CLOSE WINDOW

N1016: dpal bde mchog gi dkyil 'khor kyi cho ga
Wyliee-texts based on the ACIP/ALL Input

པའོ། །བླ་མ་དེ་ཉིད་ཀྱི་གསུངས་ལས། འཇམ་དཔལ་གཞན་ནུས་ཞུས་པའོ།། །།*། །བདེ་མཆོག་གི་དཀྱིལ་ཆོག་བཞུགས། །*། །རྒྱ་གར་སྐད་དུ། ཤྲཱི་སཾ་བ་ར་མཎྜལ་བི་དྷི། བོད་སྐད་དུ། ་དཔལ་བདེ་མཆོག་གི་དཀྱིལ་འཁོར་གྱི་ཆོ་ག་།དཔལ་འཁོར་ལོ་བདེ་མཆོག་ལ་ཕྱག་འཚལ་ལོ། །ནམ་མཁའ་ལས་རྒྱས་མཁའ་འགྲོ་མའི། །འཁོར་ལོ་སྡོམ་པ་ལ་བཏུད་ནས། །དེ་ཡི་དཀྱིལ་འཁོར་སོགས་ཆོ་ག་།བླ་མ་ལས་རྙེད་བྲི་བར་བྱ། །དེ ་ལ་སློབ་དཔོན་གསོན་ན་ཁ་ཊཝཱཾ་ག་།ཧཱུཾ་སྒྲོག་གཡས་ན་ཌ་ཨ་རུ། །ཡང་དག་ཡེ་ཤེས་རྒྱུད་ཤེས་ཤིང། །ཧེ་རུ་ཀ་དཔལ་གསང་སྔགས་ཤེས། །ཁོར་མེད་གཙང་སྦྲ་བརྩོན་འགྲུས་ལྡན། །སྦྱོར་ཤེས་ཡེ་ཤེས་ཕ་རོལ་སོན། །མགོ་སྐྱེས ་ལ་ནི་ཐོད་པས་བརྒྱན། །ཐལ་བ་ཡིས་ནི་ལུས་ལ་བྱུགས། །ཞེས་པ་དང། གསང་བ་རབ་ཏུ་བསྟན་པ་ལས་ཀྱང། བླ་མ་རྣམ་པ་གཉིས་རབ་བཤད། །རྒྱུ་ཐོབ་པ་དང་འབྲས་བུ་འཆར། །རྒྱུའི་ཚུལ་གྱིས་མདོར་སྟོན་ཅིང། །འབྲས་བུའི་ཚུལ ་དུ་རྒྱས་པར་འཆང། །མདོར་བསྟན་ལུས་དག་ངོ་བོ་སྟེ། །རྒྱས་པར་འཆད་པ་སེམས་ཉིད་དོ། །དཀྱིལ་འཁོར་སློབ་དཔོན་ཚུལ་གྱིས་ནི། །ཕྱི་རོལ་དང་ནི་ནང་དུ་གནས། །འདི་ནི་སེམས་ཅན་ཐམས་ཅད་ཀྱི། །བླ་མ་བླ་མེད་རྣམ་པ་གཉིས།། ་ལོང་སྤྱོད་གྲོལ་པའི་འབྲས་སྟེར་བ། །རབ་ཏུ་འབད་དེ་མཆོད་པར་བྱ། །ཞེས་གསུངས་པ་ནི་སློབ་དཔོན་གྱི་མཚན་ཉིད་དོ། །དུང་དང། འདབ་མའི་?་བུ་དང། ཟངས་ལ་སོགས་པ་ལས་བྱས་པའི་ཞབས་བསིལ་དང། བསང་གཏོར་དང། ་ཞལ་བསིལ་དང་མཆོད་ཡོན་གྱི་སྣོད་རྣམས་སུ་ནས་དང་འོ་མ་དང། མེ་ཏོག་དཀར་པོ་དང། རྩཝ་ཀུ་ཤ་དང། ཏིལ་དང། བདུད་རྩི་ལྔ་ལ་སོགས་པ་བླུགས་ཏེ་ཡི་གེ་གསུམ་དང། རང་གི་བདག་པོ་དང་ལས་ཐམས་ཅད་པའི་སྔགས་ཀྱིས་? ་རྩ་བརྒྱད་དང་ལན་བདུན་དུ་བསྔགས་ལ། །སྣོད་དེ་གསུམ་རང་གི་གཡོན་དུ་མན་འཇིའི་སྟེང་དུ་བཞག་ཅིང། དེའི་མདུན་དུ་ཡང་བཟེད་ཞལ་གསུམ་མན་འཇིའི་སྟེང་དུའོ། །དེ་ལ་ཞབས་བསིལ་གྱི་སྣོད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱི་མཐེ ་བོ་དང་མཛུབ་མོའི་སྐམ་པས་མེ་ཏོག་བཟུང་ལ་རོལ་པས་སོར་མོ་རྣམས་བསྐོར་ཞིང་མཛུབ་མོ་ལ་སོགས་པའི་སོར་མོ་རྣམས་རིམ་གྱིས་བརྐྱང་སྟེ། ཨོཾ་ཨཱ:ཧྲི་པྲ་པར་ས་ཏ་ཀཱ་ར་པཱ་དྱཾ་པཱ་ཏཱིཙྪ་ཧཱུཾ་སྭཱཧཱ། ཞེས་པ་གསུམ་གྱིས་?་ཞལ་དགུའོ།།? ་མཆོད་པར་བྱ་པའི་ཞབས་གཉིས་ལ་བསམས་ནས་སོ། །སྣོད་གཉིས་པའི་ཆུ་གཡས་ན་གནས་པའི་ཀུ་ཤའི་ཆུན་པོའི་རྩེ་མོས་བླངས་ནས་བཟེད་ཞལ་གཞན་དུ་མཆོད་བྱའི་སྐུ་ལ་བསང་གཏོར་བྱའོ། །དེ་ཉིད་ཀྱི་ཆུ་གཡས་པའི་ཁུ་ཚུར་གྱི་མཐེ་བོ་དང་མཛུབ ་མོའི་སྐམ་པས་མེ་ཏོག་བཟུང་ལ་དེའི་བཟེད་ཞལ་དུ་ཁ་ཐུར་དུ་བསྟན་པའི་ཁུ་ཚུར་གྱིས་ཞབས་བསིལ་པའི་ཆེད་དུ་མཆོད་བྱའི་ཕྱག་ཏུ་མཐེ་ཆུང་ལ་སོགས་པ་རིམ་གྱིས་བརྐྱང་ཞིང་ལན་གསུམ་དུ་དབུལ་ལོ། །སྣོད་གསུམ་པའི་ཚུལ་སོགས་པ་སྙིམ ་པས་བཟུང་སྟེ་རྡོ་རྗེ་ཐལ་མོ་ཕྱེ་བས་བཟེད་ཞལ་གྱི་སྣོད་གསུམ་པར་མཆོད་ཡོན་ལན་གསུམ་མོ། །དེ་ཐམས་ཅད་སྔགས་དེ་ཉིད་ཀྱིས་དེ་འོན་ཀྱང་པཱ་དྱི?་གི་གནས་སུ་པྲོཀྵ་ཎཾ་དང། ཨཱཉྩ་མ་ནཾ་དང། ཨརྒྷཾ་ཞེས་བརྗོད་དོ། །མེ་ཏོག་དབུ་ལའོ། །བདུག་སྦོས་དང ་མར་མེ་དང། མཆོད་ཡོན་ནི་མདུན་དུའོ། །ཞལ་ཟས་ཕྱག་ཏུའོ། །དྲི་ནི་མཆོད་བྱའི་ཐུགས་ཀར་བསམ་པར་བྱའོ། །འདི་ནི་ཆོ་ག་ཐམས་ཅད་དུ་མཆོད་ཡོན་ལ་སོགས་པའི་ཆོ་གའོ།། །།ཐམས་ཅད་མཁྱེན་པའི་? ་པས་།སྔོན་དུ་བསྙེན་པ་ཚོགས་གསོག་ཅིང། །བགེགས་ནི་རྣམ་པར་ཉམས་བྱེད་བྱ། །དངོས་གྲུབ་བསྙེན་པ་མེད་ན་མིན། །དེ་ཕྱིར་རིམ་གཉིས་དེ་ཉིད་རིག་།དབེན་པར་ཡང་དག་གནས་ནས་ནི། །བདེ་མཆོག་འཁོར་ལོ་བསྒོམ་པར་བྱ། །སྐྱོན་དེ་ཡིས ་གསང་སྔགས་བཟླས། །འཁོར་ལོའི་བདག་པོའི་བཟླས་པ་འབུམ། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ཏེ། །འདི་ནི་སྔོན་དུ་བསྙེན་པར་བརྗོད། །རིམ་པ་གཉིས་ཀྱི་རྣལ་འབྱོར་ནི། །ལཱུ་ཡི་པའི་མངོན་པར་རྟོག་པ ་ལ་སོགས་པར་ཤེས་པར་བྱའོ། །འདི་ནི་སྔོན་དུ་བསྙེན་པའོ།། །།དཀྱིལ་འཁོར་ལ་སོགས་པའི་བྱ་བ་ནི། རྒྱལ་དང། ནག་པ་དང། བྲ་ཉེ་དང་བྱེད་པོའི་ཟླ་བ་མ་གཏོགས་པའི་ཟླ་བ་རྣམས་དང། ཚེས་གཉིས་པ་དང། ་གསུམ་པ་དང། ལྔ་པ་དང། བདུན་པ་དང། བཅུ་པ་དང། བཅུ་གསུམ་པ་དང། ཉི་མ་དང། གཟའ་ཟླ་བ་དང། ལྷག་པ་དང། ཕུར་བུ་དང། པ་བ་བསང་རྣམས་སུའོ། །སྣར་མ་ལ་ནོར་རོ། །མགོ་ལ་ཞི ་པའོ། །ལག་ལ་སྐལ་བ་བཟང་པོའོ། །རྒྱལ་ལ་རྒྱལ་བའོ། །དབོ་ལ་འཁོར་འཕེལ་ལོ། །མེ་ཞི་ལ་དངོས་གྲུབ་བོ། །ལྷ་མཚམས་ལ་འདོད་པའོ། །སྣོད་ལ་བདེ་བའོ། །སྒྲུབས་དང་གྲུ་ཞུན་ལ་ལུང་ལ་མཁས་པར་འགྱུར་རོ། །ཆུ་སྟོང་ཆུ་སྨད ་ལ་བུ་འཕེལ་ལོ། །ཁྲུམས་སྟོང་ཁྲུམས་སྨད་ངག་ལ་བུ་མོ་འཕེལ་ལོ། །ཞི་བའི་གཟའ་ལ་བརྟེན་པའི་དུས་སྦྱོར་དང་རྣམ་པར་སེལ་བ་དང། ཤིན་ཏུ་སྐྲག་པ་དང། ཟུག་རྡུ་དང། འབྲས་དང། བྱ་བ་གྲུབ་དང་རྡོ་རྗེ་དང། ཀུན་ལྟུང་བ་དང། ཡོངས ་བསྣུན་དང། ཤ་ཁྱོན་འཛིན་པ་མ་གཏོགས་པའི་སྦྱོར་བ་དང། །འཇུག་ཕོད་དང་བྲལ་བའི་བྱེད་པ་རྣམས་ལ་སྟེ་དེ་ནི་གཞན་གྱི་འདོད་པའོ། །རང་གི་བཞེད་པ་ནི། དབྱར་དུས་རབ་གནས་གྲུབ་པའོ། །སྟོན་ནི་བདེ་བ་སྟེར་བར་འགྱུར། ། ་དགུན་སྟོད་ཡེ་ཤེས་འཕེལ་བ་སྟེར། །དགུན་སྨད་དབང་ཕྱུག་ཐམས་ཅད་འབྱུང། །དཔྱིད་ཀ་དཔལ་ནི་རབ་ཏུ་སྦྱིན། །སོ་ཀང་རྒྱལ་དང་ཞི་བ་སྟེར། །རབ་གནས་དུས་ནི་ཐམས་ཅད་དུ། །སངས་རྒྱས་བཞུགས་སུ་འཇུག་པར་བཞེད ་ཅེས་པ་དང། མཁའ་འགྲོ་མ་རྡོ་རྗེ་གུར་ལས་ཀྱང། གཙུག་ཏོར་རྟག་ཏུ་སྦྱིན་པར་བྱ། །རྟག་ཏུ་སྦྱིན་སྲེག་བྱེད་ཏུ་གཞུག་།རྟག་ཏུ་དཀྱིལ་འཁོར་བྲི་བར་བྱ། །རྟག་ཏུ་སངས་རྒྱས་རབ་གནས་བྱ། །ཟིན་པའི་དེ་མ་ཐག་པ་རུ། །རབ་ཏུ ་གནས་པ་མཆོག་ཏུ་འགྱུར། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །དབང་ཕྱུག་ཐོབ་པར་ཐེ་ཚོམ་མེད། །དེ་ལ་གཟའ་དང་རྒྱུ་སྐར་མེད། །བགེགས་དང་ལོག་པར་འདྲེན་པའང་མེད། །ཅུང་ཟད་མིང་ལ་གང་འདོད་པ། ནས་སྟེ ་པར་འགྲུབ་པར་འགྱུར། །ཞེས་པ་ནི་དུས་ཀྱི་ངེས་པའོ། །དེ་ནས་སློབ་དཔོན་ཁྲུས་བྱས་ཏེ་ལྷ་མཆོད་པ་དང་གཏོར་མ་བྱས་ལ་གོས་གཙང་མ་རྒྱན་ལེགས་པས་བགོས་པའི་བདག་ཉིད་ཀྱི་ཕྱི་དྲོའི་དུས་སུ་ས་དང་ལྕིབས་དཀྱིལ་འཁོར་ཉེ་བར་བྱུགས་ལ། པུས ་མོ་གཡས་པ་ས་ལ་བཙུགས་ཏེ་ཐལ་མོ་སྦྱང་ལ་ཕྱོགས་བཅུན་གནས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་འཇིག་རྟེན་སྐྱོང་པ་རྣཾ་ལས་བསླང་བར་བྱ་སྟེ། ཁམས་འདི་ནི་ནི་མགོན་གང་དག་།ཆེན་པོས་མཆོད་པ་བཞུགས་རྣམས་དང། ་ལྷ་དང་ཀླུ་དང་གནོད་སྦྱིན་དང། །དྲི་ཟ་དང་ནི་ལྷ་མིན་སོགས། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །དེ་དང་དེ་ལ་གསོལ་བར་བགྱི། །གལ་ཏེ་ཁྱེད་ཀྱིས་གནང་བ་ན། །བགྱི་སྟེ་གཞན་དུ་མ་ཡིན་ནོ། །རྨི་ལམ་ལ་སོགས་མཚན་མ་ཡིས ་ས་བཟང་འདི་ནི་བདག་ལ་གསོལ། །ཞེས་པན་གསུམ་བརྗོད་པར་བྱའོ། །དེའི་རྗེས་སུ་འཇིག་རྟེན་དབང་ཕྱུག་གི་མདུན་མཆོད་པ་བྱས་ལ། །ོཾ་མུ་ཅི་ལི་སྭཱཧཱ། ཨོཾ་མོ་ཧ་ནི་སྭཱ་ཧཱ། ཨོཾ་ད་ལི་སྭཱཧཱ། ཞེས་བྱ་བའི་རྨི་ལམ་བརྟག་པ་འདིས་ལག་པ ་གཡོན་པས་ཁ་ལ་ལན་ཉི་ཤུ་རྩ་གཅིག་བསྔགས་ལ་མགོ་ལྷོར་བསྟན་ཅིང་ཤར་དུ་ཁ་བལྟས་ལ་གཅིང?་སྤྲས་ཉལ། །རྨི་ལམ་ངན་ན་ལས་ཐམས་ཅད་པ་བཟླས་པ་དང། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱིས་བགེགས་བཟློག་ནས་ལྷ་གནང་བ?་ཐམས་? ་པའི་ས་ལ་ཆོ་ག་བྱ་སྟེ། འོན་ཀྱང་སྲིང་ན་གྲོང་རྡལ་དང། གྲོང་ཁྱེར་དང། སྐྱེད་མོས་ཚལ་དང། གཙུག་ལག་ཁང་ལ་སོགས་བརྟག་བྱ་སྟེ། །ས་གཞི་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་།ལྷ་ཁང་མཆོད་རྟེན་ཁང་བཟང་ཁང་རྩེག་དང། །?་གནས ་དཀྱིལ་འཁོར་ལ་སོགས་བྱེད་འདོད་པས། །འདིར་ནི་ས་ཡི་ལྟོ་འཕྱེ་བརྟག་བྱ་སྟེ། །ས་གཞི་གང་ཡིན་དེ་ནི་གྲུ་བཞིར་བྱ། །ཟླ་བ་གསུམ་གྱི་ཉི་མའི་གྲངས་ཀྱིས་འདིར། །ཕྱོགས་ནི་སོ་སོར་ས་དེ་རྣམ་པར་དབྱེ། །དབང་ལྡན་ནས་ནི་མེ་ཡི་མཚམས ་ཀྱི་བར། །ཤར་གྱི་ས་དེ་དགུ་བཅུར་རྣམ་པར་དབྱེ། །མེ་ནས་བདེན་བྲལ་མཚམས་ཀྱི་བར་དང་ནི། །བདེན་བྲལ་ནས་ནི་ཁྱུང?་གི་མཚམས་པར་དང། །རླུང?་འབྱུང་པོའི་བདག་པོའི་མཚམས་ཀྱི་བར། །དེ་བཞིན་ཁོ་ནར ་དགུ་བཅུར་རྣམ་དབྱེ་བྱ། །སྟོན་ཟླ་ར་བ་འབྲིང་དང་ཐ་མའི་བར། །དབང་ལྡན་མཚམས་ལ་སོགས་པར་མགོ་བོ་གནས། །བདེན་བྲལ་མཚམས་ལ་སོགས་པར་མཇུག་མའི་ཆ། །གསང་བའི་གནས་ནི་ས་ཡི་དབུས་སུ་བཞག་།ལྟེ་བའི་འོག་གི་ཆ་ནི་ལྟོ ་འཕྱེའི་ལུས། །སྟེང་ཆ་གདེངས་ཀ་དང་ལྡན་མི་ཡི་གཟུགས། །ལྷོར་བལྟ་ལག་པ་གཡོན་པ་རྣ་བ་བཞག་།གཡས་པ་རིན་ཆེན་ཐོགས་པས་དཀུར་བཀབ་ནས། །ས་ཡི་ཆ་དགུ་ཁྱབ་པར་ཉལ་ནས་གནས། །གུའི་རྒྱལ་པོ་ལུས་ཚང་མཐོ?་བཅུའོ། །ཤར་དང་ནུབ ་ཀྱི་མཛའ་མར་གནས་ན་ཡང། །ས་ཡི་དུམ་བུ་དེ་ནི་འཇལ་བ་ལྟར། །ཉི་མའི་འགྲོད་པས་ཆོས་གཅིག་ལ་སོགས་པར། །ཉིན་ཞག་རེ་རེ་ཞིང་ནི་ཆ་རེ་རེར། །ཇི་ལྟར་རོགས?་པས་ཤར་གྱི་ཆ་རུ་རྒྱུ། །ལྷོ་དང་ནུབ་དང་བྱང་དུ་?་དེ་བཞིན་ནོ། །དགུ་ན་བླ ་རབ་འབྲིང་དང་ཐ་མ་ཡི། །དཀར་ཕྱོགས་ལ་སོགས་ནུབ་ཏུ་ཁ་མིག་བལྟ། །མེ་ཡི་མཚམས་སུ་ཡན་ལག་མཆོག་བསྟན་ཏེ། །རླུང་གི་མཚམས་ལ་སོགས་པར་འཇུག་མ་ནས། །དཔྱིད་ཟླ་ར་བ་འབྲིང་དང་ཐ་མ་དེའི། །གནོད་སྦྱིན་བདག་ཕྱོགས་ཁ་དང་མིག ་གིས་?་ལྟ། །བདེན་བྲལ་མཚམས་ལ་སོགས་པར་མགོ་བོ་གནས། །དབང་ལྡན་མཚམས་ལ་སོགས་པར་མཇུག་མའི་ཆ། །དབྱར་ཟླ་ར་བར་འབྲིང་དང་ཐ་མ་རུ། །ཤར་ཕྱོགས་སུ་ནི་ཁ་དང་མིག་གིས་བལྟ། །རླུང་གི་མཚམས་ལ་སོགས ་པར་?་པོ་གནས། །མེ་ཡི་མཚམས་ལ་སོགས་པས་མཇུག་མའི་ཆ། །ལོ་གཅིག་ན་ནི་ས་གཞི་མཛའ་དག་ཏུ། །འཁོར་གཅིག་གིས་ནི་འབད་པས་ཀུན་ཏུ་ཁྱབ། །ལྟོ་འཕྱེའི་རྒྱལ་པོའི་རྒྱུ་བའི་དབྱེ་བ་ནི། །ཟླ་བ་རེ་རེའི་བྱེ་བྲག་ཤེས་ནས་སུ?།། ་མཛའ་ཡས་བདག་ཉིད་དཀའ་པོ་མཛེས་པའི་སྐུ། །མཇུག?་མ་ལ་སོགས་རིམ་གྱིས་བསམ་ནས་སུ། །དེའི་ལུས་ལ་ཀླུ་ཡི་བདག་པོ་རྒྱད། །འོ་མ་ལ་སོགས་ཉེ་བར་སྤྱོད་པས་མཆོད། །མཇུག་མའི་རྩེ་མོར་རིགས་ལྡན་ཤིན་ཏུ་སྔོ། །གསང་གནས་དུར་བ་ལྟར་ལྗང ་སྟོབས་ཀྱི་རྒྱུ། །ལྟེ་བར་དུང་སྐྱོང་པདྨའི་རྩ་བ་བཞིན། །དཔུང་བར་པདྨ་ཆེན་པོ་གསེར་དང་མཚུངས། །ནོར་རྒྱས་སྙིང་གར་གནས་པ་ལྗང་གུ་སྟེ། །འཇོག་པོ་ཞེས་བྱ་དམར་པོ་མགྲིན་པར་གནས། །རྣ་བར་པདྨ་དཀར་པོ་འོད་ཟེར་ཅན། །སྤྱི་བོ་?་ནི ་མཛའ་ལམ་སྔོན་པོ་གནས། །མི་ནི་བགེགས་མཐར་བྱེད་ཀྱི་རྣམ་པར་བསྒོམ། །དཔའ་བོའི་ལག་པ་ཏོག་ཙེ་རྡོ་རྗེས་མཚན། །ལག་པ་གཡོན་པ་འོག་ཏུ་བྱས་ནས་བཟུང། །དེ་ཡིས་བདུད་ཀྱི་ཚོགས་ནི་སྐྲག་ཅིང་བཟློག་།ཤར་དང་བྱང་གི་ཕྱོགས་སུ་ཁ་ལྟ? ་?་།རྟོག་ཅི་ཁམས་བཞི་བརྒྱས་པས་བླངས་པའི་ས། །ཞི་བའི་སེམས་ཀྱིས་གཏོར་མའི་ནང་དུ་ནི། །བཞག་པ་འམ་མེ་མཚམས་ལ་སོགས་ཕྱི་རོལ་དོར། །འབད་པས་དེའི་ཁ་ནི་ལྔ་པ་ཡིས། །ས་གཞིའི་དབུས་སུ་ལེགས་པའི་ཡིད་ཀྱི་དགྲམ། ། ་འམ?་ལྔ་པ་དེར་ལས་མིང་དུ་མ་ཡིས། །ཕྱོགས་དང་མཚམས་སུ་ཀུན་ནས་བརྐོ་བར་བྱ། །ཤར་ནས་ཆ་ནི་ཉི་ཤུ་རྩ་གཅིག་དོར། །བྱང་ནས་ཕྱེད་དང་བཅུ་བཞིའི་ཆ་དོར་བས། །ཤར་ནུས་ཆ་དགུ་ལྷོ་བྱང་ཕྱེད་དང་ལྔ། །འདི་ནི་མཚན་གྱི་མདུན་? ་མར་བརྐོ། །དེ་ཡིས་ཆོས་ནོར་འདོད་དོན་འཕེལ་ཞིང་འགྲུབ། །གལ་ཏེ་ལྟོ་འཕྱའི?་རྒྱལ་པོ་གནས་པ་ཡི། །ཆ་དགུའི་ས་ཡི་ཆ་ལ་བརྐོས་ན་ནི། ཕ་མ་བུ་དང་བུ་མོ་སྤུན་ཆུང་མ། །མནའ་མ་རང་གི་སྐྱེ་བོ་མཛའ་བཤེས་འཆི་ཞིང། །ཡང་ན་? ་གནས་ནས་འཕོ་ནོར་བརླག་འགྱུར། །མཇུག་མར་གླང་ཆེན་རྟ་དང་མ་ཧེ་ར?། །བ་ལང་འཆི་ཞིང་སྟོབས་ཀྱང་ཉམས་པར་འགྱུར། །གལ་ཏེ་ཁམ་ལྔའི་ནང་དུ་ཤིང་དང་སྒྲ། །གྲོག་མཁར་སྐྲ་སེན་ཐལ་བས་གནོད་པ་འབྱུང། །རྡོ་བས་རླུང ་གིས་འཇིགས་པ་ཕུབ་མ་དང། མགལ་དུམ་གྱིས་རིམ་རུས་པས་ཟུག་ཟེར་རོ། །དེའི་དོན་དུ་ཐིག་འདེབས་པ་ན་མཚན་མ་ཤེས་པར་བྱ་སྟེ། ཐིག་སྐུར་ཆད་ན་སློབ་དཔོན་འཆིའོ། །ཁྱི་དང་ཅེ་སྦྱོར་དང་བྱ་རྒོད་དང་བྱ ་ཀཱ་ཀ་སྒྲ་སྒྲེགས་ན་ཡོན་བདག་གོ་།ཕྱི་ལས་ཐིག་སྐུད་ལ་འགོམས་ན་དེའི་འམ་བུང་བུའི་རུས་པ་ཡོད་དོ། །བུང་བུས་འགོམས་ན་དེ་ཉིད་ཀྱིའོ། །ཁྱིས་དེ་ཉིད་ཀྱིའོ། །ར་ལུག་གིས་ནི་དེ་དག་གིའོ། །རྟི་ཡས་ནི་དེ་ཡི་རུས་པའོ། །གླང་པོ ་ཆོས་ནི་དེའི་འམ་རྔ་མོའི་འོ། །མ་ཧེ་འམ་ཤ་བས་ནི་ཅེ་སྦྱང་གིའོ། །དོམ་གྱིས་ནི་དེའི་བུས་པའོ། །ཕག་གིས་ནི་སྟག་གིའོ། །སྟག་གིས་ནི་གླང་པོ་ཆེའིའོ། །བྱི་བས་ནི་དེའིའོ། །སྤྲུལ་གྱིས་ནི་དེའིའོ། །རུ་སྦལ་གྱིས་ནི་དེའི་རུས་པའི ་གལ་ཏེ་སློབ་དཔོན་དང། གཟོ་བོ་དང། ཡོན་བདག་དང། དེའི་ལས་མིའི་ནང་ནས་གང་རུ་མགོ་བོ་ལ་འབྲུག་ན་མི་གང་གི་འོག་ནས་སེལ་ཡོད་དོ། །སྨིན་མ་ལ་རེག་ན་གསེར་རམ་དོལ་གོང་ཁྲུ་གསུམ་གྱི་འོག་ནའོ། །མིག་ལ་རེག་ན་དེ་ཙམ ་གྱི་འོག་ན་མུ་ཏིག་གོ་།ཁ་ལ་རེག་ན་སྐྲའམ་དོལ་གོང་སུམ་མདོའི་འོག་ཙམ་ནའོ། །ས་ལ་རེག་ན་ཁྲུ་གསུམ་གྱི་འོག་ན་སོའོ། །རྣ་བ་ལ་འཕྲུག་ན་དེ་མན་ཆད་ཀྱི་འོད་ན་གསེར་རམ་དངུལ་ལམ་བྱི་རུའོ། །སྐེ་ལ་རེག་ན་དེ་ཙམ་གྱི་འོག ་ན་མགུལ་རྒྱན་ནམ་ལྕགས་སྒྲོག་གམ་དོལ་གོང་དམ་སོལ་བ་ཁྲུ་གསུམ་གྱི་འོག་ནའོ། །ཕྲག་པ་ལ་རེག་ན་དེ་ཙམ་གྱི་འོག་ན་དེའི་རྒྱན་ནོ། །མཚན་ཁུང་ལ་རེག་ན་དེ་ཙམ་གྱི་འོག་ན་ལྕགས་སོ། །ལག་པ་གཡས་པ་ལ་རེག་ན་རྒྱ? ་ཐོད་པའམ་ས་ལས་བྱས་པའོ། །ལག་པ་གཡོན་པ་ལ་རེག་ན་དུས་མོའི་འོག་ན་ཤིང་ཁྲིའི་རྐང་པའོ། །བྲང་ལ་རེག་ན་དཀུར་ཙམ་གྱིS་འོག་ན་ཕྱུགས་ཀྱི་རུས་པའོ། །རྒྱབ་ལ་རེག་ན་དེ་ཙམ་གྱི་འོག་ན་དེའི་རུས་པའོ། །དགུ་ལ ་རེང?་ན་ཁྲུ་གཉིས་ཀྱི་འོག་ན་ལྕགས་ཀྱི་ཕུར་བུའོ། །རྟགས་ལ་རེག་ན་ཁྲུ་གང་གི་འོག་ན་ལྕགས་གསུམ་གྱི་སེལ་ལོ། །བྱིན་པ་ལ་རེག་ན་མཐོ་གང་གི་འོག་ན་བྱིན་པའི་རུས་པའོ། །ལོང་བུ་ལ་རེག་ན་སོར་མོ་བཅོ་བརྒྱད་ཀྱི་འོག་ན་རྟའི་རྨིག་པའོ། །རྐང་པ ་ལ་དག?་ན་མཐོ་གང་ཙམ་གྱི་འོག་ན་ཤིང་སཱ་ལ་མ་ལའི་ཚེར་མའོ། །རྐང་པའི་མཐེ་ཆུང་ལ་རེག་ན་སོར་བརྒྱད་ན་འཁོར་བའོ། །གང་ཡང་རུང་བས་གང་གི་མིང་སྨོས་པ་དེའི་དེར་རུས་པའོ། །གང་དུ་བས་རྩི་བ་འདོར་བ་དེར་གསེར་རོ། །གཞོན་བཤད ་བ་གཏོར་ན་དངུལ་ལོ། །སྤལ་པ་སྒྲ་སྒྲོགས་ན་ཆུའི་འཇིགས་པའོ། །དང་པ་དང། ཁུ་བྱུག་དང། རྨ་བྱ་དང། དུར་པ་དང། གླང་སྒྲ་སྒྲོགས་ན་དགེ་བའོ། །འབྲུག་སྒྲ་སྒྲོགས་ན་ནོར་འོང་ངོ། །དུང་དང། བཀྲ་ཤིས་ཀྱི་གླུ་དང། བྱི་བ་སྒྲ་སྒྲོགས་ནོ་ནོར? ་འཐོབ་པོ། །གདུགས་དང། རྒྱལ་མཚན་དང། བ་དན་དང། ཤ་གསར་བ་དང། ཞོ་དང། འབར་བ་དང། ཉ་ཟུང་ལ་སོགས་པ་མཐོང་ན་ལེགས་པའོ། །ཞེས་པ་ས་བརྐོ་བའི་ཆོ་གའོ།། །།དེ་ནས་རྡོ་བ་ལ་སོགས་པ་གསལ་ནས ་ས་དེ་ཉིད་ཀྱིས་སམ་དེས་མི་ལྡང་ན་གཞན་གྱི་ས་ལ་ཡང་དྲི་བཟངས་ཀྱི་ཆུ་བཏབ་སྟེ། དོང་དགང་བར་བྱའོ། །དེ་ལ་བྱང་ཤར་འབབ་པས་དངོས་གྲུབ་ནི། །སྔགས་པ་རྣམས་ལ་རྟག་ཏུ་འབྱུང། །དཀྱིལ་མཐོ་བས་ནི་རྒྱལ་སྲིད་འབྱུང། །རིག་པ་? ་པའི་གོ་འཕང་ཡང། །བྱང་མཐོ་བས་ནི་འཆི་བར་འགྱུར། །ཡང་ན་ནོར་ནི་བརླག་པར་འགྱུར། །ཇི་ལྟར་བཤད་པའི་དམའ་བ་ནི། །མཐོ་ན་མྱུར་དུ་རིགས་ཟད་འགྱུར། །གལ་ཏེ་སའི་དབུས་དམའ་ན། སྒྲུབ་པ་པོ་ལ་གནོད་པ་འབྱུང? ་དཀྱིལ་འཁོར་ཡང་ཁྲུ་གང་ནས་ནི་བརྩམས་ནུས། །ཇི་སྲིད་ཁྲུ་ནི་སྟོང་གི་བར་ཞེས་གསུངས་པས་བུམ་པའི་ཕྲེང་བས་བསྐོར་བའི་ཆེད་དུ་ཇི་སྲིད་འདོད་པའི་ཚད་ཀྱིས་གྲུ་བཞིར་བྱས་ལ་དེའི་སྟེང་དུ་མཎྜལ་ཟླུམ་པོ་དང་དཔངས་ལ་?་བྱེད? ་པ་དབུས་ཅུང་ཟད་མཐོ་བ་གཡས་སྐོར་དུ་འབབ་པ་དཀར་བ་དབང་ལྡན་གྱི་ཕྱོགས་དམའ་བར་བྱས་ལ་ཧཱུཾ་ཞེས་པ་དང། དུམ་སྐྱེས་མ་བཟླས་པའི་དྲིའི་ཆུས་བཏབ་ལ་བཏུང་བར་བྱའོ། །དཀྱིལ་འཁོར་ཁང་པའི་རྩ་བའི་སྒོ ་ཡང་དབང་ལྡན་ཁོ་ནར་བྱའོ། །ཁང་བཟང་རྡོ་སྟེངས་བ་ལང་ལྷས། །དྲང་སྲོད་གནས་སོགས་ཆུ་བོའི་འགྲམ། །སྔོན་དུ་འདུས་བྱས་གནས་དག་ཏུ་འང། །མ་བརྐོས་ན་ཡང་དག་པ་ཡིན། །ས་སོལ་ཉེས་པ་ཐམས་ཅད་ནི། །གལ་ཏེ ་བརྒྱུད?་བར་མ་ནུས་ན། །ལག་པས་རེག་ནས་སྔགས་བཟླས་ཏེ། དེ་ཉིད་དག་པ་ཆེན་པོ་ཡིན་ཞེས་པ་དུམ་སྐྱེས་མའི་སྔགས་ཀྱིས་བགེགས་བསྐྲད་ནས་དེས་བསྔགས་པའི་ཡུངས་ཀར་དང་ཆུ་དང་ཐལ་བས་གཏོང་ངོ། །བའི་རྣམ ་བ་ལྔས་བྱུགས་ལ་དྲི་བཟངས་ཀྱི་ཆུས་གཏོར་ཏེ། ཨོཾ་བྷུ་ཁཾ་ཞེས་པ་འདིས་ནམ་མཁར་བྱའོ། །ཧཱུཾ་ལཾ་ཧཱུཾ་ཞེས་པ་འདིས་རྡོ་རྗེའི་རང་བཞིན་དུའོ། །ལས་ཐམས་ཅད་པ་བཟླས་པའི་རིན་པོ་ཆེ་དང། སྨན་དང། འབྲུ་ལྔ་དཀྱིལ ་འཁོར་གྱི་དབུས་ཀྱི་ནང་དུ་བཅུག་ལ་དྲི་བཟངས་ཀྱི་ཆུས་བྱུགས་ཏེ། ནམ་མཁའ་ལ་གནས་པའི་སའི་ལྷ་མོ་ནང་དུ་བསྟིམ་ལ་འགྲོ་བ་སྟོང་བ་ཉིད་དང་རོ་གཅིག་པར་ལྷག་པར་མོས་ནས་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབ་ཅིང་དྲལ ་བུ་དཀྲོལ་ཞིང་ཡི་གེ་བརྒྱ་པ་གདོན་ནོ། །དེ་གསུངས་པ། དེ་ལ་ཆུ་དང་ལྕི་བ་ཡིས། །དཀྱིལ་འཁོར་ས་ནི་ཉེ་བར་བྱུག་།ངུར་ཁྲོད་ཐལ་བ་དང་ལྡན་པ། །བདུད་རྩི་ལྔ་དང་བཅས་པ་ཡིས། །དེ་ནས་ས་ནི་ཉེར་བྱུགས་ནས། ། ་དེ་ལ་དཀྱིལ་འཁོར་ཡང་དག་བྲི། །ཞེས་པ་འདི་ནི་ས་སྦྱད་པའོ།། །།བདེ་མཆོག་མཉེས་པར་ནུས་པ་དང། །སྡོམ་པ་ལས་གསུངས་བྱ་པར་ལྡན། །ཕག་མོ་ལ་གུས་མ་ཉེས་གཤིན་པ། ། ་གཙང་ཞིང་བརྩོན་ལྡན་བསོད་ནམས་འདོད། །དཀྱིལ་འཁོར་བྲི་བའི་ཕ་རོལ?་སོན། །ཆོག་ཤེས་སློབ་མར་འོས་པ་རྣམས། །བཏུས་ཏེ་སྒོ་ཡི་སློབ་དཔོན་བྱ་ཞེས་གསུངས་པས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། ་དཀྱིལ་འཁོར་གྱི་འཁོར་ལོའི་རྣལ་འབྱོར་དང་ལྡན་པས་བསྲུང་བའི་འཁོར་ལོ་ལ་སོགས་པས་བགེགས་བསྐྲད་ནས་སྤོས་པོར?་ཐོགས་ཏེ་ཧཱུཾ་ལས་སྐྱེས་པའི་རྡོ་རྗེའི་ལྗགས་ཀྱིས། མ་ལུས་ཕྱོགས་ན་བཞུགས་པ་ཡི། །སངས་རྒྱས་བདག་ལ་དགོངས་སུ ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་འཛིན། །འདིར་ནི་དཀྱིལ་འཁོར་བྲི་བར་བྱ། །སངས་རྒྱས་ལ་སོགས་ཀུན་བྱན་འཚལ། །དངོས་གྲུབ་འདིར་ནི་ཡང་དག་སྩོལ་ཞེས་བས་སངས་རྒྱས་ལ་སོགས་པ་ལ་སྙན་གསན་ཕབ་ནས་ནམ་མཁའ་ལ་གནས་པའི ་མཁའ་འོག་མར། །སོགས་?་སྩོལ?་གནས་པ་རྡོ་རྗེ་དང་དྲིལ་བུ་ཐོགས་པ་མཁའ་འགྲོ་མ་ལ་སོགས་པའི་རྣལ་འབྱོར་ཅན་སློབ་མ་བཞི་ཡིས་སམ་གཅིག་གིས་ཀྱང་དེ་དང་ངེར་རིམ་གྱིས་སོང་སྟེ་བླ་མའི་མཎྜལ་སྔོན་དུ་འགྲོ་བས་དེ་བཞིན་གཤེགས ་པ་ཀུན་ཞིབ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ནི་བདག་མེད་པ། །དཀྱིལ་འཁོར་མཆོག་ནི་བསྟན་དུ་གསོལ། །མཚན་ཉིད་ཐམས་ཅད་ཡང་དག་རྫོགས། །མཚམ་མིན་ཐམས་ཅད་རྣམ་པར་སྤངས། །ཀུན་དུ་བཟང་པ ་སྐུའི་མཆོག་།དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །ཞི་བའི་སྤྱོད་མཆོག་ལས་བྱུང་བ། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་མཛོད། ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་མཆོག་ནི་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་སེམས ་ཆེན་པོ། །དག་པར་ད?་བཞིན་དྲི་མ་མེད། །ཀུན་ཏུ་བཟང་པོ་ཐུགས་ཀྱི་མཆོག་།དཀྱིལ་འཁོར་ཁ་ལོ་སྒྱུར་བཤད་གསོལ། །གསོལ་བ་འདེབས་བ་མེད་ན་བསམ་གཏན་གྱིས་ཀྱང་བྱའོ། །དེ་ནས་སྤྲོ་བ་ལ་སོགས་པ་བྱས་ནས་བསྒོམས་པའི་དཀྱིལ ་འཁོར་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་མཛུབ་མོ་གཉིས་བརྐྱང་ལ་རྩེ་མོ་སྦྱར་བ་ཁ་འོག་ཏུ་བསྟན་ནས་སྤྱི་བོར་བཟུང་ཞིང་ཧཱུཾ་བཛྲོཏ?་ཏཥྛི་ཞེས་བས་ནམ་མཁའ་ལ་བཏེག་ལ་སྐྱིལ་ཀྲུང་བཤིག་ནས་ལངས་ཏེ་ལ་ལྷོར་ཕྱོགས་པས་རྐང་པ ་མཉམ་པར་གནས་ནས?་སྤྱི་བོར་ཐལ་མོ་སྦྱར་བས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱས་ནས་སེམས་ཅན་མ་རིག་པས་ལོང་ཞིང་བདུད་ཀྱིས་བྱིན་གྱིས་བརླབས་པ་རྣམས་མཐོང་ནས་བདུད་བསྐྲད་པར་བྱ་སྟེ། །དེ་གསུངས་པ། དཔལ་ཧེ་རུ་ཀ ་རྣལ་འབྱོར་ཆེ། །བསྒོམས་ནས་བདུད་ནི་བརླག་པར་བྱ་།རབ་ཏུ་གདུག་པའི་ཚོགས་ནི་བསྐྲད། །བགེགས་ཀྱི་དཀྱིལ་འཁོར་གཞན་ཡང་དོ། །འབར་བའི་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་རྐང་པའི་འོག་ཏུ་དགོད། ། ་མིག་གཡས་གཡོན་དུམ་ཊ་ལས། །སྐྱེས་པའི་ཉེ་མ་ཟླ་བ་བསམ། །གཡོན་པའི་རྡོ་རྗེ་དྲིལ་བུ་བླང། །གཡས་པ་རྡོ་རྗེ་ཡང་དལ?་ལྡན། །སེམས་ཅན་དོན་བརྩོན་ཁྲོས་པ་ཡིས། །གློ་དང་ལྡན་པས་ཕྱོགས་ཀུན་བལྟ། །དེ་རུ་གནས་པའི་གདུག་པ ་གང། །བདུད་དང་བགེགས་དང་ལོག་འདྲེན་རྣམས། །དེ་རྣམས་བསྐད་པར་བྱ་ཆེད་དུ། །ཚིག་ནི་འདི་དག་ཉེ་བར་བརྗོད། །གནས་ཀྱི་བདག་པོ་གང་རུང་རྣམས། །ཀླུ་དང་གནོད་སྦྱིན་དྲི་ཟ་སོགས། །འབྱུང་པོ་འབྱུང་མོ་མཁའ་འགྲོ་མ། །སེམས ་ཅན་དོན་དུ་བྱ་རྩོམ་པས། །ཤིན་ཏུ་མྱུར་བར་སོང་ཞིག་ཀྱེ། །ཁྱེད་རྣམས་ཀུན་ནས་ཕྱིར་དེངས་ཤིག་།དཔལ་ཧེ་རུ་ཀའི་བཀའ་ཐོས་ནས། །མྱུར་བ་ཉིད་དུ་ཕྱིར་བྱེད་ཅིག་།གང་ཞིག་འགྲོ་བར་མི་བྱེད་པ། །དེའི་མགོ་བོ་བདག་གིས་འབར་རཱི? ་རྡོ་རྗེ་ཡིས། ཁ་ཊཝཱཾ་ག་འདིས་ཚལ་བ་བརྒྱས་དགས་པར་བྱའོ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྣཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱ་ན་བཛྲ་ཧཱུཾ་ཧཱུཾ་ཕཊ། མེ་ཡི་མཚམས་ནས་བརྩམས་ནས་སུ། །གཡོན ་དུ་བསྐོར་བས་བརྩོན་པ་ཡིས། །དཔའ་བོ་ཆེན་པོ་ཁྲོ་བོས་བསྐོར། །བསྐལ་པའི་མིན་ནི་ལངས་པ་ལྟར། །ཞེས་གསུངས་པས་པད་ཀོར་བྱ་ཞིང་རྡོ་རྗེ་གསོར་བ་དང་དྲིལ་བུ་དཀོལ་བས་རྡོ་རྗེའི་འགྲོས་ཀྱིས་མེ་མཚམས་སུ་སོང་ལ་དེ་ནས་བརྩམས་ཏེ། གཡོན ་སྐོར་དུ་སློབ་མ་དང་བཅས་པས་དཀྱིལ་འཁོར་དུ་རྡོ་རྗེའི་འགྲོས་ཀྱིས་གར་བྱའོ། །སྒོ་རེ་རེར་བདག་གི་གཡོན་དུ་གནས་པའི་སློབ་མའི་དྲོལ་བུའི་ནང་དུ་རྡོ་རྗེ་གཞུག་ཅིང་དེའི་རྡོ་རྗེ་ཡང་རང་གི་དྲིལ་བུའི་ནང་དུའོ། །དེ་ལྟར་མདུན་པར་རྒྱབ་ཏུའོ། །འདི་ནི ་དེ་བཞིན་གཤེགས་པའི་རྒྱ། །འདི་ཡང་ཐབས་ནི་ཡང་དག་འབྱུང། །དེ་དག་རབ་ཏུ་སྦྱོར་བ་ཡིས། །དངོས་གྲུབ་ཐམས་ཅད་ཡང་དག་འབྱུང། །ོཾ་ཨཱ(རྒྱུད་འགྲེལ་ཕྱོགས་སུ་དུས་མཉམ་པོར་གཡས་བརྐྱང་གི་གནས་པ་དང། སློབ་མས་ཀྱང་གཡས་བརྐྱང་གིས་གནས་པས་བརྗོད་པ་དང་བཅས་པའོ། །མྱ་ངན་ཁྲོ་བ་སྙིང་སྟོབས་དང། །དེ་བཞིན་དྲག་པོའི་བྱེ་བ་གཉིས། །རང་བཞིན་གྱི་ནི་རོ་འདི་དག་།དང་པོའི ་ཞལ་ལ་གནས་པའོ། །མི་སྡུག?་པོ་དང་ངོ་མཚར་གཉིས། །འཇིགས་པ་དང་ནི་སྦྲོ་བ་དང། །རང་བཞིན་གྱིས་ནི་རོ་འདིར་བཅས། །གཡོན་པའི་ཞལ་ནས་གནས་པའི་གསུང། །རྒོད་པ་དང་ནི་དགའ་བ་དང། །ལེ་ལོ་སྙེམས་དང་སྒེག་པ་དང།། ་རང་བཞིན་གྱིས་གནས་རོ་འདི་དག་།ནུབ་ཀྱི་ཞལ་ལ་ཡང་དག་གནས། །སྨོད་པ་དང་ནི་རྨད་བྱུང་གཉིས། །དེ་བཞིན་དཔའ་པོའི་དར་དབྱང་དང། དཔའ་བ་དང་ནི་འཇིགས་སུ་རུང། །ལྷོ་ཡི་ཞལ་ལ་གནས་པའོ་།པདྨ་རྡོ་རྗེའི་བར་དུ་ནི། །གང་ཞིག་སེམS ་ནི་ཡང་དག་གནས། །ཞི་བ་དེ་ཉིད་ཡང་དག་དག་།ལྷན་ཅིག་སྐྱེས་པའི་དགའ་བའི་གར། །དེ་ཉིད་ཤེས་ལ་གར་དང་འདིར། །གར་གྱི་ཡོད་ཆོས་ཐེ་ཚོམ་མེད། །འཇིག་རྟེན་པ་རྣམས་དགའ་བའི་ཕྱིར། །འཇིག་རྟེན་ཆོས་ཞེན་གར་བྱེད། །མགུལ ་རྒྱན་ལ་སོགས་པའི་སྟངས་བསྟན་པར་བྱ་སྟེ། མགུལ་རྒྱན་སྟངས་ནི་གཡོན་དུ་སྟེ། །གཡས་སུ་དེ་བཞིན་?་དུ་བུའི་སྟངས། །རྣ་རྒྱན་རྣ་བར་རྣམ་པར་དགོད། །གཙུག་གི་ནོར་བུ་དབུ་ཕྱོགས་སུ། །ཐལ་པའི་སྟངས་ནི ་གཡས་སུའོ། །ཞེས་པ་ལ་སོགས་པའོ། །གང་ནི་ཟུར་མིག་ཅུང་བལྟ་ཞིང་ཧེ་རུ་ཀ་ཞལ་འོ་བྱེད་པ། །ཕག་མོ་ལང་ནི་གར་བྱེད་དེ། །ཀུན་ད་ཟླ་བའི་མདོག་ལྟར་ཆོམས། །དཀར་མོ་ཧཱུཾ་སྒྲོགས་ཁྲོ་མོ་ནི། །བགེགས་ནི་ཐམས་ཅད་ཉམས་བྱེད ་མ། །ལྷན་ཅིག་སྐྱེས་པའི་དགའ་བས་རོལ། །སེམས་ཅན་དོན་ལ་བརྩོན་པར་བྱེད། །དེ་དང་ལྷན་ཅིག་དཔའ་བོ་ཆེ། །འཁོར་ལོ་ས་ཡི་དབུས་སུ་གནས། །བྱེད་པའི་སྟངས་ལ་སོགས་པའི་ས། །བགེགས་རྣམས་ཐམས་ཅད་སྐྲོད་པར ་བྱེད། །བདག་ཉིད་མཁའ་སྤྱོད་གར་བྱས་ནས། །དེ་ལྟར་གོ་ཆ་གོ་བགོས་ཏེ། ལྷ་རྣམས་ཀྱིས་ཀྱང་བ་བྱེད་མི་ནུས། །ཧཱུཾ་བྱུང་ཁྲོ་བོ་དུ་མ་ཡིས། །ནམ་མཁའ་ཨི་དཀྱིལ་འཁོར་བཀབ་ནས་སུ། །རྡོ་རྗེའི་ལྟ་བས་བལྟ་བྱ་ཞིང། །སྔགས་པས་ཡི ་གེ་བདུད་པ་བརྗོད། །འདི་ནི་ས་ཡོངས་སུ་བཟུང་བའོ།། །།དཀྱིལ་འཁོར་གྱི་དབུས་སུ་འདུག་ལ་དྲི་ཡིས་མཎྜལ་བྱུགས་ཏེ། བཾ་ལས་སྐྱེས་པའི་སའི་ལྷ་མོ་རྣམ་པར་བསྒོམས་ཤིང་ལག་པ་གཡས་སུ་ཟླ་པ་ལ་ཧཱུཾ ་གསུམ་བསམས་ནས་སོར་མོའི་རྩེ་མོ་ས་ལ་ལན་གསུམ་བསྣུན་པ་དང། དེའི་སྒྲ་དང་ཧཱུཾ་ཡིག་གི་འོད་ཟེར་གྱིས་བསྐུལ་པས་བཞེངས་པའི་ཡེ་ཤེས་སེམས་དཔའ་ཨི་ཚུལ་དང་གཅིག་ཏུ་གྱུར་པ་སེར་མོ་ཞི་བ་།ན་བཟའ་དཀར་པོ ་ཅན་རྒྱན་དང་བཅས་པ་དགྱེས་པ་གཡོན་ན་གསེར་གྱི་བུམ་པ་བཟང་པོ་དང། གཡས་པས་མི་འཇིགས་པ་སྦྱིན་པ་ལ་མདུན་དུ་མཆོད་ཡོན་ལ་སོགས་པས་མཆོད་དེ་ལྷག་པར་མོས་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། ་སྤྱོད་པའི་ཚུལ་དང་ཁྱད་པར་དང། །ས་དང་ཕ?་རོལ་སྦྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །སྐྱོབ་པ་ཤཱཀྱ་སེངྒེ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་ལྟར་བདག་གི་བདུད་སྡེ་ལས། །རྒྱལ་བར་བྱས ་?་དཀྱིལ་འཁོར་བྲི། །ཞེས་པ་ལན་གསུམ་བརྗོད་ནས་ལྷག་པར་གནས་པར་བྱའོ། །ལྷ་མོས་སྨྲས་པ། མགོན་པོ་བདག་གིས་ཅི་ཞིག་བྱ། །རྡོ་རྗེ་འཛིན་བཀའ་བདག་ལ་གསོལ། །ཁྱེད་ཀྱིས་བཀྲ་ཤིས་དོན་དུ་ནི། །བདག་ནི་བུམ་པ་འཛིན ་པའོ། །ལན་གསུམ་བརྗོད་པ་ཅི་མ?་གྱིས་ནི། །མཉེས་ནས་མཛོས?་མ་འདི་སྐད་བརྗོད། །མགོན་པོ་ཁྱོད་ཀྱིས་ཤེས་མོད་ཀྱི། །བསོད་ནམས་ཕུང་པོ་དྲི་མེད་པ། །ད་ནི་ཁྱེད་ཉིད་ལ་གཞོལ་ཞིང། །ཀུན་ནས་ཁྱེད་ཀྱི་དབང་དུ་གནས། །ཁྱེད་ཀྱི ་བཀའ་ནི་གང་གསོལ་བ། །དེ་ནི་བདག་གིས་བྱེད་པར་བརྩོན། །ཞེས་བརྗོད་ནས་དེ་ཉིད་ལ་ཐིམ་པར་བསམ་མོ། །དེ་ནS་རྡོ་རྗེ་སྔ་མས་པ་ནང་བཅིངས་ནས། །དེ་ཡིས་ས་མི་མནན་ནུས་སུ། །ོཾ་བཛྲི་བྷ་པ་ཧཱུཾ་ཞེས་པ་ལན་གསུམ་མངོན་པར་བསྔགས་ཏེ་རྡོ་རྗེ ་བཅིངས་ཏེ་རྡོ་རྗེ་བཅིངས་པ་ལས་འཐོད་པའི་འབར་པའི་ཧཱུཾ་གིས་ཚོགས་ཀྱིས་ས་འོག་གི་བར་རྡོར་གྱུར་པར་བསམས་ལ། །ོཾ་བཛྲ་དྲི་དྷ་ཏིཥྛ་ཞེས་པས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་པོ། །དེ་ནས་ས་གཞི་རང་དབང་དུ་འགྱུར་ཞེས་པ་ནོར ་འཛིན་མ་ལྷག་པར་གནས་པའོ། །དེ་ནས་ཕྱ་བྲོ་སློབ་དཔོན་ཁྲུས་དང་དྲི་བཟངས་དང་གོས་དམར་པོ་དང་རྒྱན་ཐམས་ཅད་དང་ལྡན་པས། །ོཾ་བཛྲ་ཨུཥྞཱི་ཥ་ཧཱུཾ་ཕཊ་ཅེས་པས་ལན་བདུན་པ་བསྔགས་པའི་གོས་དམར་པོ་འི་དབུ་རྒྱན་ཅན་དཀྱིལ ་འཁོར་གྱི་དཀྱིལ་དུ་?་གྷོ་རུ་བསྟན་ནས་འདུག་སྟེ། དཀྱིལ་འཁོར་ལ་སོགས་པའི་བྱ་བ་དགོས་པའི་ཕྱིར་དང་པོ་རྡུལ་ཚོན་དཀར་པོས་པདྨ་འདབ་བརྐྱང་བྲིས་པའི་ལྟེ་བ་རུ་རྣམ་པར་རྒྱལ་བའི་བུམ་པའམ་ལས་ཐམས་ཅད་པའི་བུམ་པ་བཞག་ལ། །ཤར ་གྱི་འདབ་མ་ལ་འཆད་པར་འགྱུར་པའི་ཆོ་གས་ལྷག་གནས་བྱས་པའི་ཆོ་གས་སྣ་ལྔའི་སྐུད་པའི་སྣོད་དུ་གནས་པ་དང། ལྷོར་རྡོ་རྗེ་དང་བྱང་དུ་དྲིལ་བུ་དང། ནུབ་དང་མཚམས་བཞིའི་འདབ་མ་རྣམས་ལ་ཇི་ལྟར ་རིགས?་པར་ཚོན་ལྔའི་སྣོད་རྣམས་སོ། །ཧེ་རུ་ཀ་དཔལ་རྒྱལ་པོ་ཆེའི། །རྣལ་འབྱོར་དབང་ཕྱུག་ངེས་བྱས་པ། །སེམས་ཅན་ཀུན་ལ་ཕན་དོན་དུ། །བུམ་པ་རྣམས་ལ་ལྷག་གནས་བྱ། །མགྲིན་པ་མཐོ་ཞིང་ལྷོ་བ་ཆེ། །མཆུ་འཕྱང་རྩ་བ་མེད ་པ་དང། །ནག་པོ་ལ་སོགས་དང་བྲལ་བ། །ཞེས་གསུངས་པས། ཞི་བ་དང་རྒྱས་པའི་བུམ་པའི་ནང་ཟླུམ་པོ་ཡི་སོར་བཅུ་དྲུག་གོ་།ནང་གི་འོག་ནས་ཁའི་མཆུའི་བར་གྱི་དཔངས་ལ་སོར་མོ་ཏི་ཤུའོ། །ཁ་ནས་འཕྱང་པའི་ཆུ་ནི་སོར་གཉིས་སོ། ་མགྲིན་པ་ནི་སོར་དྲུག་གོ་།ཕྲག་པ་སོར་གཉིས་དམར་བར་བྱས་ཏེ། དེ་གསུངས་པ། དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཆོ་ག་ལས། མ་ནུའི་སོར་གྱིས་དེ་ཡི་དཔངས་ཤེས་སོ། །ཁ་ནི་མཆུ་ཡི་མཛའ་ནས་ཆུའི་མཛའ་ཨི་བར་དུ་སོར་བརྒྱད་དོ། ་སོར་བརྒྱད་ཀྱི་ཆ་གཉིས་ནི་མགྲིན་པའི་བུ་གའོ། །ཆ་གཅིག་གིས་ནི་མཆུ་གཉིས་ཀྱི་ཞེང་ངོ། །གསེར་རམ་དངུལ་ལས་བྱས་པ་ཡིས། །ཟངས་སམས་ལས་བྱས་ཀྱང་རུང། །ཇི་ལྟར་རྙེད་པ་བཟུང་ནས་ནི། །བརྟུལ་ཞུགས་ཅན་གྱི ་བུམ་པ་དགོང། །དེ་སྟོང་པ་ཉིད་དུ་བསྒོམས་ལ་བཾ་ལས་བྱུང་བའི་རིན་པོ་ཆེའི་རང་བཞིན་ཙན་དན་ནམ་འབྲས་བཏགས་པའམ?་ས་དཀར་གྱིས་དཀར་པོར་བྱས་ཏེ་མཚན་མ་བྲིས་ལ། བདུད་རྩི་ལྔ་དང་བཅས་པའི་དྲི་ལྔའི་ཆུ ་དང། །རིན་པོ་ཆེ་དང། སྨན་དང། འབྲུ་ལྔ་ནང་དུ་བླུགས་ལ་འདབ་མ?་འདབ་བརྒྱན་པ་ཕྲེང་བ་དང་བཅས་པ། རས་ཟུད་གི་མགུལ་པ་དཀྲིས་པ། དྲི་བཟངས་ཀྱིས་མཎྜལ་གྱི་སྟེང་དུ་རྗེས་སུ་མཐུན་པའི་གདན་ལ། ཨོཾ་བཛྲ་ཤེ་ཁ་ར་དུ་ཊ་མ་ཊ ་དི་ཤྲཱི་བནད་བནདྷཱ་ཧཱུཾ་ཞེས་པ་བདུན་བཟླས་པའི་སྲད་བུ་དཀར་པོའི་རས་ཀྱི་སྟེང་དུ་མགུལ་པ་བཅིངས་པའོ། །དེ་གསུངས་པ། བྱུ་རུ་དངུལ་དང་གསེར་དང་ནི། །པདྨ་དཱ་ག་མུ་ཏིག་གོ་།ནས་གྲོ་སྲན་ཆུང་ནག་མོ་དང། །ཏིལ་དང་མུ་ཏིག་བུམ་པར་གཞུག་།བྲི་ཧ་ཏི་?་ཀ་རི ་དང། ཨ་ཧ་དེ་བ་གཞན་མི་ཐུར། །དཎྜོཏཔ?་ལའི་རྩ་བ་སྟེ། །སྨན་ནི་རྣམ་པ་ལྔ་གཞུག་བྱ། །ཡ་མྲ་ཨུ་དུམ་བར་དུང། །མྱ་ངན་མེད་དང་བྱང་ཆུབ་ཤིང། །ཀླུ་ཤིང་ཡལ་ག་ལྔ་གཟུང་ནས། །བུམ་པ་རྣམས་ཀྱིས་བརྒྱན་པར་བྱ། །རས་ནི་དཀར་པོ་ཆེ ་བ་ཡིས། །བུམ་པའི་མགུལ་པ་དཀྲི་བར་བྱ། །ཆོ་ག་མཁས་པས་སྲད་བུ་ནི། །དཀར་པོ་རས་ཀྱི་སྟེང་དུ་དགོད། །དཀྱིལ་འཁོར་པ་ནི་ཐམས་ཅད་ཀྱི། །ས་བོན་ཡང་ན་ཕྱག་མཚན་ནི། །གུར་ཀུམ་ལ་སོགས་འདུས་བྱས་ལས། །མཁས་པས་བུམ་པའི ་ལོ་ནས་ལ་དགོང། །དུ་རུ་ཀ་དང་ཨ་ཀ་རུས། །བདུག་ཅིང་དྲི་ལྔའི་ཆུ་ཡིས་དགང་ཞེས་སོ། །དེ་ལ་མཚན་མ་ནི་སྣ་ཚོགས་པདྨའི་ལྟེ་བའི་ཉི་མར་དཔལ་བདེ་མཆོག་གི་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ། །ལས་ཐམས་ཅད་པ་དུམ་སྐྱེས་མའི་གྲི་གུག་གོ། ་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ། །ོཾ་བཛྲ་ཨ་མྲིཏ་ཨུ་ད་ཀ་ཋ:ཧཱུཾ་ཞེས་པ་འདི་དང་ཡི་གེ་གསུམ་ལན་བདུན་བཟླས་བས་ཡེ་ཤེས་ཀྱི་བདུད་རྩིར་བྱས་ཏེ། རྡོ་རྗེའི་རྡུལ་ཕྲ་རབ་ཀྱི་རང་བཞིན་ཕྱི་ནང་གི་བདུད་རྩི་ལྔ་དང། དྲི་བཟངས་ཀྱི ་ཆུ་དང་ལྡན་པ་ཧཱུཾ་གིས་བསྔགས་པའི་དུང་ངམ་པདྨའི་སྣོད་དང་མེ་ཏོག་གིS་ཕྲེང་བས་བཅིངS་པཱི་རྡོ་རྗེ་བཞག་ནས་དབུས་སུ། ཨོཾ་ཏཔཏེ་ཏཔཏེ་མཧཱ་ཏཔཏེ་སྭཱཧཱ་ཞེས་བྱ་བས་བཀུག་པའི་ལྷ་ཡུལ་གྱི་གངྒཱའི་ཆུའི་ངོ་བོའི་ཚུལ་ལྷ་ཡི་འཁོར་ལོའི་གདན་དང་བཅས ་པ་སྐད་ཅིག་གིས་བསམས་ལ། བདུན་དུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་པ་ལ་ཞབས་བསིལ་དང། མཆོད་ཡོན་ཕུལ་བས་དེ་ནས་དེ་དམ་ཚིག་གི་འཁོར་ལོ་ལ་བཅུག་ནས་འདོད་ཆགས་ཆེན་པོས ་ཁུ་བར་གྱུར་ནས་བྱང་ཆུབ་སེམས་ཀྱི་ངོ་བོར་བླུགས་པའི་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་མོ། །མཚན་མ་ལ་ཡང་དམ་ཚིག་གི་ལྷ་ཡེ་ཤེས་ཀྱི་ལྷ་དང་གཅིག་ཏུ་གྱུར་པར་བསམ་མོ། །དེ་ནས་ཧཱུཾ་བརྗོད་ཅིང་རྡོ་རྗེ་དང ་འབྲེལ་པའི་མེ་ཏོག་གི་ཕྲེང་བའི་མཐར་གཡོན་པའི་ཁུ་ཚུར་གྱིས་བཟུང་ནས་འཁོར་ལོའི་གཙོ་བོའི་སྙིང་པོ་དང། ལྷ་མོའི་སྙིང་པོས་བརྒྱ་རྩ་བརྒྱད་དུ་མངོན་པར་བསྔགས་ལ། དེར་དུམ་སྐྱེས་མ་བཟླས་པའི་མེ་ཏོག་དཀར་པོ་གསུམ ་གཞུག་པར་བྱའོ། །དེ་ལྟར་བུམ་པ་གཞན་ཡང་རྡུལ་ཚོན་གྱི་དཀྱིལ་འཁོར་རྫོགས་པ་ན་ལྷག་པར་གནས་པར་བྱ་སྟེ། ཁྱད་པར་དུ་ནི་འཁོར་ལོ་ལྔ་ལ་སོ་སོར་རེ་རེ་སྟེ་ལྔའོ། །ཡང་ན་ནང་གི་རིམ་པར་གནས་པ་རྣམས་ཁོ་ནའི ་ལྔའོ། །ཡང་ན་དེ་རྣམས་ཀྱི་ལྔ་དང། འཁོར་ལོ་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་རིམ་པར་གནས་པ་འམ་དམ་ཚིག་འཁོར་ལོར་གནས་པ་རྣམས་ཀྱི་དང་བཅུ་གསུམ་མོ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་སུ་གནས་པ་རྣམས་ཀྱི་གཅིག་དང ་མཚམས་སུ་གནས་པ་རྣམས་ཀྱི་གཅིག་དང། དེ་བཞིན་དུ་གསུང་གི་འཁོར་ལོ་དང། སྐུའི་འཁོར་ལོ་ཡང་སྟེ་བཅུ་དགུའོ། །བརྗོད་པའི་ཕྱོགས་དང་ལྷ་སོ་སོའི་དགོད་པ་ལ་ཡང་ལས་ཐམས་ཅད་པ་དུམ་སྐྱེས་མའི་ལྷག་པར ་དགོད་དོ། །མཚན་མ་ནི་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་ལ་སོགས་བཞིའི་གྲི་གུག་གམ། །བུམ་པ་ཐ་དད་པའི་ཕྱོགས་ལ་རེ་རེའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་རྣམས་ཀྱི་གྲི་གུག་ཉི་ཤུ་རྩ་བཞིའོ། །དཔའ་བོ་རྣམས ་གཙོ་བོ་མ་ཡིན་པའི་ཕྱིར་མཚན་མ་མི་དྲིའོ། །ཁྭ་གདོང་མ་ལ་སོགས་པ་རྣམས་ཀྱི་གྲི་གུག་བརྒྱད་སྣ་ཚོགས་པདྨ་དང་ཉི་མ་ལའོ། །ལུས་ལ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བའི་རྩ་རྣམས་ཁོ་ན་བུམ་པ་སྟེ། སེམས ་ཚིམ་པར་བྱེད་པའི་ཕྱིར་རོ། །དེ་གསུངས་པ། ཕྱི་ཡི་བུམ་པའི་མཚན་མ་གང། །བཤད་པ་ཐམས་ཅད་ཇི་ལྟ་བར། །ལུས་ཀྱི་དཀྱིལ་འཁོར་བུམ་པ་ཡི། །མཚན་ཉིད་ལུས་ལ་ཡང་དག་འབྱུང་ཞེས་པ་བུམ་པ་ལྷག་པར་གནས་པའོ། །སྔགས་པ་ལྷོ་? ་ཁ་བལྟས་པ། །ལྷ་མོ་བཞི་དང་ཡང་དག་ལྡན། །ཧེ་རུ་ཀ་སྦྱོར་ཡང་དག་ཆགས། །འཛུམ་བཅས་དགའ་བར་བྱེད་པར་འདོད། །མི་ཤ་དང་བཅས་སྤོས་པོར་གཡོན་གྱིས་གཟུང། ཞེས་པ་ལ་སོགས་པ་གསུངས་པས་དཀྱིལ་འཁོར་དྲི་བཟངས་ལ་སོཌ ་པས་ཕྱུགས་ཏེ། བདུད་རྩི་ལྔ་དང་བཅས་པའི་དྲི་བཟངས་ཀྱིས་ལྷོ་དང་དེའི་གནས་སུ་མཎྜལ་ཟླུམ་པོ་བྱས་ཏེ། དེ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བས ་ཡང་དག་པར་མཆོད་ཅིང་བསྟོད་དེ། བདུད་རྩི་མྱང་བ་བྱས་ལ་དུས་མོ་གཡས་པས་ལ་བཙུགས་ཏེ། ཧཱུཾ་ལས་གྱུར་པ་རྡོ་རྗེ་རྩེ་གཅིག་པའི་ལྕེ་ལ་ཧཱུཾ་བཀོད་ལ་ལག་པ་གཡས་པར་སྤོས་ཕོར་ཐོགས་ཏེ་གཡོན་པས་དྲིལ་བུ་དཀྲོལ་ཞིང། བཅོམ་ལྡན་བདེ་མཆོག? ་རྡོ་རྗེ་མཆོག། རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སློབ་མ་རྣམས་ལ་བརྩེ་དོན་དང། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །མགོན་པོ་སྙིང་རྗེའི་བདག་ཉིད་ཀྱི། །དཀྱིལ་འཁོར་བྲི་བར་བདག་ཕྱག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ།། ་རབ་ཏུ་དགྱེས་པར་མཛད་པའི་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་གསོལ། །འབྲས་གནས་བྱང་ཆུབ་སེམས་དཔའ་དང། གཞན་ལ་གང་དག་སྔགས་ཀྱི་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང། འབྱུང་པོ་བྱང་ཆུབ་བསྟན་གནས་དང། །རྡོ་རྗེ་སྤྱན ་ཅན་སེམས་དཔའ་ནི། །གང་དག་བསྟན་ལ་དགའ་བ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ནི་ཆེ་གེ་རྡོ་རྗེ་ཅན། །བདེ་མཆོག་འབྱུང་བའི་དཀྱིལ་འཁོར་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པས། །འགྲོ་བ་སྦྱང་ཕྱིར་བྲི་བར་བྱ། །དེ ་ཕྱིར་བདག་ནི་སློབ་བཅས་ལ། །ཐུགས་རྗེས་ཉེ་བར་བཟུང་ནས་ནི། །འདུས་པར་གྱུར་པ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལ་ནི་ཉེར་བྱར་རིགས་ཞེས་པ་ནི། མངོན་དུ་བྱེད་ཅིང་ལན་གསུམ་དུ་བརྗོད་པས་གསོལ་བ་གདབ་པར ་བྱའོ་ཞེས་པས་ལྷ་ལྷག་པར་གནས་པའི་ཆོ་གའོ།། །།སྔ་དྲོ་དཔའ་བོ་ཆེན་པོ་ནི། །ལྷ་མོ་བཞི་དང་ཡང་དག་ལྡན། །ཕག་མོའི་སྦྱོར་བ་ཡིས་ནི་གནས། །འཇིགས་སུ་རུང་བའི་དཀྱིལ་འཁོར་བྲི། །དམ ་ཚིག་ཉམས་པའི་དོགས་པ་ཡིས། །སློབ་མིན་གཞུག་པར་མི་བྱའོ། །ཞེས་པས་རང་གི་དབང་མ་བྱིན་ན་སློབ་དཔོན་གྱིས་སྡོམ་པ་བྱིན་ལ་ལྷག་པར་གནས་པར་བྱས་པའི་སྒོའི་སློབ་དཔོན་བཞི་སྟེ་ཐ་ན་གཅིག་ཀྱང། །ལྔ་པ་ལས་ཀྱི་རྡོ ་རྗེར་བྱའོ། །ལྷག་པར་གནས་པར་བྱས་པའི་ལྷ་རྣམས་མཆོད་དེ་བློས་ནམ་མཁའ་ལ་བཞག་པར་བྱའོ། །དང་པོ་དུ་ནི་སྐྱ་ཐིག་སྟེ། །དེ་ཡི་རྗེS་ལ་ཡེ་ཤེས་ཐིག་།ཕྱོགས་ཀུན་མཉམ་པ་ཉིད་བསམས་ནས། །རྣལ་འབྱོར་པ་ཡིས་ཆོག ་གདབ། །དེ་ནས་རོ་ཡི་སྲད་བུ་ནི། །ཁྲག་ཆེན་པོ་ཡི་བྱུགས་པ་ཡིས། །དཔལ་ཧེ་རུ་ཀའི་ཕོ་བྲང་མཆོག་།དཀྱིལ་འཁོར་འཇིགས་སུ་རུང་བ་གདེབ། །རང་བྱུང་མེ་ཏོག་གིས་བྱུགས་ལ། །རྣལ་འབྱོར་རིག་པས་ཐོད་པར་བཞག་།སྲད་བུ་དམ ་བ་མངོན་པར་བསྔགས། །མཁའ་འགྲོ་མའི་སྔགས་ཀྱིས་བསྲུངས། །བདུད་རྩི་ལྔ་དང་ཡང་དག་ལྡན། །ཆོ་ག་བཞིན་དུ་ཁ་དོག་ལྔ། །སྲད་བུ་དེ་ནི་གཅིག་ཏུ་དྲིལ་།སངས་རྒྱས་ལྔ་ཡིས་བྱིན་གྱིས་བརླབ། །ཛ:ཛ:ཛ:ཞེས་མདུན ་གནས་པའི། །སློབ་མ་ལ་ནི་བཏང་བར་བྱ། །དེ་ནས་སློབ་མས་ཀྱང་ནི་བརྗོད། ཛ:ཛ:ཛ:ཞེས་རང་མདུན་དུ། །ཅུང་ཟད་ཡེ་ཤེས་དང་ལྡན་པས། །གཞོན་ནུ་གཞོན་ནུ་མ་མཆོག་ལ། །དབང་བ་རྣལ་འབྱོར་མ་ཕབ་ནས། །ཐིག་འདེབས་པ ་ནི་སྦྱར་བར་བྱ། །བདེ་མཆོག་འཁོར་ལོ་དེ་གཉིས་ཀྱིས། །ལགས་པར་མཛད་པ་གསལ་བར་མཐོང། །གནས་ལ་སོགས་པའི་ལྷ་མོ་རྣམས། །ལྷན་ཅིག་སྐྱེས་པ་དང་ལྡན་པའོ། །རྡོ་རྗེའི་ཐིག་ནི་གདབ་པ་དང། །རྡུལ་ཚོན་ཡང་ནི་གདབ་?་།སེམས་ཅན་དམན་པས ་མི་བྱ་སྟེ། །བྱས་ན་བྱང་ཆུབ་སྟོབས་མེད་དོ་ཞེས་གསུངས་པས་ཁ་ལྷོར་ཕྱོགས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་རྣལ་འབྱོར་ཅན་མཚན་མ་ཐོས་པས་གཞོན་ནུ་མ་ཉམས་པས་བཀལ་པའམ་དཔའ་བོའི་རིན་གྱིས་ཉོས་པའི་སྐུད་པ་ལྔ་པ་ལྔ་སྣོད་ལྔར ་གནས་པ་རྣམས་དྲི་ཞིམ་པའི་ཚོན་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང་ནག་པོ་རྣམས་དང། ཡུངས་ཀར་གྱི་ཕྱེ་མ་རྣམས་དང་བདུད་རྩི་ལྔས་བསྲེས་པ་རྣམས་ཀྱིས་སོ་སོར་ཁ་བསྒྱུར་ཏེ་གཡོན་པའི་ལག་མཐིལ་དུ་སེར ་མོའི་རྩེ་མོ་ནས་བརྩམས་ཏེ་མཐེ་པོང་གི་རྩ་བའི་བར་དུ་བཀོད་ནས། བྷྲུཾ་ཨཾ་ཧྲི:ཁཾ་ཧཱུཾ་གིས་ཡི་གེ་རྣམས་ལས་སྐྱེས་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་བསྒོམས་ནས་ནམ་མཁའ་ལ་བཞུགས་སུ་གསོལ་བའི་རང་གི་ཕྱོགས་སུ་དེ་བཞིན་གཤེགས ་པ་ལྔའི་ཐུགས་ཀར་བྷྲུཾ་ལ་སོགས་པ་ལས་སྐྱེས་པའི་ཡེ་ཤེས་ཀྱི་སྐུད་པ་འོད་ཟེར་དང་བཅས་པ་བལྟས་ནས། ཨོཾ་ཨཱ:ཌཱ་ཀི་ནི་བཛྲ་སཱུ་ཏྲཾ་མེ་པྲ་ཡཙྪ་མ་ཧཱ་མཎྜ་ལ་སཱུ་ཏྲ་ཎཱ་ཡ་ཧཱུཾ་ཞེས་པ་དང། མིང་བསྒྱུར་པས་གཞན་ལ་སྟེ། རྣམ་པར་སྣང ་མཛད་ལ་སོགས་པའི་རང་བཞིན་མཁའ་འགྲོ་མ་ལ་སོགས་པ་ལ་གདབ་པོ། །མིག་གཉིས་ཛ:ལས་སྐྱེས་པའི་ཟླ་བ་དང་ཉི་མ་སེར་པོའི་རང་བཞིན་གྱིས། །ོཾ་ཊཱ་བཏི་དྲིཥྚི་ཨཾ་ཀུ་ཤ་ཛ:ཞེས་བརྗོད་ནས། མིག་རབ་ཏུ་མྱུར་བར་གཡོ་པའི་མིག་གི ་Fརྫི་མས་འགུགས་ཤིང་འབར་བར་བལྟ་བས་ལྕགས་ཀྱུ་བཞིན་གྱི་མཁའ་འགྲོ་མ་ལ་སོགས་པས་བཏང་བས་བཀུག་ནས་ལག་པ་ན་གནས་པའི་རང་རང་གི་ཁ་དོག་ཅན་གྱི་སྐུད་པའི་ནང་དུ་གཞུག་པར་བྱའོ། །མེ་ལོང་སྟ་བུའི་ཡེ་ཤེས་ལ ་སོགས་པ་རྣམས་ལ་ཡེ་ཤེས་བཞི་རྗེས་སུ་འགྲོ་བའི་ཕྱིར། ཉི་ཤུ་ལྔར་ཕྱེ་བའི་སྲད་དུ་མེའི་མཚམས་སུ་གནས་པའི་སློབ་དཔོན་ལས་ཐམས་ཅད་པའི་གཟུགས་སྐུད་པ་གཟུང་བ་དང་ལྷན་ཅིག་དཀྱིལ་དུ་གནས་པའི་སློབ ་དཔོན་གྱིས་དྲིལ་བུར་བྱ་སྟེ་། དེ་ནས་ལྔས་སྲད་བུ་གཅིག་ཏུའོ། །ོཾ་ཨཱ:་ནྱོ་ནྱ་ཨ་ནུ་ག་ཏཱ:སརྦ་དྷརྨཱ(རྒྱུད་འགྲེལ་ལག་པ་གཡོན་པའི་མཛུབ་མོ་ནས་བརྩམས་ཏེ། སོར་མོ་བཞིའི་ནང་དུ་བཅུགས་ལ་རྒྱབ་ནས་བསྐོར་ནས་ཡང་བཅུག་སྟེ། བསྐོར་ལ་དེ་དག་གིས་རྡོ་རྗེའི་ཁུ་ཚུར་བྱས་པ་ཁོ་ནའི་མཛུབ་མོའི་རྒྱབ་ཀྱིས་ས་ལ་བཞག་སྟེ་མནན ་བའི་བར་དོར་ནས། ཇི་ལྟར་དཀྱིལ་འཁོར་ལས་ཉིས་འགྱུར་དུ་རིང་བར་གྱུར་པ་ནས་ཀྱི་ཚད་ཀྱི་སྦོམ་པ་བདུད་རྩི་ལྔ་དང་བའི་རྣམ་ལྔས་སྤངས་པ་ཡི་གེ་གསུམ་ནང་དུ་ཆུད་པར་བྱས་ལ་སྣོད་གཙང་མར་བཞག་སྟེ་མཆོད ་ལ་ལག་པས་བཀབ་སྟེ་ལས་ཐམས་ཅད་པ་བཟླས་ཏེ། མིག་གཡས་པ་དང་གཡོན་པ་མ་དང་ཊ་ལས་ཉི་མ་དང་ཟླ་བ་དག་གིས་སྔར་བཞིན་དུ་བལྟས་ལ་སྔར་བཞིན་དུ་བཛྲ་དྲཥྚི་མ་ཊ་ཞེས་པས་བརྟན་པར་བྱས་ཏེ་ལས་ཐམས ་ཅད་པ་བཟླས་པའི་བདུད་རྩིའི་ཆུ་དང་ཡུངས་ཀར་གྱིས་བྲན་ལ་རྡོ་རྗེ་དང་བཅས་པའི་ལག་པ་གཡས་པS་རེག་ལ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བཟླས་ནས། ཡི་གེ་གསུམ་གྱིས་བརྒྱ་རྩ་བརྒྱད་བཟླས་ཏེ་ལྷག་པར་གནS ་པར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པའི་སྔགས་ཀྱི་བུམ་པ་ཐམས་ཅད་ཀྱི་ཆུས་གཏོར་ཏེ་དེ་དག་པར་བྱས་པའི་སྟེ་དྲིས་བྱུགས་ལ། ཕ་རོལ་ཏུ་མེ་ཏོག་བཀྲམ་ལ་ནམ་མཁར་གནས་པའི་ཡེ ་ཤེས་འཁོར་ལོ་བལྟས་ལ་མཆོད་ཡོན་ལ་སོགས་པས་མཆོད་ཅིང་བཏུང་ལ། རང་ཡང་དེའི་རྣལ་འབྱོར་ཅན་དང་ལས་ཐམས་ཅད་པའི་གཟུགས་ཀྱིས་སློབ་མའི་གཡོན་པ་དང་གཡས་པའི་མིག་དག་ལ་ཛ:ལས་སྐྱེས་པའི་ཟླ་བ་དང་ཉི་མ ་སེར་པོ་བསམས་ལས་རྡོ་རྗེའི་འགྲོས་གྱིས་ཐིག་སྐུད་དེ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་བཟུང་ནས་ལྟེ་བར་བཟུང་སྟེ། སྒྲུབ་པའི་གྲོགས་ཀྱིས་ཀྱང་དེ་བཞིན་དུ་བཟུང་བའི་སྐུད་པ་དེ་ཛ(རྒྱུད་འགྲེལ་གྲོགས་པོ་དེ་ལ་བཏང་བར་བསམ་ལ་སྔགས་དེས་དེ་བཞིན་དུ་བཀུག་པར་བསམས་ལ། སློབ་དཔོན་བྱང་དུ་གནས་ཤིང་ཁ་ལྷོར་བལྟས་པ་དང་ནུབ་ཏུ་ཁ་བལྟས་ཏེ་ཤར་དུ་གནས་པས་རང་གི་མདུན་དུ་གནས་པའི་སློབ་མ་དང་བཅས་པས་ལྟེ ་བ་དང་མཉམ་པའི་ནམ་མཁའ་ལ་གདབ་ཅིང་རྡོ་རྗེ་དང་བཅས་པའི་ལག་པའི་ལག་པའི་མཐེ་བོང་དང་མིང་མེད་ཀྱིས་ཐིག་སྐུད་གཟུང་སྟེ་གདབ་པའི་སྒྲ་བྱའོ། །ཐིག་གདབ་པ་ཐམས་ཅད་དུ་ཡང། །ོཾ་བཛྲ་ས་མ་སཱུ་ཏྲ་མཱ་ཏི་ཀྲ་མ་ཧཱུཾ་བྲུཾ་ཨོཾ་ཧྲཱི(རྒྱུད་འགྲེལ་བརྗོད་དོ། །དེ་ཐམས་ཅད་ཐིག་སྐུད་དེའི་སྒྲ་ཡིས་ནམ་མཁའ་ཁྱབ་པའི་སངས་རྒྱས་རྣམས་བསྐུལ་ཏེ། དེ་དག་ཀྱང་བྱོན་ཏེ་ཐིག་སྐུད་ཀྱི་ནང་དུ་ཐིམ་པའོ། །དེའི་དུས་སུ་ནམ་མཁའ་ཨི་ཐིག་བཞིན་དུས་ལ་ཚངས་པའི་ཐིག ་གཉིས་ལག་པ་གཉིས་མཉམ་དུ་བབས་པས་གདབ་པར་བྱའོ། །དེ་གསུངས་པ། དང་པོར་གཤིན་རྗེར་ཁ་བལྟས་ཏེ། །འཁོར་ལོའི་ས་ཡི་བྱང་དུ་གནས། །མཁའ་དང་ས་ལ་ཐིག་གདབ་བྱ། །བློ་ལྡན་དང་བཅས་གཡོན་སྐོར་དུ། །ཤར ་གནས་ནུབ་ཏུ་བལྟ་བ་ཡིས། །སྲད་ཡང་ཆངས་པའི་ཐིག་གཉིས་པ། །མེར་གནས་ནུབ་ཏུ་ཁ་བལྟས་པས། །ལྷོ་ཡི་ཆར་ནི་ཐིག་གདབ་བྱ། །རླུང་གནས་ཤར་དུ་ཁ་བལྟས་པས། །བྱང་གི་ཆར་ནི་གདབ་པར་བྱའོ། །སློབ་དཔོན་བསྐོར་ཏེ་རླུང་གནས་ཤིང? ་ལྷོར་ནི་མངོན་དུ་ཕྱོགས་པར་བྱའོ། །ནུབ་ཀྱི་ཆར་ནི་བཏབ་ནས་སུ། །སྔགས་པ་བྱང་དུ་མངོན་ཕྱོགས་ཤིང། །མེ་ཡི་གནས་སུ་གནས་པ་ཡིས། །མཚམས་ཀྱི་ཐིག་ནི་གདབ་པར་བྱ། །ཕྱོགས་སོགས་དབྱེ་བ ་ཤེས་ནས་སུ། །ཐིག་གདབ་པ་ནི་བརྩམ་པར་བྱ་ཞེས་སོ། །དེ་ལ་ཐོག་མར་མཎྜལ་ཁྲུ་གང་བའི་དཀྱིལ་དུ་བཙུགས་པའི་གྲིབ་ཚེ་ད་ཀྱི་ཤིང་བུ་མཐོ་གང་བའི་གྲིབ་མ་ཉིན་མཚན་མཉམ་པའི་དུས་སུ་ནང་དུ་འཇུག་པ་དང། ཕྱིར་འབྱུང་བའི་རྩེ་མོ ་དཀྱིལ་འཁོར་གྱི་རེ་ཁྲའི་དཀྱིལ་དུ་གང་འཇུག་པ་དེར་ཐིག་ལེ་གཉིས་བྱས་པ་ནི་ནུབ་དང་ཤར་ཡིན། །དེའི་སྟེང་དུ་སྐུད་པ་ཁྲུ་གང་བ་བཟུང་བ་མཎྜལ་གཉིས་བྱས་པས་ཉར་འབྱུང་ངོ། །མཇུག་མ་དང་ཁ་མཐར་བྱས་པའི་ཐིག་ལེ་ལྷོ་དང ་བྱང་གི་སྟེང་དུ་སྲད་བུ་བཟུང་སྟེ་མཎྜལ་གཞན་གཉིས་བྱའོ། །དཀྱིལ་འཁོར་མ་བྱས་པར་འཆར་པའི་དང་ནུབ་པའི་ཚེ་སོར་བཅུ་གཉིས་པའི་ཤིང་གི་གྲིབ་མའི་རྩེ་མོར་བྱས་པའི་ཐིག་ལེ་གཉིས་དུས་རྟག་ཏུ་ནུབ་དང་ཤར་ཡིན་ནོ། ། ་ཞེས་བ་མན་ངག་གོ། ཐོག་ཡོད་པའི་ས་རུ་ཕྱོགས་བཞིར་ཐིག་ལེ་བཞི་བྱས་ལ་སྔོར་བཞིན་དུ་མཎྜལ་བཞི་བྱས་ཏེ། དེ་ལ་ཕྱོགས་ཀུན་ཏུ་ཉའི་ཁ་དང་མཇུག་མའི་དཀྱིལ་དུ་བཟུང་ནས་མེ་རིའི་མཛའ་ཨི་བར་དུ་ཚངས་པའི་ཐིག་གཉིས་གཡོན ་པ་ཡིས་སྐྱིལ་ཀྲུང་ཕྱེད་པ་བྱས་ཏེ་རྐང་པ་གཡས་ས་ལ་བཙུགས་ཏེ། དེ་ལས་བཟློག་པར་གནས་པའི་སློབ་མ་དང་བཅས་པ་གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་?་བའི་ཐིག་སྐུད་ཀྱིས་ཕྱིར་བཀྱེད་ཅིང་གདབ་པོ། །མཚན་མིན་གྱིས་ནི ་གྲུབ་པ་མེད་།མ་ཐིག་སྐུད་ཆད་ན་སློབ་དཔོན་འཆི། །པྲ་ཞིང་སྦོམ་པ་ལས་ནི་ནད། །ཕྱོགས་ལ་རྨོངས་ན་སློབ་བ་འཁྲུལ། །གཡས་སྐོར་གྱི་ནི་སྦྱོར་བ་ཡིས། །སློབ་མ་འཆི་བར་བཤད་པ་ཡིན། །འཁོར་ལོ་གཉིས་འགྱུར་རིབ་བ་ཡིས།། ་སྒོ་ཡི་ཉི་ཤུ་ཡི་ནི་ཆའི། །སྐུད་པས་དཔལ་ལྡན་ཧེ་རུ་ཀའི། །བདག་ཉིད་ལུས་ཀྱི་མཁས་པས་བྲི་ཞེས་གསུངས་པས་འཁོར་དང་བཅས་པའི་རྩ་བའི་དཀྱིལ་འཁོར་ནི་འདིར་སྣ་ཚོགས་རྡོ་རྗེའི་ལྟེ་བའི་མཛའ་ཡོངས་སུ་བཅད་པ་རྩ་བའི་ཐིག་ལས་ཕྱི?་? ་ཆ་ཆུང་བཞི་བཅུ་རྩ་བརྒྱད་པའོ། །དེའི་ཕྱི་རོལ་ཏུ་ཆ་ཆུང་བཅུ་གཉིས་དང། གཉིས་དང། གཉིས་དང། གཉིས་དང། གཉིས་དང། བཞི་ཉིད་དུ་རིམ་གྱིས་རྟ་བབས་དང། གཉིས་ཆོས་ཀྱི་འཁོར་ལོ་དང། གཉིས་རྭ་དང། གཉིས་པདྨའི་འདབ་མ ་དང། གཉིས་རྡོ་རྗེའི་ཕྲེང་བ་དང། བཞི་འོད་ཟེར་གྱི་ཆ་རྣམས་ཏེ། ལོགས་གཅིག་ལ་ནི་ཆ་ཆུང་ཉི་ཤུ་རྩ་བཞི་དང། ལོགས་གཉིས་པར་ཡང་དེ་ལྟར་རོ། །ཞེས་པས་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་ཏུ་འགྱུར་རོ། །འཁོར་ལོའི་བརྒྱད་ཆ་ན ་སྒོ་སྡེ་དེའི་བཞི་ཆ་ཆ་ཆུང་ངོ། །ཚངས་པའི་གཞོགས་གཉིས་སུ་ཆ་ཆུད་གཉིས་གཉིས་རྩ་བའི་ཐིག་གི་ས་དང་ལྷན་ཅིག་ཆ་ཆུང་བཞི་པའི་སྒོ་བཅོམ་ལྡན་འདས་ཀྱི་སྐྲུས་གཡོན་པ་དང་གཡས་པའི་མིག་གཉིས་ཡི་གེ་ཡིས་ཟླ་བ་དང་ཉི་མར་བསྒོམས་ལ། ་ཁྲོ་བོའི?་སྟ་བས་ཀུན་དུ་བལྟ་ཞིང་ཧཱི་ཧཱི་ཞེས་བརྗོད་ཅིང་ཐར་བའི་སྒོའི་རྣམ་པར་འཆིང་བའི་སྒྲིབ་པར་གྱུར་བ་དབྱི་བར་བྱའོ། །ཞེས་ལྷག་པར་མོས་པས་དབྱི་པར་བྱའོ། །དེ་ནས་རྩ་བའི་ཐིག་གི་ཕྱི་རོལ་དུ་གོ་རིམ་དུ་གཅིག་དང། གཉིས་དང ་གཅིག་དང། གཉིས་དང། གཅིག་དང། གཅིག་གི་བར་དོར་ནས་ཐིག་དྲུག་ནི་མཚམས་ཀྱི་ཐིག་ལས་ཐད་ཀར་འཐོན་བ་སྟེ། དེ་ལ་དང་པོ་ནི་པཉྩ?་རེ་ཁཱའི?་འོ། །གཉིས་པ་ནི་གར་གྱི་སྣམ་བུ་སྟེ་དེ་གཉིས་ཀྱི་རྩེ་མོ་ལ་རེག་པའི་ཆ་བཅུ་གཉིས ་པའི་ཐིག་དང་ལྡན་པའི་ཚངས་ཐིག་ནས་ཆ་ཆུང་གསུམ་གྱི་བར་དུ་གནས་པའོ། །གསུམ་བ་ནི་རིན་ཆེན་ཕ་གུ་དང་།དྲ་བ་དྲ་ཕྱེད་དང། རིན་ཆེན་ཤར་བུ་རྣམས་ཀྱི་ས་སྟེ་ཆ་ཆུང་བརྒྱད་སྤངས་བའོ། །གཞན་ནི་ཟུར་ཐིག་གཞན་གྱི་བར་དུ ་སྟེ་མདའ་ཡབ་ཀྱིའོ། །དེ་ནས་གར་གྱི་སྣམ་བུ་ལས་བྱུང་བའི་ཐིག་བཞི་སྟེ། དེ་ལ་གཅིག་ནི་དབྱངས་ཏེ་ས་སྟེ་ཐད་ཀའི་ཐིག་གསུམ་གྱི་རྩེ་མོ་ལ་རེག་པའོ། །དེའི་གཞོག་སུ་ཆ་ཆུང་རེ་རེའི་བར་དུ་རྟ་བབས་ཀྱི་?? ་བར་སྣང་དང། རྡུལ་ཚོན་གྱི་ས་སྟེ་གསུམ་མོ། །བཞི་པོ་འདི་རྣམས་ལས་དང་པོ་གསུམ་ནི་སྲིད་དུ་ཚ་ཆུང་ལྔ་པའོ། །བཞི་པ་ནི་ཆ་ཆུང་བཞིའོ། །དཀྱིལ་འཁོར་དང་རྟ་བབས་ཀྱི་བར་སྣང་གི་ས་ནི་མུན་པའི་སྣམ་བུར་ཡང་བརྗོད་དོ། །དེ་ནས་ཚངས ་ཐིག་གི་ལོགས་སུ་ཆ་ཆུང་གཉིས་སྤངས་པར་རྩ་བའི་ཐིག་ནས་སྒོ་ཁྱུད་ཆ་ཆུང་བཞི་བཏབ་ནས་ཐད་ཀར་འགྲམ་པ་ཆ་ཆུང་གཉིས་སུ་སོང་ནས་སྟེང་དུ་ཆ་ཆུང་གཉིས་པའི་ལོགས་ཀྱི་ཐིག་གཅིག་གཉིས་འཁྱོག་པའོ། །དེའི་རྩེ་མོ་ནས་ཐད་ཀར ་འཐེན་ཏེ་ཚངས་ཐིག་ནས་ལོགས་གཞན་དུ་གནས་པའི་དེ་ལྟ་བུའི་ཀྱོག་པོའི་རྩེ་མོའི་བར་དུ་ཆ་ཆུང་བརྒྱད་པའི་གདུང་གི་ཐིག་གཅིག་གོ་།དེ་བཞིན་དུ་དེའི་ཐོག་གི་ཐིག་གི་རྩེ་མོའི་བར་དུ་ཆ་ཆུང་བཅུ་པ་པཉྩ་རེ་ཁཱའི་ཐིག་གཅིག་གོ་།དེའི་ཕྱི ་ཆ་ཆུང་གཅིག་ནི་བར་སྣང་གི་སྣམ་བུའོ། །དྲི་བའི་དཀྱིལ་འཁོར་ལ་དར་དབྱངས་ཐིག་ལ་ཐུག་པར་མདའ་ཡབ་པོ། །བསྒོམ་པའི་དཀྱིལ་འཁོར་ལ་ནི་ལོགས་ཀྱི་སྟེང་གི་བར་རོ། །གདུང་གི་འོག་ཏུ་ཡང་ཀ་བ་གཉིས་མ་བྲིས ་ཀྱང་བསྒོམ་པའི་དཀྱིལ་འཁོར་ལ་ཤེས་པར་བྱ་སྟེ། ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་ཞེས་གསུངས་པའི་ཕྱིར་རོ། །ལོགས་ཀྱི་ཀ་བ་རྟ་བབས་རྣམས་ཁོ་ནའི་འོ། །རྡུལ་ཚོན་གྱི་རྩིག་པ་ལ་ནི་རིན་པོ་ཆེ་དང། དྲ་བ་དང། དྲ་བ་ཕྱེད་པ ་དང། རིན་ཆེན་ཤར་དུ་དང། མདའ་ཡབ་རྣམས་རིམ་གྱིས་སྟེང་ནས་སྟེང་དུ་གནས་པའོ། །རིན་ཆེན་ཤར་བུ་ཐོག་གི་མཛའ་ནས་འཕྱང་བའོ། །ཀ་བའི་སྟེང་དུ་རྟ་བབས་ནི་ཆ་ཆུང་བཅུ་གཉིས་སོ། །དེ་ལ་ཀ་བའི་རྩེ་མོའི་ཕྱི ་རོལ་ཏུ་ཐིག་བཅུ་གཅིག་སྟེ་བར་རྣམས་སུ་གསེར་དང་རིན་པོ་ཆེའི་ཤར་བུ་དང། རིན་ཆེན་དང་རྨིག་པ་དང། མུན་པ་དང་བབས་རན་དང་མུན་པ་དང། རིན་པོ་ཆེའི་ཤར་བུ་དང། རིན་པོ་ཆེ་དང། རྨིག་པ་དང། མདའ་ཡབ་ཀྱི་སྣམ་བུ་རྣམས་སོ། ། ་དེ་རྣམས་ཀྱི་མུན་པའི་སྣམ་བུ་གཉིས་ནི་སོ་སོར་དཔངས་སུ་ཆ་ཆུང་ཕྱེད་གཉིས་ཏེ་སྣམ་བུ་དགུ་ནི་སོ་སོར་ཆ་ཆུང་རེ་རེའོ། །བཅུ་གཅིག་པོ་འདིའི་ཐད་ཀའི་ཚད་ནི། །ཚངས་པའི་གཡས་དང་གཡོན་དུ་ནི། །ཆ་ཆུང་ཕྱེད་བཅས་མདའ་ཡི་མཐར། །སྣམ་བུ ་ཆ་ཆུང་ཕྱེད་དང་གསུམ། །ཐིག་ནི་ཆ་ཆུང་ཕྱེད་དང་བཞི། །ཆ་ཆུང་དྲུག་མཐར་གཉིས་པ་དང། །གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་མཐར་བཞི་པ་ནི། །ཆ་ཆུང་ལྔ་སྟེ་མདའ་ཕྱེད་བཅས། །གསུམ་དོར་ནས་ནི་ཕྱེད་དང་ལྔ། །གསུཾ ་ན་དུས་ནི་ཆ་ཆུང་ལྔ། །བཞི་ནི་ཆ་ཆུང་བདུན་རྣམས་ཏེ། །དྲག་པོའི་ཐིག་ནི་ཆ་ཆུང་མདའ། །སྣམ་བུ་ལྔ་པའི་སྟེང་གི་ནི། །ཐད་ཀར་ཆ་ཆུང་ཕྱེད་དང་བཞི། །བདུན་པའི་འོག?་ལ་ཆ་ཆུང་གསུམ། །སྟེང་ནི་ཆ་ཆུང་དྲུག་དེ་ནས། །སྣམ་བུ་རྣམ་ཐར ་སྟེང་སོར་ཐིག་།ནང་ནི་དེ་བཞིན་ལྷན་ཅིག་དེ། །ཀྱོག་པོ་གཅིག་གོ་འདི་ནི་ནང་དཱུང། །ཆ་ཆུང་ཕྱེད་ནས་དེ་བཞིན་གཞན། ཞེས་བཤད་པས་ཚངས་ཐིག་གཡས་དང་གཡོན་དུ་ཆ་ཆུང་ཕྱེད་དང་དྲུག་དོར་བར་སྣམ་བུ་དང་པོ་ཆ་ཆུང་ཕྱེད་དང་གསུཾ ་པའོ། །དེའི་སྟེང་དུ་ཐིག་དང་པོ་ཆ་ཆུང་ཕྱེད་དང་བཞི་པའོ། །ཆ་ཆུང་དྲུག་གི་བར་དོར་པར་གཉིས་པ་དང་གསུམ་པ་ཆ་ཆུང་གསུམ་པའོ། །ཆ་ཆུང་བཞི་དོར་བར་བཞི་ཆ་ཆུང་ལྔ་པའོ། །ཆ་ཆུང་ཕྱེད་དང་བཞི་དོར་བར་ལྔ་པ་ཆ་ཆུང་ཕྱེད་དང ་ལྔ་པའོ། །ཆ་ཆུང་གསུམ་དོར་བར་དྲུག་པ་ཆ་ཆུང་ལྔ་པའོ། །བདུན་པ་ལ་སོགས་པ་བཞི་ནི་ཆ་ཆུང་བདུན་པའོ། །བཅུ་གཅིག་པ་ནི་ཆ་ཆུང་ལྔ་པའོ། །འདིར་སྣམ་བུ་ལྔ་པའི་ཐད་ཀར་སྟེང་དུ་ཆ་ཆུང་ཕྱེད་དང་བཞི་པའོ། །བདུན་པའི ་འོག་ལ་ཆ་ཆུང་གསུམ་སྟེ་སྟེང་ལ་ཆ་ཆུང་དྲུག་པའོ། །སྣམ་བུ་རྣམས་རེ་རེ་ཞིང་གི་ཕྱི་རོལ་གྱི་མཛའ་ཨི་གྱེན་དུ་ཇི་སྲིད་པའི་ཐིག་གཅིག་གོ་།ནང་གི་མཐར་ཡང་དང་པོའི་ཐིག་གི་ཆ་ཆུང་ཕྱེད་དོར་ནས་སྟེང་དུ་འགྲེང་བའི ་ཐིག་གཅིག་གོ་།གཅིག་པོ་དེ་ནི་རྒྱུ་བའི་ཐིག་གཞན་དང་འབྲེལ་པས་འཁྱོག་པོས་མཐོང་སྟེ་ཇི་ལྟར་མཛེས་པར་བྲི་བར་བྱའོ། །འདིའི་ནང་དུ་རིན་པོ་ཆེ་ལ་སོགས་པ་བྲི་བའི་དོན་དུ་ཆ་ཆུང་ཕྱེད་དེར་ནས་དེ་བཞིན་དུ་ཐིག་གྱོག་པོ་གཅིག་གོ་། ་སྟེང་དུ་ཆུ་སྲིན་གྱི་ཁ་ལས་འཐོན་པའི་པ་ཊ་ལ་སོགས་པ་ཇི་ལྟར་མཛེས་པའོ། །རྟ་བབས་ཀྱི་སྟེང་གི་ཚངས་ཐིག་ལ་ཆོས་ཀྱི་འཁོར་ལོ་རྩིབས་བཅུ་གཉིས་པའམ་བརྒྱད་པ་ཆ་ཆུང་གཉིས་པའོ། །དེའི་གདན་ནི་པདྨ་དང་ཟླ་བའོ། །དེའི ་ངོས་གཉིས་ལ་མངའ་ཡབ་ཀྱི་སྟེང་དུ་འཁོར་ལོ་ལ་མངོན་དུ་ཕྱོགས་པའི་རི་དགས་དང་རི་དགས་མོ་འཁོར་ལོ་ལས་ཆ་ཆུང་ཕྱེད་དུ་རིང་བར་གནས་པ་སྟེ། ཆ་ཆྔ་གཅིག་ཏུ་མགྲིན་པ་དང་བཅས་པའི་གདོང་འགྲེང་ཞིང་འཁོར་ལོའི ་རྩེ་མོར་མིག་བལྟ་བ་བྲི་བར་བྱའོ། །འཁོར་ལོའི་ཕྱི་རོལ་ཏུ་སྣ་ཚོགས་རྡོ་རྗེའི་རྩེ་མོ་ཆ་ཆུང་གཉིས་ཏེ་འཁོར་ལོའི་རྭའི་བར་དུ་མཐོང་བའོ། །གཡས་གཡོན་གྱི་རྭ་ནི་རྟ་བབས་ཀྱི་གཞོགས་རྣམས་སུ་དར་དཔྱངས་ཀྱི་སྣམ་བུའི་སྟེང་དུ་ཆུའི? ་གྱི་ཁ་ནས་འཐོན་ཏེ། ཅུང་ཟད་ཐད་ཀར་སོང་ནས་ཕྱིར་བྱུང་བ་དབུས་ཀྱི་རྒྱར་ཆ་ཆུང་གསུམ་པ་སྲིད་དུ་ཆ་ཆུང་བཅུ་དྲུག་པའོ། །དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་པ་མགོ་རྩེ་གཅིག་པ་སྟེང་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཧཱུཾ་ལས་སྐྱེས་པར? ་བསགས་ནས་ཕུར་བུ་གདབ་པའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དུ་བཟླས་ནས་བརྡུད?་པའི་སྔགས་ཀྱིས་རྡོ་རྗེ་ཐོ་བས་བརྡུངས་ཏེ། དེ་ལ་ཐིག་སྐུད་ཆ་ཆུང་དགུ་བཅུ་རྩ་དྲུག་པ་ཉིས་བལྟག་ཏུ་བྱས་པ་བཏགས་ལ་མེའི་མཚམས་ནས་བརྩམས་ཏེ། ་གཡོན་སྐོར་དུ་པའི?་རྩེ་མོ་ལས་ཕྱིར་པདྨའི་གེ་སར་གྱི་རི་མོ་ཟླུམ་པོས་བསྐོར་པར་བྱའོ། །དེའི་ཕྱི་རོལ་དུ་ཆ་ཆུང་གཉིས་པའི་པདྨའི་འདབ་མའི་ཕྲེང་བའི་ཐིག་?་པོའོ། །དེའི་ཕྱི་རོལ་?་གཉིས་པའི་རྡོ་རྗེ་ཕྲེང་བའི་ཐིག་སྟེ། སྲ་ཞིང་འཐས་པ་འཁོར ་ས་ཆེན་པོའི་ངོ་པོའོ། །དེའི་ཕྱིར་ཆ་ཆུང་བཞི་པའི་མེ་རིའི་ཐིག་གོ་།ཁོར་ཡུག་དེའི་ཕྱི་རོལ་དུ་ནི་ཤིང་ལ་སོགས་པའི་དུར་ཁྲོད་བརྒྱད་དེ། འོན་ཀྱང་སྐལ་བ་དང་མི་ལྡན་པའི་གནས་སུ་མི་བྱའོ། །སྒོ་དང་སྒོ་ཁྱུད་ཀྱི་མཚམས་སུ་ཆ་ཆུང་གཅིག་པའི་ཟླ་བའི ་ཆ་ལ་གནས་པའི་རིན་པོ་ཆེ་དམར་པོའི་སྟེང་དུ་རྡོ་རྗེ་ཕྱེད་པས་མཚན་པའོ། །སྟེགས་བུ་གྲུ་བཞི་ལ་གནས་པའི་བུམ་པ་ལ་གནས་པའི་རྟ་བབས་ཀྱི་ཀ་བ་རྣམས་སོ། །དེ་རྣམས་ཀྱི་རྩེ་མོ་ལ་ནོར་བུ་བཅིངས་པའི་དཀྱིལ་དུ་གླང་པོ་ཆེའི་སྟེང་དུ་ལག་པ ་བརྒྱད་པའི་སེངྒེའོ། །པདྨའི་འདབ་མ་བྱེད་པ་ལྟ་བུའི་མངའ་ཡབ་ལ་གསེར་གྱི་བུམ་བར་གནས་པ་ཕྱོགས་སུ་རྒྱལ་མཚན་དང་བ་དན་བརྒྱད་ངོ། །རྟ་བབས་ལ་ཡང་ངོ། །རྔ་ཡབ་དང་བཅས་པ་དྲིལ་ཆུང་གི་སྒྲ་སྒྲོགས་པའོ་ཟུང་བཞི་ལ་ནི་གདུགས་རྣམས་སོ། །རྟ ་བབས་རྣམས་ལ་བླ་དེ་རྣམ་པ་སྣ་ཚོགས་པ་དང། དྲ་བ་དང་དྲ་བ་ཕྱེད་པའོ། །རྨིག་པར་?་གྱི་མཛའ་དུ་རྒྱལ་མཚན་དང་བ་དན་ནོ། །རྟ་བབས་ཀྱི་ལོགས་ཀུན་ཏུ་བུམ་པ་བཟང་པོ་ལས་བྱུང་བའི་དཔག་བསམ་གྱི་ཤིང་གླང་པོ་ཆེ་ལ་སོགས་པ་རིན་པོ་ཆེ ་བདུན་དང་ལྡན་པ་རྣམས་སོ། །ཚངས་དང་ཟུར་ཐིག་གནས་པ་ལས། །གཞན་མིན་དེའི་ཚངས་ལས་ཕྱིར། །ཆ་ཆུང་གཉིས་དོར་རྩ་བའི་བར། །ཐིག་གདབ་ཐུར་གྱི་འགྲམ་དག་ཏུ། །དེ་བཞིན་ལྟེ་བའི་སོགས་དག་ཏུ་སྒོ་ནི་བཞི་བཞི་པ་དེ་ཡི་སྲིད། །ལྟེ ་བའི་ཕྱི་རུ་ཆ་ཆུང་བཞི། །དོར་བར་ཆ་ཆུང་བཞི་པའི་ཐིག་།ཐད་ཀར་ཚངས་དང་ཟུང་ལ་གནས། །འདི་ནི་ཡང་ན་ཐིག་ལྔ་ཡང། །ཆ་ཆུང་གཉིས་གཉིས་དོར་བར་དོ། །དེ་བཞིན་དེ་རྣམས་དང་དྲུག་པ། །མཚམས་སུ་ཡང་དག་སོན་པ་ལའོ། །ཚངས ་པ་དང་ནི་ཟུར་ཐིག་གིས། །གཡས་དང་གཡོན་པའི་བདུན་རྣམས་ལས། །ལྔ་པ་གསུམ་པའི་དང་པོ་ཡིས། །ཆ་ཆུང་གཅིག་གི་མཛའ་ལས་འཐོན། །རང་གི་གཉིས་པའི་རྩེར་སོན་ནས། །བདུན་པ་ཡིད་ནི་དབུས་སུ་སོང། །ཐིག ་གཅིག་ཀྱོག་པོ་ལྔ་རུ་འགྱུར། །དེའི་ནང་དཱུང་ཆ་ཆུང་ཕྱེད། །དོར་ནས་དེ་བཞིན་གཞན་ཡིན་ནོ། །ཚངས་པས་རིགས་བཞིན་རྒྱལ་པོ་དང། །ཉི་ཀླུ་ཆུ་མིག་ཆ་ཆུང་ནི། །དོར་བར་ཟླུམ་པོའི་ཐིག་ལྔའོ། །དང་པོ་གསུམ་དང་ནང་དུ་ཡང་ཆ་ཆུང་ཕྱེད ་ཕྱེད་བོར་ནས་ཐིག་ཟླུ་བ་གསུཾ་པོ་རྩིབས་ཟླུམ་གྱི། །ཐིག་ལས་གཞན་ནི་དབྱི་བར་བྱ། །ཞེས་གསུངས་པས། རྩ་བའི་ཐིག་གི་ནང་དུ་ལྟེ་བའི་ལགས་གཉིས་སུ་ཚངས་པ་དང་ཟུར་གྱི་ཐིག་བཞི་བཞིའི་གཡས་གཡོན་དུ་ཆ་ཆུང་གཉིས་ཀྱི་བར་ནས ་སྒོ་བཞི་བཞིའི་ཚད་དུ་ཐིག་རེ་རེ་གདབ་པོ། །དེ་ནས་ལྟ་བའི་ཕྱི་རོལ་ཏུ་ཆ་ཆུང་བཞིའི་བར་ལས་འདབ་མའི་མཛའ་མའི་ཐིག་ལས་ཆ་ཆུང་གཉིས་ཀྱི་བར་དུ་ཐད་ཀའི་ཐིག་ཚངས་པ་དང་ཟུར་དང་དེ་དག་གི་སྟེང་དུ་སྒོའི་ཆད་དོ། །དེའི་ཕྱིར་དེ ་བཞིན་དུ་ཐིག་ལྔའོ། །ཟུར་དང་དེའི་ཐིག་གི་སྟེང་དུ་དྲུག་པ་ཡང་ངོ། །དེ་ལ་ཚངས་པའི་གཡས་སུ་དང་པོའི་ཆ་ཆུང་གཅིག་གི་མཐར་ཞུགས་ཏེ་བཞི་བའི་རྩེ་མོར་སོན་ནས་ལྔ་བའི་ཆ་ཆུང་གཅིག་མཐར་ཞུགས་ཏེ་དྲུག་པའི་རྩེ་མོར་སོན་ནས ་བདུན་པའི་ཆ་ཆུང་གཅིག་མཐར་ཞུགས་པའི་ཐིག་ཀྱོག་པོ་གཅིག་གོ་།དེའི་ནང་དུ་ཆ་ཆུང་ཕྱེད་དོར་ནས་དེ་དང་འདྲ་བའི་ཀྱོག་པོའི་ཐིག་གཉིས་པའོ། །དེ་ལྟར་ཚངས་པའི་གཡོན་དང་གཞན་ཀུན་ལ་ཡོད། །མཚམས་ཐིག་ཀུན་ལ་ཡང་ངོ།། ་དེ་ནས་ལྟེ་བར་ཐིག་སྐུད་བཟུང་སྟེ་རྩ་བའི་ཐིག་ནས་བརྩམས་ཏེ་ནང་དུ་སྒོ་རེ་རེའི་བར་དུ་ཟླུམ་པོའི་ཐིག་བཞིའོ། །དེ་གསུངས་པ། རྩ་ལའི་ཐིག་ནས་ཉེར་བཟུང་སྟེ། །ཟླུམ་པོའི་ཐིག་ནི་རྣམ་པ་བཞི། །འཁོར་ལོ་གསུམ་ནི་སྒོ་ཚད་དུ། ། ་ཡང་དག་བསྐོར་བས་ཕྱིན་པའོ། །ལྷག་མ་པདྨ་འདབ་བརྒྱད་ཚད། །འདི་ལས་ལྷག་ཆང་ཅུང་ཟད་མེད། །ཐུགས་སོགས་འཁོར་ལོའི་མུ་ཁྱུད་ལ། །རྡོ་རྗེ་པདྨ་འཁར་ལོའི་ཞིང། །ཞེས་སོ། །དེ་ལ་དང་པོ་གསུམ་པོ་རྣམས་ཀྱི་ནང་དུ་ཆ་ཆུང་ཕྱེད་དོར་བར ་ཟླུམ་པོའི་ཐིག་གཅིག་།བཞི་པའི་ནི་ཐུགས་ཀྱི་འཁོར་ལོའི་ལྟེ་བའི་ནང་མཚོན་པ་སྟེ། །དེའི་ནང་དུ་ཆ་ཆུང་གཅིག་གི་བཞི་ཆ་ནས་ཕ་རོལ་ཆེ་ཆུང་ཕྱེད་དང་གསུམ་པའི་འདབ་མ་ངོར་བར་ལྟེ་བའི་དོན་དུ་ཟླུམ་པོའི་ཐིག་གཅིག་གོ་།རྩིབས་ཀྱི་ལེགས ་?་སྟེང་དུ་རྡོ་རྗེ་དང་པདྨ་དང་འཁོར་ལོའི་ཕྲེང་བའོ། །འདིར་ཕྱི་རོལ་གྱི་རྩིབས་གྱི་ཐིག་རྣམས་བསྲུངས་ལ་གཞན་ནི་དབྱི་བར་བྱའོ། །ནང་གི་ལུས་ལ་དེ་བཞིན་དུ། །ཧེ་རུ་ཀ་མཆོག་ཐིག་གདབ་བྱ། །ལྷན་སྐྱེས་རང་བཞིན་ཡང་དག་དག་།དཔའ་བོ ་དཔའ་མོའི་དབང་ཕྱུག་ལྡན། །ཞེས་པས་ཐིག་གདབ་པའོ།། །།དེ་ནས་གཏོར་མ་བཏང་ལ། དུར་ཁྲོད་རུས་པ་ཡང་དག་བླང། །ཐལ་བ་ལོ་མ་སེ་ཕག་རྣམས། །བ་བླ་དང་ནི་ཡང་དག་ལྡན། །ཧེ་རུ་ཀ་ཡི་འཁོར་ལོ་བྲི། །ཐོད་པར་ས་ཚོན་བཞག ་ནས་སུ། །རྒྱུད་ལས་གསུངས་པའི་ཚིག་བཞིན། །འབར་བའི་ལྷ་བས་ཡེ་ཤེས་ཀྱི། །འཁོར་ལོའི་ཐུགས་གནས་བཀུག་ནས་སུ། །སངས་རྒྱས་ཐམས་ཅད་མཁའ་འགྲོ་མའི། །སྔགས་ཀྱིS་མངོན་པར་སྔགས་ནས་སུ། །ཧེ་རུ་ཀ་དཔལ་རྒྱལ་པོ་རང། །འཁོར་ལོའི ་དབུས་སུ་ཡང་དག་གནས། །ཞེས་པ་ལ་སོགས་པ་གསུངས་བས་པཾ་ལཾ་རཾ་ཧཾ་ཡཾ་གི་ས་བོན་ལས་བྱུང་བའི་དཀར་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། ནག་པོའི་ཚོན་རྣམས་ཟླ་ཤེལ་ལ་སོགས་པ་ལས་བྱུང་བ་འམ། །ཁམས་ལས་བྱུང ་པའམ། །འབྲས་སཱ་ལུ་ལས་བྱུང་བ་བྷྲུཾ་ཨཾ་ཧྲཱི:ཁཾ་ཧཱུཾ་ལས་སྐྱེས་པའི་རྣམ་པར་སྣང་མཛད་ལ་སོགས་པའི་ཚུལ་དུ་བསམ་ནས། །ནམ་མཁའ་ལ་གནས་པའི་རྒྱལ་བ་ལྔའི་ཐུགས་ཀར་བྷྲུཾ་ལ་སོགས་པས་མངོན་པར་བསྔགས་ཏེ། ཨོཾ་བཛྲ་ཙི་ཏྲ་ས་མ་ཡ ་ཧཱུཾ་ཞེས་པ་འདིས་ལན་བརྒྱ་རྩ་བརྒྱད་དུ་བཟླས་ཏེ་འབར་བའི་ལྟ་བས་ཡང་དག་པར་སྤོང་ཞིང་རེ་རེ་ཞིང་ལ་ཧཱི་བཀོད་ནས། བདེན་པ་གང་གིས་སེམས་ཅན་རྣམས་རྡུལ་མང་ཞིང་སངས་རྒྱས་བཅོམ་ལྡན་འདས་རྣམས ་སེམས་ཅན་རྣམས་ལ་ཆགས་པས་རྗེས་སུ་ཆགས་པའི་བདེན་པ་དེས་རྡུལ་ཚོན་རྣམས་འབར་པར་གྱུར་ཅིག་ཅེས་བདེན་པའི་བྱིན་གྱིས་བརླབ་ཀྱིས་སྤར་བར་བྱའོ། །ལྷ་བསྒོམ་པ་ཕུལ་དུ་བྱུང་བ་ལས་ནི་འབར་རོ། །དྲི་དང་མེ་ཏོག་ལ ་སོགས་པས་མཆོད་ནས་སྣོད་བསྟན་པར་བཞག་པར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ལྟེ་ན་གནས་བའི་ཐུར་བུ། ཨོཾ་བཛྲ་ཀཱ་ལ་ཨུཏ་ཀཱི་ལ་ཡ་སརྦ་ཀཱི་ལཱན་བཛྲཝ་དྷ་ར་ཨཛྙ?་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧོ། །ཞེས་པ་ཧཱུཾ་བཞི་པའི་སྔགས་ཀྱིས ་གཉོན་ལ། བློས་རང་གི་ལག་པའི་རྡོ་རྗེ་ལ་བསྟིམ་ཏེ་ཕུར་བུའི་ཁུང་བུར་སྔར་མ་བཅུག་ན་རིན་པོ་ཆེ་དང་སྨན་དང་འབྲུ་ལྔ་བཅུག་པ་རྡུལ་ཚན་ལྔས་ཀུན་ནས་བཀང་སྟེ་མཉམ་པོར་བྱས་ནས། དྲིལ་བུའི་སྒྲ་དང་རྡོ་རྗེའི་གླུས་མཚན ་མ་ངན་པ་བསལ་བར་བྱའོ། །འདི་ནི་ཆོས་དབྱིངས་ངག་པ་སྟེ། །སེམས་ཅན་ཁམས་ནི་རབ་སྒྲོལ་མཛད། །རང་ཉིད་རྒྱལ་པོ་རྡོ་རྗེ་འཆང། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་ལོ་ལི? ་ནང་དུ་ཡང་དག་གནས། །ཞེས་བས་ཆོས་ཀྱི་དབྱིངས་རྣམ་པར་དག་པར་མོས་ནས་དང་པོར་དཀྱིལ་འཁོར་གྱི་ནང་དུ་འདུག་སྟེ། བློ་དང་ལྡན་པས་མེ་མཚམས་ནས། ལག་པ་གཡོན་པས་གཡོན་སྐོར་གྱིས། དཀར་པོ་དང། སེར་པོ ་དང། དམར་པོ་དང། ལྗང་གུ་དང། ནག་པོའི་ཚོན་རྣམས་ཕྱི་རོལ་ནས་བརྩམས་ཏེ་ཁ་ཤར་དུ་ཕྱོགས་པས་ཨོཾ་བཛྲ་ཙིཏྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་ཅིང་བྲི་པར་བྱའོ། །རང་གིས་བརྩམས་ནས་རི་མོ་མཁན་ལ་སོགས་པ ་གཞན་གྱིས་ཀྱང་དགྱེ་བར་བྱའོ། །སྒོ་ཡི་ཉི་ཤུ་ཆ་རུ་ནི། །རེ་ཁཱ་མཉམ་པོ་དགྱེ་བར་བྱ། །སྤོམ་པོར་བགྱེ?་བས་ནང་འབྱུང་ཞིང། །ཕྲ་མོ་ཡིས་ནི་ནོར་རྣམས་ཉམས། །ཡོན་པོ་ཡིན་རྣམ་པར་སྡང། །ཆད་ན་བླ་མ་སློབ་དཔོན་འཆི། །གཡས་སྐོར་དུ ་ནི་བགྱེ་བ་ཡིས། །ཚོན་རྣམས་ཕུར་བུས་བཏབ་པར་འགྱུར། །གྲུབ་པའི་རྒྱུར་མི་འགྱུར་བའོ། །ལྷོ་ཡི་ས་གཞི་ནག་པོ་ཤར་ལྗང་གུ་དེ་བཞིན་བྱང་ནི་དམར། ནུབ་ཏུ་ཡང་ནི་སེར་པོ་སྟེ། །ཐུགས་གསུང་སྐུ་ཡི་འཁོར་ལོ་རྣམས། །སྔོན་པོ་དམར ་པོ་དཀར་པོ་ཆེར། །གསང་སྔགས་རིགས་པས་ཡིད་འོང་བྲི། །ཚོན་དགྱེ་བ་ལ་ཉེས་པ་གང?། །དེ་ཉིད་བསམས་པའི་སྦྱོར་རྣམས་ལ། །སུས་ཀྱང་བར་ཆད་བྱ་མི་ནུས། །རྡོ་རྗེའི་ཤུགས་ཀྱི་ཡེ་ཤེས་རྡུལ་ཚོན་གྱི་དེ་ཁཱ་ཡིད་ཀྱིས་ནམ་མཁའ་ལ་བཏེར ་ནས་ཨོཾ་བཛྲ་བེག?་ཨ་ཀྲ་མ་ཧཱུཾ་ཞེས་བརྗོད་ཅིང་ཐིག་ལ་སོགས་པ་ལ་འགོམས་ཀྱང་ཉེས་པ་མེད་དོ། །གར་གྱི་སྣམ་བུ་ནི་དམར་པོའོ། །རིན་ཆེན་སྣམ་བུ་ནི་ས་གཞི་དམར་པོ་ལ་རིན་པོ་སྣ་ཚོགས་པའོ། །ས་གཞི་ནག་པོ་ལ་དྲ་བ་དང་དྲ་བ་ཕྱེད་པའོ། ་ས་བཞི་སྔོན་པོ་ལ་ལ་རིན་ཆེན་ཤར་བུ་དང་མངའ་ཡབ་དཀར་པོའོ། །རྨིག་པ་དང་བབ་རན་ནི་ཇི་ལྟར་མཛེས་པའོ། །མུན་པན་ནམ་མཁའ་ཨི་མདོག་གོ་།འཁོར་ལོ་ནི་གསེར་རོ། །རི་དགས་ནི་གསེར་ལ་རིན་པོ་ཆེས་སྤྲས་པའོ། །སྣ་ཚོགས་རྡོ་རྗེའི་སྦྱིན? ་ཕྱོགས་ཀྱི་མདོག་གོ་།བུམ་པ་བཟང་པོ་ནི་གསེར་རོ། །ལྟེ་བ་ལྟུང་གུ་ལ་ཟེ་འབྲུ་སེར་པོའོ། །འདབ་མ་ནི་སྣ་ཚོགས་པའོ། །དེའི་ས་ནི་དམར་པོ་ཤས་ཆེ་བའི་དཀར་པོའོ། །རྡོ་རྗེ་ནི་ནག་པོའོ། །དེ་ཁཱ་ནི་དཀར་པོའོ། །ས་གཞི་ཇི་ལྟར་མཛེས་པའོ།། ་འོད་ཟེར་གྱི་མེ་རི་ནི་རྒྱལ་བ་ལྔའི་མདོག་གོ་།དཀྱིལ་དུ་སྣ་ཚོགས་པདྨར་ཉི་མ་ལ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ཁ་གྱེས་པའོ། །ཕྱོགས་ཀྱི་འདབ་མ་རྣམས་ལ་གྲི་གུག་གོ་།མཚམས་ཀྱི་རྣམས་ལ་པདྨའི་སྣོད་རྣམས་སོ། །འཁོར་ལོའི་རྩིབས་རྣམས་ལ་ཟླ་བ ་ལ་གྲི་གུག་ཉི་ཤུ་རྩ་བཞིའོ། །དཔའ་བོ་རྣམས་ནི་གཙོ་བོ་མ་ཡིན་པའི་ཕྱིར་མཚན་མ་མི་བྲིའོ། །སྒོ་དང་མཚམས་རྣམས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་གྲི་གུག་བརྒྱད་དོ། །ཕྱིའི་ཟླུམ་པོའི་ཐིག་གི་ཕྱི་རོལ་མཚམས་ཀྱི ་ལོགས་སུ་བུམ་པ་བརྒྱད་དོ། །གར་གྱི་སྣམ་བུའི་ལྷོ་སྒོའི་གཡོན་དུ་པི་ཝང་དང་གླིང་བུའོ། །གཡས་སུ་རྔ་ཟླུམ་ངང་རྫ་རྔ་འོ། །དེ་བཞིན་དུ་བཅུ་དྲུག་གི་ཡང་མཚན་མའོ། །ནང་དུ་ནི། སེམས་ཞེས་ལས་ཀྱི་ཐིག་ལས་བྱུང། །རྡུལ་བཏབ་རིམ་པས ་ཤར་བ་ཡི། །འགྲོ་བ་འདི་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་པ་རྡུལ་ཚོན་དགྱེ་བའོ། །དེ་ནས་ལྷག་གནས་བྱས་པའི་བུམ་པ་རྣམས་གཡོན་སྐོར་དུ་དགོད་དེ། དེ་ལ་རྣཾས་རྒྱལ་བ་དཀྱིལ་འཁོར ་ལ་གཡོན་སྐོར་དུ་བསྐོར་ཏེ། རྡུལ་ཚོན་གྱི་ཕྱིར་ལྷོ་སྒོའི་ཚངས་ཐིག་གི་གཡོན་དུ་བཞག་པར་བྱའོ། །ལས་ཐམས་ཅད་པ་གཡས་སུའོ། །དེ་ལྟར་མཁའ་འགྲོ་མ་ལ་སོགས་པའི་བུམ་པ་རྣམས་རང་གི་ཕྱོགས་གྱི་དབྱེ་བས་དཀྱིལ ་འཁོར་དགོང་ངོ་ཞེས་བུམ་པ་དགོང་པའོ། །དཀྱིལ་འཁོར་གྱི་ཕྱོགས་བཞི་རུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང། ལང་ཀར་གཤེགས་པ་དང། ལང་ཀར་གཤེགས་པ་དང། ཏིང་ངེ་འཛིན་རྒྱལ་པོ་དང། སྡོང་པོ་བཀོད་པ་རྣམས་འདོན་དུ་གཞུག་གོ་།ག་པུར་དང། ་ཨ་ཀ་རུ་དང། དུ་རུ་ཀ་ལ་སོགས་པའི་སྤྲོས་པོར་བརྒྱད་བཞག་པར་བྱའོ། །རས་སྣ་ཚོགས་པ་སྟོང་ལ་སོགས་པའམ། །གདུགས་དང་རྒྱལ་མཚན་དང་བ་ངན་ལ་སོགས་པ་ཧཱུཾ་དང་བདག་པོའི་སྔགས་ཀྱིས་བཟླས་པ། ཨོཾ་བཛྲ་སཕ་ར་ན་ཁཾ་ཞེS་ ་བྱ་བས་ཕུལ་ནས། སྒོ་ཀུན་ལ་རས་བཟང་པོ་དང། དྲིལ་བུ་དང། རྔ་ཡབ་རྣམས་བཏགས་ཏེ་བུམ་པ་གང་བ་ཡང་བཞག་པར་བྱའོ། །ཁྲུས་བྱས་ཏེ་དྲི་བཟངས་བྱུགས་ལ་སྟོང་གཡོགས་དང། དབུ་རྒྱན་དང་བཅས་པ་ཡིས་ལས་ཐམས་ཅད་པས ་བསྔགས་པའི་ཆུས་དཀྱིལ་འཁོར་གྱི་ལོགས་སུ་བསངས་ལ་ཡི་གེ་གསུམ་དང་།ལས་ཐམས་ཅད་པས་བསྲུངས་ལ་རྡོ་རྗེ་དང་དྲིལ་བུ་བཟུང་སྟེ། ལྷོ་སྒོ་རུ་ནི་རྒྱུ་བྱེད་ཅེས། །བདེན་པ་སྨྲ་བས་གང་གསུངས་པ། །ཀུན་རྫོབ་དོན་དུ་ཤེས་བྱ་སྟེ། བྲི་བའི ་དཀྱིལ་འཁོར་རྟོག་པ་ལའོ། །ཕྱོགས་ཀྱི་རྣམ་དབྱེར་མཛའ་ཡས་པས། །ལྷོ་ལ་སོགས་པའི་རྟོག་པ་མེད། །དེ་ཕྱིར་གང་དུ་ཕྱོགས་པ་ཉིད། །ལྷོར་ནི་རྣལ་འབྱོར་ཀུན་གྱིས་དགོངས། །ཐོག་མར་གྲུབ་པའི་འཁོར་ལོ་དང། །དཔའ་བོ་དྲུག་གི་ལྷ ་རྣམས་དགོད། །སྔགས་ཀྱི་གོ་ཆ་ཆོ་ག་བཞིན། །དེ་ནས་དཀྱིལ་འཁོར་གྲུབ་པར་བྱ། །མར་མེ་བརྒྱ་ནི་དབུམ?་བར་བྱའོ། །མར་ཁུ་ཆེན་པོའི་སྦྱོར་བ་ཡིས། །མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ། །སྣ་ཚོགས་དྲི་ཡིས་ལེགས་པར་བསྒོས། །གྲུབ ་པའི་དམ་ཚིག་འཁོར་ལོ་ནི། །ཡེ་ཤེས་འཁོར་ལོ་དང་ལྡན་པ། །སེམས་ཀྱི་ཡང་དག་ལ་སྦྱར་ནས། །བལྟ་བ་གྱེན་དུ་རྒྱུ་བ་ཡིས། །སྔར་གྱི་སྤྱན་འདྲེན་ཕྱག་རྒྱ་དང་།ཕེཾ་ཡིག་སྔགས་ཀྱི་སྦྱོར་བ་ཡིས། །ཡུལ་ནི་མཛའ་ཡས་ནག་ནས་པའི ་དགྱེས་ཤིང་གྲུབ་སྦྱིན་ལྷ་མོ་རྣམས། །དཔའ་བོ་དཔའ་མོའི་དབང་ཕྱུག་བཅས། །སྔར་གྱི་ཕྱག་མཚན་སོགས་ཀྱིས་བརྒྱན། །འཇིག་རྟེན་མགོན་པོ་ཐུགས་རྗེ་ལྡན། །རྫོགས་པའི་སངས་རྒྱས་བྱོན་པར་འགྱུར། །གཉིས་སུ་མེད་པའི་སྙོམས ་འཇུག་པས། །ཧེ་རུ་ཀ་གནས་དཀྱིལ་འཁོར་དུ། །ཉམས་དགའ་བྱིན་གྱིས་བརླབ་པའི་གནས། །མཛད་པར་འགྱུར་ཏེ་ཐེ་ཚོམ་མེད། །ཅེས་གསུངས་བས་འཁོར་ལོའི་དབང་ཕྱུག་གི་བདག་ཉིད་ཁོ་ནས་སྐད་ཅིག་གིས་བྲིས་པའི་དཀྱིལ ་འཁོར་སྟོང་པར་བསམས་ལ། བསྒོམ་བྱའི་དཀྱིལ་འཁོར་གྱི་རང་བཞིན་དུ་བལྟས་ནས་བསྒྲུབ་པའི་ཕྱི་རོལ་གྱི་ཕྱག་རྒྱའམ། ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་བར་འཇུག་པས་ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི ་འཁོར་ལོ་སྤྱན་དྲངས་ལ་ཞབས་བསིལ་དང་མཆོད་ཡོན་དབུལ་བ་སྔོན་དུ་འགྲོ་བས། རང་གི་ནང་དུ་བཅུག་པས་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ཏེ་རྡོ་རྗེའི་ལམ་ནས་ཕྱུང?་སྟེ་པདྨ་ནས་ཡེ་ཤེས་ཀྱི་འཁོར་ལོའི་? ་ཉིད་སྤྲོས་ཏེ། དམ་ཚིག་གི་འཁོར་ལོ་ལ་གནས་ཇི་ལྟ་བར་བཞུགས་པར་བསམས། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པའི་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང། ་ལྷ་མོ་རྣམས་ཀྱི་དབང་བསྐུར་ནས་ཇི་ལྟར་རིག་པར་རྒྱས་གདབ་པར་བྱའོ། །དེ་ནས་ལྷ་མོ་རྣམས་སྤྲོས་པའི་ཡིད་ཀྱིས་མཆོད་པས་མཆོད་དེ་བཀྲ་ཤིས་ཀྱིས་རས་ཟུང་དང། བླ་རེ་དང་བཟའ་བ་དང། བཅའ་བ་དང། བལྡག་པ་དང། བཞིག ་པ་དང། བཏུང་བ་དང། པི་བང་མ་ལ་སོགས་པས་མཆོད་ལ། དྲིལ་བུ་དཀྲོལ་ཞིང་བསྟོད་ལ་རང་དང་ཤེས་རབ་མའི་བྱང་ཆུབ་ཀྱི་སེམས་པདྨའི་སྣོད་དུ་བཅུག་ལ་བདུད་རྩིར་བྱས་པ་དྲངས་ཏེ་མྱངས་པས་ཚིམ་པར་བྱས་ལྷག་པར ་མོས་ཏེ་བདག་པོའི་སྔགས་བརྒྱ་རྩ་བརྒྱད་དང། དཀྱིལ་འཁོར་པ་རྣམས་ཀྱི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ནས་ཨཱ་ལི་དང་ཀཱ་ལི་དང་ཡི་གེ་བརྒྱ་པ་བཟླས་པར་བྱའོ། །རང་གི་གཏོར་མ་ཕུལ་ནས་ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར ་མ་གཞན་ཡང་འབུལ་དུ་བཅུག་སྟེ། སུམ་བྷ་ལ་སོགས་པའི་སྔགས་བཟླས་ཤིང་གཡོན་སྐོར་དུ་བསྐོར་བ་གསུམ་བྱའོ། །དཀྱིལ་འཁོར་ལ་སོགས་རྩོམ་པའི་ཚེ། །གལ་ཏེ་རླུང་སོགས་སྐྱེས་ན་ནི། །ཧེ་རུ་ཀ་དཔལ་བདག་ཉིད་ཀྱིས།། ་གདུག་བ་ཐམས་ཅད་བཟླག་པར་བྱ། །དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་ཕྱོགས་སྐྱོང་རྣམས་ལ་རང་རང་གི་མདོག་གི་བ་དན་འབུལ་ལོ་ཞེས་པ་དཀྱིལ་འཁོར་བསྒྲུབ་པའོ།། །།ཐག་ཁུང?་ཁྲུ་གང་ཙམ་ཡིན་ཏེ། །མཛེས་ཤིང ་ཐོད་པའི་རྣམ་པ་ཅན། །དེ་འདྲའི་སྟེགས་བུས་བསྐོར་བ་གྲུབ། །ལྷོ་རུ་བལྟས་པའི་ཆོ་ག་ཡིས། །རི་པོའི་སྟེང་དུ་གནས་པ་ཡིས། །དཀྱིལ་དུ་པདྨ་འདབ་བརྒྱད་པ། །འདབ་མར་དགྲ་ལྟ་ཞུགས་པ་དང། །རྩེ་གསུམ་པ་དང་ཁཾ་ཊཝཱཾ་ག་།ལྟེ་བ་རུ་ནི་རྡོ་རྗེར་གྲོང ་ཁྲོ་བོའི་རྣམ་པ་འཇིགས་སུ་རུང། །ཕྱི་རུ་རྡོ་རྗེའི་ཕྲེང་བ་བྱ། །སྟེགས་བུ་པདྨའི་རྣམ་པ་ཅན། །རྣལ་འབྱོར་རྒྱུད་ཀྱི་དགང་གཟར་དང། །བླུགས་གཟར་ཡང་ནི་དེ་བཞིན་ཏེ། །འོན་ཀྱང་ཁ་ནི་ཐོད་པ་ལྟར། །དཀྱིལ་དུ་ཁྲོ་པོའི་རྡོ་རྗེ་བརྐོ?། །ཱ་ལ ་ཀཱ་ལི་ཡང་དག་བརྗོད། །ཇི་སྙེད་མ་སོགས་སྦྱོར་བ་ཡིས། །གཡོན་དུ་བསྲེག་རྫས་ལ་སོགས་བཞག་།གཡོན་གྱི་སྤྱོད་པས་བསྲེག་པར་བྱ། །གཉིས་མེད་ལ་སོགས་སྔགས་ཆེན་གྱིས། །མཆོད་པར་བྱ་སྟེ་ཆོ་ག་བཞིན། །མེ་ནང་ཧེ་རུ་ཀ་སོགས ་ལ། །སྦྱིན་སྲེག་བྱས་ནས་ཡོན?་བླང་བྱ། །མི་དང་བ་ལང་ཁྱི་དང་ནི། །ཅེ་སྤྱང་རྟ་དང་གླང་ཆེན་གྱི། །ཤ་ཡིས་གྲུབ་པ་འདོད་པ་པོས། །རྣལ་འབྱོར་ཤེས་པས་སྦྱིན་པར་བྱ། །སྒྲ་གྲོལ་གཅེར་བུ་གསང་གནས་སུ། །ཙཱ་རུའི་བཟའ་བ་སྔོན་འགྲོ་བས། ། ་དཔལ་ལྡན་བདེ་མཆོག་རྣལ་འབྱོར་ཆེ། །སྦྱིན་སྲེག་ལས་ནི་བརྩམ་པར་བྱ། །དེ་ལ་ཐབས་ནི་ཆ་གསུམ་བྱས་ལ་ཆ་གཉིས་བརྐོས་ཏེ། བརྒྱད་ཆ་མཆུ་དང་མཆུའི་ཕྱེད་མུ་ཁྱུད་དེ་ཕྱི་དང་ནང་དུའོ། །དེའི་ཕྱིར་སྟེགས་བུ་མཆུའི་ཚད་དོ། །ཡི་གེ ་གསུམ་ཞུ་བའི་རཾ་ལས་སྐྱེས་པའི་མེ་ལྷ་དམར་པོ་དབྱུ་ག་དང་སྤྱི་བླུགས་གཡོན་ན་སྟེ་གཡས་ན་བགྲང་ཕྲེང་དང་མི་འཇིགས་པ་སྦྱིན་པའོ། །རལ་པ་ཅན་ལྟོ་བ་འཕྱང་བ་རྒྱན་ཀུན་དང་ལྡན་པ། ཨོཾ་བཛྲ་ཧཱུཾ་གི་ཡི་གེས་ཐབ་ཁུང་གི་མེ་མཚམS ་སུ་བཞུགས་ལ་དམ་ཚིག་སེམས་དཔའ་ལ་ཡེ་ཤེས་སེམས་དཔའ་བཅུག་ནས་ཐབ་ཏུ། ཨོཾ་ཨགན་ཡ་མཧཱ་ཏེ་ཛ་དེ་བི་ར་ཥི་དྭི་ཛ་སཏྭ་མ་གྲི་ཧི་ཏྭ་ཡུདྷཾ་མཧཱ་ར་ཡསྨིན་སིནྣ་ཧི་ཏོ་བྷ་བ་ཞེས་པས་སྤྱན་དྲངས་ཏེ། ཛ:ཧཱུཾ་བཾ་ཧོ:ཞེས་པས་དགུག་པ་དང ་གཞུག་པ་དང་ཐ་མི་དད་པ་དང་མཉེས་པར་བྱས་ལ། ཨརྒྷམ་ལ་སོགས་པས་མཆོད་དེ་ལག་པ་གཡོན་པ་ཁ་གྱེན་དུ་བྱས་ཏེ་བྱང་ཆུབ་མཆོག་གི་ཁུ་ཚུར་གྱིས་མར་གྱིས་གང?་པའི་དགང་གཟར་བཟུང་ལ་དེའི་སྟེང་དུ ་ལག་པ་གཡས་པ་ཡང་གྱེན་དུ་བལྟ་བས་མར་གྱིས་གང་བའི་བླུགས་གཟར་བཟུང་ནས་དགང་གཟར་བླུགས་གཟར་གྱི་སྟེང་དུ་རང་གི་ཡི་དམ་གྱི་ས་བོན་ཡི་གེ་གསུམ་དང་སྤེལ་བ་འོད་ཟེར་དང་ལྡན་པར་བསམས་ལ་མེ་ལྷའི ་ཞལ་དུ་ཡི་གེ་རཾ་བལྟས་ཏེ། ཕུས་མོ་གཉིས་ཀྱི་བར་དུ་གྲུ་མོ་གཉིས་བཞག་ལ་དགང་གཟར་གྱི་ཁའི་སྟེང་དུ་ལག་པ་ཁ་ཕུར་དུ་བལྟས་བས་བླུགས་གཟར་ཁ་ཐུར་དུ་བྱས་ལ། །དགང་གཟར་གཡས་སྐོར་དུ་ལན་གསུམ་བསྐོར་བས་མེ ་ལྷའི་ཞལ་ཅུང་ཟད་གདངས་པ་ལ་ལག་པའི་བསྲེག་བླུགས་གསུམ་མ་མ་བདུན་ན་མ་ཉི་ཤུ་རྩ་གཅིག་།ོཾ་ཨཱགན་ཡེ་ཨཱ་དབྱི་ཨཱ་དེ་བྱ་ཨཱ་བི་ཤ་ཨཱ་བི་ཤ་།མ་ཧཱ་ཤྲི་ཡེ་ཧ་བྱ་ཀ་བྱ་བ་ཧ་ན་ཡེ་སྭཱཧཱ། ཨོཾ་ན་མ:ས་མནྟ་བུདྡྷཱ་ནཱི། ཆེ ་གེ་མོ་ཤཱནྟི་ཀུ་རུ། ཡང་ན་ཨོཾ་ཨགན་ཡེ་སྭའཧཱ་ཞེས་པས་དབུལ་ལོ། །ོཾ་བཛྲ་ཨ་ན་ལ་མ་ཧཱ་བྷུ་ཏ་ཛཝཱ་ལ་ཡ་སརྦ་བྱསྨི་ཀུ་རུ་སརྦ་དུཥྚཱན་ཧཱུཾ་ཕཊ་དྲི་ཤྱ་ཛ:ཧཱུཾ་བཾ་ཧོ:ས་མ་ཡསྟཝི་ས་མ་ཡ་སྟཝཾ་ས་མ་བོ་ཧཾ་ཞེས་དམ་ཚིག་ཀྱང་ལན་གསུམ་དུ ་སྙན་དུ་གསོལ་ལོ། །མར་གྱི་སྤྱིན་སྲེག་གཞན་གྱི་སྔགས་ནི། ཨོཾ་ཨགན་ཡེ་སྭཱཧཱ། ཞེས་རྟོགས་པར་བྱའོ། །དེ་ནས་མེའི་མཚན་མ་ལྟ་སྟེ། རྩེ་མོ་གཅིག་པ་ཕུན་སུམ་ཚོགས་པ་སྟེར་རོ། །རྩེ་མོ་གཉིས་པ་གཡོ་བ་མེད་ན་བར ་མའོ། །རྩེ་མོ་བཞི་པ་མཉམ་པ་ཡིན་ན་རྒྱས་པ་དང་དངོས་གྲུབ་སྟེར་རོ། །དཀར་ཞིམ་སྣུམ་པ་དུབ་མེད་ཅིང་དྲི་མ་མེད་པའི་མེས་ནི་ནད་མེད་པ་དང་རིགས་འཕེལ། །དམར་པོ་དང་སེར་པོས་ནི་རྒྱལ་སྲིད་སྟེར་རོ། །མེ་ཏོག་ཙམ ་པ་ཀ་དང་པདྨ་དང། ཨུཏཔལ་དང། མ་ལ་ཏིའི་དྲི་དང་ལྡན་པ་བསིལ་བ་དྲི་བཟངས་ནི་དགེ་པའོ། །པི་ཝཾ་ལ་སོགས་པ་དང་ཟངས་དུང་གི་སྒྲ་ཟབ་མོ་ཅན་ནི་མཐོང་པའི་ཆོས་ལ་བྱེད་པ་སྟེར་རོ། །གདུགས་དང་པདྨ་དང་རྩེ་གསུམ་པ་ལ་སོགས ་པའི་རྣམ་པ་ཅན་ནི་།སྒྲ་མེད་པ་དང་གཡས་སྐོར་བ་དང་གྲོང་བུ་གཅིག་པས་ནི་དོན་ཆེན་ཆེན་པོ་སྟེར་རོ། །འབར་བ་རྩེ་གསུམ་པ་འཕྲོ་བ་དང་བཅས་པ་གཡོ་ཞིང་གཡོན་དུ་ཕྱོགས་ན་ནད་མེད་དོ། །ལན་གསུམ་མམ་བདུན་དགང་བླུགས ་དད་མེ་ཏོག་དང་གོ་ལ་དང་རས་དང་བསྟོད་པས་མཆོད་ནས། ཨོཾ་བྷོ་དྷི་བྲིཀྵཱ་ཡ་སྭཱཧཱ། བྱང་ཆུབ་ཤིང་གིའོ། །ོཾ་བཛྲ་ལ་ཏཱ་ཡ་སྭཱཧཱ། པལཀྵའིའོ། །ོཾ་བཛྲ་ཡཛྲཱ་ཡ་སྭཱཧཱ། ཨུ་དུམ་པ་རའི་འོ། །ོཾ་བཛྲ་ཀུ་བ་རཱ་ཡ་སྭཱཧཱ། འོ་མ་ཅན་གྱི་ཤིང ་རྣམས་ཀྱིའོ། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱཧཱ། ཏིལ་རྣམས་ཀྱིའོ། །ོཾ་བཛྲ་པུཥྚ་ཡེ་སྭཱཧཱ། །འབྲས་མ་གྲུགས་པའིའོ། །ོཾ་སརྦ་སཾ་བདེ་སྭཱཧཱ། ཞོ་ཟིན་གྱིའོ། །ོཾ་བཛྲ་ཨཱ་ཡུ:ཥེ་སྭཱཧཱ། དཱུར་པའི་འོ། །ོཾ་བཛྲི་ཨ་པྲ་ཏི་ཧ་བཛྲཱ་ཡ་སྭཱཧཱ ་ཀུ་ཤའི་འོ། །དེ་ནས་མེ་ལྷའི་ཐུགས་ཀར་པདྨའི་གདན་དུ་ས་བོན་དང་ཕྱག་མཚན་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་ཀྱི་དམ་ཚིག་གི་འཁོར་ལོ་ལ་ཡེ་ཤེས་ཀྱི་འཁོར་ལོ་བཅུག་སྟེ། བསང་གཏོར་ལ་སོགས་པ་དང་མེ་ཏོག་ལ་སོགས ་པས་མཆོད་དེ་དེའི་རང་གི་འདོད་ལྟའི་ས་བོན་བཟླས་པས་སྦྱིན་སྲེག་བྱའོ། །ལྷ་རེ་རེ་ལ་ཡོད་དོ། །དེ་ལ་ཞུ་བ་ནི་མེ་ལྷའི་ཁ་ལའོ། །ཡཾ་ཤིང་དང་ཀུ་ཤ་ལ་སོགས་པ་ལའོ། །ཟན་དང་ཞབས་བསིལ་ལ་སོགས་པ་ཕྱག་ཏུའོ། །མེ་ཏོག་དབུ་ལོག?། ་བདུག་སྤོས་ནི་འབར་བ་ལའོ། །དྲི་ནི་སྙིང་གར་རོ། །བསང་གཏོར་ལུས་ལའོ། །ཞབས་བསིལ་ནི་ཞབས་ལའོ། །མར་མེ་དང་མཆོད་ཡོན་དང་ཞལ་ཟས་ནི་མདུན་དུ་ཞི་བའི་སེམས་ཀྱིས་ཇི་ལྟར་ནུས་པ་དབུལ་ལོ། །རྒྱས་པ་ལ་ནི་རྒྱས་བདེ ་སེམས་ཀྱིས་སོ། །ཞེས་པས་སྦྱིན་སྲེག་གི་ཆོ་གའོ།། །།ཐ་མར་ནི་འདོད་པའི་དོན་ཞུས་ལ་བཟོད་པར་གསོལ་ཏེ་རང་གི་གནས་སུ་གཤེགས་སུ་གསོལ་ལོ། །ོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་ཅེས་པ་དང། ཨོཾ་ཡིག་གཱ? ་ལན་བདུན་སྔགས་པའི་ཡུངས་ཀར་གཡས་གཡོན་གྱི་ཁུ་ཚུར་གྱིས་བཟུང་ལ་རེ་རེས་ལན་གཉིས་གཉིས་གཡོན་སྐོར་དུ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭཱ་སྱ་སརྦ་པཱ་ལཾ?་ད་ཧ་སྭཱཧཱ་ཞེས་པས་བྱུང་བསལ་ནས་ཡུངས་ཀར་དེ ་མེར་དོད་རོ། །དེ་བཞིན་དུ་གཡས་སྐོར་དང་གཉིས་ཀས་གཡོན་སྐོར་གྱིས་སོ། །དེ་བཞིན་དུ་ཨོཾ་སརྦ་པཱ་པཾ་བི་ཤོ་དྷ་ནི་བཛྲ་ཡ་བཛྲ་སཏྭཱ་སྱ་སརྦ་པཱ་པཾ་པ་ཤོ་དྷ་ཡ་སྭཱཧཱ། ཞེས་པ་ཆུ་དང། ཁམ་པོར?་དཀར་པོས་བྱུགས་པ་དང། དཱུ་ར་བའི? ་མྱུ་གུ་དང་བཅས་པའི་བའི་ལྕི་བའི་ཆད་བུ་རྣམས་དང། མར་མེའི་སྡོང་བུ་དང་བཅས་པའི་ཟན་གྱིས་ཆང་བུ་རྣམས་ཀྱིས་སོ། །རས་ཀྱིས་བྱུང་བསལ་པ་ཡོད། །འོན་ཀྱང་རྫ་ཕོ་རོལ་སོགས་པ་ནི་མེ་ལ་མི་དོར་རོ། །ལག་པ་དག་གིས་ཉེ ་རེག་བྱའོ། །དྲིལ་སོགས་པས་སྔོན་དུ་འགྲོ་ཞིང་ལས་ཐམས་ཅད་པ་དང་ཧཱུཾ་ཡིག་གིས་ལན་བདུན་དུ་བཟླས་པའི་མར་དང་བཅས་པའི་སྤོས་དཀར་གྱིས་བདུག་པར་བྱའོ། །ཞེས་པ་རབ་གནས་ལ་སོགས་པ་ཀུན་ལ་བྱུང་གསལ་པའི ་ཆོ་གའོ། །དང་པོར་སྙིང་པོ་འབུམ་བཟླས་ན། ཧེ་རུ་ཀ་ཡི་བཀའ་ཐོབ་ནས། །དབང་བསྐུར་བྱིན་པ་ལ་སོགས་བྱ། །གཞན་དུ་བཞད་གང་ཐོབ་པར་འགྱུར། །ནུས་པ་མེད་པའི་རྣལ་འབྱོར་པས། །སྙིང་གའི་ས་བོན་དམར་འོད་ཀྱིས། །སློབ་མའི ་ལུས་ལ་ཡང་དག་དགང། །དབང་བསྐུར་སྦྱིན་པ་ཡང་དག་བརྩམ། །སྔགས་པས་རྣལ་འབྱོར་མ་དང་བཅས། །དཀྱིལ་འཁོར་ལྷོ་རུ་གནས་པ་ཡིས། །སློབ་མ་ལྷོ་རུ་ཁ་བལྟས་ལ། །མཁས་པས་འདི་སྐད་བརྗོད་པར་བྱ། །དུ་རྣམས ་ངེས་པར་གནས་པ་ཡིS། །སྡོམ་པའི་མཆོག་ནི་བསྲུང་བར་མཛོད། །སྡོམ་པའི་དབང་ལས་ལྷག་པ་མེད། །ལྷན་སྐྱེས་ཐུགས་ཀྱི་མཚན་ཉིད་དོ། །དེ་དག་གིས་མཎྜལ་བྱས་ཏེ་པུས་མོས་ལ་བཙུགས་ཏེ་སྙིམ་པ་སྦྱར་པ་མེ་ཏོག་དང་བཅས་པ་རྣམས ་རང་གི་ཁ་ནས་ལུས་ལ་བཅུག་སྟེ་རྡོ་རྗེའི་ལམ་ནས་ཤེས་རབ་ཀྱི་པདྨ་ལ་གནས་པ་རྣམས། སྙིང་གའི་ས་བོན་གྱིས་འོད་ཟེར་གྱིས་བཀུག་པའི་ཤེས་རབ་མ་དང་བཅས་པ་དེ་བཞིན་གཤེགས་པ་རྣམས་ཁ་ནས་ཞུགས་ཏེ་ཞུ་བར་གྱུར་པ ་རྣམས་གྱིས་དབང་བསྐུར་བར་བསྒོམས་ནས་གཏོན་ཏེ་ལྷོའི་སྒོར་གནས་པ་རྣམས་ཀྱིས་གསོལ་བ་འདེབས་སུ་གཞུག་གོ་།བདག་གི་སྟོན་པ་དཔའ་བོ་ཆེ། །རྣལ་འབྱོར་མ་མཆོག་ཁ་སྦྱོར་ལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ་།མགོན་པོ་ཆེན ་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་གསོལ། །བྱང་ཆུབ་སེམས་ཀྱང་བདག་ལ་གསོལ། །དཔའ་བོ་དཔའ་མོའི་དབང་ཕྱུག་རྣམས། ཕག་མོ་དད་ནི་ཧེ་རུ་ཀའི། །གསང་པའི་གནས་སོགས་ཡང་དག་དགང། །ལུས་ལ་ཡང་དག་? ་པས་གསུངས། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་གསོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་མཛོད་ཅེས་བརྗོད་དུ་བཅུག་ནས། བུ་ཚུར་ཤོག་ཅིག་ཚུལ་ཆེན་གྱིས།། ་སྣོད་ནི་ཁྱོད་ཡིན་ཐེག་ཆེན་པའི། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་སངས་རྒྱས་འབྱུང་བ་ཡི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །རྡོ་རྗེ་སྔགས་ཀྱི་མཐུ་ཡིས་ནི། །ཡེ་ཤེས་མཉམ་མེད་ཡང་དག། ་བརྙེས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡིས་བློ་གྲོས་འདི་གྱིས་ཤིག་།བླ་མ་མཆོད་དང་དེ་བཞིན་བྱམས། །སངས་རྒྱས་ལ་གུས་སྐྱེ་བོ་དགའ་། །རྩ་བའི་ལྟུང་པ་ཡངས་སྤངས་ཤིང། །སྦོམ་པའི་ལྟུང་བ་སྤང་བར་བྱ། །སེམས་ཅན་རྣམས་ནི ་མཉེས་པར་བྱ། །ཐེག་པ་དམན་ལ་འདོད་མི་བྱ། །ཞེས་ཡང་དག་པར་ལེན་དུ་བཅུག་ལ། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང། །སངས་རྒྱས་བྱང་ཆུབ་ཡིད ་ཀྱིས་བཟུང། །ཞེས་ལན་གསུམ་འདོན་དུ་གཞུག་གོ་།དེ་ལྟར་ཐུན་མོང་གི་སྡོམ་པ་ཅན་གྱིས་སློབ་དཔོན་གྱི་སྡོམ་པ་འདོད་ན། ཕྱིར་མི་ལྡོགས་པ་འཁོར་ལོའི་དབང་ཞེས་པ་ལ་སོགས་པས་གསོལ་བ་འདེབས་སུ་བཅུག་ལ། སངས་རྒྱས་དང་བྱང་ཆུབ ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པ་ལ་སོགས་པ་ལན་གསུམ་འདོན་དུ་གཞུག་གོ་།དེ་ནས་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུངས?་ནས་དེ་རྣམས་ཀྱི་སྙིང་ག་དང་མགྲིན་པ་དང་མགོ་བོ་རྣམས་སུ་རྡོ་རྗེ་དང་པདྨ་དང ་འཁོར་ལོའི་སྟེང་དུ་ཧཱུཾ་ནག་པོ་དང་ཨཱ:དམར་པོ་དང་ཨོཾ་དཀར་པོ་རྣམས་བསམ་ནས་བརྗོད་ཅིང་དྲིའི་ཆུ་དང་བཅས་པའི་རྡོ་རྗེ་བ་ལས་པའི་ཁུ་ཚུར་གྱིས་དེའི་གནས་གསུམ་དུ་རེག་ནས་མགོ་བོ་ལ་མེ་ཏོག་དང་མདུན་དུ་སྤོས་དང། མར ་མེ་དང་སྙིང་གར་དྲི་བྱིན་ནས་བྱང་ཆུབ་ཤིང་ལ་སོགས་པའི་ཤིང་སོར་བཅུ་གཉིས་པ་དྲང་ཞིང་སྲོག་ཆགས་མེད་པ་མ་གས་པ་རྨ་མེད་ཕ་དྲི་བཟང་པོའི་ཆུས་བཀྲུས་པ་རྩེ་མོ་ལ་མེ་ཏོག་བཅིངས་པ། ཁ་བྱང་དུ་ཕྱོགས་པས་སློབ་མ་རྣམS? ་ལ་སྦྱིན་ནོ། །དེ་རྣམས་ཀྱིས་ཀྱང་དཀྱིལ་འཁོར་གྲུ་བཞི་པ་བའི་ལྕི་བས་བྱུགས་པས་བྱང་དམ་ཤར་དུ་ཕྱོགས་པས་སོ། །ཤིང་དེ་ཨོཾ་བཛྲ་ཧཱ་ས་ཧཾ་ཞེས་བརྗོད་ཅིང་རྩེ་མོ་འཆོས་ཏེ་གྱེན་དུ་བལྟ་ཞིང་ན་དུན་དུ་དོར་རོ། །དེའི་རྩེ་མོ་ལྟུང་པའི་རྗེས ་སུ་འབྲངས་ནས་ཤར་རམ་བྱང་ངམ་ནུབ་བམ་ལྷོ་འམ་སྟེང་ངམ་འོག་ཏུ་བལྟས་ཏེ་བྱུང་ན། ཞི་བའམ་རྒྱས་པ་འམ་དབང་ངམ་མངོན་སྤྱོད་དམ་རིག་པ་འཛིན་པ་འམ་ས་འོག་གི་དངོས་གྲུབ་རྣམས་གོ་རིམ་བཞིན་དུ་བརྗོད་དོ། །ཕྱི་རོལ་དུ ་ལྷུང་ན་དངོས་གྲུབ་མེད་དོ། །དེ་ནས་བཾ་ལས་སྐྱེས་ཤིང་བཾ་བཟླས་པའི་ཆུ་ཁབ་ཤལ་བའི་ཕྱིར་བྱིན་ནས། ལས་ཐམས་ཅད་ཕ་ལན་བདུན་བཟླས་པའི་དྲིའི་ཆུ་ཁྱོད་བ་གསུམ། ཨོཾ་ཧྲཱི(རྒྱུད་འགྲེལ་ཡ་ཧཱུཾ་?་བརྗོད་ཅིང་འཐུང་དུ་གཞུག་གོ་།ཕྱི་རོལ་ཏུ་འདུག་ཏུ་བཅུག་ལ་ཧཱུཾ་ལས་བྱུང་བ་ལས་ཐམས་ཅད་པ་བཟླས་པའི་ཀུ་ཤམ་ཉམས་པ་བཏིང་ནས་ཉལ་པའི་དོན་དུ་དང། དྷཱི་ཡིག་ལས་སྐྱེས་པ་ཅིག་སྔགས་ཀྱི་དོན་དུ། ཨོཾ་བཛྲ་ཏིཀྵ་ན་བཾ་ཞེས ་པས་སྦྱིན་ནོ། །སྐུད་པ་དམར་པོ་སློབ་མའི་ལུས་ཀྱི་ཚད་ཙམ་གསུམ་བལྟ་བ་དུ་བྱས་ཏེ། ཛུཾ་ཡིག་དང་ལས་ཐམས་ཅད་པ་ལན་བདུན་དུ་བཟླས་ལ་མདུད་པ་གསུམ་དུ་བྱས་ཏེ་སློབ?་མ་རྣམས་ཀྱི་དཔུང་པ་གཡོན་པར་ཨོཾ་བུདྡྷ་མི་ཏྲི་རཀྵ་སརྦཱ་ན ་སཱཧཱ་ཞེས་པས་བཅིངས་ཏེ་ཡང་དག་པར་བསྲུངས་ལ་སྤྲོ་བ་བསྐྱེད་དེ། སྤྱོད་མཆོག་འདི་ལ་གང་རྣམས་ཀྱི། །བློ་གྲོས་ཤིན་ཏུ་དྲི་མ་མེད། །དེ་རྣམས་ངན་སོང་སྡུག་བསྔལ་ཀུན། །རབ་ཏུ་འབྱུང་བ་ཡང་དག་ཞི་ཞེས་བརྗོད་ལ། བཟླས་པའི ་དོན་དུ་ལས་ཀུན་གྱི་སྔགས་བྱིན་ཏེ་བསྲུངས་ལ་སྔ་དྲོ་རྨི་ལམ་བདག་ལ་སྨྲོས་ཤིག་བྱས་ལ་སེངྒེའི་ཉལ་སྟབས་ཀྱིས་ཉལ་དུ་གཞུག་གོ་།རང་ཡང་དེ་བཟླས་པའི་སློབ་མ་ལྷག་པར་གནས་པའོ། །སྔ་དྲོ་གཏོང?་?་ཏེ་དཀྱིལ་འཁོར་གྱི་ཁར ་པ་ལས་བྱུང་སྟེ་སློབ་མ་རྣམས་ལ་རྨི་ལམ་དྲིས་ནས་རི་ལས་ལྟུང་བ་ལ་སོགས་པ་མི་དགེ་བའི་རྨི་ལམ་ཡིན་ན་ལས་ཐམས་ཅད་པའི་སྔགས་ཀྱིས་བསྲུང་ལ། དཀྱིལ་འཁོར་ཁང་པར་འཇུག་པའི་ཚེ་སློབ་མ་རྣམས་ཀྱིས་ཨོཾ་པྲ་བི་ཤ་ལྷ ་ག་བཱ་ན་མ་ཧཱ་སུ་ཁ་མོཀྵ་པུ་རི་སརྦ་སིདྡྷི་སུ་ཁ་པྲ་ཏཾ་པར་མ་སུ་ཁ་ཨུཏྟ་མ་སིདྡྷཡི་རྠཾ་ཛ:ཧཱུཾ་བཾ་ཧོ:པྲ་སིདྡྷ་སྭ་ཞེས་པས་གཟེངས་བསྟོད་ལ་བཞུགས། །གཡས་སུ་བསྐོར་ཞིང་འཁོར་ལོའི་དབང་ཕྱུག་གི་སྐུས་བྱང་ལ་སོགས་པའི་སྒོར་གནས ་ནས། དཀྱིལ་འཁོར་གྱི་ལྷོ་ལ་སོགས་པའི་སྒོ། ཨོཾ་བཛྲ་ཨུཙཏྟ་ཊཱ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བརྗོད་ཅིང་བྱ་ནས། མེ་ཏོག་གི་ཕྲེང་བ་ཨོཾ་པ་?་སུ་ཁ་ཨཱ་ཤ་ཡ་སུ་ལ་ལི་ཏ་བི་ལཱ་ས་ན་མི་ཏེར་ན་མཱ་མི་བྷ་ག ་བཱན?་ཏཾ་ཛ:ཧཱུཾ་བི་ཧོ:ཧི་ཧི་ཧི་ཧི་ཧཱི:པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལི་ནཱ་ཐ་ཧོ་ཞེས་པའི་སྔགས་ཀྱིས་དཀྱིལ་འཁོར་དུ་དོར་ནས། སླར་ཕྲེང་བའི་དབང་གིས་བསམ་པས་རང་གི་མགོ་ལ་བཅིངས་ནས་མངོན་སུམ་དུ་གྱུར་པའི་འཁོར་ལོའི་དབང་ཕྱུག ་བླ་མར་ལྷག་པར་མོས་པ་དེས་སྟེར་བཞིན་པའི་དབང་ལ་སོགས་པ་འཆད་པར་འགྱུར་པའི་དབང་མ་ལུས་པ་ཆོ་ག་ཇི་ལྟ་བ་དང། སློབ་དཔོན་གྱི་ལས་ཐམས་ཅད་ལ་གནང་བ་ཐོབ་ནས་སློབ་མ་གཞུག་པའི་ཆེད་དུ་བདེ་བ་ཆེན་པོའི ་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་འདོད་པར་བྱའོ། །བདེན་པའི་བྱིན་གྱིས་བརླབས་ཀྱང་བྱ་སྟེ། །ནམ་མཁའ་སྐྱེ་དང་མཚན་ལྡན་ཕྱིར། །ཐོག་མར་མ ་མེད་པའི་མཆོག་།སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་བདག་ལ་གསོལ། །དངོས་གྲུབ་འཛིན་པ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཀུན་བདག་? ་ཤིག་།ཉེས་པ་མེད་པ་རྟག་པ་སྟེ། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་བསྒྲུབས་ཤིག་།ཤིན་ཏུ་དག་པ་ཆོས་ཀྱི་མཆོག་།གདོང་ནས་གྲོལ་བའི་དེ་བཞིན་གཤེགས? ་ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔར་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེན་པོ་ཕྱག་རྒྱ་མཆོག་།གྲུབ་པའི་རྡོ་རྗེ་ཆེར་གསོར་བ། །རྡོ་རྗེ་སྙེམས་མ་བདག་པོའི་བདག། སེམས་ཅན ་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཡིན་ཏེ། །དམ་ཚིག་མཆོག་གི་འདོད་པ་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར་འདི། །བདེན་པའི་བྱིན་རླབས་གང་ཡིན་པར། །བདེན་པ་དེ་ཡིས་མགོན་ཁྱོད་ཀྱིས། །བདག་གིས་འདོད ་པ་ཡོངས་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་བྱུང། །དེ་བཞིན་ཉིད་ལས་ཡང་དག་འབྱུང། །བདེན་པ་དེ་ཡི་དཀྱིལ་འཁོར ་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱི་སྡིག་མེད་མཐོང?་བར་ཤོག་།ཅེས་བརྗོད་ཅིང་ནམ་མཁའ་སྐྱེ་བའི་མཚན་མ་གང་གི་ཡིན་པ་དེ་དེ་བཞིན་ནོ། །རྡོ་རྗེ་འཛིན་པ་ཀུན་ནི་རྡོ་རྗེ་ལ་སོགས་པའོ། །འདོད་ཆགས་ཀུན་ནི་འདོད་ཡོན་ལྔ་ཡིས ་སེམས་ཅན་བརྙེད་པར་བྱེད་པའོ། །འདོད་ཆགས་ཆེན་པོ་ནི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའོ། །གདོང་ནས་གྲོལ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པའོ། །ཀུན་བདག་ནི་ཆོས་ཉིད་ཀྱིས་སོ། །བྱང་ཆུབ་ཀྱི་བདག་ཉིད་ཀྱི་སེམས་ནི་བྱང་ཆུབ་སེམས ་དཔའ་ཨོ། །འདོད་བྱ་ཡིན་པས་འདོད་པ་ཡང་ཡིན་ལ་མཆོག་ཀྱང་ངོ། །ཞེས་སློབ་དཔོན་འཇུག་པའི་ཆོ་གའོ།། །།དེ་ནས་ལྷག་གནས་བྱས་པའི་སློབ་མ་ཁྲུས་དང་དྲིས་བྱུགས་ལ་གོས་གཙང་མ་ཅན་འཁོར་ལོའི་བདག་པོའི་ཚུལ་དུ་དམིགས ་ལ། ཨོཾ་བཛྲ་རཀྵ་ཧཾ། ཞེས་པས་སྟོང་གཡོགས་བྱས་ཏེ། ཨོཾ་བཛྲ་ཨུཥྞི?་ཥ་ཧཱུཾ་ཕཊ་ཅེས་པས་གཙུག་ཏོར་བྱས་ལ་ལས་ཐམས་ཅད་པ་བཟླས་པའི་ངས་དམར་པོས་ཨོཾ་ཙཀྵུར་བཾ་དྷ་བ་ར་མ་ན་ཡ་ཧཱུཾ་ཞེས་པའི་སྔགས་ཀྱིས་མིག་རས་བཅིངས་ལ་ཨ ་ཁཾ་བཱི་ར་ཧཱུཾ་ཞེས་བརྗོད་ཅིང་མེ་ཏོག་གི་ཕྲེང་བ་བཟུང་བ་ཕུལ་བ་ལས་ཐམས་ཅད་པའི་ཆུས་བསངས་ལ། སྙིང་ག་ངང་མགྲིན་པ་དང་སྤྱི་བོར་རྡོ་རྗེ་དང་པདྨ་དང་འཁོར་ལོ་ལ་གནས་པའི་ཉི་མ་དང་ཟླ་བའི་སྟེང་དུ་ཧཱུཾ་ནག་པོ་དང། ཨཱ:དམར་པོ་དང ་ཨོཾ་དཀར་པོ་དང། དེའི་འོད་ཟེར་གྱིས་ལུས་འོད་གསལ་བར་བྱས་ལ་ཧཱུཾ་ཞེས་བརྗོད་ནས་དཀྱིལ་འཁོར་གྱི་ལྟོ་སྒོར་བཞག་ལ་ལས་ཀྱི་རྡོ་རྗེས་བཟུང་ལ་དཀྱིལ་འཁོར་དུ་གཞུག་པའི་ཕྱིར་དྲི་བར་བྱ་སྟེ། ཀྱེ་དགའ་བ་འདོད་པ ་ཁྱོད་སུ་ཡིན་ཞེས་གཅིག་གམ་གཉིས་སམ་གསུམ་སྟེ་བཞི་ནི་ལྷན་ཅིག་ཏུ་གཞུག་པར་མི་བྱ་སྟེ། དགེ་འདུན་ཡིན་པའི་ཕྱིར། །སློབ་མས་ཀྱང་ཀྱེ་བདེ་ཆེན་བདག་ནི་སྐལ་བཟང་པོའོ་ཞེས་སྨྲའོ། །དེ་ནས་སློབ་མ་ལ་ཨོཾ་སརྦ་ཡོ་ག་ཙིཏྟཾ ་ཨུཏཔཱ?་ད་ཡ་མི་ཞེས་བརྗོད་དུ་བཅུག་ཅིང་སེམས་བསྐྱེད་པར་བྱའོ། །མེ་ཏོག་དང་བཅས་པའི་རྡོ་རྗེ་སྙིང་གར་བཞག་སྟེ། དེ་རིང་ཁྱོད་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་གྱིས། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་གསང་ཆེན་དམ་པ་འདི་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་ངད་པར་ཡང་མི་བྱའོ་ཞེས་བསྒོ་ནས། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ་ཅེས་པས་བཀུག་སྟེ། ཡོལ་བའི་ནང་དུ་ཤྲཱི་ཧེ་རུ་ཀ་ཡ་པདམི?་ཧཱུཾ?་བཏྟཱིརཱ? ་ཛཱ་ཡ་དྷཱི(རྒྱུད་འགྲེལ་ཧཱུཾ་ན་མ་མཱ་མི་ཧཱུཾ་ན་མོ་ན་མ་ཧཱུཾ་སྭཱཧཱ། ཞེས་འདོན་ཅིང། མཁའ་སྤྱོད་ལ་སོགས་དབྱེ་བ་ཡིས། །ཕྱག་གསུམ་བྱེད་དུ་གཞུག་པར་བྱ། །ཐལ་མོ་སྤྱི་བོར་བཞག་ནས་སུ། །ཡན་ལག་ཀུན་གྱིས་ཕྱག་བྱའོ། །ོཾ་སརྦ་བཱི་ར་ཡོ་གི་ནཱི་བྷཡ:པཱུ་ཛཾ་? ་ཡ་ཨཱཏྨ་ནོ?་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནི། །ཌཱ་ཀི་ནྱ་དྱཱ་ཨ་དྷི་ཏིཥྛནྟུ་མཾ། གཡོན་དུ་སྙིང་གར་ཐལ་མོ་སྦྱར་ཏེ་བཟུང་ངོ། །ོཾ་སརྦ་བཱི་ར་ཡོ་གི་ནི་བྷཡ(རྒྱུད་འགྲེལ་མཱ་དྱ་ཨ་བྷི་ཥིཉྩ་ཏུ་མཱཾ། གཡོད་པའི་ཐལ་མོ་དཔྲལ་བར་བྱས་ཏེ་བྱང་དུའོ། །ོཾ་སརྦ་བཱ་ར་གི་ནཱི་བྷུ:པཱུ་ཛཱ་པྲ་བརྟན་ཡ་ཨཱཏྨ་མ་ནཾ་ནིརྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཱི་ར་ཡོ་གི་ནྱ་ཁཎྜ་ཌ་རོ་ཧཨཱརྱ་པྲཱ་བར་ཏ་ཡན་ཏུ་མཱཾ། །སྤྱི་གཙུག་ཏུ་ཐལ་མོ་སྦྱར ་ཏེ་ནུབ་ཏུའོ། །ོཾ་སརྦ་བཱི་ར་ཡོ་གི་ནི་བྷཡ(རྒྱུད་འགྲེལ་ཨཱཏྨ་ནཾ་ནིརྱ་ཏ་ཡཱ་མི་ཞེས་དོན་དང་ལྡན་པ་འདོན་དུ་གཞུག་གོ་།དེ་ནས་ལྷོ་སྒོར་ལྷོར་ཁ་བལྟས་ཏེ། ཀྱེ་བུ་ཁྱོད་ཀྱང་རབ་ཏུ་གནས། །དེ་ཉིད་སྣང་བའི་རིགས་ལ་ནི། །དཔའ་བོ་བལྟ་མོ་རྣམས་སྐྱེ་བའི། །ཧེ་རུ་ཀ་ཡི་རྣམ་པས་མཛེས། །སྐྱེས་བུ ་གང་ཞིག་སྐྱེས་ནས་སུ། །གོ་འཕང་མཆོག་ནི་ཐོབ་པར་འགྱུར། །ཡེ་ཤེས་སྔོམ་པའི་དག་པ་སྟེ། །བདག་གིས་ཁྱེད་ལ་སྦྱིན་པ་ཡིན། །དཀྱིལ་འཁོར་མ་མཐོང་མི་རྣམས་ལ། །ཁྱོད་ཀྱིས་ཀྱང་ནི་སྨྲ་མི་བྱ། །གལ་ཏེ་སྨྲ་ན་དེའི་ཚེ་བུ། །དམ་ཚིག་ཉམས་པར ་བྱེད་པར་འགྱུར། །མགོ་བོར་རྡོ་རྗེ་བཞག་སྟེ་དྲིལ་བུ་དཀྲོལ་ཞིང། འདི་ནི་ཁྱེད་ཀྱིས་དམ་ཚིག་གི་རྡོ་རྗེ་ཡིན་ཏེ། ཚུལ་འདི་འགའ་ཞིག་ལ་སྨྲས་ན་འདིས་ཁྱོད་ཀྱི་མགོ་འགས་པར་བྱེད་དོ་ཞེས་ཉན་དུ་བཅུག་ལ་སྙིང་གར་རྡོ་རྗེ་བཟུང་ལ། དེ་རིང་དག? ་མོ་རང་ཉིད་དཔལ། །ཁྱོད་ཀྱི་སྙིང་གར་ཡང་དག་གནས། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེS་བཀའ་?་བསྒོ་ནས། མིང་མེད་དང་མཐེ་བོས་བཟུང་བའི་དུང་གི་ཆུ་མ་ནའི་ཚུལ་དུ། འདི་ནི་ཁྱེད་ཀྱི་དམྱལ་བའི་ཆུ། །དམ ་ཚིག་འདས་ན་སྲེག་པར་བྱེད། དམ་ཚིག་བསྲུངས་ནས་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག་།ོཾ་པཉྩ་ཨ་མྲི་ཏ་ཨུ་ད་ཀ་ཋ་ཋ་ཧཱུཾ་ཞེས་པའི་ཚིགས་སུ་བཅད་པ་དང་སྔགས་ཀྱིས་བདུད་རྩི་ལྔ་འཐུང་དུ་གཞུག་གོ་།དེ་རིང་ནས་བརྩམས་ཏེ། ་ཁྱེད་ཀྱི་དཔལ་རྡོ་རྗེ་ཕག་མོ་ང་ཡིན་གྱི། ངས་གང་བསྒོ་བ་དེ་འབང་པར་གྱིས་ཤིག་།ཁྱོད་ཀྱི་ང་ལ་སྨད་པར་ཡང་མི་བྱ་སྟེ། ཁ་ན་མཐོ་བ་མ་སྤངས་པར་ཆེའི་ཏུས?་བྱས་ནས། དམྱལ་བར་ལྟུང་བར་གྱུར་ཏ་རེ་ཞེས ་བརྗོད་དོ། །དེ་ནས་སློབ་མ་དཀྱིལ་འཁོར་ལ་ཕྱོགས་པ་ལ། ཁྱོད་ཀྱིས་མིག་ལ་ཅི་ལྟ་བུའི་སྣང་བ་མཐོང་ཞེས་དྲིས་ནས། དེས་སྨྲས་པ། དཀར་པོ་དང། སེར་པོ་དང། དམར་པོ་དང། ནག་པོ་སྣང་བ་རྣམས་ཀྱིས་གོ་རིམ་བཞིན་དུ་ཞི་བ ་བ་དང། རྒྱས་པ་དང། དབང་དང་མངོན་སྤྱོད་ཀྱི་སྐལ་བ་དང་ལྡན་པར་ཤེས་པར་བྱས་ནས། དེ་མཐེ་བོང་གཉིས་ནས་གཡོན་པ་ཡིས་བཟུང་ནས། རྡོ་རྗེའི་འགྲོས་ཀྱིས་ལས་ཐམས་ཅད་པ་བཟླས་ཤིང། གཡོན་བསྐོར་དུ་བསྐོར་བ་གསུཾ ་བྱེད་དུ་བཅུག་ནས། བདེན་པའི་བྱིན་གྱིས་བརླབས་འདི་བྱའོ། །བདག་གིས་དཀྱིལ་འཁོར་འདི་ལྟ་བུར། །སློབ་མ་འདི་ནི་ཡང་དག་གཞུག་།ལྷ་རྣམས་རིགས་ཀྱི་རིམ་པ་ནི། །བསོད་ནམས་ཇི་ལྟར་འདི་ལ་ཤོག་།ཅེས་པས་སློབ་མ ་གཞུག་པའི་ཆོ་གའོ། ། །།སྔར་བཟུང་བའི་ཕྲེང་བ་ཡི་གེ་ཧཱུཾ་གིས་སྔགས་པ་ལས་མ་བརྙིངས་ཤིང་ཡང་པའི་མེ་ཏོག་གཅིག་བླངས་ཏེ། དེའི་ལག་པ་ཐལ་མོ་སྦྱར་བར་སྦྱིན་པར་བྱའོ། །དེའི་ཚེ་དེ་ཉིད་ཀྱང་ཡི ་དེ?་གསུམ་གྱིས་འོད་གསལ་ཞིང། སྡིག་པ་བཀྲུས་པར་མོས་ནས། བླ་མས་དེ་ལྟར་བྱིན་གྱིས་བརླབས་ནས་གུས་པ་སྔོན་དུ་འགྲོ་བས་དཀྱིལ་འཁོར་བ་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་ན་གནས་པ་བཞིན་དམིགས ་ནམ། དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ། ཨོཾ་ཏིཥྛ་བཛྲ་དྲི་ཌཧོ་མེ་བྷ་བ་ཤཱ་ཤྭ་ཏོ་མེ་བྷ་བ་ཧྲི་ད་ཡཾ?་མེ། ཨ་དྷིཥྛ་སརྦ་སིདྡྷི་མམེ་པྲ་ཡཙྪ་ཧཱུཾ་ཧ་ཧ་ཧ་ཧ་ཧོ::ཁཾ་བཱི་ར་ཧཱུཾ་པྲ་ཏཱིཙྪ་ཀུ་སུ་མ་ཨཉྫ་ལཾ་ནཱ་ཐ་ཧེ:ཞེས་བརྗོད་ཅིང་མིག་ལ ་སོགས་པ་བསྡམས་ནས། དེའི་དབུ་ལ་མེ་ཏོག་དོར་བར་བྱའོ། །དེ་ཁཱ་ལྔའི་ནང་དུ་མེ་ཏོག་ལྷུང་བའི་རྗེས་སུ་འབྲངས་ནས་རིགས་བསྟན་པར་བྱའོ། །དང?་རྣལ་འབྱོར་བྱང?་རིང་ལའོ། །མཛེས་སྤུ?་འམ། དབུ་འམ། གཙུག་ཏོར་ལ་ལྟུང་ན་ཕྱག་རྒྱ་ཆེན ་པོའི་དངོས་གྲུབ་པོ། །སྤྱན་ནམ་ཞལ་ལ་ནི་སྔགས་ཀྱི་དངོས་གྲུབ་པོ། །འོག་གི་ཆ་ལ་དམན་པའོ། །ལྷ་རྣམས་ལ་རིང་ན་ཡུན་རིང་པོས་སོ། །མེ་ཏོག་དེ་ཨོཾ་པྲ་ཏཾགྱུ?་ཧེ་ཧོ་ཨི་མཾ་སཏྭ་མ་ཧཱ་པ་ལ་ཞེས་པས་མགོ་ལ་བཅིང་ངོ། ཞེས་པ་ཕྲེང་བའི ་དབང་ངོ།། །།སློབ་མའི་སྙིང་གང་ཟླ་བ་ལ་བདག་པོ་དང། དཔྲལ་བར་ད་དང། མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས། དཔལ་ལྡན་ཕག་མོ་རང་ཉིད་ཀྱིས། །ཁྱོད་ཀྱིས་མིག་ནི་འབྱེད་པར་བརྩོན ་རྡོ་རྗེ་མིག་ནི་བླ་མེད་པ། །ཀུན་ཏུ་གཟིགས་པས་འབྱེད་པར་མཛོད། །ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ?་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཛྙཱ་ན་ཙཀྵུ་ཧཱུཾ་ཨཱ:སྭཱཧཱ། ཞེས་བརྗོད་ཅིང་གདོངས་གཡོགས་དཀྲོལ་བར་བྱའོ། །ང་ནི་དད་པའི་ཤུགས་ཀྱིས ་ནི། །དཀྱིལ་འཁོར་འདི་ནི་ཡང་དག་ལྟོས། །ཁྱོད་ནི་རྣལ་འབྱོར་མ་རིགས་སྐྱེས། །ཕྱག་རྒྱ་སྔགས་ཀྱིས་བྱིན་གྱིས་བརླབས། །ཡན?་ཕུལ་ཏེ་ཕྱག་བྱས་ནས་གཅིག་པུར་འདུག་པའི་སློབ་མས། བླ་མ་ལ་གསོལ་བ་གདབ་སྟེ། བསམ་དུ་མེད་པའི ་ཆོས་ཀྱི་སྣོད། །དབང་བསྐུར་བ་ནི་བདག་མཛོད་ཅིག་།བླ་མ་ཡི་ནི་ལྷོ་སྒོ་རུ། །ཧེ་རུ་ཀ་ཡི་བདག་ཉིད་སེམས། །སེངྒེའི་གདན་ལ་བཞག་པའམ། །སྣ་ཚོགས་པདྨའི་ཤིང་སྟེགས་ལ། །ཕྱག་རྒྱ་ལྔ་ལྡན་སློབ་མ་དེ། །ཁ་ཊཝཱི་ག་ནི་ཐོགས་གནས་ལ། ། ་སྟེང་དུ་ལྷ་མོས་གདུགས་བཟུང་བ། །གཡས་པ་ཌ་མ་རུ་ཐོགས་པ། །རྣལ་འབྱོར་མ་དང་དཔའ་ཚོགས་ཀྱིས། །བསྐོར་བའི་དཀྱིལ་དུ་གནས་པ་ནི། །གླུ་དང་བཀྲ་ཤིས་ལ་སོགས་པ། །འབད་པས་ཡང་དག་མཆོད་ནས་སུ། །སྔར་བཤད་རིམ་པས་བྱུང ་བསལ་བྱ། །རྣམ་རྒྱལ་བུམ་པ་ལ་སོགས་ཆུ། །བླངས་ནས་ཐོད་པར་བྱས་ནས་སུ། ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་དང་དེ་ལས་བྱུང་བའི་མི་བསྐྱོད་པ་དེས་མཚན་པའི་རང་བཞིན་གྱི་ཆུ་བསམས་ལ་སྙིང་གའི་འོད་ཟེར་གྱིས་བཀུག ་པའི་ཡེ་ཤེས་སེམས་དཔའ་དེར་བཅུག་ལ། སྙིང་གའི་འོད་ཟེར་གྱིས་ཕྱོགས་མཛའ་ཡས་པ་ན་གནས་པའི་དེ་བཞིན་གཤེགས་པ་དང། རིག་པའི་ལྷ་མོ་རྣམས་ཡང་དག་པར་མཆོད་ནས། སློབ་མ་ལ་དབང་བསྐུར་བའི་དོན་དུ། རྡོ་རྗེ་ཅན ་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི་ལྟར་གསོལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། དེ་དག་ཤེས་རབ་མ་དང་སྙོམས་པར་ཞུགས་ཏེ་འདོད་ཆགས་ཆེན་པོས ་ཞུ་བར་གྱུར་ནས། རྣམ་པར་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ནས། རྡོ་རྗེའི་ལམ་ནས་འཐོན་ཏེ། ཁུ་བ་དེས་ལྷ་མོའི་པདྨར་ཁ་ནས་ནང་དུ་བཅུག་པའི་སློབ་མས་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་བྱུང་བའི ་ཡུམ་དང་བཅས་པས་མི་བསྐྱོད་པའི་རང་བཞིན་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པ་ལ་དབང་བསྐུར་ནས། ཡང་ཕྱག་དང་ཞབས་ལ་སོགས་པའི་གཟུགས་ཀྱིས་པདྨ་ལས་འཐོན་ཏེ། གནས་པའི་སློབ་མ་ལན་མཁའ་གོང་བར ་གནས་པའི་ཡུམ་དང་བཅས་པའི་རྡོ་ཅན་རྣམས་ཀྱིས་གུར་ཀུམ་ལ་སོགས་པའི་ཆར་དང། བྱང་ཆུབ་ཀྱི་སེམས་བདུད་རྩིས་གང་བའི་ཐོད་པ་རྣམས་ཕྱག་གིས་ཅུང་ཟད་གཞོལ་བས་དབང་བསྐུར་བར་བསམ་ཞིང། མཁའ་འགྲོ་མ་ལ་སོཌ ་པས་བཀྲ་ཤིས་གང་ཞིག་ཅེས་པ་ལ་སོགས་པའི་བཀྲ་ཤིས་བརྗོད་ཅིང། དབང་བསྐུར་པ་ནི་རྡོ་རྗེ་ཆེ། །ཞེས་བྱ་བ་ལ་སོགས་པ་དང། ཨོཾ་ཤྲཱི་ཙཀྲ་བཱི་ར་ཏྭཾ་ཨ་བྷི་ཥིཉྩ་ཧཱུཾ། སུ་ར་ཏ་སྟཝཾ་ཨ་ཧཾ་ཞེས་པས་དབང་བསྐུར་རོ། །དེ་དེའི་ཚེ་བདེ ་བ་ཆེན་པོའི་བདག་ཉིད་དུ་བསམ་པར་བྱའོ། །ཆུའི་དབང་ངོ།། །།གསོལ་བ་བཏབ་པ་དང་ལྡན་པའི་སློབ་མ་ཨོཾ་དང་རིན་པོ་ཆེ་ལས་སྐྱེས་པའི་རིན་ཆེན་འབྱུང་ལྡན་གྱི་གཟུགས་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པར་བསམ ་ནས། ཆུའི་དབང་ལས་གསུངས་པའི་སྙིང་གའི་འོད་ཟེར་གྱིས་ཕྱོགས་མཛའ་ཡས་པ་ན་ཞེས་པ་ལ་སོགས་པ་འདིར་ཡང་ཤེས་པར་བྱ་སྟེ། རྡོ་རྗེ་དང། དྲིལ་བུ་དང། མིག་གི་དབང་དུ་ཡང། །འདིར་ཁྱད་པར་དུ་གསེར་ལ་སོགས་པ་ལས ་བྱས་པའི་དབུ་རྒྱན་ཅོད་པན་རིན་ཆེན་འབྱུང་ལྡན་ལས་བྱས་པའི་ཡོས་སེམས་དཔའ་དང་ཐ་མི་དང་པ་སློབ་མའི་རིགས་ཀྱི་བདག་པོས་དབུས་ན་གནས་པའི་དེ་བཞིན་གཤེགས་པ་ལྔ་ཡིས་བྱིན་གྱིས་བརླབས་པ་དེའི་མགོ་ལ་བསྐོན་ཞིང ་སྡེང་དུ། ཨོཾ་བཛྲ་དྷཱ་ཥཝཱི?་རི་ཨ་བཏི?་ཥིཉྩ་ཧཱུཾ། དཔྲལ་བར། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་བྷྲུཾ། གཡས་སུ། ཨོཾ་རཏན་བཛྲ་ཨ་བྷི་ཥིཉྩ་ཏྲཾ། རྒྱབ་ཏུ། ཨོཾ་དྷརྨ་བཛྲ་ཨ་བྷི་ཥིཉྩ་ཧྲི:གཡོན་དུ། ཨོཾ་ཀརྨཱ་བཛྲི་ཨ་བྷི་ཥི་ཉྩ་ཨ:ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ ་ནི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཨ:བཛྲ་མུ་ཀུ་ཊ་ཨ་བྷིཥིཉྩ་ཧཱུཾ། སུ་ར་ཏསྟཝཾ་ཨ་ཧཱཾ་ཞེས་བརྗོད་དོ། །ཅོད་པན་གྱི་དབང་ངོ། །ཧྲཱི:ཡིག་ལས་སྐྱེས་ཤིང་དེས་མཚན་པའི་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཛའ་ཡས་ཀྱི་རང་བཞིན། རྡོ་རྗེ་སློབ་མ་ཡང་དེ་ལྟར ་རྫོགས་པའི་སློབ་མའི་སྙིང་ག་དང། མགྲིན་པ་དང། མགོ་པོ་རྣམས་སུ་རྡོ་རྗེ་རིག་ནས། ཧེ་རུ་ཀ་དཔལ་དཔའ་སོགས་ཀྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རབ་ཏུ་གྲུབ་ཕྱིར་རྡོ་རྗེ་བཟུང། །ཞེས ་བརྗོད་ཅིང་སྙིང་གར་ལག་?་གཡས་པར་སྦྱིན་ནོ། །རྡོ་རྗེའི་དབང་ངོ།། །།ཁཾ་དང་རལ་གྲི་ལས་སྐྱེས་བའི་དོན་ཡོད་གྲུབ་པའི་ངོ་བོ་ཡེ་ཤེས་སེམས་དཔའ་དང་ཐ་མི་དད་པའི་སློབ་མ་དང་དྲིལ་བུ་བསམས་ཏེ། ་དེའི་ལག་པ་གཡོན་པར་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་ལྡན། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང། །ཞེས་བརྗོད་ཅིང་སྦྱིན་ནོ། །རྡོ་རྗེ་དང ་དྲིལ་བུ་ཐོགS་སའི་ལག་པ་གཉིས་འཁྱུད་བའི་སྟངས་བྱེད་དུ་བཅུག་ལ་ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏེ་ཏྭཾ་ཨ་བྷི་ཥིཉྩ་མི་ཏིཥྛ?་བཱི་ར་ས་མ་ཡསྟཝཾ་ཞེས་བརྗོད་དོ། །ོཾ་བཛྲ་གྷཎྚ་ཨ་ཨ།། བཅོམ་ལྡན་བཟུང་ངོ་བདག་ལ་ནི། །ཡང་དག་ཉེ་བར་གྱུར ་པར་མཛོད་ཅེས་བརྗོད་དུ་གཞུག་གོ། །དྲིལ་བུའིའོ། །དེ་ལྟར་གསོལ་བ་བཏབ་པར་གྱུར་པ། ཨོཾ་དང་འཁོར་ལོ་ལས་བྱུང་བའི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ཡེ་ཤེས་དང་ཐ་མི་དད་པ་སྤྱི་བོར ་རྡོ་རྗེ་དང་དྲིལ་བུར་ཉམ་པོར་འཛིན་དུ་བཅུག་ལ། ཨོཾ་ཤྲཱི་ཧེ་རུ་ཀ་ཨ་དྷི་པ་ཏི་ཏྭཾ། ཨ་བྷི་ཥིཉྩ་མི། ཤྲཱི་ཧེ་རུ་ཀ་ནཱ་མ་ཨ་བྷི་ཥེ་ཀ་ཏ:ཞེས་སྡང་རྡོ་རྗེ་ཁྱོད་ཅེས་པ་དང། གཏི་མུག་རྡོ་རྗེ་ཁྱོད་ཅེས་པ་ལ་སོགས་པའི་མེ་ཏོག་ལྷུང་པའི ་རིགས་ཀྱི་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་རོ།། །།དེ་ལ་རྡོར་སེམས་རྣམ་རྒྱལ་དཔེ་མེད་དང། །ཡེ་ཤེས་སེམས་དཔའ་བདེ་བ་ཆེ། །ལྷན་སྐྱེས་ལུས་མེད་དགའ་བ་དང། །དང་པོ་མཆོག ་?་ལ་ལ། །མི་བསྐྱོད་བཞད་པ་འགྱིང་བ་དང། །རང་བྱུང་ཞེ་སྡང་ཧཱུཾ་མཛད་དང། །རྡོ་རྗེ་རོལ་པ་སྒེག་པ་དང། །དགའ་བ་དགྱེས་པ་སེམས་རྡོ་རྗེ། །རྣམ་སྣང་སྐུ་དང་སངས་རྒྱས་གཟུགས། །སྒྱུ་མ་དེ་བཞིན་གཤེགས་པ་དང ་རིན་ཆེན་ཡིད་བཞིན་ནོར་བུ་དང། །ང་རྒྱལ་དང་ནི་གཟི་བརྗིད་དང། །ནམ་མཁའ་འོད་བྱེད་རྡོ་རྗེའོ། །པདྨ་ངག་དང་འོད་དཔག་མེད། །འདོད་ཆགས་ཆོས་དང་སྤྱན་རས་གཟིགས། །དོན་ཡོད་ལས་དང་དམ་ཚིག་རླུང། །ཕྲག་དོག ་རིག་བྱ་ཕ་རོལ་ཕྱིན། །རྡོ་རྗེ་དབྱངས་དབང་ཕྲེང་བ་མ། །མྱོང་མ་ཤུགས་མ་རྣམ་རོལ་མ། །བདག་མེད་ལག་མ་མཱ་མ་ཀཱི། །སྡོང་སྡང་དགའ་མ་ཕྲེང་མ་འོང། །སྤྱན་པ་དཀར་མོ་མཁའ་འགྲོ་མ། །སྒེག་མོ་རྡོ་རྗེ་གཏི་མུག་དགའ་། །འབར་མ་ཕྲེང་མ ་ནམ་མཁའ་འགྲོ། །དོ་ཤལ་རྡོ་རྗེ་དབུགས་འབྱིན་མ། །གོས་དཀར་བཞང་མ་འདོད་ཆགས་དགའ་ཨོ། །གླུ་མ་འདོད་ཆགས་ཕེལ་པས་མེ། །རྡོ་རྗེ་པོ?་མཚར་བ་སྔོ་བ་མ། །སྒྲོལ་མ་སྒྱུ་མ་གར་དབང་ཕྱུག། །བསྒྱིངས་མ་རྡོ་རྗེ་དགའ་མའོ། །འདི་ནི་མིང་གི ་དབང་ངོ། །དབང་ལྔ་པོ་འདི་དག་ནི་མ་རིག་པའི་གཉེན་པོ་ཡིན་པས་རིག་པའི་དབང་སྟེ་ལུས་ཀྱི་རྣམ་པར་དག་པའོ། །འདི་དག་གིས་དབང་བསྐུར་བ་ནི་བྱ་བ་དང་སྤྱོད་པའི་རྒྱུད་ཉན་པ་དང་བཤད་པ་དང། སྔགས་སྒྲུབ་པ་ལ་དབང་བར་འགྱུར་རོ།། ་དེ་སྐད་དུ་གསུངས་པ། ཆུ་ནི་ཤིན་ཏུ་རྣམ་དག་ཡིན། །ཅོད་པན་མཉམ་པ་ཉིད་དུ་འགྱུར། །རྡོ་རྗེ་རྟག་ཏུ་སོ་སོར་རྟོག་།མིང་གི་མེ་ལོང་ཡེ་ཤེས་ཡིན། །དྲིལ་བུ་བྱ་བ་ནན་ཏན་ནོ། །ཞེས་པའོ། །རང་གི་སྙིང་པོ་ལ་སོགས་པ་བརྒྱ་རྩ་བརྒྱད ་བཟླས་ཏེ། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་ཅིང་སྙིང་གནས་ཁའི་སྒོམས་བསྟེན་གཡས་བ་ནས་སྙིང་གར་ཞུགས་པར་བསམ་ཞིང་སྔགས་སྦྱིན་ཏེ། སློབ་མས་ཀྱང ་བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད་དོ། །སྔགས་ཀྱི་དབང་ངོ། །ཧཱུཾ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་རང་བཞིན་དུ་བསམས་ནས། འདི་དེ་སངས་རྒྱས་ཐམས ་ཅད་ཉིད། །ཧེ་རུ་ཀ་ཡི་ཕྱག་ན་གནས། །ཧེ་རུ་ཀ་དཔལ་བརྟུལ་ཞུགས་བརྟན། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཟུང། །ོཾ་སརྦ་ཏ་ཐཱ་གྷ་སིདྡྷི་བཛྲ་ས་མ་ཡ། ཏིཥྛ་ཨེ་ཥ་ཏྭ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧྲི:ཞེས་བརྗོད་ཅིང་དེ་ཉིད་ཀྱིས ་གཟུང་བུ་བཞག་གོ་ཅེས་པ་རྡོ་རྗེའི་བརྟུལ་ཞུགས་སོ། །དཔལ་བདེ་མཆོག་གི་སྙིང་པོའི་?་ཀྱིས་ཁ་ཊཝཱཾ་ག་དང་ཅང་ཏེ་ལུང་པ་པདྨའི་སྣོད་རྣམས་ལ་ལན་གསུམ་དུ་བཟླས་ལ། ཧེ་?་ཀ་དཔལ་ཕྱག་རྒྱ་འདི། །ཕྱིར་ནང་ཡང ་དག་གནས་པ་ཉིད། །དེ་ནས་ཁ་ཊཝཾ་ཅད་དེའི་སྣོད། །སྦྱིན་པ་དཔའ་བོས་བཟུང་བར་གྱིས། །ཞེས་པས་འཛིན་དུ་གཞུག་གོ?་ཅེས་པ་སྤྱོད་པའི་བརྟུལ་ཞུགས་སོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་གྱི་གྲཝ ་བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར་བཟུང་ཞིང་གཡས་པ་མི་འཇིགས་པའི་ཕྱག་རྒྱས། འདིར་བདག་འཁོར་ལོ་གསུམ་དབང་ཕྱུག། སངས་རྒྱས་ཀུན་གྱི་རང་བཞིན་དངོས། ཧེ་རུ་ཀ་དཔལ་མིང་ཅན་གྱི། །དེ་བཞིན་གཤེགས ་པ་ཁྱེད་ལུང་བསྟན། །དཔལ་ཧེ་རུ་ཀ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་གྲུབ་པ་སྟེ། མེ་ཏོག་ལྷུང་བའི་རིགས་ཀྱི་མིང་གི་དེ་བཞིན་གཤེགས་པའི་ཚུལ་ཅན་སློབ་མཆེ་གེ་མོ་རྡོ་རྗེ་ཏ་ཐཱ་ག་ཏ་སིདྡྷ:ས་མ་ཡ་སྟཝཾ་བྷུཏྲཧ? ་པ་ས:ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ། །བདག་པོ་དཔལ་ལྡན་ཡོན་ཏན་གཏེར། །བདུད་ཀྱི་སྡེ་ཀུན་ཕམ་བྱས་ནས། །གྲོང་ཁྱེར་མཆོག་ཏུ་ཁྱོད་རབ་ཞུགས། །ཞེས་བརྗོད་དེ་ལུང་བསྟན་པར་བྱའོ། །དེ་ལྟར་ལུང་བསྟན་པ ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་ཏེ་དང་པར་བྱའོ་ཞེས་ལུང་བསྟན་པའོ། །མཚན་མ་མེད་པའི་འགྲོ་བ་དོན། །ད་ལྟ་གང་གིས་བྱེད་འགྱུར་བ། །ཕྱིར་མི་ལྡོག་པའི་དབང་བསྐུར ་ཆེ། །དཔའ་པོ་ཆེན་བ་བདག་ལ་གསོལ་ཞེས་པས་གསོལ་བ་བཏབ་པའོ། །རྡོ་རྗེ་དང་ཧཾ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་ཨི་ཆུལ་དུ་བསམས་ལ། ཐོག་མཛའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། ། ་ཀུན་དུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག་།བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་གོ་།འདི་དེ་སངས་རྒྱས་ལ་སོགས་པས་དྲིལ་བུ་དང། ཕྱག་རྒྱ་འདི་ནེ་དམ ་ཚིག་བརྗོད། །ཡིད་ཀྱི་སྐུ་ནི་བསྟན་བའི་ཕྱིར། །གང་གིས་སྐུ་ནི་མ་ལུས་བརྟན། །དེས་ནི་ཕྱག་རྒྱ་རབ་ཏུ་བརྗོད་ཅེས་པ་སྟེ། །རྡོ་རྗེ་དང་དྲིལ་བུ་དང་བཅས་པའི་ལག་པ་གཉིས་ཀྱི་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་འཁྱུད་པ་ནས་གནས་པ་རྡོ་རྗེ་སེམས ་དཔའ་ཨི་ཚུལ་དུ་བསམས་ཏེ་ཆུའི་དབང་ལས་གསུངས་པའི་ཆོ་ག་ཡིས། །དབང་བསྐུར་བ་ནི་རྡོ་རྗེ་ཆེ། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །གསང་གསུམ་གནས་ལས་བྱུང་བ་ཡི། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ོཾ་སརྦ་ཏ་ཐཱ་ག ་ཏ་ཨ་བྷི་ཥེ་ཀ་ས་མ་ཤྲི་ཡེ་ཧཱུཾ་སྭཱཧཱ་ཞེས་བརྗོད་དེ་དབང་བསྐུར་རོ། །སྤྱི་བོར་མི་བསྐྱོད་པ་བསམས་ལ་གཞན་རྒྱལ་བ་དང་ལྷ་མོ་རྣམས་དེ་ཉིད་ལ་ཡེ་ཤེས་སེམས་དཔའ་ཨི་ཚུལ་དུ་ཐིམ་པར་བྱས་ནས། ཨོཾ་སུ་བྲ་ཏིཥཐ་བཛྲ་སྭཱཧཱ་ཞེས་པས? ་བྱིན་གྱིས་བརླབས་ནས་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་པར་བྱའོ་ངེས་གསུངས་པ། བཅུ་དྲུག་བདག་ཉིད་ཤེས་རབ་མ། །ལག་པ་གཉིས་ཀྱིས་བཟུང་ནས་ནི། །རྡོ་རྗེའི་དྲིལ་བུ་སྦྱོར་བ་ལས། །སློབ་དཔོན་གྱི ་ནི་དབང་དུ་འདོད་ཅེས་སོ། །དེ་ནས་དཔའ་པོ་དཔའ་མོའི་དབང་ཕྱུག་གྲོང། །རང་བཞིན་དག་པ་སངས་རྒྱས་བདག་།ལུས་ཀྱི་དཀྱིལ་འཁོར་རང་བཞིན་གྱིས། །དྲི་མ་མེད་པ་བུ་ཁྱོད་ལྟོས། །གནས་དང་ཉེ་བའི་གནས་ལ་སོགས་པ་བདག་ཉིད ་ཀྱི་དཀྱིལ་འཁོར་ལ་གནས་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་རང་བཞིན་རྩ་སུམ་ཅུ་རྩ་བདུན་དཀྱིལ་འཁོར་ལོ་ཨོདཔལ་ཧེ་རུ་ཀའི་ཡན་ལག་དང་ཉིད་ལག་ཉེ་བར་བསྟན་པར་བྱའོ། །ཕྱིར་མི་ལྡོག་པའི་དབང།? ་གསེར་རམ་དངུལ་གྱི་སྣོད་ལ་བཞག་པའི་མར་དང་སྒྲིབ?་གི་མིག་སྨན་གསེར་ཀྱི་ཐུར་མས་སློབ་མའི་མིག་གཉིས་ལ་པྲཾ་བསམས་ཏེ། ཨོཾ་བཛྲ་ཎེ་ཏྲ་ཨ་པ་ཧ་ར་པ་ཊ་ལཾ?་ཧཱི(རྒྱུད་འགྲེལ་པོ།?་ཨཱ་ཡིག་གིས་བསྔགས་པའི་མེ་ལོང་སློབ་མ་ལ་བསྟན་ཅིང། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་ལ་དྲི་མ་མེད། །སངས་རྒྱས་ཀུན་བདག་རང་བཞིན་དུ། །ཀྱེ་བུ་ཁྱོད་ཀྱི་སྙིང་ལ་གནས། །ངོ་བོ་མེད་ཅིང ་གནས་མེད་པའི། །ཆོས་རྣམས་དེ་ལྟར་ཤེས་པས་སུ། །སེམས་ཅན་དོན་ནི་མཉམ་མེད་བྱོས། །སྟོན་པའི་ཐུགས་ལས་ཁྱོད་སྐྱེས་སོ། །ཞེས་བརྗོད་པ་ནི་མེ་ལོང་གི་དབང་ངོ། །བླ་མ་ཆེན་པོ་འཁོར་ལོའི་གཙོ། །ཚོགས་འཁོར་བྱས ་ཏེ་མཆོད་ནས་སུ། །ད་ནས་དེ་ལ་ཕྱག་བཙལ་ནས། །དཔའ་བོས་གསང་བའི་དོན་གསོལ་གདབ། །སྐྱོབ་དང་སྐྱབས་མེད་པ་ཡི་སྐྱབས། །མགོན་པོ་རྒྱུ་མེད་སྙིང་རྗེ་ཆེ། །མགོན་པོས་བདག་ལ་བཀའ་དྲིན་གསོལ། །བདེ་མཆོག ་འཁོར་ལོས་བདག་ལ་སྐྱོབས། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་གསོལ། །འཁོར་བ་འདམ་གྱི་ཚོགས་ངག་ཏུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །ཞེས་པས་གསོལ་བ་བཏབ་ལ། ལང ་ཚོལ་བབ་པ་དམ་ཚིག་དང་ལྡན་པ་གསང་དབང་གི་དོན་དུ་བླ་མ་ལ་ཕུལ་བ་ལ་བླ་མ་འཁོར་ལོའི་དབང་ཕྱུག་གི་རྣལ་འབྱོར་གྱིས་ཐ་མལ་པའི་བུད་མེད་ཀྱི་གཟུགས་སྟོང་པའི་རྗེས་སུ་ཕག་མོའི་གཟུགས་སུ་བསྐྱེད་པ་དེ་དང། ་རྡོ་རྗེ་དང་པདྨ་པའི་འདུ་བྱ་བ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས་ཏེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སཱ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཞེས་བརྗོད་ཅིང། སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པ་ཤེས་རབ་དང་བཅས་པ། ་རྣམ་པར་སྣང་མཛད་ལ་སོགས་པ་རང་ལ་ཁ་ནས་ནང་དུ་བཅུག་ལ་འདོད་ཆགས་ཆེན་པོས་ཞུ་བ་ཨ་བ་དྷཱུ་ཏཱི་ལས་འཐོན་པར་བསམས་ལ་རྡོ་རྗེ་ནོར་བུ་ལྷན་སྐྱེས་བརྟན་པར་བྱ་སྟེ། མཐེ་བོང་དང་མིང་མེད་དག་གིས་རྡོ་རྗེ་ནོར་བུ་བཟུང་ནས ་པདྨ་ལས་ཕྱུར་སྟེ། དེ་བཞིན་གཤེགས་པ་ཞུ་བ་རང་གི་བྱང་ཆུབ་ཀྱི་སེམས་དང་ཐ?་དད་པར་ལྷག་པར་མོས་པ་ལ་གསུང་རྡོ་རྗེའི་ཚུལ་གྱི་སློབ་མའི་ཁ་རུ། འདས་པའི་རྡོ་རྗེ་འཛིན་སོགས་ཀྱིས། །རྒྱལ་སྲས་ཇི་ལྟར་དབང་བསྐུར་བ། །དེ ་བཞིན་དུ་ནི་བྱང་ཆུབ་སེམས། །ལེགས་པས་བུ་ཁྱོད་དབང་བསྐུར་རོ་ཞེས་པ་དང། དཀྱིལ་འཁོར་གྱི་བདག་པོའི་སྔགས་བརྗོད་ཅིང་སྦྱིན་པར་བྱའོ། །དེས་ཀྱང་དེ་བཞིན་གཤེགས་པ་འདུས་པའི་བློས་ཨ་ཧོ་མཧཱ་སུ་ཁ་ཞེས་སྨྲ་ཞིང་བཏུང་བར་བྱའོ? ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་གཉིས་གསང་བས་དབང་བསྐུར་བས་ན་གསང་བའི་དབང་ངོ། །བྱང་ཆུབ་རྡོ་རྗེ་ཞེས་པ་ལ་སོགས་པས་གསོལ་བ་བཏབ་པའི་སློབ་མ་ལ་ཤེས་རབ་མ་དེ། འདི་ནི་ཁྱོད་ཀྱི་ཉམས ་དགའ་ཨི་གཟུགས། །སངས་རྒྱས་ཀུན་གྱིས་སྟེར་བྱར་གསུངས། །འཁོར་ལོའི་རིམ་པའི་རབ་སྦྱོར་བས། །བདེ་བ་དམ་པ་ཡང་དག་མྱོང། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་གནས་བལྟ་ཞིང། །ཞེས་རབ་ཏུ་བསྟན་ནས་བཏད་དོ།། ་འཁོར་ལོ་ནི་སྐུ་ལ་སོགས་པའི་འཁོར་ལོ་གསུམ་གྱི་ལྷའི་ཚོགས་ཏེ། དེའི་རིམ་པས་སྦྱོར་བ་ནི་དགུག་པ་དང། རྡོ་རྗེའི་ལམ་ནས་འཐོན་པར་བྱེད་པའོ། །རྡོ་རྗེ་སྐྱིལ་ཀྲུང་ནི་སྣ་བུག་གཡོན་དང་གཡས་པ་ལ་རྒྱབ་བཀག་ནས་པདྨའི་ནང་དུ ་བལྟས་པ་རྡོ་རྗེ་ནོར་བུའི་ནང་དུ་གནས་པའི་སེམས་ནི་བྱང་ཆུབ་ཀྱི་སེམས་ཏེ། ཤིན་ཏུ་ཕྲ་བར་བལྟ་ཞིང་འོད་གསལ་བའི་བདེ་བ་མྱོང་བར་མཛོད་ཅིག་ཅེས་པའོ། །བུད་མེད་ལ་དབང་བསྐུར་ན་ནོར་བུ་ནི་པདམོའི་ཡིན་ཏེ། ཁྱད་པར་རོ་དེས ་ཀྱང་གུར་ཀུམ་ལ་སོགས་པས་དྲི་ཞིམ་པར་བྱས་པའི་ཆུ་སྐྱེས་གོས་མེད་པར་སློབ་དཔོན་ལ་སྟོན་ཅིང། ཀྱེ་མ་བདག་གིས་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །འགའ་ཞིག་ཆོ་གས་བསྟེན་པར་བྱེད། །དེའི ་མདུན་ན་བདག་གནས་སོ། །སངས་རྒྱས་མཉེས་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །བྷ་ཛ་མིཥྛ་ཧོ་ཞེས་བརྗོད་དོ། །ཆོ་ག་ནི་ཕག་མོའི་གཟུགས་སུ་བསྐྱེད་པའོ། །མོ་ཀྵ་ཞེས ་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ་དེ་སྟོན་ཞེས་པའོ། །དེས་ཀྱང་སྡོམ་པའི་སྐུ་དང་དེ་ཕག་མོར་བསྐྱེད་ནས་རྡོ་རྗེ་ཧཱུཾ་ལས་བྱུང་བ་ནག་པོ་དེ་ནོར་བུར་ཅུང་ཟད་དམར་བའི་བྱ་ལས་བྱུང་བ་བྱ་དཀར་པོས་རྩེ་མོ་བྱིན་གྱིས་བརླབས་པ། པདྨ་འདབ ་མ་གསུམ་པ་ཨ་དམར་པོ་ལས་བྱུང་བ་བྱ་དཀར་པོ་ལས་བྱུང་བའི་ལྟེ་བ་རྩེ་མོར་དྱཱ་སེར་པོས་བྱིན་གྱིས་བརླབས་པ་བསམས་ལ། གཡོན་པིའི?་གཡོན་ངོས་སུ་གནས་པའི་རྩེ་རྩེ་མོར་ཧྲཱི(རྒྱུད་འགྲེལ་སིང་ཅེས་བྱ་ཞིང་བསྐུལ་ནས་ཨི་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཾ་ཏ་མ་ཀོ་ཧཾ་ཞེས་པའི་སྔགས་བཟླས་ཤིང་ནོར་བུའི་རྩ་བར་སེམས་ནི་དགའ་བ་ཅམ?་སྐྱེས་ཏེ། དེ་རྗེས་ནོར་བུའི་དཀྱིལ་དུ་འོད་བྱ་མ་ལུས་པར་ནི་འདོད ་དེ་སྟེང་རྩེ་མོའི་མཐར་ནི་ཞི་བ་མི་རྟོག་བཞིན། །གང་ཡང་ལྷན་ཅིག་སྐྱེས་རིགས་པདྨར་གནས་པ་སྟོན་ཞེས་དགའ་བའི་དབྱེ་བ་རྟོགS་ནས་རང་གི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་བྱིན་གྱིས ་བརླབས་པའི་ལུས་བླ་མས་ཀྱང་རྒྱལ་བ་དཔག་ཏུ་མེད་པ་བཅུག་པ་དང་རོ་གཅིག་ཏུ་གྱུར་པར་དགའ་པར་བརྩམས་ཏེ། དེ་ལ་དགའ་བྲལ་གྱི་དང་པོ་མཆོག་དགའ་ཨི་ཐ་མ་དེ་གཉིས་ཀྱི་བར་གྱི་སྐད་ཅིག?་རིག་མའི་བདེ་བ་ལ་མ་ལྟོས་པར ་མ་ཉམས་པའི་བདེ་བ་སྟེ། གང་ཐོག་མཛའ་པར་མ་མེད། །གཞན་ཡང་མེད་ཅིང་རང་ཡང་མེད། །སྲིད་དང་མྱ་ངན་འདས་པ་མེད། །འདི་ཉིད་བདེ་བ་ཆེན་པོའི་མཆོག་།ཅེས་དེ་ཁོ་ནེ་ཉིད་བསམ་དུ་མེད་པ་ཤེས་རབ་སྟེ། ཡེ་ཤེས་ཏེ ་གཡོ་བ་མེད་པར་འགྱུར་ལ་ནུས་པ་ཇི་ལྟ་བས་བཟུང་ཞིང་ཉམས་སུ་མྱོང་བར་གནས་སོ། །ཡང་ན་བཅན་ཐབས་ཀྱིས་དཔྲལ་བར་དྲང་ངོ། །མ་ནུས་ན་དལ་བུས་བཏང་ནས་པདྨ་ལས་ལྕེས་བླངས་ཏེ་དེ་ཁོ་ན་ཉིད་དུ་བལྟས་ལ་དམ ་ཚིག་གིས་བྱང་ཆུབ་སེམས་བཏུང་ངོ་ཞེས་སོ། །ཤེས་རབ་ཡེ་ཤེས་སོ། །ཟབ་ཅིང་རྒྱ་ཆེའི་ལམ་ལ་ལྷག་མོས་ལ། །ཚིག་གཉིས་ཀྱིས་ནི་དབང་བསྐུར་རིན་ཆེན་སྦྱིན་ཞེས་པ་དང། །བཞི་པ་དེ་ནི་དེ་བཞིན་ནོ་ཞེས་གསུངས ་པས་ཤེས་རབ་ཡེ་ཤེས་དེ་ཉིད་བྱང་ཆུབ་ཀྱི་སེམས་ཀྱི་མྱུ་གུ་བྱུང་བ་ནི་སྒོམ་པ་རྒྱས་པར་བྱེད་པ་ནི་སྒྲིབ་པ་མེད་པར་གནས་པ་ནི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་དུ་མེད་པའི་རང་བཞིན་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ ་འཆང་གི་རང་བཞིན་བཞི་པར་བརྗོད་པར་བྱའོ། །དབང་བཞི་པའོ། །ཞི་པའི་སྦྱིན་སྲེག་བྱས་ནས་རང་དང་སློབ་མ་ལ་སོགས་པས་དཀྱིལ་འཁོར་མཆོད་དེ། ཚོགས་འཁོར་བྱས་ནས་མཚན་མོ་ཁྱེད་ཀྱིས་འཇུག་པ་འདི་བྱ ་བ་འདི་ལྟ་བུ་ལ་ཡང་སྨྲ་བར་མི་བྱའོ་ཞེས་བསྒྲགས་ལ། སློབ་མ་ལ་ཡོན་བླང་པོར་བྱ་ཞིང་ངེས་ཀྱང་བུ་དང་ཆུང་མ་དང་ལུས་དང་ནོར་དང་ས་གཞི་ལ་སོགས་པ་ཇི་ལྟར་ནུས་པ་དབུལ་ལོ། །བླ་མ་མཉེས་ན་དངོས་གྲུབ་འགྱུར།། ་གཞན་དུ་མིན་?་ནས་ཐུབ་པས་གསུངས་ཤེས་གསུངས་པ་ཡིས་སོ། །ཕྱི་རོལ་ཏུ་ཕྱོགས་ཀྱི་གཏོར་མ་ལ་སོགས་པ་བྱས་ཏེ། ནང་དུ་ཞུགས་ལ་ཕྱག་བྱས་ལ། མཆོད་ཡོན་ལ་སོགས་པས་མཆོད་དེ། དེ་ལས་བྱུང? ་བའི་དགེ་བ་བསྔོས་ལ་སྐོར་བ་གསུམ་བྱས་ཏེ། ལྷོ་སྒོར་ཡི་གེ་བརྒྱ་པ་བརྗོད་ལ་བཟོད་པར་གསོལ་ལོ། །ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་ཅེས་པ་ལ་སོགས་པ་དང། ཨོཾ་ཨཱ(རྒྱུད་འགྲེལ་པས་ཡེ་ཤེས་འཁོར་ལོ་གཤེགས་སུ་གསོལ་ཏེ་དམ་ཚིག་འཁོར་ལོ་རང་ལ་བཅུག་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པར་ལྷག་པར་མོས་ཤིང་དྲིལ་བུ་དཀྲོལ་ཏེ། ལག་པ་ན་ཡོད་པའི་རྡོ་རྗེ་ཡིས་ཚངས་ཐིག་གི་ལམ་ནས ་དཀྱིལ་གྱི་བར་དུ་དབྱེ་ཞིང་རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བཅུག་ལ། པདྨ་ལ་སོགས་པ་དང་སྒོ་དང་མཚམས་རྣམས་དབྱི་བར་བྱའོ། །ཞི་བའི་དོན་དུ་འདོད་པ་རྣམས་ལ་རྡུལ་ཚོན་ཅུང་ཟང་བྱིན་ལ། རྡུལ་ཚོན ་གཞན་ནི་རྣམ་རྒྱལ་གྱི་བུམ་པར་བླུགས་ལ་རས་ཀྱིས་བརྒྱན་པ་དང་དོ་ལིར་བཞག་ལ། རོལ་མོ་ལ་སོགས་པ་སྔོན་དུ་འགྲོ་བས་ཆུ་བོའི་འགྲམ་དུ་འདུག་སྟེ། །བའི་ལྕི་བ་དང་དྲི་དཀར་པོས་མཎྜལ་ལ་པདྨའི་ལྟེ་བར ་བདེ་མཆོག་ལ་སྙིང་པོའི་སྔགས་ཀྱིས་མཆོད་ལ། འདབ་མ་རྣམས་ལ་ཀླུ་བརྒྱད་དེ། དེ་ལ་ཤར་དུ་ཨོཾ་ཨཱ(རྒྱུད་འགྲེལ་སྭཱཧཱ། བྱང་དུ་ཨོཾ་ཨཱ(རྒྱུད་འགྲེལ་རླུང་དུ་ཨོཾ་ཨཱ(རྒྱུད་འགྲེལ་སུ་ཀེ་།ཏཀྵ་ཀ་ཀརྐོ་ཊ་པདྨ་མཧཱ་པདྨ་ཤང་ཁ་པཱ་ལ་ཀུ་ལི་ཀི། པཱ་ལ་དེ་བ་ཏི། མཧཱ་དེ་བ་ཏི། སོ་མ་སི་ཁི། དཎྜ་དཏ་ར། མཧཱ་བཎྜ་དྷ་ར། པཱ་ལ་ལ་ཧུ་ལུ་རུ་ནནད། སཱ་ག་རཱ་མཧཱ་སཱི་ག་རཱ། ཏ་བ་ཏ། མཧཱ ་ཏ་བ་ཏ། ཤྲཱི་ཀཱནྟི་ཏི། མཧཱ་ཀཱནྟི། རཏན་ཀཱནྟི། སུརཱུ?་བ། མཧཱ་སུ་རཱུ་པ། བྷཾ་དྲ་ནཱ་ག་།མ་ཧཱ་ཨུ་ད་ང། ཤི་ལི། མཧཱ་ཤི་ལ། ཨོཾ་བྷཀྵ་བྷཀྵ། ཨཱ་གཙྪ་ཨཱ་གཙྪ་།མཧཱ་ནཱ་གཱ་ཨ་དྷི་པ ་ཏི་སརྦ་བྷུརྦྷུ་བ། ཕུ་ཕུ་སྭཱཧཱ་ཞེས་བརྗོད་ནས། གཞན་རྣམས་ལ་ཡང་འོ་མའི་གཏོར་མ་རྣམས་ཕུལ་ཏེ། ཀླུ་རྣམས་ལ་རྡུལ་ཚོན་གཏད་ལ་ཆུར་དོར་རོ། །དེ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས ་ས་འོག་ཏུ་དྲངས་པར་བསམ་པར་བྱའོ། །གང་དུ་རྡུལ་ཚོན་ཁྱེར་པའི་བུམ་པ་དེ་ཆུས་བཀང་ལ་དེ་བཞིན་དུ་ཁྱེར་ཏེ། དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པ་ལ་གཏོར་བར་བྱའོ། །དེར་བའི་ལྕི་བས ་བྱུགས་ལ་གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོ་བྱའོ། །སློབ་མ་དབང་བསྐུར་བ་བཞིན་དུ། །ལྷའི་རབ་གནས་ཀྱང་ཤེས་པར་བྱའོ། །དེ་བཞིན་གཤེགས་པའི་རྡོ་རྗེ་ཡིས། །ཆོ་ག་སྣ ་ཚོགས་ལས་བཏུས་ནས། །དཀྱིལ་འཁོར་ཆོ་ག་བྱས་པ་ཡི། །སེམས་ཅན་ཀུན་ལ་ཕན་པར་ཤོག་།དཔལ་བདེ་མཆོག་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་ག་རྫོགས་སོ།། ། ་ཛཾ་གཏྟ་ལའི་པཎྜི་ཏ་ཆེན་པོ་པི་བྷཱུ་ཏ་ཙནྡྲས་ཐང་བི་ཧ་རར?་བསྒྱུར་བའོ།། །། ་