| Wylie | e-texts based on the ACIP/ALL Input |
མང་པོ་ལོ་ཙས་བློ་ལྡན་བདག་པ་གནས་ནས་བདག་གིས་བྲིས།། །།རྒྱུ་གར་སྐད་དུ། ཤྲཱི་ཙཀྲ་སཾ་པ་ར། ས་ཧ་ཛ་ཏཏཔ་ཨཱ་ལོ་ཀ། བོད་སྐད་དུ། དཔལ་འཁོར་ལོ་སྔོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། དཔལ་འཁོར ་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །གང་ལ་བརྟེན་ནས་རང་རིག་བདེ་ཆེན་པོ། །སྟོང་དང་སྙིང་རྗེ་དབྱེར་མེད་མཚོན་པའི་གཞི། །ཆོས་དང་ལོངས་སྤྲུལ་བདེ་བ་ཆེན་པོ་ཡི། །རང་བཞིན་རྩ་ཡི་འཁོར་ལོའི་མགོན་བཏུད་ནས། །འཁོར་ལོ་བདེ ་མཆོག་དཔལ་རིམ་ལས་བྱུང་ལས། །སྤྱོད་འཆད་མགོན་པོའི་ཞལ་སྔ་ལས་རྙེད་པའི། །རང་རིག་བདེ་ཆེན་ཡེ་ཤེས་མཚོན་པའི་ཐབས། །དཔྱིད་དང་ཐིག་ལེ་བསྒོམ་པའི་མན་ངག་བཤད། །བསམ་གཏན་ཁང་པ་རྣམ་གཡེང་སྐྱེ་བོ་ཡི། ་འདུ་འཛི་དང་གྲལ་རྣམ་པར་དབེན་པའི་སར། །ཡོངས་སུ་འཛིན་པ་མ་ལུས་རྣམས་སྤངས་ཏེ། །མི་གཡོ་རྩེ་གཅིག་ཏིང་འཛིན་མཆོག་བསྒྲུབ་བྱ། །བདེ་བའི་སྟན་གནས་རྡོ་རྗེ་སྐྱིལ་ཀྲུང་དང། །ལག་གཉིས་མཉམ་པར་གཞག་པའི་ཕྱག་རྒྱ་ཅན། ། ་ལུས་བསྲབ་ནས་ནི་མགྲིན་པ་དགུག་པ་དང། །མིག་གཉིས་སྣ་ཡི་རྩེ་མོར་མཉམ་སྦྱར་ཞིང། །གང་ལ་རྒྱན་དང་ཆ་ལུགས་ཕྱག་མཚན་དང། །མཚན་དང་དཔེ་བྱང་མ་ལུས་ཡོངས་རྫོགས་པ། །དང་སྣང་ཤེས་རབ་ཕག་མོ་དང་འདུས་པའི།། ་གཉིས་མེད་བདེ་བའི་རང་བཞིན་རང་ལྷའི་སྐུ། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང། །བར་མའི་སྲིད་དང་ཆུ་ཟླ་ལྟ་བུ་ཡི། །ལུས་ཀྱི་དབུས་གནས་ས་སོགས་འབྱུང་བ་བཞི། །བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་དང། །སྦྱིན་སོགས་རིག ་མ་བཞི་ཡི་བདག་ཉིད་དང། །ཆོས་དང་ལོངས་སྤྲུལ་བདེ་བ་ཆེ་རང་བཞིན། །ེ་བཾ་མ་ཡཱ་རྩ་ཡི་འཁོར་ལོ་ལ། །དབྱངས་དང་གསལ་བྱེད་བྱང་ཆུབ་ཡི་གེར་ལྡན། །རྡུལ་དང་སྙིང་སྟོབས་མུན་པའི་རང་བཞིན་གྱི། །རྩ་གསུམ་གྱིས་ནི་ཡང ་དག་སྤྲེལ་བྱས་པ། །ཡོན་ཏན་སྐྱོན་གྱི་རང་བཞིན་རྩ་གཉིས་ལ། །བསྟེན་ནས་སྟེང་དང་འོག་གི་སྒོ་གཉིས་ནས། །འབྱུང་དང་འཇུག་པ་སྲོག་དང་རྩོལ་བ་ཡི། །གང་དུ་མི་བ་ཡི་རྩེ་གཅིག་གྱུར་པ་ལས། །དང་པོ་རི་དགས་སྲིད་བཞིན་སྣང་བ་དང། །མཚན ་གཉིས་པ་དང་དུ་བའི་རྣམ་པ་ཅན། །གསུམ་པ་སྲིན་བུ་མེ་ཁྱེར་དང་འདྲ་ཞིང། །བཞི་པ་སྒྲོན་མ་འབར་བ་ལྟ་བུ་དང། །མཚན་མ་ལྔ་པ་རྣམ་པར་མ་བརྟགས་པར། །སྤྲིན་མེད་ནམ་མཁའ་ལྟ་བུ་འབྱུང་འགྱུར་ཞིང། །དེ་ཚེ་གང་དུ་ཡེ་ཤེས་མེ་འབར ་བ། །གསང་བ་གློག་གི་འོང་དང་མཚུངས་པ་ཡི། །སྟེང་དུ་འཕྲོ་བས་བདུད་རྩིའི་རྒྱུན་འབེབས་ཤིང། །བདེ་ཆེན་རང་རིག་ཡེ་ཤེས་སྟེར་བར་བྱེད། །གང་ལ་བརྟེན་ནས?་སྐྱེས་པའི་ཡེ་ཤེས་དང། །རང་རིག་ལས་གཞན་བརྗོད་པར་མི་ནུས་ཤིང། །དངོས་དང ་དངོས་མེད་རྟོག་པ་ལས་གྲོལ་བ། །བདེ་ཆེན་དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །གང་ཞིག་སྐྱེས་པས་ཐོག་མེད་འཁོར་བ་ནས། །བསགས་པའི་སྒྲིབ་པ་མ་ལུས་ཀུན་སྤོང་བ། །གཉིས་མེད་བདེ་བ་ཆེན་པོའི་རང་བཞིན་གྱི། །གཉུག ་མའི་ཡེ་ཤེས་དེ་ལ་བདག་ཕྱག་འཚལ། །རྟོག་པ་གང་གིས་རྟོག་པ་ཀུན་གཅོད་ཅིང། །སྣ་ཚོགས་སྣང་བའི་དངོས་ཀུན་དེར་མཚོན་པ། །བདེ་ཆེན་རང་རིག་ཡེ་ཤེས་གཅིག་བུ་པ། །གཉིས་མེད་རྟོགས་པའི་མཆོག་ལ་བདག་ཕྱག་འཚལ།། ་གང་ལ་བསྟོད་དང་གང་གིས་བསྟོད་པ་དང། །ཇི་ལྟར་བསྟོད་ཅིང་ཕྱག་འཚལ་དང་བྲལ་བ། །སྤྲོས་ཚོགས་གདགས་པའི་མཛའ་ལས་རབ་འདས་པའི། །མཉམ་ཉིད་དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །གང་ཞིག་གོམS ་པ་མཐར་ཕྱིན་པས། །ཀུན་ཏུ་རྟོག་པ་ཀུན་སྤོང་ཞིང། །རྣམ་པར་མི་རྟོག་ཡེ་ཤེས་མཆོག་།ཚེ་འདི་ཉིད་ལ་སྟེར་བར་བྱེད། །བརྟུལ་ཞུགས་སྤྱོད་འཆང་བླ་མེད་པ། །འབར་བའི་གཙོ་བོའི་བཀའ་དྲིན་ལས། །རྟོགས་པའི་དོན ་གང་འདིར་བསྡུས་པས། །འགྲོ་ཀུན་རྡོ་རྗེ་འཆང་ཐོབ་ཤོག་།དཔལ་འཁོར་ལོ་སྡོམ་པའི་ལྷན་ཅིག་སྐྱེས་པའི། དེ་ཁོ་ན་ཉིད་སྣང་བ་སློབ་དཔོན་ཆེན་པོ་དཔག་མེད་རྡོ་རྗེས་མཛད་པ། རྒྱ་གར་གྱི་མཁས་པ་དཱི་བཾ་ཀ་ར་རཀྵི་ཏ་དང། ཨཱ་ཙརྱ་མང་པ ་ཆོས་ཀྱི་དབང་ཕྱུག་གིས་སྒྱུར་པའོ།། །།རྒྱ་གར་སྐད་དུ། ཤྲཱི་ཙཀྲ་སམྦྷ་ར་ཏཏྟཝ་གརྦྷ་སཾ་གྲ་ཧ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་པའི་སྙིང་པོའི་དེ་ཁོ་ན་ཉིད་བསྡུས་པ། དཔལ་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ ་