྡོ་རྗེ་དང་ཁྲོ་བོ་དང་པདྨ ་དང་ནོར་བུའི་འཁོར་ལོར་རབ་ཏུ་བསྐོར་ཞེས་བྱ་བའི་ཚིགས་སུ་བཅད་པ་ལྔ་པ་རྗེས་སུ་གནང་བ་ལྔ་དབང་བསྐུར་ལྔ་སྦྱིན་པར་བྱའོ། །དེ་ནས་སློབ་མ་ལ་མཆོད་པ་ལྔས་མཆོད་པར་བྱའོ། །མགོ་བོ་ལ་མེ་ཏོག་སྣ་ལ་བདུག་པ་མིག་ལ་མར་མེ་སྙིང ་གར་བྱུག་པ་། ཡང་གནས་གསུམ་དུ་དྲིའི་ཐིག་ལེ་བྱས་ལ་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྟའི་དེ་ཉིད་དང། གནས་ཉི་ཤུ་རྩ་བཞི་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཉིད་དང། རྩ་དང་ཁམས་དང་རང་བཞིན་ལུས་ཀྱི་དཀྱིལ ་འཁོར་གྱི་དེ་ཉིད་དང་། བསྙེན་པ་དང་སྟ་གོན་དང་། དཀྱིལ་འཁོར་དང་སྦྱིན་སྲེག་དང་བུམ་པ་དང་གཏོར་མ་དང་། བདུད་རྩི་ལྔ་སྦྱང་བ་དང། བསྒོམ་པ་དང་བཟླས་པ་དང་བཅས་པའི་ཕྲིན་ལས་བཞི་སློབ་དཔོན་གྱི་ལས་རྣམས་བསླབ་པར་བྱའོ། ། ་དེ་ནས་ཡོན་དབུལ་བར་བྱ་སྟེ་། གླང་པོ་རྟ་དང་ཤིང་རྟ་ནོར་། །ནོར་བུ་བྱུ་རུ་ལ་སོགས་པ། །ཡོན་གྱི་མཆོག་ནི་བླངས་པ་རྣམས། །ཕྱག་བྱས་ནS་ནི་དབུལ་བར་བྱ། །དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ཀྱིས། །མ་འོངས ་མངོན་པར་འཚང་རྒྱ་བར། །ལུང་བསྟན་བྱ་དང་དབུགས་དབྱུང་མཛོད་ཅེས་བརྗོད་དོ། །དེ་ནས་བདག་ཉིད་དེ་བཞིན་གཤེགས་པར་བསམས་ལ་གཟེངས་བསྟོད་པ་འདི་དང་ལུང་བསྟན་པར་བྱ་སྟེ། གཡོན་པ་སྙིང་གར་ཁུ་ཚུར་བཅས་པ་དང་ཆོས་གོས་འཛིན ་པའི་ཚུལ་དུ་བྱས་ལ་།ོཾ་ང་ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པའི་མཆོག་ནི་གྲུབ་པ་ཡིན། །སྲིད་པའི་དོན་འགྲོ་རྣམས་ལས་བཏོན། །ཀྱེ་དེ་བཞིན་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་དང། བྷུ? ་བ་སྭ་། འདི་ཡི་དབང་བསྐུར་གྱུར་པ་ཡིས། །སྔགས་པས་འགྲོ་བ་ཀུན་དང་བདག་།བླ་ན་མེད་པའི་བྱང་ཆུབ་ཏུ། །བདེ་བར་གཤེགས་ཀྱིས་ལུང་བསྟན་མཛོད། །ངོ་བོ་ཉིད་ཀྱིས་སེམས་ཅན་རྣམས། །ཇི་ལྟ་ཇི་ལྟར་འདུལ་འགྱུར་བ། །དེ་ལྟ་དེ་ལྟར ་ཚོགས་ལ་སོགས། །གསང་བས་སེམས་ཅན་དོན་བྱའོ། །ཉིན་རེ་ཞིང་ནི་ཐུར་སྣ་རུ། །ཏིང་འཛིན་གསུམ་གྱི་སྦྱོར་ལྡན་པར། །བྱུང་ནས་ཐུན་མོང་གིས་ཤེས་ཀྱིས། །དངོས་གྲུབ་ཐོབ་པར་འགྱུར་པར་བྱ། །མི་སྣང་བ་ནི་སྟོང་ཡིན་ཏེ། །མངོན་ཤེས་སྣང ་པ་ཉིས་སྟོང་ཡིན། །རིག་པ་འཛིན་བ་སུམ་སྟོང་ཡིན། །རྡོ་རྗེ་ཅན་ནི་འགྲོ་ཀུན་བདག་།ཞི་དང་རྒྱས་སོགས་ལས་གང་དང། །དེ་ལས་གཞན་པ་ཅི་འདོད་པ། །འཁོར་ལོ་རྗེས་གཉིས་སྦྱོར་བ་ཡིས། །བསྒྲུབས་ན ་མྱུར་དུ་འགྲུབ་པར་འགྱུར། །ཀུན་གྱི་གནང་བ་སྦྱིན་པའོ། །དེ་ནས་དབུགས་དབྱུང་བ་བཤད་པར་བྱ་སྟེ། །མཆོག་གསང་དཀྱིལ་འཁོར་དམ་པ་འདིར། །མཐོང་བ་དང་ནི་ཞུགས་གྱུར་པས། །སྡིག་པ་ཀུན་ལས་ངེས་གྲོལ་བར། །ཁྱེད་རྣམས་དེ་ཉིད་ལེཌ ་པ་གནས། །བདེ་ཆེན་ཐེག་པ་འདི་ལས་ནི། །སླར་ཁྱོད་འཆི་བ་ཡོང་མིན་ཏེ། །མི་ཚུགས་པ་དང་མི་སོང་པས། །ཅིས་ཀྱང་མི་འཇིགས་དགའ་བར་གྱིས། །སྲིད་པ་ཤིན་ཏུ་དག་པའི་ཕ་ཡིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སྲོད་པ་ཤིན་ཏུ་གྲུབ ་བའི་ཕྱིར། །སྟོན་པའི་མཆོག་ཏུ་གྱུར་པ་ཡིན། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་རྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། ། ་བྱང་ཆུབ་སེམས་ནི་གཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྤང་ཞིང། །ནམ་ཡང་དོར་བར་མི་བྱའོ། །མི་ཤེས་པའམ་རྨོངས་པ་ཡིས། །ཚུལ་ཆེན་བསྟན་པར་མི་བྱའོ། །བདག་ཉིད་ཡོངས་སུ་སྤངས་ནས་སུ། །དཀར་ཐུབ་ཀྱིས་ནི ་མ་བསྲུངས་ཤིང། །ཅི་བདེ་བར་ནི་བདེ་བར་བསམ། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་ཡོངས་སུ་མི་དོར་ཞིང། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །སངས་རྒྱས་ཀུན་དང ་མཚུངས་སླའོ། །སློབ་དཔོན་ལ་ནི་གང་སྨོད་པ། །དེ་ཡིས་སངས་རྒྱས་ཀུན་སྨད་པས། །རྟག་ཏུ་སྡུག་བསྔལ་ཐོབ་འགྱུར་ཏེ། །རིམས་དང་དྲུག་དང་དབྱིག་དུག་དང། །མཁའ་འགྲོ་རྣམས་ཀྱིས་གཙོ་བ་དང། །གདོན་དང་ལོག་འདྲེན་གཏུམ་པོ་ཡིས།། ་བཅད་ནས་སེམས་ཅན་དམྱལ་ལྟུང་སྟེ། །དེ་བས་ནན་ཏན་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམ?་པས། །ནམ་ཡང་སྨད་པར་མི་བྱའོ། །བླ་མ་ལ་ནི་གུས་བཅས་ཡོན། །རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ། །དེས ་ནི་རིམ་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །རྟག་ཏུ་རང་གི་དམ་ཚིག་བསྲུང། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །དེ་ཕྱིར་སངས་རྒྱས་ཐམས་ཅད་ལ། ། ་རྟག་ཏུ་སྤྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། ཚོགས་ལས་དངོས་གྲུབ?་མཆོག་ཏུ་འགྱུར། །གང་ཕྱིར་འདི་ནི་ལོགས་གནས་པས། །དེད་ཁྱོད་སྐྱེ་བ་འབྲས་བུར་བཅས། །དམ་ཚིག་ལྷ་རྣམས་ཀུན་མཉམ་པས། །དེང་ཁྱོད ་གྱུར་པར་ཐེ་ཙོམ་མེད། །སངས་རྒྱས་རྡོ་རྗེ་འཛིན་བཅས་པས། །ཀུན་གྱིས་དེང་ཁྱོད་དབང་བསྐུར་བས། །ཁམས་གསུམ་ཀུན་གྱི་རྒྱལ་པོ་ཆེ། །རྒྱལ་པའི་དབང་པོ་བརྟེན་པ་ཡིན། །དེ་ནི་བདུང་ལས་རྣམ་རྒྱལ་ཏེ། །གྲོང་ཁྱེར་མཆོག་ཏུ ་ཞུགས། །ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད། །དེ་ཉིད་ཐོབ་པར་ཐེ་ཚོམ་མེད། །དབུགས་དབྱུང་བའོ། །ཕྱིར་མི་ལྡོག་པའི་དབང་བསྐུར་བ་ཡན་ལག་དང་བཅས་པའོ། །དེ་ནས་གསང་བའི་དབང་བསྐུར་བའི་ཕྱིར་གསོལ་བ་གདབ་པར་བྱ ་སྟེ། །སྐྱབས་མེད་པ་ཡི་སྐྱབས་གྱུར་པ། །མགོན་མེད་པའི་མགོན་གྱུར་པ། །སྙིང་རྗེ་མེད་པའི་སྙིང་རྗེ་ཅན། །བཅོམ་ལྟན་བདེ་མཆོག་གཉིས་མེད་བདག་།སྲིད་པའི་གདུང་བསྒོམས་པ་ལས། །སྙིང་རྗེས་གསལ་བའི་དབང་བསྐུར་གསོལ ་དེ་ནས་སློབ་མ་ལ་གནས་གསུམ་དུ་བདུད་རྩི་ལྔའི་ཐིག་ལེ་བྱས་ལ། སྡོམ་པ་སྦྱིན་པར་བྱ་སྟེ། །ཁྱོད་ཀྱིས་སྲོག་ཆགས་བསྒྲལ་བར་བྱ། །མཆོག་གི་རྫས་རྣམས་བླང་བར་བྱ། །གཞན་གྱི་དཔལ་ལ་ལོངས་སྤྱོད་ཅིང། །བརྫུན་པ་ལྟ་བུའི ་ཚིག་རྣམས་སྨྲོས། །བླ་མེད་དམ་ཚིག་འདི་རྣམས་ནི། །བུ་ཁྱེད་ཀྱིས་ནི་བསྲུང་བར་བྱ། །དེ་ནས་བདག་ཉིད་དཔལ་ཧེ་རུ་ཀའི་ང་རྒྱལ་གྱིས་གནས་པS?་ལས་ཀྱི་ཕྱག་རྒྱ་ལ་གནས་ཉི་ཤུ་རྩ་བཞི་ལ་ཡི་གེར་བཀོད་ནས།། ་དཔའ་བོ་དང་དཔའ་མོ་བྱིན་གྱིས་བརླབས་ཏེ་བསྐྱེད་ལ། སྤོ་བརྒྱད་དུ་མཁའ་འགྲོ་མ་བརྒྱད་བཀོད་ནས། །སྙིང་གའི་རྩ་བཞི་ལ་ཡུམ་བཞིར་བྱིན་གྱིས་བརླབས་ནས། ཧྲཱི:ལས་པདྨར་བསྐྱེད་ནས་གནས་གསུམ་དུ་བྱིན་གྱིས་བརླབས་ནས། ་ཧཱུཾ་ལས་ལིང་ག་རྡོ་རྗེར་བསྐྱེད་ལ་། ནོར་བུའི་མཚམས་ཨཱ(རྒྱུད་འགྲེལ་བརྗོད་ལ་ཐིག་ལེ་གསུམ་པདྨའི་ནང་དུ་ཕབ་ལ་ཐོད་པའི་ནང་དུ་བཞག་།ོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷཱ་བཱཏྨ་ཀོ་ཧཾ་ཞེས་བརྗོད་ལ་ཡེ་ཤེས་ལྔའི་འོད་ཟེར་སློབ་མའི་ལྕེ་ལ་གཞག་པར་བྱའོ། །དེ་ནས་སློབ་མའི་ལྐོག་མར་ཧྲཱི:ལས་པདྨ་འདབ ་མ་བརྒྱད་པ་བསམས་ལ་ལྕེའི་པདྨའི་ཆ་ལ་ཧཱུཾ་ལས་རྡོ་རྗེ་བསྐྱེད་ལ་རྩེ་མོའི་དབུས་ཀྱི་སྦུ་གུས་འཐུང་བར་བསམ་མོ། །དེ་ནས་འཁོར་ལོ་ཀུན་དང་རྣལ་འབྱོར་མ། །སངས་རྒྱས་ཞུ་བའི་རང་བཞིན་ཅན། །ཁམས་ལྔ་དག་དང་ཡང་དག་འདྲེས།། ་གསང་བ་ཡི་ནི་དབང་བསྐུར་རོ། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བར་བྱ་སྟེ་གསོལ་བ་གདབ་པ་ནི། འཁོར་ལོ་བཞིའི་རང་བཞིན་ཅན། །ཡེ་ཤེས་བཞི་ཡི་རང་བཞིན་སྐུ། །དགའ་བ་བཞི་ཡི་རང་བཞིན་མཆོག་། ་བདེ་བ་ཆེན་པོའི་དབང་བསྐུར་གསོལ། །དེ་ནས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། །བྲམ་ཟེ་རྒྱལ་རིགས་རྗེའུ་རིགས་དང། །དམངས་རིགས་མཐར་གནས་ཤེས་རབ་ཀུན། །གུས་དང་བཅས་པས་མཆོད་པ་དང། །གཉིས་མེད་ཚུལ་དང་ལོ?་བྱེད ་པར། །དཔའ་པོ་ཆེན་པོ་སྤྲོ་གྱུར་ཏམ། །སྨྲོས་ཤིག་དཔའ་བོ་བདེ་པ་ཆེ། །ཅི་གསུང་དམ་ཚིག་བསྟེན་པར་བྱིས། །ལྷ་མོ་བདག་གིས་བྱེད་པར་ནུས། །པདྨ་ཁ་བྱེ་བྱས་ནས་ནི། །སྐྲ་གྲོལ་གཅེར་བུར་གནས་པ་ཡིས། །རྡོ་རྗེ་བཞད་པ་གར་བྱེད་པ། །མེ ་ཏོག་ཆུ་ལྡན་དཔའ་བོ་ཡིས། །རྣལ་འབྱོར་མ་ལ་རྡོ་རྗེ་ཡི། །དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱིས། །བརྟུལ་ཞུགས་བཟང་པོས་འགྲོ་དོན་གྱིས་ཞེས་བརྗོད་དོ། །དེ་ནས་འདི་སྐད་ཅེས་སྡོམ་པ་དཔོག་པར་བྱ་སྟེ། །གཉིས་མེད་ཡེ་ཤེས་སེམS ་ལྡན་ལ། །མི་བྱ་བ་ནི་ཅི་ཡང་མེད། །ཚངས་པར་སྤྱོད་པ་བརྟན་མནོས་ལ། །འདོད་པ་ལྔ་ནི་སྤྱད་པར་གྱིས། །གཉིས་མེད་ལ་གནས་ཟས་ལ་ནི། །རྡོ་རྗེ་སེམས་དཔའ་ལ་སོགས་བརྡ། །ལྷ་མོ་གཞན་དང་ཀུན་སྦྱོར་བ། །འདོད་པ་ཆགས ་པར་གྱུར་པ་དང། །གཉིས་སུ་མེད་ཐོགས་མེད་པའོ། །དམ་ཚིག་སྤྱོད་དང་སྤྱད་པར་དང། །བུད་མེད་དབང་ཕྱུག་ཤིན་ཏུ་ཚོར། །ཚངས་སྤྱོད་དེ་བཞིན་རྣམ་བཞི་ཡི། །ཁྲོ་མེད་རྒྱུན་གྱི་ཀུན་སྤྱོད་པ། །སྒྲུབ་པ་པོ་ཡིས་ཡོངས་སུ་བསྲུང། །རྟག ་ཏུ་སྒྲུབ་པ་ལ་གནས་ནས། །ཡུལ་ཀུན་ལ་ནི་རྣམ་གྲོལ་ཞིང། །གཉིས་མེད་གྲུབ་པའི་རྣལ་འབྱོར་མ། །མི་བསྟེན་སྲིད་པ་དེང་ཁྱོད་ཀྱི། །བུ་ཁྱོད་ཀྱིས་ནི་བསྒྲུབ་པར་བྱ། །དེ་ལྟར་སྡོམ་པ་བྱིན་ནས་ཕྱག་རྒྱ་རྣམ་པ་བཞིའི་བྱེ་བྲག་གིས་།དབང ་བསྐུར་བ་རྣམ་པ་བཞིར་འགྱུར་ཏེ། ཆགས་པའི་ལམ་ལ་དགེ་བསྙེན་གྱི་སྡོམ་པ་དང་ལྡན་པའི་ཁྱིམ་པའི་བྱང་ཆུབ་སེམས་དཔའ་ཉོན་མོངས་པའི་སེམས་དང་མ་བྲལ་བས། ལས་ཀྱི་ཕྱག་རྒྱ་རིགས་ཅན་མ་བཞི་དང་ལོ་ཚིགས་མ་བཞི་དང་། ་ལས་དང་ལྡན་པ་བཞི་བཞི་སྟེ་བཅུ་གཉིས་ལ་། གཟུགས་བཟང་ཡན་ལག་མ་ཉམས་དང་། རྒྱན་ནི་ཀུན་གྱིས་བརྒྱན་པ་དང་ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཡོན་ཏན་དང་ལྡན་པ་ལ། བསྐྱེད་པའི་རིམ་པ་ལ་བསྙེན་སྒྲུབ་བཞིའི་རིམ ་དང་ལྡན་པའི་ལྷ་མོར་བསྐྱེད་ལ་།རྫོགས་པའི་རིམ་པའི་འཁོར་ལོ་བཞིའི་རིམ་པ་རྒྱུད་ཀྱི་རིམ་པ་དང། ཙཎྜ་ལི་སྔགས་ཀྱི་རིམ་པ་དང་། བྱང་ཆུབ་ཀྱི་སེམས་ཕབ་པའི་ཡེ་ཤེས་ཀྱི་རིམ་པ་དགའ་བ་བཞི་བསྐྱེད ་ལ། །རྡོ་རྗེ་འཛིན་པའི་མཐར། །རྒན་ལ་ལྟེ་སྦྱར་རྒྱུན་བཟློག་པས། །ལྷ་དང་ལྷ་མིན་བསྡིགས་ནས་ནི། །གཉིས་མེད་ལྷན་ཅིག་བསྐྱེད་དགའ་བསྒོམ་། ཞེས་པ་དང་། ཡང་ན་གྲོལ་ལམ་ལ་དགེ་སློང་དང་དགེ་ཚུལ་ལམ། རབ་ཏུ་བྱུང ་བའི་བྱང་ཆུབ་སེམས་དཔའ་ཆོས་ཀྱི་ཕྱག་རྒྱའི་འདོད་པའི་ཡོན་ཏན་ལྔའི་ལྷ་མོ་འམ་། ཕྱག་མཚན་ལས་བསྐྱེད་པའམ། དམ་ཚིག་གི་ཕྱག་རྒྱར་རྩེའི་འཁོར་ལོའམ། རླུང་དབུས་མ་ལས་གཏུམ་མོ་དོད་ཀྱི་རིམ་པ་ལས། བདེ་བ་བྱང་ཆུབ་ཀྱི ་སེམས་བསྐྱེད་ནས་རླུང་གི་འཁྲུལ་འཁོར་དང་། ཡི་གེའི་འཁྲུལ་འཁོར་གྱིས་དགའ་བྲལ་གྱི་གནས་ནས་བཟློག་། དེ་ནས་བསྒོམ་ཏུ་བཞུག་སྟེ་གཏུམ་མོ་བསྒྲུབ་ཤིང་གི་འཁོར་ལོ་ལས་། ལྷན་ཅིག་སྐྱེས་དགའ་ཨི་མན་ངག་ནི། །རི་བོང་འཛིན ་དང་བཟློག་པའི་མཐར། །དུ་བ་སྨིག་རྒྱུའི་རྟགས་ལྡན་པས། །དེ་ལས་གཟུགས་ནི་ཐོབ་པར་འགྱུར། །ཞེས་བྱ་བའི་ཚིག་དབང་རིང་པོ་ཉིད་སློབ་མ་ལ་སྦྱིན་པར་བྱའོ། །དེ་ནས་འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ན་ནི་གཞན ་མེད་དེ། དེ་བས་འདོད་ལ་ཆགས་བྲལ་བར། །ཁྱོད་ནི་ནམ་ཡང་མ་བྱེད་ཅིག་།ཅེས་བརྗོད་ལ། དམ་ཚིག་བསྒྲག་པར་བྱའོ། །ཡང་ན་བདག་བྱིན་གྱིས་བརླབ་ལམ་བས་ནི་ཕྱག་རྒྱ་ཆེན་པོ་སྟོང་པ་ཉིད་ལ་རིལ་པོར་འཛིན་པ་དང། རྗེས་སུ ་གཞིག་པའི་མན་ངག་གིས་བསྒོམ་སྟེ་། བསམ་གྱིས་མི་བྱ?་བ་པའི་རང་བཞིན་བདེ་བ་ཆེན་པོའི་?་ལ་འབད་རྩོལ་བྲལ་པའི་བློས། ལྷུན་གྱིས་གྲུབ་པའི་དབྱིངས་ལ་གནས་པས་རྒྱུད་དང་སྔགས་དང་ཡེ་ཤེས་ཀྱི་རིམ་པ་སྤངས་པ་གསང ་པའི་རིམ་བ་འབའ་ཞིག་ལ་བརྟེན་ནས། རླུང་དབུས་མེ་དང་ཐིག་ལེ་ཕྲ་མོ་དང། རྩ་ཨབ་?་ཏཱི་དང། གཏུམ་མོ་དྲོད་དང། ལྷན་ཅིག་སྐྱེས་པའི་དགའ་པ་སྟེ་དེ་རྣམས་ནི་མཚོན་བྱེད་བྱང་ཆུབ་ཀྱི་སེམས་སོ། །མཚོན་བྱ་དོན་གྱི་བྱང་ཆུབ་ཀྱི་སེམས ་ནི་ཟུང་འཇུག་བསམ་གྱིས་མི་ཁྱབ་པ་དང། ཐབས་བདེ་བ་ཆེན་པོ་ཟུང་འཇུག་རྟོག་པ་དང་བྲལ་བས། འབྲས་བུ་གཉིས་སུ་མེད་པ་ཟུང་འཇུག་བདེ་བ་ཆེན་པོ་ལྷུན་གྱིས་གྲུབ་པ་འབྱུང་བར་འགྱུར་རོ། །བཅོས་མའི་ལམ་མཚན་དང་བཅས་པ་རྣམ ་པར་སྤངས་ནས། མ་བཅོས་པ་མཚན་མ་མེད་པ་དག་བྱིན་གྱིས་བརླབ་པའི་སློབ་མ་ལ་བསྟན་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། །ཚིག་དབང་རིན་པོ་ཆེ་གཉིས་པའོ། །དེ་སྐད་དུ་ཡང། དཔེར་ན་ཕ་རོལ་དོན་གཉེར་འགལ ་གཟིངས་ལ་བརྟེན་ནས་འགྲོ་བྱེད་པ། །ཕ་རོལ་ཕྱིན་ནས་དེར་བར་བྱེད། །བཅོས་མའི་ལམ་ཡང་དེ་བཞིན་ན་ཞེས་གསུངས་སོ། །དེ་ནས་རིག་པའི་དམ་ཚིག་སྦྱིན་པར་བྱ་སྟེ། །དོན་དམ་པར་ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་རང་བཞིན་དམིགས ་ལ། ཤིན་ཏུ་རྣམ་པར་དག་པའི་ལྷའི་དེ་ཁོ་ན་ཉིད་བསྒོམ་པར་བྱ་སྟེ། །འགྲོ་བའི་དོན་ཀུན་སངས་རྒྱས་ལྔ་བདག་མེད། །གར་མཁན་དང་ནི་སངས་རྒྱས་བཟང་ལྟར་སྣང། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུའི་ཉམས་ཀྱིས་དུ ་མའི་གར་ཡང་མཛད། །ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། །རྣལ་འབྱོར་མ་ནི་མཚན་མར་བཤད། །?་པ་ལས་བྱུང་དཔའ་བོ་རྣམས། །ཡན་ལག་དྲུག་ཅུ་སེམས་ཀྱིས་སྤྲུལ། །དག་པའི་ཆོས་ཀྱི་སྤྲུལ་པ་ནི། །པད་མོའི་གཟུགས་སུ་སྤྲུལ་པ ་ཡིན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་ལ་སོགས་པ་ཉིད། །རུ་ནི་བཀོད་པ་དང་བྲལ་བ་།ཀ་ནི་གང་དཱུང་མི་གནས་པའོ། །སེམས་ལ་རྣམ་གནས་རྣལ་འབྱོར་པ། །མྱ་ངན་འདས་ལ་མི་བསྟན་ཏོ། །ཞེས་བརྗོད་ལ། ཧཱུཾ་ཁ ་ལས་ཆོ་ག་བསྐྱེད་ནས་མཚམས་ཀྱི་སྔགས་ཀྱིས་བསྲུང་བར་བྱའོ། །དེ་ནས་མེ་ཏོག་གཏོང་ལ་རྐང་པ་བརྒྱད་པས་བསྟེད་ནས་སློབ་མ་ལྡང?་བར་བྱའོ། །ཆུ་དང་དབུ་རྒྱན་ཅོད་པན་དང། །རྡོ་རྗེ་དྲིལ་བུ་མིང་ལྔ་ནི། །རིག ་པའི་དབང་སྟེ་དང་པོ་ཡིན། །རྡོ་རྗེ་བརྟུལ་ཞུགས་ཕྱག་མཚན་སྔགས། །གར་དང་ཕྲེང་བ་གླུ་དང་ནི། །དྲི་དང་སྤོས་དང་མར་མེ་སྟེ། །བརྟུལ་ཞུགས་དགུ་པོ་འདི་དག་ནི། །རིག་པ་འཛིན་པའི་ཡན་ལག་ཡིན། །བརྟུལ་ཞུགས་མང་པོ་གཉིས ་པའོ། །མདོར་ན་རིག་འཛིན་བཅུ་བཞིའོ། །མི་ལྡོག་དཔང་བསྐུར་གསུམ་པའོ། །སྤངས་པ་དང?་ནཱི་ཡེ་ཤེས་དང། །སྐུ་དང་གསུང་དང་ཐུགས་དང་ནི། རྗེས་སུ་གནང་བ་རྣམ་པ་གཉིས། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་མི་ལས ་རྣམས་དང། །ལུང་བསྟན་གཟེངས་བསྟོད་དབུགས་དབྱུང་དང། །མི་ལྡོག་ཡོན་ཏན་ལག་བཅུ་པོ་ནི། །དབང་བསྐུར་བ་ནི་བཞི་པ་ཉིད། །གསང་བའི་དབང་བསྐུར་གསུམ་པའོ། །ཤེས་རབ་ཡེ་ཤེས་དྲུག་པའོ། །མདོར་ན་དབང་བསྐུར་རྣམ་བཞི་སྟེ ་དབྱེ་བ་ཉི་ཤུ་རྩ་བདུན་ནོ། །དཔལ་མཆོག་དང་པོའི་དབང་བསྐུར་བའི་རྒྱུད་དང་ཆོ་ག་སྣ་ཚོགས་ལས་བཏུས་པ་མཉེས་པའི་སྙིང་པོ་ཞེས་བྱ་བ་སློབ་དཔོན་དཔའ་བོ་རྡོ་རྗེས་མཛད་པ་རྫོགས་སོ།། །། ་ཡེ་ཤེས་འབྱུང་བའི་མན་ངག་བཞུགས། །།རྒྱ་གར་སྐད་དུ་། ཛྙཱ་ནོད་ཡོ་བདེ་ཤ་ནཱ་མ། བོད་སྐད་དུ་། ཡེ་ཤེས་འབྱུང་པའི་མན་ངག་ཅེས་བྱ་བ་། རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལ་ལོ། །འཁོར་ལོ་བཞི་དབུས་ཐམས་ཅད་ལུས་ལས ་