| Wylie | e-texts based on the ACIP/ALL Input |
རྡོ་རྗེས་རིམ་བ་ཇི་ལྟ་བ་བཞིན་དུ་སྦྱར་བ་རྫོགས་སོ།། །།སྒྲུབ་ཐབས་ཀུན་གཟིགས་བཅུགས། །རྒྱ་གར་སྐད་དུ། ཤྲཱི་བཛྲ་ཌཱ་ཀི་ནཱ་མ་མཧཱ་ཏན་ཏྲ་རཱ་ཛ་ཨུཏ་ཏེ་ཡཾ་བོ་དྷི་ཙི་ཏྟ་ཨ་བ ་ལོ་ཀ་མཱ་ལ་སཱ་དྷ་ནོ་པི་ཀ་ནཱ་མ། བོད་སྐད་དུ། དཔལ་རྡོ་རྗེ་མཁའ་འགྲོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ལས་བཏུས་པའི་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་ཀུན་དུ་གཟིགས་པའི་ཕྲེང་བ་ཞེས་བྱ་བ། བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཕགས ་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྒྱུ་འཕྲུལ་ཆེན་མོས་ཀུན་འཁྱུད་པའི། །དཔའ་བོ་རྡོ་རྗེ་ཅན་བཏུད་ནས། །རྡོ་རྗེ་མཁའ་འགྲོའི་རི་མ་པ་ཡིས། །དེ་ཡི་སྒྲུབ་ཐབས་བྲི་བར་བྱའོ། །ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་བཅོས? ་དང་པོར་རོ་ནི་བསྒོམ་པར་བྱ། །སྒྲུབ་པོ་དེ་ཡི་སྟེང་གནས་ཏེ། ཧེ་རུ་ཀ་ཉིད་བསྒོམ་པར་བྱ་ཞེས་བྱ་བ་ལ། དེ་ལ་རིམ་པ་ནི་འདི་ཡིན་ཏེ། རང་གི་སྙིང་གར་རེ་ཕ་ལས། །བྱུང་བའི་ཉི་མའི་དཀྱིལ་འཁོར་བསྒོམ། །དེ་ཉིད་དུ་ནི་ཧཱུཾ ་ཞེས་པ། །ཐབས་དང་ཤེས་རབ་གཟུགས་ཅན་བསམ། །ཧཱུཾ་ལས་བྱུང་བའི་རྡོ་རྗེ་ནི། །ཁ་དོག་ནག་པོ་དྲག་ཆེན་པོ། །དེའི་ལྟེ་བའི་དབུས་གནས་པར། །སླར་ཡང་ཧཱུཾ་གི་དེ་ཉིད་བསྒོམ། །ཧཱུཾ་ནི་ཡོངས་སུ་གྱུར་པ་ལས། །སྒྲུབ་པོ ་ཞེ་སྡང་བདག་ཉིད་བསམ། །རྒྱན་རྣམས་ཐམས་ཅད་ཡོངས་རྫོགས་ཤིང། །རང་གི་ལྷག་པའི་ལྷ་གཟུགས་བྱ། །ཁྲོ་ལ་ས་བོན་སྔོན་པོ་སྟེ། །རྡོ་རྗེ་ཉི་མ་དེ་བཞིན་ནོ། །ཞི་བའི་ས་བོན་ཟླ་བའི་མདོག་།ཟླ་བ་རྡོ་རྗེ་ལ ་གནས་བསམ། །སྒྲུབ་པོ་ལྷ་ཡི་གཟུགས་བཟུང་ལ། །དེ་ནས་ལྷ་ཡི་མཆོད་པ་སྒྲོ། །ལྷའི་མིག་དང་ལྡན་པ་ཡིས། །སངས་རྒྱས་ཐམས་ཅད་བལྟ་བར་བྱ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས་པ། རྣལ་འབྱོར་བསྐྱེད་པར་གསུངས་པའོ། ། ་སངས་རྒྱས་ཀུན་གྱི་དངོས་ས་བོན། །རང་སྙིང་ཟླ་བར་བསམ་ནས་སུ། །བདེ་གཤེགས་དེ་ཡི་འོད་ཟེར་གྱིས། །མདུན་དུ་བཀུག་པར་བལྟ་བར་བྱ། །རྒྷ་ལ་སོགས་ལུས་བྱུང་པ། །ཕྱི་དང་གསུང་པའི་མཆོད་སོགས་བྱ། །དེ་ནས་ཕྱག ་ནི་བྱས་ན་སུ། །དེ་འོག་བདག་ཉིད་འདི་ལྟར་དབུལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཀུན་ནས་བདག་ལ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་བཟུང་ཇི་སྲིད་དུ། །བྱང་ཆུབ་སྙིང་པོ ་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཡང་དག་བྱང་ཆུབ་དེས་མཛད་པ། །དེ་བཞིན་བླ་མེད་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །སངས་རྒྱས་ཆོས་དང་དགེ ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ནས་བརྩམས་ཏེ་མཆོག་ཏུ་བཟུང། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང། །དགེ་པའི་ཆོས་ནི་བསྡུ་བ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར ་བརྟན་པོར་བཟུང། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང། །ཡང་དག་ཉིད་དུ་བཟུང་བགྱི་ཞིང། །སློབ་དཔོན་དག་ཀྱང་བདག་གིས་གཟུང། །རིན་ཆེན་རིགས་མཆོག་རྣལ་འབྱོར་གྱིས། །དམ་ཚིག་ཡིད་དུ་འོང ་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་སྩལ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་པའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་ཡང་དག་གཟུང་བར་བགྱི། །ལས་ཀྱི་རིག ་མཆོག་ཆེན་པོ་ལ། །མཆོད་པ་ཅི་ནུས་བགྱི་པ་དང། །སྡོམ་པ་ཐམས་ཅད་ལྡན་པར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་བདག་གིས་བསྐྱེད་བགྱི་ཞིང། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་གཟུང་བར ་བགྱི། །མ་རྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་བདག་གིས་དགྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང། །འགྲོ་ཀུན་མྱ་ངན་འདས་ལ་དགོད། །བྱམས་དང་སྙིང་རྗེ་བྱས་ནས་སུ། །དགེ་བ ་ལ་ནི་དགའ་བ་བསྒོམ། །མི་དགེའོ་ཆོས་ལ་བཏང་སྙོམས་བྱ། །སྡིག་བཤགས་ལ་སོགས་དེ་བཞིན་ནོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང་སྡོམ་པ་གཟུང་བའོ། །སངས་རྒྱས་དི?་དག་? ་གསོལ་ནས། །དེ་འོག?་འདི་ལྟར་?་བདག་གིས་མཆོད་པའི་སངས་རྒྱས་རྣམས། །གང་ནས་མ་བྱོན་གར་མ་གཤེགས། །ཕུང་པོ་ཁམས་དང་སྐྱེད་མཆེད?་རྣམས། །གང་ཡིན་ལྷ་ཡི་རང་བཞིན་ཉིད། །རྣལ་འབྱོར་དེ་ཉིད་རྫོགས་བྱའི་ཕྱི?་? ་ལྡན་པས་དེ་ཉིད་བསྒོམ། །གཟུགས་ནི་སངས་རྒྱས་རྣམ་སྣང་མཛད། །ཚོར་བ་རྡོ་རྗེ་ཉི་མ་ཡིན། །འདུ་ཤེས་པདྨ་གར་དབང་སྟེ། །འདུ་བྱེད་རྡོ་རྒྱལ་པོ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །འདི་དག་ཀུན་དངོས་རང་བཞིན་ནོ། །རྡོ་རྗེ ་མཁའ་འགྲོ་ཞེས་བྱ་དགྲགས། །ཡང་དག་གཅིག་པུ་ཆེན་པོའི་ལྷ། །བདེ་བ་ཐམས་ཅད་རབ་སྟེར་བ། །སྒྱུ་མ་ཆེན་པོའི་རང་བཞིན་གྱིས། །ཆགས་བྲལ་ཆགས་པ་ཞེས་བྱར་བཤད། །ས་ཁམས་ལྟུང་བྱེད་མ་ཡིན་ཏེ། །དེ་བཞིན་དུ ་ཁམས་གསོང་མའོ། །མེ་ཁམས་འགུགས་བྱེད་མ་ཡིན་ཏེ། །དེ་བཞིན་རླུང་ནི་གར་དབང་ངོ། །ནམ་མཁའ་ཨི་ཁམས་ནི་སྒྱུ་མ་ཆེར། །རང་ཉིད་འགྲོ་མ་ཞེས་བྱར་བཤད། །སངས་རྒྱས་ཀུན་དང་མཉམ་སྦྱོར་བ། །མཁའ་འགྲོ་མ་ནི་? ་བའི་མཆོག་།འབྱུང་བ་ལྔ་ཡི་རང་བཞིན་གྱིས། །དེ་ནི་རྡོ་རྗེ་གཙོ་མོར་གནས། །མིག་གཉིས་གཏི་མུག་རྡོ་རྗེར་བཤད། །ཉན་པ་ཞེ་སྡང་རྡོ་རྗེར་བརྗོད། །སྣ་ནི་སེར་སྣ་རྡོ་རྗེ་སྟེ། །ཁ་ནི་འདོད་ཆགས་རྡོ་རྗེར་གསུངས། །ལུས་ནི་ཕྲག་དོག། ་རྡོ་རྗེ་སྟེ། །སྐྱེ་མཆེད་ཐམས་ཅད་མཉམ་སྦྱོར་བས། །རྡོ་རྗེ་མཁའ་འགྲོ་བདེ་པའི་མཆོག་།བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་དག་པའོ། ཨོཾ་སྭ་དྷཱ་ཤུདྡྷ:སརྦ་དྷཱརྨ:སྭ་དྷཱ་བ་ཤུད་དྷོ་ཏཾ། །དེ་ནས ་དངོས་ཀུན་ལས་གྲོལ་བའི། །ཆོས་ཀུན་བདག་མེད་མཉམ་པར་བལྟེ། །ཐམས་ཅད་ནམ་མཁའ་ཨི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཁམས་གསུམ་པ་ནི་མ་ལུས་པའི། །འགྲོ་བ་སྒྱུ་ལ་ལྟ་བུ་ཡིན། །བརྟན་པ་དང་ནི་གཡོ་བ་ཡི། ། ་འགྲོ་བ་དམིགས་སུ་མེད་པ་སྟེ། །མཐོང་བ་དང་ནི་རེག་པའི་དངོས། །ཐམས་ཅད་སྒྱུ་མ་ཇི་བཞིན་ནོ། །གཟུགས་འདི་ཐམས་ཅད་སྟོང་པ་ཉིད། །སྟོང་པའི་ཚུལ་གྱི་མིག་གིས་ནི། །དོགས་པ་མེད་པར་བསྒོམ་པ་མཆོག་།རྣམ་པར་མི་རྟག་པ ་ཡིས་བལྟ། །ནམ་མཁའ་ཨི་ཚུལ་གྱི་སེམས་ཀྱིས་ནི། །དེར་ནི་ཐམས་ཅད་ནམ་མཁའ་ཨི་དངོས། །དོགས་པ་མེད་པའི་བསྒོམ་པར་ལྡན། །རྣམ་པར་མི་རྟོག་སྐྱེ་བར་འགྱུར། །ོཾ་ཤུ་ནཧ་ཏ་ཛྙཱ་བཛྲ་སྭ་བྷུ་བ་ཨཱཏ་མ་ཀོ་ཧཾ། བཅོམ་ལྡན་རྡོ་རྗེ་ཅན་གྱིས ་གསུངས། །སྟོང་པ་ཡིན་ནི་བྱང་ཆུབ་པོ། །སྣ་ཚོགས་པདྨའི་ཉི་དཀྱིལ་ལ། །དེར་ནི་ཧཱུཾ་ལས་བྱུང་བ་ཡི། །དབུས་གནས་ལས་ཀྱི་རྡོ་རྗེ་བསྒོམ། །སླར་ཡང་ཧཱུཾ་གི་དེ་ཉིད་བསམ། །འོད་ཟེར་སྣ་ཚོགས་འབར་བ་ལས། །མཁའ་འགྲོ་མ་ཡེ་འཁོར་སྒྲོགས? ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། །སྐུ་མདོག་དམར་མོ་དྲག་ཆེན་མོ། །མདུང་གི་དབྱིབས་ཅན་འཇིགས་པའི་གཟུགས། །སྤྱན་དམར་ཁམ་སྐུ་གྱེན་དུ་བརྗེས། །ལང་ཚོ་ཕུན་སུམ་ཚོགས་པར་ལྡན། །སྟག་གི་པགས་པའི་ན་བཟའ་ ་ཅན། །ལྗགས་འདྲིལ་པས་ནི་ཆེར་འཇིགས་ཏེ། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །དེ་ནས་རྡོ་རྗེ་སྔགས་སྤྲོ་བྱ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། །ོཾ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ:བྷ་ག་ ་བཱན་བདྱཱི་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། དེར་སྔགས་ཚིག་ནི་འདི་དག་གིས། །ལྷ་དང་ལྷ་མིན་མིར་བཅས་པ། །ཕུར་བུ་ཡིས་ནི་བཏབ་ནས་སུ། །ཧཱུཾ་སྔགས་འོད་ཀྱི་ར་བ་དང། །ཁྱད་པར་དུ་ནི་བྲ་བ་བྱ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས ་གསུངས། །བསྲུང་བའི་འཁོར་ལོ་དང་སྔགས་ཀྱི་ཚིག་རྣམས་སོ། །ཤེས་རབ་མཁའ་དབྱིངས་དབུས་བསམ་པ། རླུང་དང་མེ་ཡི་དཀྱིལ་འཁོར་རོ། །དེ་ཡི་དཀྱིལ་འཁོར་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །ཆུ་ཡི་དཀྱིལ ་འཁོར་དབུས་གནས་པར། །དབང་ཆེན་དཀྱིལ་འཁོར་དེ་བཞིན་ཏེ། །འབྱུང་བ་ཐམས་ཅད་བསྡུས་པ་ལས། །གཞལ་ཡས་ཁང་བརྩེགས་བསྒོམ་པར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །ཁ་ཁྱེར་དེ་བཞིན་རྡོ་རྗེ་མཚན། །སྐུད་པ་བཞི་? ་ཡང་དག་ལྡན། །དར་གྱི་ཕྲེང་བས་མཛེས་པར་བྱས། །དཀྱིལ་འཁོར་གྲཝ་རྣམས་ཐམས་ཅད་དང། །སྒོ་དང་སྒོ་འཁྱུད་མཚམས་རྣམས་སུ། །རྡོ་རྗེ་རིན་ཆེན་རྣམ་སྤྲས་པའི། །ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་བ། །ཤེས་རབ་ཅན་ཀྱིས ་དེ་ཡི་ནང། །འཁོར་ལོའི་ཕྲེང་བས་རྣམ་བརྒྱན་ཏེ། །དེ་ཡི་དབུས་གྱུར་པང?་མ་ནི། །དཀར་པོས་ཤིན་ཏུ་མཛེས་པར་བྱ། །དེ་ཡི་ཡང་ནི་སྟེང་གྱུར་པ། །པདྨ་མདོག་དམར་འབར་དང་བཅས། །སླར་ཡང་དེ་ཡི་དབུས་གྱུར་པར། །འོད? ་ལྡན་པདྨ་དམར་པོ་བྲི། །དེ་ནས་སྔགས་པ་དེ་ནང་དུ། །རྡོ་རྗེ་ཕྲེང་བ་ཀུན་འཁྲུག་བྲི། །སླར་ཡང་བདེ་ཆེན་འདབ་བརྒྱད་པ། །ཡིན་དྲ་ནཱི་ལའི་འོད་འབར་བྲི། །རྡོ་རྗེ་ཀ་ཕའི་ནང་ལོགས་སུ། །དཀྱིལ་འཁོར་ལྔ་ཡིས་རྣམ་བརྒྱན་པ། །རི་རབ ་ལྷུན་པོའི་སྟེང་དུ་ནི། །སྣ་ཚོགས་པདྨ་ཡིད་འོང་བསམ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཁང་པ་བརྩེག་མའོ། །དེ་དབུས་སྟན་ལ་རྣལ་འབྱོར་པས། །དབྱངས་ཡིག་བཅུ་དྲུག་ལས་བྱུང་བ། །ཟླ་བའི་དཀྱིལ་འཁོར་བསྒོམ ་པར་བྱའོ། །འོད་ཟེར་ཀུན་ཏུ་རྣམ་པར་སྤྲོ། །དེ་སྟེངས་ཡེ་ཤེས་ས་བོན་ལས། །རྡོ་རྗེ་ཉིད་དུ་བསྒོམ་པར་བྱ། །ཟླ་བ་རྡོ་རྗེ་མཉམ་སྦྱོར་བས་།རྡོ་རྗེ་སེམས་དཔའ་བསྒོམ་པར་བྱ། །ཉི་མ་རྡོ་རྗེའི་བསམ་གཏན་གྱིས། །ཁྲོ་བའི་ལུས་སུ་རྣམ་པར་བསྒོམས། ་ཟླ་བ་ཉི་མ་གཉིས་འདུས་པ། །ལྷ་རྣམས་སྐྱེད་པར་བྱེད་པའི་རྒྱུའོ། །དེ་སྐད་དུ་ཡང། །ཱ་ལིས་ཟླ་བ་ཀཱ་ལིས་ཉི། །དབུས་སུ་ས་བོན་བསྒོམ་པར་བྱ། །དེ་ཉིད་སེམས་དཔའ་ཞེས་བྱར་བཤད། །མཆོག་ཏུ་དགའ་བའི་གཟུགས་ཅན་ནོ་ཞེས་གསུང ་སོ། །རང་ལུས་ལས་བྱུང་འོད་ཟེར་གྱིས། །ནམ་མཁའ་ཐམས་ཅད་གཡོགས་ནས་ནི། །བསྡུས་ཏེ་བཀུག་ནས་བཙུད་པ་ཡི། །རྣལ་འབྱོར་ཞེ་སྡང་བདག་ཉིད་འགྱུར། །ཟླ་བ་ལྟར་དཀར་འཛུམ་དང་བཅས། །འོད་ཟེར་དམར་པོ་འབར་བ ་འཁྲུག་།སངས་རྒྱས་ཕྲེང་བ་ཡང་དག་ལྡན། །རྒྱན་རྣམས་ཀུན་གྱིས་ཡང་དག་ཀླུབས། །ཞལ་བཞི་པ་ལ་ཕྱག་བཞི་པ། །ངལ་པ་དང་ནི་ཅོད་པན་ལྡན། །རིག་པ་བཞི་དང་ཡང་དག་ལྡན། །སྤྱན་གསུམ་འབར་བ་ཆེན་པོ་སྟེ། །གཡས ་པ་དཀར་མིན་ཤིན་ཏུ་ཞི། །གཡོ་པ་དམར་ཞིང་འཇིགས་པར་བྱེད་པར་བྱེད། །རྒྱབ་ཞལ་གསེར་དང་འདྲ་བའི་མདོག་།རྡོ་རྗེ་ཁ་ཏྭཱཾ་བསྣམས་པ་དང། །དེ་བཞིན་ཐོད་པར་དྲིལ་བུ་བསྣམས། །ཐོད་པ་ལ་ཞུགས་གར་དང་ལྡན། །དབང ་གཉིས་དགའ་བའི་སྙོམས་ཞུགས་ཤིང། །རྒྱལ་བའི་འོད་ཟེར་ཀུན་དུ་འཁྲུག་།བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྒྱུ་ཡི་རྡོ་རྗེ་འཛིན་པའོ། །ཤེས་རབ་གནས་ཀྱི་མཐར་ཐུག་པར། །སྨོན་ལམ་རྣམ་པར་སྦྱོང་བྱེད་ཅིང། །སེམS ་ཅན་དོན་བརྩོན་སེམས་ཀྱིས་ནི། །དཔའ་བོ་སྲིད་པ་སྦྱོང་བར་མཛད། །རྟག་ཏུ་འདོད་པས་མྱོས་པ་ཡི། །ལྷ་ཡི་བུ་འདི་རྣམས་དང་ནི། །གཞན་ཡང་སྐྱེ་བོ་ཆགས་ཅན་ཕྱིར། །འདོད་ཆགས་ཐམས་ཅད་དག་པར་མཛད། །བདེ་ཆེན ་ཤིན་ཏུ་གྲུབ་བྱའི་ཕྱིར། །རྟོག་པ་རྒྱས་པར་སྦྱིན་པ་དང། །ཐོག་མ་ཐ་མ་མེད་པའི་མཆོག་།རྟོག་པ་ཐམས་ཅད་ལ་སོགས་བཤད། །འདས་པའི་དུས་ན་སྔོན་འབྱུང་བ། །རྟོག་པ་ལ་སོགས་བདེ་བ་ཆེ། །དེར་ནི་རྡོ་རྗེ ་སེམས་ཆེན་གྱིས། །ལྷག་པ་ཡིན་ལྟེ?་གཅིག་བཞུགས། །འཇིག་རྟེན་ཁམས་རྣམས་ཐམས་ཅད་ཀྱི། །སེཾ་ཅན་ཀུན་དོན་འབྱུང་བྱའི་ཕྱིར། །གླུ་དང་རོལ་མོ་སོགས་པའི་གར། །སྲིད་པ་ཀུན་གྱི་གཙོ་བོར་གྱུར། །སེམས་ཅན ་ཐམས་ཅད་འབྱུང་པའི་ཕྱིར། །དགའ་བ་ཡང་དག་བསྡུས་པའི་ང?། །དེ་ནས་སེམས་སྐྱེ་འགྱུར་པ་ཡི། །འདོད་པའི་ཆགས་པ་རྣམ་སྤངས་ཏེ། །དེ་འདུལ་བར་ནི་མཁྱེན་ནས་སུ། །འདོད་ཆགས་ཆེན་པོ་སྟོན་པར་མཛད། །ཤེས་རབ ་ཐབས་ཀྱི་སྦྱོར་པ་ཡིས། །ཆོས་ཀྱི་སྐུ་ཡི་ཆོས་ཉིད་དོ། །བཅོམ་ལྡན་རྡོ་རྗེ་འཛིན་པས་གསུངས། །ཤེས་རབ་དང་ཀུན་ཏུ་འཁྱུད་པའི་རྣམ་པར་དག་པའོ། །རི་པོ་རི་སུལ་ཚང་ཚིང་ཕུག་།ཆུ་པོ་ཆེན་པོའི་འགྲམ་རྣམས་དང། ། ་པ་དོད་ནས་གྲུབ་པའི་དུར་ཁྲོད་དུ། །དེར་ནི་དཀྱིལ་འཁོར་བརྩམ་པར་བྱ་ཞེས་བྱ་བ་ལ། །བདེ་བ་ཆེན་པོ་མི་གཡོ་བས་ན་རི་པོའོ། །སེམས་ཅན་དམན་པར་འཇུག་པར་དགའ་བས་ན་རི་སུལ་ཏེ། ཕུག་དང་ལྡན་པས་ཆེད ་ཆིང་ངོ། །ཆུ་པོ་ཆེན་པོའི་འགྲམ་རྣམས་ཞེས་བྱ་བ་ནི་དེ་དང་སྙོམས་པར་འཇུག་པ་ཤེས་རབ་ཀྱི་ཆུ་གནས་པས་ན། ཆུ་པོའི་འགྲམ?་མོ། །གདོད་ནས་གྲུབ་པ་ཞེས་བྱ་བ་ནི་རྟག་ཏུ་གྲུབ་སྟེ། འཆར་བ་དང་ནུབ་པ་སྤངས་ཤིང་ནམ་མཁའ་ ་ལྟར་ཡོངས་སུ་གྲུབ་པ་རྟག་ཏུ་བདེ་བ་ཆེན་པོའི་ཚུལ་གྱིས་དམིགས་པས་དེའི་རང་བཞིན་དུ་བྱས་པའོ། །དུར་ཁྲོད་ཅེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་མཉམ་པར་གནས་པའི་ཕྱིར་རོ། །བཅོམ་ལྡན་རྡོ་ཅན་གྱིས་གསུངས ་གསང་བའི་དཀྱིལ་འཁོར་གྱི་གནས་སོ། །ལག་གཉིས་ཀུན་ཏུ་འཁྱུད་པ་ནི། །རྡོ་རྗེ་ལུ་གུ་རྒྱུད་བཅེངས་བརྗོད། །ཁ་སྦྱོར་ལུ་གུ་རྒྱུད་དུ་བཞེད། སླར་ཡང་རྣམ་པར་གྲོལ་བའི་ལམ། །འབབ་པའི་ཚོགས་ཀྱི་དགའ་བའོ། །རྡོ་རྗེ་པདྨ་དབྱེ་བ་དང། ། ་སྒྲེ་ཚུན་སྒྲང?་རྩ་བྱེད་པར་བཤད། །བསྐོར་བ་གང་ཕྱིར་བསྐྱོད་པ་དང། །མི་འཁྲུལ་རྡོ་རྗེས་དཀྲུག་པར་བྱ། །དེར་ནི་གསལ་ཞིང་ཞེས་བྱར་བརྗོད། །རྡོ་རྗེ་ཐམས་ཅད་མིད་པར་བྱ། །རྡོ་རྗེ་ཞེས་བྱ་དེ་བཞིན་གཤེགས། །དེ་ཡི་ཆགས་པ་ལྕཌ ་ཀྱུ་སྟེ། །ལྕགས་ཀྱུའི་སྐྱོར་བ་ཆོ་གས་དགུག་།རྡོ་རྗེའི་ལམ་ནས་ཕྱུང་ནས་སུ། །པདྨའི་མཛོད་དུ་གཞུག་པར་བྱ། །དབང་བསྐུར་པ་ཡི་ཆོ་ག་ཡིས། །ཟླ་བའི་དཀྱིལ་འཁོར་དུ་ནི་ཞུ། །གསང་བའི་ཡིག་གསུམ་སྔགས་ཀྱི་མཆོག་། ་སྣ་ཚོགས་ཡི་གེ་ཡང་དག་སྤྲོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །གསང་བའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདོན་པའོ། །འདོད་ཆགས་ཆེན་པོ་རྗེས་ཆགས་པས། །ཡི་གེ་ལས་བྱུང་རྣམ་སྤངས་ཤིང། །ནམ་མཁའ་ ་ལྟ་བུར་བདག་མེད་པོ། །དག་པ་ཉིད་དུ་དེ་ནས་སོན། །དེ་ནས་སེམས་ཅན་སངས་རྒྱས་ཀྱི། །བླ་མེད་དོན་ནི་ནུས་མེད་པའི། །སྟོང་པ་ཉིད་ལ་རྟག་བཞུགས་པས། །འགྲོ་ཀུན་སྟེང་པས་བཅོམ་ནས་ནི། །ཐམས་ཅད་དམྱལ་བར་ལྟུང ་མཐོང་སྟེ། །སླར་ཡང་བདག་དང་གཞན་དོན་ལ། །མོས་པས་གུས་པ་ཉིད་དུ་འགྱུར། །དེ་ནས་འཇིག་རྟེན་ཁམས་ཀུན་ན། །བཞུགས་པའི་སངས་རྒྱས་ཀུན་བསྡུས་ཏེ། །བདག་ལ་མྱུར་དུ་བསྐུལ་བར་མཛོད། །ོཾ་མ་ཧཱ་སུ ་ཁ་བཛྲ་སརྦ་ཛ:ཧཱུཾ་བཾ་ཧོ(རྒྱུད་འགྲེལ་པའི་གཙོ་བོ་བསྐུལ་བའོ། །དེ་ནས་མཁའ་དབྱིངས་དབུས་གྱུར་པ། །ཉི་མའི་དཀྱིལ་འཁོར་བསམ་པར་བྱ། །ཕྱོགས་དང་ཕྱོགས་མཚམས་ན་མཁའ་ལ། །དཔག་མེད་རིགས་ཀྱི་ཡོངས་གར་བའོ། །མཁལ ་དབྱིངས་ཉི་མ་དེ་དབུས་སུ། །རང་གི་ས་བོན་མཚན་མ་ནི། །ཉི་མ་སྟོང་བས་ལྷག་པ་ཡི། །འོད་ཟེར་རྣོན་པོ་འབར་ཞིང་འཁྲུག་།མི་སྟག་འཕྲོ་བས་བདུན་སྡེ་བསྲེག་།གོང་བུར་བསྡུས་པའི་སྦྱོར་བ་ཡིས། །ཞུ་བ་ལས་ནི་སྐུར ་བཞེངས་པ། །ཞལ་བཞི་པ་དང་ཕྱག་བཞི་པ་འམ། །ཇི་སྲིད་ཕྱག་ནི་འབུམ་གྱིས་བར། །གདན་དང་མདོག་དང་ཕྱག་རྒྱ་རྣམས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བསྒོམ། །ཕྱག་རྒྱ་ཆེན་པོའི་ཆོ་ག་ཡིས། །སྐུ་གསུམ ་ཆོས་ནི་སྟོན་པར་མཛད། །ཏིང་འཛིན་ཡན་ལག་ཤེས་པར་བྱ། །བསྒྲུབ་བྱ་སྒྲུབ་ཐབས་རིགས་པས་སོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །འབྲས་བུ་རྡོ་རྗེ་འཛིན་བསྐྱེད་པའོ། །བ?་ནི་འདོད་པའི་གཟུགས་ཀྱི་མཆོག། ་སངས་རྒྱས་ཀུན་གྱི་བྱིན་བརླབས་བ། །ད་ཉིད་ཆོས་ཀྱི་སྐུ་ཡི་མཆོག་།སངས་རྒྱས་ཀུན་གྱི་སྤྱོད་འཕྲོག་ཅིང། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །སངས་རྒྱས་ཀུན་གྱི་སྐུ་ཆེན་པོ། །སངས་རྒྱས་ཀུན་གྱི་གསུང་སྙན་པ ་སངས་རྒྱས་ཀུན་གྱི་ཐུགས་ཆེན་ཡིན། །སངས་རྒྱས་ཀུན་གྱི་མཆེད་པ་ཆེ། །སངས་རྒྱས་ཀུན་གྱི་རྒྱལ་པོ་ཆེ། །རྡོ་རྗེ་འཛིན་པ་ཀུན་གྱི་བདག་།འཇིག་རྟེན་དབང་ཕྱུག་ཀུན་གྱི་གཙོ། །རིན་ཆེན་འཛིན་པ་ཀུན་གྱི་དབང།། ་བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །རྡོ་རྗེ་ཅན་གྱི་ཡོན་ཏན་ནོ། །ོཾ་སུཾ་བྷ་ནི་སུཾ་བྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧ་གྲིཧྞ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་པཱ་ན་བདྱཱི་རཱ་ཛ་ཧཱུཾ་ཧཱུཾ་ཕཊ། ཞལ་བཞི ་བྱིན་གྱིས་?་པར་བྱེད་པའི་སྔགས་གསུངས་ཏེ། །ལུགས་ལས་བཟློག་པར་བྱའོ། །ོཾ་དྷརྨ་དྷཱ་ཏུ་སྭ་བྷཱ་བ་ཨཏཱ་མ་ཀོ་ཧཾ། བཅོམ་ལྡན་འདས་ཀྱི་ཞལ་དང་མདོག་།ཕྱག་དང་བཞུགས་ཚུལ་དེ་བཞིན་ཏེ། །སྐུ་མདོག ་སྔོན་པོ་ཆེར་གྲགས་པ། །འཇིག་པའི་དུས་ཀྱི་མེ་འོད་འདྲ། །འབར་བའི་སྐུ་ལུས་སྒྲ་ཆེ་བ། །འཇིགས་པ་དག་ཀྱང་འཇིགས་པར་མཛད། །ལྷག་གིར་བཞད་ཆེན་ཚེམས་ཀྱི་འོད། །ལྷ་མོའི་དཀྱིལ་འཁོར་འོད་ཀྱི་ནི། །འཁོར་ལོ་བླ་རེ་དབུས་གནས ་ཤིག། འོད་ལྡན་ཕྱག་ནི་བཞི་བཞི་དང། །ཐོང་ཀ་སྒྱུ་མ་ཆེན་མོས་མཛེས། །གཡོན་པ་པདྨ་རཱ་ག་མཚུངས། །ཤིན་ཏུ་ཁྲོས་པས་འཇིགས་སུ་རུང། །སོལ་བའི་ཕུང་པོ་འབར་འདྲ་ཞིང། །ཛ་བའི་ཀུ་སུ་མ་དང་མཚུངས། །གཡས་གཤེལ ་དང་མཚུངས་པ་སྟེ། །གངས་དང་ཀུན་ད་ཟླ་བ་འདྲ། །རྒྱབ་ནི་གསེར་བསྲེགས་ལྟ་བུར་འབར། །ཉི་མ་འཆར་ཀ་ལྟ་བུར་མཛེས། །རྩ་ཞལ་སྔོན་པོ་ཆེན་པོ་སྟེ། །སྤྱན་གསུམ་གྱིས་ནི་མཛེས་པར་བྱས། །ཡི་དགས་ཆེན་པོ་མནན་ན་བུ?། ་ཉི་མ་ལ་བཞུགས་གར་དང་བཅས། །ཐོད་པ་དང་ནི་ཁ་ཊཝཱཾ་ག་།དེ་བཞིན་གཞན་ན་མངའ་དང་གཞུ། །ཆོ་གའི་བྱ་བ་དེ་ཉིད་ཀྱིས། །ཡེ་ཤེས་རྒྱ་མཚོ་བསྒོམ་པར་བྱ། །ཤར་ནི་དཀར་ཞིང་འོད་སྔོ་སྟེ། །གཡོན་ན་ཁ་ཊཝཱཾ་དྲིལ་བུ་དང། །གཞན ་ན་རྡོ་རྗེ་ཐོད་པའོ། །བྱང་ཕྱོགས་མ་རྐཏ?་སེར་སྐྱའི་མདོག་།གཡོན་ན་ཁ་ཊཝཱམ་ཞགས་པ་དང། །གཡས་ན་རྡེ་ཆུང་ཐོད་པ་བསྣམས། །ནུབ་ཕྱོགས་དམར་ཞིང་སེར་སྐྱའི་འོད། །གཞུ་དང་མདའ་ཡི་མདོག་དང་ནི། །སྣ་ཚོགས་པདྨ་ཐོད་པ་དག ་གཡོན་དང་གཡས་ཀྱི་ཕྱག་ཏུ་དགོད། །ལྷོ་ནི་དཀར་ཞིང་སེར་བའི་འོད། །གཡོན་ན་མདུང་དང་རིན་ཆེན་ཏེ། །གཡས་ན་བ་དན་ཐོད་པ་བསྣམས། །གླང་ཆེན་ཅི་སྦྱད་མི་དང་ནི། །གླང་གི་ཐོད་པ་ཆོ་ག་བཞིན། །དང་པོ་ལྟུང་བྱེད་མ་ཡིན ་ཏེ། །གཉིས་པ་གསོད་བྱེད་མ་ཡིན་ལ། །གསུམ་པ་འགུགས་པ་ཞེས་བྱ་སྟེ། །བཞི་པ་གར་གྱི་དབང་ཕྱུག་མ། །རིག་པ་དེ་དག་གྱེན་སྐྲ་འབར། །རྒྱན་རྣམས་ཐམས་ཅད་རྣམ་པར་ཀླུབས། །གར་དང་ལྡན་པས་ཡང་དག ་བཞུགས། །ཕྱོགས་མཚམས་དག་ནི་བཞི་པོ་རུ། །ཐོད་པ་རྣམ་པ་བཞི་པོ་དགོད། །སངས་རྒྱས་གཟུགས་ཀྱི་རྣམ་བརྒྱན་པ། །སྤྱི་གཙུག་གསལ་བར་ཡང་དག་ལྡན། །བདེ་བ་ཆེན་པོ་རིན་ཆེན་ཆེ། །འབྱུང་བ་བཞི་ཡི་ཚོགས་དང་ལྡན། །སྐྱེ ་དང་གནས་དང་འགག་བ་རྣམས། །རྟག་ཏུ་ལྷ་མོ་བཞི་ཡི་དངོས། །ོཾ་ཧ་ནི་རྡོ་རྗེ་སེམས་དཔའ་སྟེ་སྙིང་གར་རོ། །ན་མ་ཧི་ནཱི་རྣམ་པར་སྣང་མཛད་དེ་མགོ་བོར་རོ། །སྭཱ་ཧཱ་ཧུ་ནི་པདྨ་གང་གྱི་དབང་ཕྱུག་སྟེ་སྤྱི་བཙུག་ཏུའོ། །བཽ་ཥ་ཊ་ཧེ་རུ ་ཀ་སྟེ་ཕྲག་པ་གཉིས་ལའོ། །ཧཱུཾ་ཧཱུཾ་ཧོ་ནི་རྡོ་རྗེ་ཉི་མ་སྟེ། མིག་གཉིས་སུའོ། །ཕཊ་ཧཾ་རྟ་མགྲིན་སྡེ། ཡན་ལག་ཐམས་ཅད་ཀྱི་ཆོ་གའོ། །དེ་ནས་རང་གི་སྙིང་གར་རྡོ་རྗེའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་ཐུགས་རྡོ་རྗེ་ཧཱུཾ་གིས་བསྐྱེད་པར་བྱའོ། ། ་ཨོཾ་ཧྲཱི(རྒྱུད་འགྲེལ་གེ་ཆ་དང། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །ལྟེ་བར་ནི་ཨོཾ་པཾ་སྟེ་རྡོ་རྗེ་ཕག་མོའོ། །སྙིང་གར་ཧཾ་ཡོཾ་སྟེ་གཤིན་རྗེ་མེའོ། །ཁར་ནི་ཧྲཱིཾ་མོ་སྟེ་རྨོངས་བྱེད་མའོ། །མགོ་བོར་ནི་ཧྲེཾ་ཧྲཱིཾ་སྟེ་ཀུན་དུ་སྐྱོང་བྱེད་མའོ། །སྤྱི་གཙུག་ཏུ་ནི་ཧཱུཾ ་ཧཱུཾ་ཀུན་ཏུ་སྐྲག་བྱེད་མའོ། །ཡན་ལག་ཐམས་ཅད་ཀྱི་མཚོན་ཆར་ནི་ཕཊ་ཕཊ་ཏེ་གཏུམ་པ་མོའོ། །ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ(རྒྱུད་འགྲེལ་ཕཊ་ཕཊ་སྭཱཧཱ་ཞེས་བྱ་བས་ནི་སྙིང་གར་སྐུའི་རྡོ་རྗེ་ལྟ་བུའོ། །ོཾ་བཽ་རི་ཧཱུཾ་ཧཱུཾ་ཕཊ་ཞེས་བྱ་བ་ནི་ཁར་ཏེ་གསུང་རྡོ་རྗེ་ལྟ་བུའོ། །དེ་ལྟར་གང་ཞིག་ཀུན་བརྟན་པ། །སྒྱུ་འཕྲུལ་ཆེན་མོའི་ལུས་ལས་བྱུང། །ཤེས་རབ་ཟླ་བའི་སྟན་ལ་གནས། །སྣ་ཚོགས ་མདོག་ཏུ་བསྒོམ་པར་བྱ། །རྡོ་རྗེ་སེམས་དཔའ་ཨི་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཐབས་དང་ཤེས་རབ་བདག་ཉིད་ཀྱི་ལུས་ཏེ། ཉེ་བར་སྒྲུབ་པའི་སྒྲུབ་ཐབས་སོ། །ཡེ་ཤེས་དམ་ཚིག་ལས་བྱུང་བ། །དེ་ནི་རྡོ་རྗེ་ཅན་དུ ་བརྗོད་ཅེས་བྱ་ལ་ཡེ་ཤེས་སེམས་དཔའ་ཨོ། །དམ་ཚིག་ནི་རྡོ་རྗེ་སེམས་དཔའ་ཨོ། །དེའི་རིམ་པ་ཡང་འདི་ཡིན་ཏེ། རང་གི་ས་བོན་མཚན་མ་ལས། །སྙིང་གར་ཡེ་ཤེས་སེམས་དཔའ་དགོད། །དེ་ཡི་འོད་ཀྱིས་དྲངས་ནས་ནི། །ཡེ་ཤེས་འཁོར་ལོ་རག ་མཆོད་བྱ། །རྡོ་རྗེ་བསྲུང་བའི་གོ་ཆ་ནི། །མཉམ་པར་གཞག་པས་ཐམས་ཅད་བྱ། །དེ་འོག་དངོས་པོ་ཐམས་ཅད་ཀྱིས། །བདག་གི་ལུས་ལ་གཞུག་པར་བྱ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཡེ ་ཤེས་སེམས་དཔའ་གཞུག་པའོ། །དབང་བསྐུར་གོ་འཕན་བསྒོམས་ནས་ནི། །དེ་འོག་མཆོད་པ་བརྟག་པར་བྱ། །ཡེ་ཤེས་འཁོར་ལོའི་རིམ་པ་ཡིས། །མདུན་དུ་རྒྱལ་བ་བཀུག་ནས་ནི། །མཆོད་པ་ཀུན་གྱིས་མཆོད་ནས་ནི། །དབང་བསྐུར ་ཕྱིར་ནི་གསོལ་བ་གདབ། །གསང་གསུམ་གནས་ལས་བྱུང་བ་ཡི། །རྡོ་རྗེ་རྣལ་འབྱོར་མ་ཀུན་དང། །སངས་རྒྱས་འཇིག་རྟེན་མགོན་པོ་ཡིས། །བརྩེ་བས་བདག་ལ་དབང་བསྐུར་གསོལ། །དེས་ནི་སངས་རྒྱས་ཧེ་རུ་ཀའི། །ཚུལ་དུ་ནམ ་མཁར་བཞུགས་ནས་ནི། །བདུད་རྩི་ལྔ་ཡིས་གང་བ་ཡི། །བུམ་པ་ཁ་དོག་ལྔར་ལྡན་པའི། །ཀུན་ནས་དབང་ནི་བསྐུར་བར་མཛོད། །སངས་རྒྱས་རྣམས་ནི་ཐམས་ཅད་ཀྱིས། །གསང་གསུམ་གནས་ལས་བྱུང་བ་ཡིས། །ཁམས་གསུཾ ་ཀུན་གྱིས་ཕྱག་བྱས་པ། །རིན་ཆེན་དབང་བསྐུར་ཆེན་པོ་སྦྱིན། །རྒྱལ་བས་དབང་ནི་བསྐུར་ནས་སུ། །སྤྱན་མ་ལ་སོགས་གླུ་ལེན་ཅིང། །མཆོད་པའི་ལྷ་མོའི་ཚོགས་ཀྱིས་ཀྱང། །མཆོད་པ་ཀུན་གྱིས་རབ་མཆོད ་བྱེད། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དབང་བསྐུར་བ་དང་མཆོད་པའོ། །མཚན་མ་གཉིས་ལ་སྔགས་སྦྱར་བྱ། །དེའི་རིམ་པ་ནི་འདི་ཡིན་ཏེ། །བུ་མོ་ཡི་ནི་སྣ་རྩེ་རུ། ། ཞེས་བྱ ་བ་དགོད་པར་བྱ། །རང་གི་རྡོ་རྗེའི་བུ་གར་ནི། །བཾ་ཞེས་བྱ་བ་ཡང་དག་སྦྱར། །གང་ཡང་གཞན་དག་འཆད་པ་ནི། །དྱཱ་ཞེས་བྱ་བ་པདྨ་ལ། །བྱ་ནི་རྡོ་རྗེའི་རྩེ་མོའོ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་སོ། །བཅོམ་ལྡན་རྡོ ་རྗེ་ཅན་གྱིས་གསུངས། །ཤེས་རབ་དང་ཐབས་ཀྱི་བདག་ཉིད་དགའ་བ་སྟེ་སྦྱོར་བ་དང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། །མཆོག་ཏུ་དགའ་བའི་སྦྱོར་བ་ཡིས། །རྡོ་རྗེ་པདྨ་ཕྱེ་ནས་སུ། །ལམ་གྱི་ཚོགས་ཀྱི་རྒྱུན་ནས་ནི། །སླ? ་ཡང་སྤྲོ་ཞིང་བཏང་བར་བྱ། །རྣལ་འབྱོར་མ་ཡི་འཁོར་ལོ་ཀུན། །པདྨའི་ལྟེ་བར་ངེས་པར་སྦྱར། ། བ་དྷུ་ཏཱིའི་གནས་དེ་བཞིན། །སྨིན་མའི་བར་དུ་བཞག་པར་བྱ། །དབྱངས་ཡིག་དང་པོ་ཡང་དག་ལྡན། །བསྒོམས? ་སྐད་ཅིག་དེ་ལ་འབར། །དེ་ནས་འབར་འཕྲེང་རྒྱ་མཚོར་ནི། །ཀུན་ནས་སྒོ་ལི་འཁོར་ལོ་བསམ། །མགལ་མེ་འཁོར་ལོ་ལ་གནས་པ། །མཁའ་འགྲོའི་ཚོགས་ནི་དེ་བཞིན་འཁོར། །ཡིད་ཤུགས་ཆེན་པོས ་གསལ་བའི་མདངས། །གློག་ལྟ་བུར་ནི་གསལ་བའི་འོད། །ལྷ་ཡི་རྣལ་འབྱོར་ཚུལ་གྱིས་ནི། །ས་རྣམས་ཀུན་ཏུ་སྤྲོ་བར་བྱ། །དེ་ཉིད་དབྱེ་བས་ཕྱི་ནས་སུ། །རྩ་རྣམས་ཐམས་ཅད་ལམ་དུ་སྦྱར། །སྔགས་པས ་རང་དགར་དབྱེ་བྱས་ཏེ། །བྱིན་ཅི་ལོག་ཏུ་ངེས་པར་སྦྱར། །ཚར་གཅོད་པ་དང་ཕན་འདོགས་པའི། །ལས་ཀྱི་མཆོག་ཏུ་རྣམ་པར་བསྒོམ། །སྦྱོར་བ་ཡི་ནི་དོན་རྣམས་ལ། །དགའ་ཆེན་རྙེད་དགའ་འདི་ཡིས་བསྒྲུབ། །ཡེ་ཤེས་ལྡན་པའི ་རང་སྐྱེས་ནས། །ཡུལ་དང་ཡུལ་དུ་མངོན་པར་སྐྱེ། །མཁའ་འགྲོ་མ་ཡི་ཚོགས་འདི་དག་།རང་རང་ས་ལ་རྣམ་པར་རོལ། །མགོ་བོ་པུལཉི་ར་ཡིན་ཏེ། །སོ་དང་སེན་མོ་རབ་ཏུ་འབབ། །རབ་གཏུམ་མོ་དང་ཐོད་དུ་མ་གྱིས། །ཤར་གྱི་རྩིབས་སུ ་ཡང་དག་བཞུགས། །སྤྱི་གཙུག་?་ལནདྷ་ར་སྟེ། །སྐྲ་དང་སྤུ་ནི་རབ་ཏུ་འབབ། །གཏུམ་མིག་ཀེང་རུས་ཆེན་པོ་ཡིས། །ལུས་ངན་ཕྱོགས་སུ་ཡང་དག་བཞུགས། །ོ་ཌཡཱ་ན་ཞེས་བྱའི་གནས་ཆེན་པོ། །རྣ་བ་གཡས་པའི་བླ་དགས་ཏེ། །ནུབ་ཏུ་པགས ་པ་དྲི་མ་ལས། །འོད་ལྡན་ཀེང་རུས་ཚུལ་གྱིས་བཞུགས། །རྦུ་ད་ནི་རྒྱབ་ཀྱིས་ཕྱོགས། །ཤ་ཆེན་དག་ནི་འབབ་པ་ལས། །མཆེ་བ་གཙིགས་དང་སྣ་ཚོན་མ། །ལྷོ་ཡི་ཕྱོགས་སུ་ཡང་དག་བཞུགས། །དེ་དག་ནི་གནས་སོ། །གེ་དཱ་བ་རི་རྣམ? ་རྟག་ཏུ་རྒྱུས་པ་འབབ་པ་ལས། །དཔའ་པོའི་བློ་མ་ལྷ་ཡི་དགྲ་།དབང་ལྡན་མཚམས་སུ་བཞུགས་པར་བསམ། །སྨིན་དབུས་རཱ་མེ་ཤྭ་རི་སྟེ། །རྟག་ཏུ་རུས་པ་འབབ་པ་ལས། །མི་ཐུང་མགོན་པོ་འོད་དཔག་མེད། །རླུང་གི་མཚམས་སུ་བཞུགས་པར ་གྱུར། །མིག་གཉིས་ལྷ་མོའི་མཁར་ཡིན་ཏེ། །རྟག་ཏུ་མཆིན་པ་འབབ་པ་ལས། །ལངྐའི་དབང་མོ་རྡོ་རྗེ་འོད། །བདེན་བྲལ་མཚངས་སུ་བཞུགས་པར་གྱུར། །མཱ་ལ་བེ་ན་དཔུང་གཡས་ཏེ། །རྟག་ཏུ་སྙིང་འཕྲལ་འབབ་པ་ལས། །ལྗོན ་གྲིབ་མ་ནི་རྡོ་རྗེ་སྐུ། །བྱིན་ཇའི་མཚམས་སུ་བཞུགས་བར་གྱུར། །དེ་དག་ནི་ཉེ་བའི་གནས་སོ། །ཡུལ་དེ་ཀུན་ན་གནས་པ་རྣམས། །ཐུགས་ཀྱི་འཁོར་ལོར་ཡང་དག་བཞུགས། །མཁའ་ལ་སྤྱོད་བ་ཞེས་བྱ་སྟེ། །སྙོམས་པར་ཞུགས་པས་ཡང་ ་དག་བཞུགས། །མཆན་ཁུང་ཀཱ་མ་རུ་པ་སྟེ། །རྟག་ཏུ་མིག་ནི་འབབ་པ་ལས། །ས་བསྲུངས་མ་དང་མྱུ་གུ་ཅན། །ཤར་གྱི་འདབ་མར་ཡང་དག་བཞུགས། །ོཾ་ཏྲེ་ནུ་མ་གཉིས་ཡིན་ཏེ། །མཁྲིས་པའི་ཁམས ་ནི་འབབ་པ་ལས། །རྡོ་རྗེ་རལ་ཅན་འཇིགས་བྱེད་མ། །ལུས་ངན་ཕྱོགས་སུ་བཞུགས་པར་གྱུར། །ཞིང་པོ། །ལྟེ་བར་ཏྲི་ཤ་ཀུ་ནི་ཏེ། །རྟག་ཏུ་གློ་པ་འབབ་པ་ལས། །རླུང་ཤུགས་དཔའ་བོ་ཆེན་པོ་ནི། །ནུབ་ཀྱི་འདབ་མར་བརྟེན་ཏེ་བཞུགS ་གོས་ལ་ནི་སྣ་རྩེ་སྟེ། །སྒྱུ་མའི་ཕྲེང་བ་འབབ་པ་ལས། །ཆང་འཐུང་རྡོ་རྗེ་ཧཱུཾ་མཛད་དུ། །ལྷོ་ཡི་ཕྱོགས་སུ་བཞུགས་པར་གྱུར། །ཉེ་བའི་ཞིང། །ཁ་ནི་ཀ་ལིང་ག་ཡིན་ཏེ། །གཉེ་མའི་ཁམས་ནི་རབ་ཏུ་འབབ། །སྔོ་བསངས་ལྷ་མོ་ཤིན ་ཏུ་བཟང། །ཡི་དགས་ཕྱོགས་སུ་བཞུགས་པར་གྱུར། །མགྲིན་པ་ལམ་བཱ་ཀ་ཡིན་ཏེ། །བུང་བུའི་ལྟོ་ནི་འབབ་པ་ལས། །ཤིན་ཏུ་བཟང་མོ་རྡོ་རྗེ་བཟང། །རླུང་གི་མཚམས་སུ་བཞུགས་པར་གྱུར། །རོལ་སའོ། །སྙིང་ག་ཀཉྫི་ཡུལ ་ཡིན་ཏེ། །རྟག་ཏུ་ཆུ་ཞོ་འབབ་པ་ལས། །རྟ་རྣ?་མ?་དང་འཇིགས་བྱེད་དེ། །སྲིན་པོའི་མཚམས་སུ་བཞུགས་པར་གྱུར། །ཁ་བ་ཅན་ནི་ཆུ་སོ་སྟེ། །འཚོགས་མའི་སྲུབས་ནི་འབབ་པ་ལས། །བྱ་གདོང་མ་དང་མིག་མི་བཟང། །མའི ་མཚམས་སུ་བཞུགས་པར་གྱུར། །ཉེ་བའི་རོལ་སའོ། །ཡུལ་དེ་ཀུན་ན་གང་གནས་པ། །གསུང་གི་འཁོར་ལོར་ཡང་དག་གནས། །ས་ལ་རྒྱུ་བ་ཞེས་བྱ་སྟེ། །སྙོམས་པར་ཞུགས་པས་ཡང་དག་གནས། །མཚན་ནི་ཡི་དགས་ལྷ ་གནས་ཏེ། །བད་ཀན་ཁམས་ནི་རྟག་ཏུ་འབབ། །འཁོར་ལོ་ཤུགས་མ་སྟོབས་པོ་ཆེ། །སྐུ་ཡི་འཁོར་ལོ་ཤར་རྩིབས་བཞུགས། །བཤང་ལམ་ལྷ་ཡི་ཁྱིམ་ཡིན་ཏེ། །ནག་འབབ་ཁཎ་ཌ་རོ་ཧ་དང། །རིན་ཆེན་རྡོ་རྗེ་ལུས ་བར?་དུ། །འདུ་བ་ཅན་ནོ། །སཽརའཥྚ་ནི་བརླ་གཉིས་ཏེ། །ཁྲག་གི་ཁམས་ནི་འབབ་པ་ལས། །གླང་སྣ་དང་ནི་རྟ་མགྲིན་ཏེ། །ནུབ་ཀྱི་ཕྱོགས་སུ་བཞུགས་པར་གྱུར། །བྱིན་པ་གཉིས་ནི་གསེར་གླིང་སྟེ། །རྟག་ཏུ་རྡུལ་ནི་འབབ་པ་ལས། །འཁོར་ལོའི་གོ་ཆ་ནམ ་མངའ་ཨི?་སྙིང། །ལྷོ་ཡི་ཕྱོགས་སུ་བཞུགས་པར་གྱུར། །ཉེ་བའི་འདུ་བ་ཅན་ནོ། །སོར་མོ་རྣམས་ནི་གྲོང་ཁྱེར་ཏེ། །ཚུལ་ནི་རབ་ཏུ་འབབ་པ་ལས། །ཤིན་ཏུ་དཔའ་མོ་ཧེ་རུ་ཀར། །ཡི་དགས་མཚམས་སུ་བཞུགས་པར་གྱུར། །སིན་དྷ་རྐང་པའི་པོལ? ་ཡིན་ཏེ། །རྟག་ཏུ་མཆི་མ་འབབ་པ་ལས། །སྟོབས་ཆེན་པདྨ་གང་དབང་ཕྱུག་།རླུང་གི་མཚམས་སུ་དགོད་པར་བྱ། །དུར་ཁྲོད་དོ། །མྱ་ངན་ཡུལ་ནི་མཐེ་པོ་སྟེ། །ལུད་པ་དག་ནི་འབབ་པ་ལས། །འཁོར་ལོ་སྦྱར་མ་རྣམ་སྣང་མཛོད། །བདེན་བྲལ ་མཚམས་སུ་དགོད་པར་བྱའོ། །ཀུ་ལུ་ཏཱ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པ་ལས། །བརྩོན་ཆེན་རྡོ་རྗེ་སེམས་དཔའ་ནི། །མེ་ཡི་མཚམས་སུ་དགོད་པར་བྱ། །ཉེ་བའི་དུར་ཁྲོའོ། །ཡུལ་ནི་དེ་དག་ཐམས་ཅད་ཉིད། །སྐུའི་འཁོར་ལོར་ཡང་དག་གནས ་ས་འོག་གནས་པ་ཞེས་བྱ་སྟེ། །སྙོམས་པར་བཞུགས་པས་རབ་ཏུ་བཞུགས། །ལུགས་འབྱུང་ལུགས་ལས་བཟློག་པར་ན། །ཕོ་ཉ་རྣམས་ནི་ཡང་དག་གནས། །ཁྭ་གདོང་མ་ནི་ཤར་སྒོར་ཏེ། །བྱང་སྒོར་དུག་པའི་གདོང་པ་ཅན། །ནུབ་སྒོར ་ཁྱི་ཡི་གདོང་པ་ཅན། །ཕག་གི་གདོང་ཅན་ལྷོ་སྒོར་དགོད། །དབང་ལྡན་གཤིན་རྗེ་བརྟན་མ་སྟེ། །གཤིན་རྗེ་པོ་ཉ་མ་མཚམས་སུ། །བདེན་བྲལ་གཤིན་རྗེ་མཆེ་བ་ཅན། །གཤིན་རྗེ་འཇོམས་མ་རླུང་མཚམས་དགོད། །མ་ནིང་ཡི་གེ་བཞི ་ལས་ནི། །སྒོ་བཞི་རྣམས་སུ་བསྒོམ་པར་བྱ། །ཤ་ཥ་ས་ཧ་ལས་བྱུང་བ། །དབང་ལྡན་ལ་སོགས་ཡང་དག་གནས། །རོ་ལ་བཅིབས་ཤིང་མེ་ལྟར་འབར། །ཉི་མ་ལ་བཞུགས་གར་དང་བཅས་སྤྱན་གསུམ་མཆེ་བ་གཙིགས་པ་སྟེ། །ཕྱག་ན་ཁ་ཊཱཾ་ཐོད ་པ་གྲི་།ཐོད་པའི་ཕྲེང་བས་རྣམ་པར་ཀླུབས། །འོད་ཟེར་སྣ་ཚོགས་རྣམ་པར་འཕྲོ?། །ཁྲོ་གཉེར་རིམ་པ་ལྡན་ལ་སོགས། །ཟུར་མིག་བལྟ་ཞིང་རྣམ་པར་གཡོ། །ཁྭ་གདོང་ལ་སོགས་གཅེར?་བུ་སྟེ། །མགུལ་ངོ?་སྤྱི་གཙུག་དཔུང ་རྒྱན་དང། །རྣ་ཆ་ཚངས་པའི་སྐུད་པར་བཅས། །མགོ་བོའི་ཕྲེང་བས་མགུལ་པར་བརྒྱན། །རྐང་གཉིས་ཁྲོལ་ཁྲོལ་སྒྲ་དང་བཅས། །གཡོན་བརྐྱང་བ་ཡི་གནས་པས་བཞུགས། །ཉི་ཤུ་རྩ་བཞི་གཉིས་ལྡན་པར། །དཔའ་བོ་རྡོ་རྗེ་དྲིལ་བསྣམས་ཏེ།། ་ཕྱག་ནི་གཉིས་ཀུན་འཁྱུད་པ་ཡིན། །ཧེ་རུ་ཀ་ནི་སྐུས་བྱུང། །མཁའ་འགྲོ་ཉི་ཤུ་རྩ་བཞི་ནི། །སྒྱུ་འཕྲུལ་ཆེན་པོའི་སྐུ་ལས་བྱུང། །དམ་ཚིག་ཡེ་ཤེས་ལས་བྱུང་བའི། །དེ་ནས་རྡོ་རྗེ་ཅན་དུ་བརྗོད། །དབང་བསྐུར་གོ་འཕང་བསྒོམས་ནས་ནི།། ་དེ་ནས་མཆོད་པ་ཡང་དག་བརྩམ། །དེ་དག་ཐམས་ཅད་སྔོན་བཞིན་བྱ། །ད་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷོའི་སྦྱོར་བས་རྣམ་པར་བཞག་པར་བྱ་སྟེ། ལྟུང་བྱེད་མ་ནི་ལུས་དྲན་པ་ཉེ་བར་བཞག་པའོ། །བསོད་མ་ནི་ཚོར་བ ་རྫུན་པ་ཉེ་བར་གཞག་པའོ། །འགུགས་བྱེད་མ་ནི་ཆོས་དྲན་པ་ཉེ་བར་གཞག་པའོ། །གར་གྱི་དབང་ཕྱུག་མ་ནི་སེམས་དྲན་པ་ཉེ་བར་གཞག་པའོ། །རབ་ཏུ་གཏུམ་མོ་ནི་འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །གཏུམ་མིག་མི་ནི་བརྩོན་འགྲུས ་གྱི་རྫུ་འཕྲུལ་གྱི་རྐང་པའོ། །འོད་ལྡན་མ་ནི་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །སྣ་ཆེན་མ་ནི་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོའི་བློ་མ་ནི་དད་པའི་དབང་པོའོ། །མི་ཐུང་མ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །ལངཀའི་དབང་ཕྱུག་མིན ་ཛུན?་པའི་ལག་?་གོ་ལྗོན་གླིང་མ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ས་སྲུངས་མ་ནི་ཤེས་རབ་ཀྱི་དབང་པོའོ། །འཇིགས་བྱེད་མ་མི་དད་པའི་སྟོབས་སོ། །རླུང་ཤུགས་མ་ནི་བརྩོན་འགྲུས་ཀྱི་སྟོབས། །ཆང་འཐུང་མ་ནི་དྲན་པའི་སྟབས་སོ།། ་སྔོ་བསངས་ལྷ་མོ་ནི་ཏིང་ངེ་འཛིན་གྱིས་སྟོབས་སོ། །ཤིན་ཏུ་བཟང་མོ་ནི་ཤེས་རབ་ཀྱི་སྟོབས་སོ། །རྟ་རྣ་མ་ནི་ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།བྱ་གདོང་མ་ནི་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།འཁོར་ལོ་ཤུགས་མ་ནི་དགའ་བ ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་ག་།དུམ་སྐྱེས་མ་ནི་ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།གླང་སྣ་མ་ནི་ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། །འཁོར་ལོའི་གོ་ཆ་མ་ནི་ངན་པ་ཡང་དག་བྱང་ཆུབ་ཀྱི་ཡན ་ལག་གོ་།ཤིན་ཏུ་དཔའ་མོ་ནི་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་།སྟོབས་ཚོན་མ་ནི་ཡང་དག་པའི་ལྟ་པའོ། །འཁོར་ལོ་སྒྱུར་མིན་ཡང་དག་པའི་རྟོག་པའོ། །བརྩོན་འགྲུས་ཆེན་མོ་ནི་ཡང་དག་པའི་དག་གོ་།ཁྭོ?་གདོང་མ་ནི ་ཡང་དག་པའི་ལས་ཀྱི་མཛའ་ཨོ། །འུག་གདོང་མ་ནི་ཡང་དག་པའི་འཚོ་བའོ། །ཁྱི་གདོང་མ་ནི་ཡང་དག་པའི་རྩོལ་བའོ། །ཕག་གདོང་མ་ནི་ཡང་དག་པའི་དྲན་པའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་མཁའ་འགྲོ་ན་ཡང་དག་པའི་ཏིང་ངེ ་འཛིན་ཏོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ་ནི་གཤིན་རྗེ་བརྟན་མའོ། །དགེ་བའི་ཆོས་སྐྱེས་པ་རྣམས་བསྲུང་བ་ནི་གཤིན་རྗེ་ཕོ་ཉ་མའོ། །སྡིག་པ་མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་པ་ནི་གཤིན་རྗེ་མཆེ་བ་མའོ། །སྡིག ་པ་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་མི་བསྐྱེད་པ་ནི་གཤིན་རྗེ་འཇོམས་མའོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལྷས་རྣམ་པར་སྦྱར་བའོ། །སྙིང་གའི་དབུས་གྱུར་པདྨ་ནི། །འདབ་མ ་བརྒྱད་དང་གསེར་བཅས?། །དེ་ཡི་དབུས་སུ་གནས་པའི་རྩ། །མར་མེ་ལྟ་བུའི་གཟུགས་ཅན་ཏེ། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །རྟག་ཏུ་འཕྱང་ཞིང་འོག་ཏུ་བལྟ། །དེའི་དབུས་བཞུགས་དཔའ་བོ་ནི། །ཡུངས་ཀར་སྤོམ་པའི་ཚང་ཙམ་སྟེ། ། ་ཧཱུཾ་གི་ས་བོན་མི་ཤིགས་པ། །ཁ་བ་ལྟ་བུ་འབབ་པ་ཡིན། །བསན་ཏ་ཞེས་བྱ་བ་ཡིན། །ལུས་ཅན་རྣམས་ཀྱི་སྙིང་དབང་བྱེད། །རྒོད་མའི་ཁར་ནི་མི་ཡི་གཟུགས། །ཕག་མོའི་ཏིལླ་ཀར་ནི་བཞེང། །ལས་ཀྱི་རླུང་གིས ་བསྐྱོད་ནས། །ལྟེ་བའི་དཀྱིལ་འཁོར་ནས་ནི་འབར། །བ་སན་ཏ་དང་ཕྲད་པས་མཉེས། །སྙོམས་པར་འཇུག་པས་ཡང་དག་བཞུགས། །འདི་ནི་ཤྲཱི་ཧེ་རུ་ཀ་ཡི། །བསན་ཏིལླ་ཀ་རུ་བཞེད། །གཟུགས་སོགས་རྒྱུ་དང་མི་རྒྱུ་བ། །སྟོང་པ་ཉིད ་དུ་ཡང་དག་གནས། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །སྒེ་གསུམ་ནས་ནི་ཡང་དག་རྒྱུ། །འགྲོ་བ་དང་ནི་འོང་བ་རུ། །དེ་དག་ཐམས་ཅད་ལུས་ལ་གནས། །ལྟེ་བར་ཨ་ཡི་གཟུགས་ཀྱིས་ནི། །ཐུང་དུ་ཞེས་ནི་བྱ་བར་གྲགས། །སྙིང ་གང་གནས་པའི་ཡི་གེ་ཧཱུཾ། །རིང་བ་ཆ་གཉིས་ཚད་དུ་གནས། །མགྲིན་པར་གནས་པའི་ཡི་གེ་ཨོཾ། །ཆ་གསུམ་པུ་ལུ་ཏ་ཞེས་བརྗོད། །དཔྲལ་བར་གནས་པའི་ཡི་གེ་ཧཾ། །སྒྲ་དང་ཐིག་ལེ་མི་ཤིགས་པ། །འཁོར་ལོ་བཞི་ཡི་བྱེ་དྲག ་གིས། །ས་སོགས་འབྱུང་བ་ཆེན་པོ་ཡིན། །མཚམས་བཞི་རུ?་ནི་ལྷག་པར་གནས། །པདྨ་བཞི་ལས་ཡང་དག་བྱུང། །དགའ་བ་བཞི་ཡི་ཚུལ་གྱིས་ནི། །སྦྱོར་བ་བཞི་ལས་མཆོག་ཏུ་གནས། །མཆོག་ཏུ་དགའ་བའི་གཟུགས་གྱིས་ནི།། ་བྱ་བ་དང་ནི་བྱེད་པའི་དངོས། །རྡོ་རྗེ་སེམས་དཔའ་ཨི་རང་བཞིན་གྱིས། །འདིར་ནི་ཇི་ལྟར་བདེ་བར་རོལ། །ཕྱོགས་བཞི་ཡི་ནི་འདབ་མ་ལ། །འབྱུང་བ་བཞི་ཡི་རྩ་བཞི་ནི། །མར་མེ་ལྟ་བུའི་གཟུགས་ཅན་ཏེ། །མཚམས་ཀྱི་ཆ་ལ་གནས ་ནས་སུ། །རྩ་ནི་གང་དག་རྒྱུ་བ་དག་།བདུད་རྩི་ལྔ་ནི་རྒྱུ་བ་སྟེ། །མཆོད་པའི་གཟུགས་ཀྱིས་དེ་ལ་བརྟེན། །དེ་ཡི་གཟུགས་ཀྱི་རང་བཞིན་དག་།མཆོད་པ་བཞི་ཞེས་བྱ་བར་བཤད། །འདི་ནི་ལུས་ཅན་སྙིང་དབུས་ན། །རྩ་བརྒྱད་དུ་ནི་རྣམ ་པར་གནས། །སྐུ་གསུང་ཐུགས་ཀྱི་བྱེ་བྲག་གིས། །གཞན་ཡང་ཉི་ཤུ་རྩ་བཞིར་བརྗོད། །གནས་སོགས་ས་ལ་བརྟེན་ནས་སུ། །གནས་དང་གནས་ཡང་དག་བརྟེན། །མགོ་གོ་ལས་ནི་ཡང་དག་བྱུང། །རྩ་ནི་མགོ་ལས་སྐྱེས་ཞེས་བརྗོད། ། ་སྙིང་སྟོབས་རྡུལ་དང་མུན་པའི་གཟུགས། །དེ་དབུས་སྒྱུ་འཕྲུལ་ཆེན་མོའི་གཙོ། །རིམ་པ་དག་ནི་འདི་ཉིད་ཀྱིས། །བློ་དང་ལྡན་བས་ཕྱག་རྒྱ་བྱ། །ཁྭ་གདོང་ལ་སོགས་སྔོན་ཇི་བཞིག་ལྟུང་བྱེད་ལ་སོགས་རྣམ་པར་དག་།བཅོམ་ལྡན་རྡོ་རྗེ ་ཅན་ཀྱིས་གསུངས། །ཕྱག་རྒྱ་རྣམས་ཀྱི་མཚོན་ཆའོ། ། ལས་སྐྱེ་བའི་ཐོད་པར་ནི། །རྫས་བཅུ་དག་ནི་བསམ་པར་བྱ། །རླུང་དང་མེའི་དཀྱིལ་འཁོར་གྱིས། །སྤྱོད་བ་དང་ནི་འབར་བར་བྱ། །དང་པོ་ཡི་གེ་ལྡན་པར། །བསྒོམས་ན ་སྐད་ཅིག་དེ་ལ་འབར། །ཡི་གེ་གོ་བཟློག་སྦྱོར་བ་ཡིས། །རྒྱུད་ལ་སྔགས་ནི་བསྒོམ་པར་བྱ། །ོཾ་ནི་ཐམས་ཅད་འབར་བྱེད་དེ། །དེ་ཉིད་གསུམ་ནི་ཡང་དག་བརྗོད། །ལྷ་མོ་དེ་ལྟར་བསྒོམས་པ་ཡིས། །རྫས་ཀྱི་དངོས་གྲུབ་འབྲས ་བུ་སྩོལ། །སྦྱོར་བ་འདི་ཡི་དངོས་གྲུབ་ཀྱི། །ཡིད་ཆེས་ཡང་དེ་ག་འཇུག་པར་འགྱུར། །ཐམས་ཅད་ཀྱིས་ནི་མི་མཐོང་ཞིང། །རྣལ་འབྱོར་ཅན་ནི་སྐད་ཅིག་མཐོང། །ལྷ་མཆོག་ལས་སྐྱེས་ཕྲོགས་ནས་སུ། །སངས་རྒྱས་ཀུན་གྱི་བུ་མོ་སྦྱོང།། ་གངྒའི་ཀླུང?་མཉམ་སངས་རྒྱས་རྣམས། །རྡོ་རྗེ་གསུམ་གྱི་གནས་བཞུགས་པ། །ལག་ཏུ་ཤིང་ཏོག་བཞག་པ་བཞིན། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །གངྒའི་ཀླུང་མཉམ་ཞིང་རྣམས་ནི། །སྐུ་གསུང་ཐུགས་ཀྱི་མཚན་ཉིད་རྣམS། ་སེམས་ཀྱི་རོལ་མོ་ལས་བྱུང་བར། །རྣལ་འབྱོར་བདག་ཉིད་ཅན་གྱིས་མཐོང། །འདི་ནི་མཆོག་ཏུ་གསང་ཆེན་ཏེ། །སྦྱོར་བ་ཀུན་གྱི་དམ་པ་ཡིན། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །བདུད་རྩི་མྱང་པ་དཀྱིལ་འཁོར་རྒྱལ། །མཆོག་གི་ཏིང་ངེ ་འཛིན་ཏོ། །ཡི་གེ་ཕོ་ཉ་ལ་སོགས་སྔགས། །མངའ་ཡི་ཤུགས་ཀྱི་ཡོངས་སུ་འཁོར། །སྤྲུལ་པའི་འཁོར་ལོའི་དབུས་སུ་ནི། །སྡེ་མཚན་བརྒྱད་ཀྱིས་ཤིན་ཏུ་བསྐོར། །སྔགས་རྣམས་ཐམས་ཅད་འབྱུང་བ་སྟེ། །གཞན་ཡང་ཅི ་ཡང་རུང་བ་སྟེ། །སྒྲ་ལྔ་དག་ནི་ཡང་དག་ལྡན། །ཡར་ལ་བས་རྣམ་པར་བརྒྱན། །ཆོས་ཀྱི་འཁོར་ལོ་ཞེས་བྱ་བ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །ཆ་རྣམས་བཞི་པོ་དག་གིས་ནི། །ཀུན་ནས་ཡོངས་སུ་བསྐོར་བ་སྟེ། །ལོངས་སྤྱོད ་འཁོར་ལོ་ཞེས་བྱ་བ། །རོ་རྣམས་ཀྱི་ནི་རྟེན་རང་བཞིན། །བདེ་བ་ཆེན་པོའི་འཁོར་ལོ་ཆེ། །བྱང་ཆུབ་སེམས་ནི་སུམ་ཅུ་གཉིས། །ཟླ་བ་ཉི་མ་ཞེས་བྱ་བ། །གཡོན་དང་གཡས་ཀྱིས་ངོས་གཉིས་སུ། །དཔའ་བོ་མཁའ་འགྲོ་མ་རྣམས་ཀྱི། །འགྲོ ་དང་འོང་བ་བྱེད་པའི་རྒྱུ། །གནས་གཉིས་ལ་ནི་རྟག་བརྟེན་ནས། །འོག་དང་སྟེང་དུ་ཡང་དག་བརྟེན། །གཡོན་དང་གཡས་ཀྱི་ངོས་གཉིས་སུ། །དེ་བཞིན་དབྱངས་ཡིག་བཅུ་གཉིས་ནི། །རྟག་ཏུ་སྟེང་དུ་བལྟས་པར་བྲི། །ཀ་སོགས་འོག་ཏུ་བལྟས ་པ་ནི། །ངོས་གཉིས་དག་ཏུ་སྤེལ་བ་སྟེ། །དབུས་སུ་དེ་ནི་སྦྱར་བར་བྱ། །དེ་ལྟར་བསྟན་པ་འདི་དག་ནི། །རྩ་དང་སྒྲ་ཡི་རང་བཞིན་ནོ། །གཉིས་མེད་ཡེ་ཤེས་རྡོ་རྗེ་སྟེ། །མཁའ་འགྲོ་སྒྲ་ཡི་རང་བཞིན་ནོ། །དེས་འབྱུང་སངས་རྒྱས་ཐམས་ཅད་དེ།། ་གང་དུ་སྐྱེ་བ་ཞེས་བྱར་གྲགས། །ཤིན་ཏུ་རྣམ་དག་ཡེ་ཤེས་ཚེ། །ལྷ་མོ་ཀུན་གྱི་རང་བཞིན་གང། །རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། །མཆོག་ཏུ་བདེ་བར་བརྗོད་པ་ཡིན། །རང་བྱུང་གི་ནི་གཟུགས་འདི་ཉིད། །སྤྲོ་དང་སྡུད་པར་བྱེད་པའོ།། ་ཡི་གེ་ཕོ་ཉ་ལ་སོགས་བསྔགས། །དེར་ནི་ཆ་དང་བྲལ་བ་གང། །བྷ་གའི་དབུས་སུ་གཟུགས་མེད་པ། །དེ་ནི་རྟག་ཏུ་གནས་པ་ཡིན། །སྨིན་དབུས་ཐིག་ལེའི་པདྨ་རུ། །བཅུ་དྲུག་སྐུད་པས་བསྐོར་བ་ཡིན། །ཤེས་རབ་ཐབས་ཀྱི་མཉམ ་སྦྱོར་གྱིས། །ཁ་སྦྱོར་ཞེས་བྱར་བརྗོད་པ་ཡིན། །གསང་བ་མཆོག་གི་དགྱེས་པ་ནི། །ཐམས་ཅད་བདག་ཉིད་རྟག་བཞུགས་གང། །འདི་ནི་ཀུན་མཁྱེན་ཞེས་བྱ་སྟེ། །ཀུན་ཏུ་འགྲོ་བ་མི་ཤིགས་པའོ། །པདྨ་ཡི་ནི་སྣ་རྩེ་རུ། །རྒྱུ་དང་མི ་རྒྱུར་བཅས་པར་བསྒོམ། །ཡིད་ཀྱིས་བཟླས་དང་ཡང་དག་ལྡན། །དག་དང་ཡི་གེ་རྣམ་པར་སྤངས། །ངེས་པའི་གོ་འཕང་རྟག་ཏུ་གནས། །བརྟན་པ་ཆོས་དབྱིངས་རང་བཞིན་ནོ། །ཤིན་ཏུ་ཕྲ་བ་རྡུལ་དང་བྲལ། །ཡེ་ཤེས་སྐུ་སྐྱེ་དྲི་མ་མེད། །གསལ ་པ་མཆོག་གི་རང་བཞིན་ཏེ། །མྱ་ངན་འདས་པ་འབའ་ཞིག་ཡུལ། །ཕན་ཚུན་མདུང?་པའི་གསང་སྔགས་ནི། །ཡུལ་ཉིད་ཀྱིས་ནི་དབྱེ་བར་བྱ། །ས་བོན་ཕྲེང་བ་དེ་ནས་བསྒོམ། །ཧཱུཾ་གི་སྐུད་པས་བཅིངས་པ་སྟེ། །སྒྲུབ་བྱ་འགོག་པར་གྱུར་ན་ནི། ། ་གོམ་པ་གཅིག་ཀྱང་མི་འགྲོའོ། །སྔགས་དང་ཐིག་ལེ་འདི་དག་ནི། །ཀུན་རྫོབ་བྱང་ཆུབ་སེམས་བསྒོམ་པར། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །འདི་ཡེ་ཤེས་རབ་ལྷན་སྐྱེས་ཏེ། །དེ་ཡི་གཟུགས་སུ་གྱུར་པས་གནས། །ལས་ཀྱི་རླུང་གིས ་བསྐྱོད་ནས་སུ། །ལྟེ་བའི་དཀྱིལ་འཁོར་འདི་ནས་འབར། །སྒྱུ་མ་ཆེན་མོ་ཞེས་བྱར་བཤད། །ལས་རྣམས་ཐམས་ཅད་རབ་སྒྲུབ་པའོ། །སྐྲ་རྩེ་བརྒྱར་གྱུར་པ་ཡི་ཆ། །སྐད་ཅིག་གློག་གི་འོད་ཟེར་ཅན། །ལྷ་ཡི་རྣལ་འབྱོར་ལུས་སུ་ནི། །ལྟེ་བའི ་སྒོ་ཡི་?་གནས། །ཕྱོགས་རྣམས་ཀུན་ཏུ་སྤྲོས་ནས་ནི། །ལྷོ་དང་ལྷ་མིན་ཀུན་བསྲེགས་ཏེ། །སྙིང་གའི་ཆོས་ཀྱི་འཁོར་ལོ་ནི། །བསྲེགས་ཏེ་ལོངས་སྤྱོད་འཁོར་ལོར་སོང། །སྣ་བུག་གཡས་ནས་བྱུང་ནས་ནི། །སླར་ཡང་ཞུགས་ཏེ་སྨིན ་མཚམས་ཀྱི། །མཛོད་སྤུའི་ཁུང་ནས་བྱུང་ནས་ནི། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྣ་སྒོ་གཡོན་དུ་ཞུགས་ནས་ནི། །སྤྱི་བོའི་འཁོར་ལོ་བསྲེགས་ནས། །སྔོན་གྱི་ལམ་ནས ་སླར་བྱུང་སྟེ། །སླར་ཡང་སྤྱི་གཙུག་ཏུ་ནི་ཞུགས། །བསྲེགས་པར་གྱུར་པའི་སངས་རྒྱས་རྣམས། །དགའ་བ་བསྐྱེད་ནས་ལྟེ་བ་ཡི། །དཀྱིལ་འཁོར་དུ་ནི་སོང་གྱུར་ན། །སྔོན་བཞིན་དུ་ནི་གནས་པར་གྱུར། །དགའ་བ ་སྐད་ཅིག་བྱེ་བྲག་གི་།བླ་མའི་ཞལ་ལས་ཤེས་པར་བྱ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །མྱ་ངན་ལས་འདས་བའི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་བསམ་གཏན་ནོ། །ོཾ་ན་མོ་བྷ་ག་ཝ་ཏེ་བཱི་རེ་ཤཱ་ཡ། མཧཱ་ཀལྤཱ་གནི? ་སནྣི?་བྷཱ་ཡ། ཛ་ཌཱ་མེ་ཀུ་ཊོཏཀ་ཊཱ་ཡ། དཾཥྚ?་ཀརཱ?་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པཱ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊཝཱཾ་ག་དྷི་རི་ཎི། བྱཱ་གྷྲ་ཛི་ནཱཾ་བ་ར་དྷཾ་རཱ་ཡ་མཧཱ་དྷུམྦྷཱནདཱ?་ཀ་ར་ཝ་ཊ་ཥཱ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ཀྵཾ་ཀྵཾ་ཕཊ་ཕཊ་ཀ་ར ་ཀ་ར། བནདྷ་བནདྷ་ཕ་ཙ་ཕ་ཙ། ཧིཾ་ཧིཾ་ཧཾ་ཧཾ། ད་ཧ་ད་དྷ། ཀུ་རུ་ཀུ་རུ། ཏྲཱ་ས་ཡ་ཏྲཱ་ས་ཡ། བྷཀྵ་བྷཀྵ། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། པ་ས་རུ་ཌཧི་རཱནྟྲ་མཱ་ལཱ་བ་ལཾ་བི་ན། གྲིཧྞ་གྲིཧྞ། ཀྵོ་བྷ་ཡ་ཀྵ་བྷ་ཡ། དྷ་དྷ་ཨཱ་ཀཋཡ། ཨཱ་ཀཊདྷཡ། ཅི་ལི་ཅི་ལི། །སི་ལི་སི་ལི། ་ས་པ་ཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦ་མྦཱ་ཏརྫཱ?་ཡ་ཏ་རཛ་ཡ་ཧྲཾ་ཧྲཾ། ཕེཾ་ཕེཾ། ཧྲིཾ་ཧྲིཾ། དྷི་ལི་དྷི་ལི། སྔགས་ཀྱི་ཚིག་ནི་ཀུན་ལ་ཡང། །ོཾ་ནི་ཐམས་ཅད་གསལ་བར་བྱེད་དེ། །ཧཱུཾ་ཧཱུཾ་ཕཊ་ནི་མཛའ་རུ་སྦྱར། །རབ་གཏུ་མ་ལ་སོགས་མཁའ་འགྲོ་མ།། ་དང?་མིང་བརྗོད་པའི་སྔགས་ལ་ནི། །དང་པོར་ཨོཾ་དང་སྦྱར་བྱ་སྟེ། །ཧཱུཾ་ཧཱུཾ་ཕཊ་ནི་མཛའ་རུ་གནས། །ོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ་ཊཱ་ཀི་ནཱི་ཛཱ་སཾ་བ་རཾ་སྭཱཧཱ། སྙིང་པོའོ། །ོཾ་ཧྲཱི:ཧ་ཧ་ཧུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ོཾ་སུཾ་བྷ་ནི་སུཾ་བྷ ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བདྱཱི་རཱ་ཛ་ཧུཾ་ཧུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། །ོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་བརྞ་ནཱི་ཡེ་ཧུཾ་ཧུཾ་ཕཊ་ཕཊ་སྭཱཧཱ། སྙིང་པོའོ། །ོཾ་བཛྲ་བཻ ་རོ་ཙཱ་ནི་ཡེ?་ཧུཾ་ཧཱུཾ་ཕཊ་ཕཊ། ཉེ་བའི་སྙིང་པོའོ། །ོཾ་བཱི་ར་ཧཱུཾ་ཧཱུཾ་ཕཊ། སྙིང་པོ་དང་ཉེ་བའི་སྙིང་པོའོ། །རྗེ་བཙུན་མའི་སྔགས་ཀྱི་ཆིའོ། །ོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ།། ཁཽཥ་ཊ་ཧེ། ཧཱུཾ་ཧཱུཾ་ཧོ། །ཕཊ་ཧ། དེ་དག་ནི་དཔའ་བོ་དྲུག་གི་གོ་ཆའོ། །ོཾ་བཾ། ཧཾ་ཡོཾ། ཧྲི ་མོ། ཧྲིཾ་ཧྲིཾ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཨོཾ་ནི་ཀུན་ལ་སྦྱིན་པར་བྱ། །རྣལ་འབྱོར་མ་དྲུག་གོ་ཆ་ཡིན། །ོཾ་ཨ་ཨཱ། ཨི་ཨའི། ཨུ་ཨའུ། རི་རཱི། ལི་ལཱི། ཨེ་ཨི། ཨཽ་ཨཽ། ཨཾ་ཨ:ཀ་ཁ་ག་གྷ་ང། ཅ་ཆ་ཛ་ཛཧ་ཉ། ཊ་ཋ་ཌ་ཌཧ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ།? ་ཤ་?་ས་ཧ། ཀྵ:ཧཱུཾ་ཧཱུཾ་ཕཊ་ཕཊ་སའཝཧཱ། དཔའ་བོ་དང་མཁའ་འགོ་མ་ཐམས་ཅད་ཀྱི་གནས་སོ། །ོཾ་ན་མོ་བྷ་ག་བ་ཏི་བཛྲ་བཱ་རཱ་ཧི་ཨཱ་རྱཱ་པ་རཱ་ཛི་ཏ་ཧྲཻ་ལོ་གྱ་མཱ་ཏེ་མཧཱ་བིདྱེ་སརྦ་བྷུ་ཏ་བྷ་ཡཝཱ་བ་ཧེ་མ་ཧཱ་བཛྲེ་བཛྲེ་ནི་ཨ་ཛ་ཏེ་ཨ་པ་རཱ་?་ཏཻ་?་?་ནེ་ཏྲ་གྷྲ་མ་ཎི་བི་ཤོ་བ ་ཎི་?་?་ཎི་གྲོ་དྷ་ནི་ཀ་རཱ་ལི་ནི་སཾ་ཏྲཝཱ་ས་ནི་མཱ་ར་ཎི་སུ་པྲ་བྷེ་ད་ནི་ཨ་པ་རྠཱ་ཡེ་བི་ཛ་ཡེ་ཛཾ་བྷ་ནི་སྟཝཾ་བྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གེ་ནི་ཀཱ་མི་ཤྭ་རི་ཁ་ཤེ་ཏ་དྱ་ཐཱ་པོ་ཏཾ་གེ་པྲོ་ཏཾ་གེ་ཧ་ན་ཧ་ན་པྲཱ་ཎཱ་ཀིང་ཀི་ནི་ལིཾ་ཁི་ནི་དྷུ་ན་དྷུ་ན་བཛྲ་ཧསྟེ་ཤོ་ཥ་ཡ་ཤོ་ཥ་ཡ། ཁ་ཊཝཱཾ་ག ་ཀཱ་པཱ་ལ་དྷཱུ་རི་ཎི་མཧཱ་པི་ཤི་ཏོ་མཱཾ་སཱ་ཨ་སི་ནི་མ་ནུ་ཥྱནྟུ་པྲི་བྲཏྟི་སནྣི་དྷཡཾ་ན་ར་སི་རོ་མཱ་ལཱ་གནྠི་ཏ་དྷཱ་རི་ནི་སུཾ་བྷཱ་ནི་སུཾ་བྷེ་ཧ་ན་ཧ་ན་པྲ་ཎཱཾ་སརྦ་པཱ་པ་སཏྭཱ་ནཱཾ་སརྦ་པ་ཤཱུ་ནཾ་མཱཾ་ས་ཚེ་དཀྲོ་དྷ་ནི་མཱུ་རྟེ་དཥྚཱཾ་ཀ་ར་ལི་ནི་མཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྱ་ཨག་མ་ཧི་ཥྲི་ས་ཧ་སྲ་ཤི ་རེ་ས་ཧ་སྲ་བཱ་ཧ་བེ་ཤ་ཏ་ས་ཧ་སྲུ་ཨཱ་ན་ནེ་ཛ་ལི་ཏ་ཏ་ཏེ་ཛཝཱ་ཛཝཱ་ལ་མུ་ཁ་པི་ག་ལ་ལེ་ཅི་ནི་བཛྲ་ཤིར་རཱ་བཛྲ་ཨཱ་ས་ན་མི་ལི་སི་ལི་ཏི་མི་ལི་ཏི་མི་ལི་ཧེ་ཧེ་ཧཱུཾ་ཧཱུཾ་ཁ་དྷུ་དྷུ། རུ་རུ། དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ་མཧཱ་ཡོ་གེ་ནི་པ་ཋི་ཏ་སིདྷེ། དྲཻ་དྷཾ་དྲེ་དྷཾ་གྲཾ་གྲཾ་ཧེ་ཧེ་ཧ་ཧ། ་བྷཱི་མེ་ཧ་ས་ཧ་ས་བྷེི་རེ་ཧཱ་ཧའཧཱུཾ་ཧཱུཾ་ཏྲཻ་ལོ་ཀྱ་བི་ནཱ་ཤ་ནི་ས་ཧ་སྲ་ཀོ་ཊི་ཏ་བཱ་ག་ཏ་པ་རི་བཱ་རེ་ཏི་ཧཱུཾ་ཧཱུཾ་ཕཊ་སིཾ་ཧ་རུ་པེ་ཁ:ག་ཛ་རུ་པེ་ག:ཏྲཻ་ལོ་ཀྱ་རི་སུ་ད་རེ་ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧཱུཾ་ཧཱུཾ་ཕཊ། བཱི་ར་དྭཻ་ཏེ་ཧཱུཾ་ཧཱུཾ་ཕཊ། ཧ་ཧ་མཧཱ་པ་ཤུ་མོ་ཉ་ནི་ཡ་གཱི ་ཤྭ་ར་ཏྭཾ་ཌཱ་ཀི་ནི་ལོ་ཀཱ་ནཱཾ་བནདྷ་ནི་ས་ཏྱ:བྲ་ཏྱ་ཀཱ་རི་ཎི་ཧཱུཾ་ཕཊ། དྷཱུ་ཏ་ཏྭཱ་ས་ནི་མཧཱ་བཱི་རེ་པར་མ་སིདྡྷེ་ཡོ་གཱི་ཤྲ་རི་ཕཊ་ཕཊ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཕཊ་སྭཱཧཱ། ཨོཾ་ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནདྷ་དྷ་བནདྷ་དྷ། ཏྲཱ་ས་ཡ་ཏྲ་ས་ཡ། ཀཱོ་བྷ ་ཡ་ཀཱོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲ:ཧྲ:ཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཁ+S། བ་ས་རུ་དྷི་དནྟ་མཱ་ལཱ་བ་ལི་བི་ནི་གྲིཧྞ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་རྫག་སརྦ་མྦྷཱ?་ཏརཋ་ཡ་ཏརྫ་ཡ། ཨཱ་ཀཎྞ?་ཨཱཌཌཧཱ?་ཧྲཾ་ཧྲེཾ།?་ཛྙོཾ?་ཛྙོཾ?། ཀྵམ་ཀྵམ། ཧཱ་ཧཱ། ཧཾ་ཧཾ། ཧཱུཾ་ཧཱུཾ། ཀི་ལི ་ཀི་ལི། སི་ལི་སི་ལི། ཅི་ལི་ཅི་ལི། དྷི་ལི་དྷི་ལི། ཧཱུཾ་ཧཱུཾ་ཕཊ་ཕཊ། སྭཱཧཱ། ཨོཾ་ཤིང་གཅིག་དང་ནི་དུར་ཁྲོད་དང། །རི་བོ་དང་ནི་རི་སུལ་ཕུག་།གྲོང་དང་བཞི་མདོ་ཞིང་དང་ནི། །ཁྱད་པར་དུ་ནི་ཁང་སྟོང་དང། །སེམས་ཅན་སྣོད་དང་ཐད་དང་ནི།། ་ཁྱད་པར་དུ་ནི་ཆུ་ལ་གནས། །ནག་པོ་དྲག་པོ་དྲག་ཆེན་མོ། །ལྷ་སྦྱིན་མཉམ་དུ་བསྟན་པ་དང། །ནག་པོ་གཅིག་པ་འཇིགས་བྱེད་དང། །རྒ་ལས་འདས་དང་ལོག་འདྲེན་རྣམས། །རྒན་བྱེད་མ་དང་དྲག་བྱེད་མོ། །འཇིགས་བྱེད་མ་དང་ཨུ་མ་དང ་རྒྱལ་དང་རྣམ་པར་རྒྱལ་མ་དང། །མི་ཐུབ་གཞན་གྱིས་མི་ཐུབ་མོ། །ནག་མོ་བཟང་མོ་ནག་ཆེན་མོ། །ནག་སྲོམ་མ་དང་རྣལ་འབྱོར་མ། །དབང་མོ་དང་ནི་ཟླ་བ་མོ། །དྲག་ཏུ་སྡང་དང་འཆང་བ་དང། །འཕྲོག་བྱེད་མ་དང་མར་མེ་མ། ། ་འཇིག་བྱེད་གྲོང་གནས་རྣལ་འབྱོར་མ། །དྲག་མོའི་གཟུགས་དང་གཟུགས་ཆེན་མོ། །མཆེ་བ་གཙིགས་དང་ཐོད་ཆེན་མོ། །ཐོད་ཕྲེང་ཕྲེང་ཅན་ཁ་ཊཝཱཾ་མ། །སྤྲུལ་ཆེན་རལ་གྲི་དགྲ་སྟ་མ། །རྡོ་རྗེ་དེ་བཞྣ་གཞུ་ཅན་མ། །དེ་ཉིད ་ཆེན་མེ་མཁའ་འགྲོ་མ། །ལས་ཀུན་རྗེས་སུ་སྒྲུབ་བྱེད་མ། །སྦྱོར་བའི་དཀྱིལ་འཁོར་རྒྱལ་ཆེན་མོ། །རྡོ་རྗེ་དེ་བཞིན་དབང་ཕྱུག་གཙོ། །དེ་བཞིན་གཤེགས་པའི་སྐུ་ཆེན་ཏེ། །རྡུལ་མེད་རྣལ་འབྱོར་སྦྱིན་པ་མོ། །རྡོ་རྗེ་དབང་མོའི་བཀའ་འདི ་ཡིས། །ཐམས་ཅད་ཀུན་སྣ?་དིར་སྐྱོན་ཅིག་།ོཾ་ཀ་ཀ་ཀ་ཌཧཡ་ན་བ་བ་བནདྷན་ཁ་ཁ་ཁཱ་ད་ན་སརྦ་དུཥྚ་ཧ་ན་ཧ་ན་གྷཱ་ཏ་ཨ་ཕཱ་དྱཱ་ཡས་སུ་ཨཙ?་ཀྲཡཾ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཛ:སྭཱཧཱ། བདུད་རྩི་ཡིས་ནི་ཁ་བཀང་སྟེ། །ལྷ་རྣམས་ཐམས་ཅད་ཚིམ་པར་བྱ། །རྣལ ་འབྱོར་རྣལ་འབྱོར་མ་ཡིས་ནི། །ལས་རྣམས་ཐམས་ཅད་འགྲུབ་པར་བསྒོམ། །ོཾ་བྷཀྵ་བྷ་ཀཱ་སརྦ་ཡི་གཱི་ཤྭ་རེ་ཧཱུཾ་ཧཱུཾ་ཛ:ཛ:སྭཱཧཱ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །དཔའ་བོ་དང་མཁའ་འགྲོ་མ་ཐམས་ཅད་ཀྱི་གཏོར་མའི་སྔགས་སོ།། །། ་ཨོཾ་ན་མོ་ནཱི་ལཱཾ་བ་རདྷ་རཱ་ཡ་བཛྲ་པཱ་ཎ་ཡེ་མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨ་ནི་ཀ་གི་གཱ་ནཱ་དེ་བཱ་ལཱ་ཀོ་ས་སམ་བུདྡྷ་ཀི་ཊི། ཤ་ཏ་སཧ་སྲ་པའི་པྲིཏྟཱ་ཡ། བི་ཀྲི་ཏཾ་དཥྚཾ་ཀ་ལ་རཱུ་པཱ་ཡ་ཨགནི་ར་སི་ན་ཡཱ་ན་ཡཱ་ཛའི་ཏ་གི་ཥ་ས་སཱ་ཡམྦཱི་མ་ན་ད་ཡ་བ་སུ་ཀི་ནཱ་ག་རཱ་ཛཱ་བི ་བྷུ་ཥི་ཏ་ཀ་ར་ཙ་ར་ཎཱ་ཡ་ཀྲིཥྚ་བྷཱུ་ཛ་གཱ་ཡ་ཡཛྙཽ་པ་བཱི་ཏཱ་ཡ་ཛ་ལེ་ཏ་བྷུ་ཛ་མ་ཎི་མུ་ཀུ་ཊཱ་ཡ་པུ་རི་ཏ་ཊ་པ་བཱ་ད་ནཱ་ཡ་སཾ་ཀྲུ་ཅི་ཏ་བྷུ་ལ་ཏཱ་ཡ། ད་ཤ་ན་ཥཎྜའོ་དོ་ཥེ་ཎཱ་ཡ་ཀྲི་ཧནྟ་རུ་པཱ་ཡ་བི་དྷུ་ཛ་ཧཱ་ཡ་མ་ཧེ་ར་ཀ་བཀྵ་ཎཱ་ཡ་ཀ་ར་སྤོ་ཊ་ཏྲ་ས་ན་ཀརཱ་ཡ་སུ་ལ་རྞ ་ཀ་ནི་པ་ར་ཛ་མེ་ཁ་ལཱ་ཡ་ཧཱུཾ་ཀ་ན་ནི་ད་ཏྲས?་ས་ན་ཀ་རཱ་ཡ། ཨ་ཤཱི་ཏི་ཡོ་ཛ་ན་སྭཱཧཱ་སྲ་ག་བྷི་ར་སཱ་ག་ར་ཛ་མུ་མ་ན་ད་ལཱ་ཡ། ཏསྐཱ་དི་ཏྱ་ཀཾ། དྷ་བ་ཧ་ནཱ་ཡ་དཥྚཾ་ཀ་ར་ལཱ་ཡ་ཧ་སི་ཏྲ་ཊཊཱ་ཊཊཱ་ཧཱ་ས་ན་ད་ནཱ་ཡཱ། མཧཱ་སཾ་ཀྵོ་བྷ་ཀ་རཱ་ཡ་ཀྵ་ལ་རུ་པཱ་ཡ་ཏྲཻ་ལོ་ཀུཎྜ་ཀྵ་རྞ ་ཀ་ར་ཎཱ་ཡ་ནཱ་གཱ་ནཱཾ་ཁྲི་ཏྱུ་ཀཱ་ལ་ཡ་ཨེ་མཾ་གཾ་གཱ་ནི་བ་ལེ། ཀ་ས་མེ་བྷུདྡྷེ་བྷ་ག་བ་ཏ་བི་བྷ་ཥི་ཧཾ། མནྟཱ་མ་བཱ་ཏྲ་ཡི་ཥྱ་མེ། བྷོ་བྷོ་བཱནཱ་གཱན་དྷི་པ་ཏ་ཡེ་ཨོཾ་དཾ་ནཱི་ལཾ་བ་ར་དྷ་ར་ཤེ་རཱ་རཱ། བཛྲ་པཱ་ཎི་ཧྲི་ད་ཡ། ཡ(རྒྱུད་འགྲེལ་བྷ་བི་ཥྱ་ཏི། །ཏདྱ་ཐཱ། །བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མཧཱ་པ་ལོ་ཀ་པཱ་ལ། ནཱི་ཛ་ཧ་ར་ཛཾ་ཧ་ར། ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར། སརྦ་ནཱ་གཱ་ནཾ་ཙྪིནད་ཙྪིནད་ནཱ་ཧྲི་ད་ཡཱ་ནི། བྷིནད་བྷིནད་ནཱ་ག་མརྨཱ་ཎི། བི་ཙྪིནད་ནཱ་ཧྲི་ད་ཡཱ་ནི། བྷིནད་བྷིནད་ནཱ་ག་མརྨཱ་ཎི། བི ་ག་ན་ཡ་ནཱ་ནི། བི་ཤི་རྱཾ་དུ་ནཱ་ག་ཤ་རཱི་རཱ་ཎི། ཏདྱ་ཐཱ། ཧཱུཾ་ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཕཊ། ནཱ་ཚིནད་ནཱ་ཡ་ཕཊ། ནཱི་ལ་བ་ས་ནཱ་ཡ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པ་ར་ཀྲ་མཱ་ཡ་ཕཊ། ཀྲི་ཏཱཾ་ཏཱ་ཡ་ཕཊ་ཀྲི་ཏཱཾ་ཏ་རཱུ་བཱ་ཡ་ཕཊ། རོ་ཥ ་ཎཱ་ཡ་ཕཊ། ཀུསྨཎྜོ་ཚཱ་བ་ན་ཀ་རཱ་ཡ་ཕཊ། པྲེ་ཏ་པི་ཤཱ་ཙ་པི་ནཱ་ཤ་ཀ་པཱ་ཕཊ། ཡཀྵ་པ་སྨར་པི་ནཱ་ཤ་ཀ་རཱ་ཡ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦ་བིགྷྣ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦ་ཤ་ཏྲུཾ་སཾ་གྷ་བི་ནཱ ་ཤ་ཀ་རཱ་ཡ་ཕཊ། ནཱི་ལཱ་མ་བ་ར་དྷ་རོ་བཛྲ་པ་ཎཱི་རཱ་ཛཏཱ་པ་ཡ་ཏི་སྭཱཧཱ། །གནོད་སྦྱིན་དང་སྲིན་པོ་ལ་སོགས་པས་ཟིན་པ་ལ་ནི་ཆུ་ལ་བཟླས་ཏེ་གཏོར་ན་གྲོལ་བར་འགྱུར་རོ། །ཆང་བཟློག་པ་ནི་ཐལ་བ་ལ་བཟླས་ནས་སྤྲིན་པ་བལྟས་ཏེ ་གཏོང་པར་བྱའོ། །ཆུ་ལ་བཟླས་ཏེ་གཏོང་ན་ཆར་འབབ་པར་འགྱུར་རོ། །རིམས་ལ་ནི་སྐུད་པ་སྔོན་པོ་ལ་བཟླས་ཏེ་ལག་པ་ལ་གདགས་སོ། །ཟླ་བ་དང་ཉི་མ་གཟས་ཟིན་པའི་དུས་སུ་གོ་རོ་ཙ་ན་ལ་ལན་སྟོང་མངོན་པར་བཟླས་ཏེ་དཔྲལ་བར ་ཐིག་ལེ་བྱས་ན་མི་སྣང་བར་འགྱུར་རོ། །དོན་ལ་དམིགས་ཏེ་གཙང་ཞིང་གཙང་མའི་གོ་བྱོན་ལ་ཉིན་མཚན་དུ་ཀུན་ཏུ་བསྲེགས་ཏེ། ལན་བརྒྱད་བརྒྱ་བཟླས་ན་རྨི་ལམ་དུ་དགེ་སྡིག་ཐམས་ཅད་སྟོན་པར་འགྱུར། །ས་ལ་ལན་བདུན་བརླས ་ཏེ་ཚོམ་པོ་ལ་བལྟས་ནས་པུས་ན་ཚོམ་པོ་བས་མི་མཐོང་ཞིང་བཟློག་པར་འགྱུར་རོ། །མེ་ཏོག་གམ་འབྲས་བུ་ལ་ལན་བདུན་བཟླས་ཏེ་གང་ལ་གཏོར་པ་དེ་དབང་དུ་འགྱུར་རོ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས་སོ། །དཔའ་བོ་རྡོ་རྗེ་མཁའ་ ་འགྲོ་མ་ཞེས་བྱ་བའི་རྒྱུད་ཆེན་པོ་ལས་བཏུས་པའི་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེཾས་ཅན་ཀུན་དུ་གཟིགས་པའི་ཕྲེང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ཀ་ལཱ་ཀ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་པཎྜི་ཏ་ཆེན་པོ ་ཧྲཱི?་ཀ་ར་དང། ལོ་ཙ་བ་ཆེན་པོ་འགོས་ལྷ་བཙས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཐབ་པའོ།། །།བཅོམ་ལྡན་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་རྡོ་རྗེ་མཁའ་འགྲོ་དང་མཚུངས་ཤིན་ཏུ་ལེགས་པར་མཁྱེན། མཁས་པ་ཆེན་པོ་བླ་མ ་མང་པོ་ལོ་ཙས་བློ་ལྡན་བདག་པ་གནས་ནས་བདག་གིས་བྲིས།། །།རྒྱུ་གར་སྐད་དུ། ཤྲཱི་ཙཀྲ་སཾ་པ་ར། ས་ཧ་ཛ་ཏཏཔ་ཨཱ་ལོ་ཀ། བོད་སྐད་དུ། དཔལ་འཁོར་ལོ་སྔོམ་པའི་ལྷན་ཅིག་སྐྱེས་པའི་དེ་ཁོ་ན་ཉིད་སྣང་བ། དཔལ་འཁོར ་