CLOSE WINDOW

N1006: 'jam dpal rdo rje'i sgrub thabs
Wyliee-texts based on the ACIP/ALL Input

རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་མྱུར་དུ་ཐོབ་པར་གྱུར་ཅིག་།འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག། །འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས་བཞུགས། །བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ། ་རེ་ཞིག་དང་པོར་ལྷ་མོ་རྣམས་ཀྱི་ཅང་ཏེའུའི་སྒྲས་བསྐུལ་བ་སྔོན་དུ་འགྲོ་བ་བསམས་ནས་ལངས་ཏེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཞབས་ལ་ལུས་དང་ངག་དང་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ་ཞེས་བརྗོད་དེ། །ང?་ཕྱག? ་འཚལ?་བར་བྱའོ། །དེ་ནས་གདོང་ལ་སོགས་པ་བཀྲུས་ཏེ། སྒྲ་ལ་སོགས་དང་བྲལ་བའི་བསམ་གཏན་གྱི་ཁང་པར་ཞུགས་ཏེ། བདེ་བའི་སྟན་ལ་འདུག་ནས། གནས་དང་བདག་དང་རྣལ་འབྱོར་བསྲུང་བ་བརྩོན་པར་བྱ་སྟེ། གཡོན་? ་སྡིག་མཛུབ་བསྒྲེང་བ་སྙིང་གར་བཞག་སྟེ། གནོད་མཛེས་ཀྱི་སྔཌ་ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་གྲིགཎ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ(རྒྱུད་འགྲེལ་པའི་ཕྱོགས་སུ་དགོད་པར་བྱའོ། །དེ་ནས་རླུང་དང་མེའི་དཀྱིལ་འཁོར་ལ་གནས་པའི་པདྨ་དུམ་བུ་གཅིག་པའི་ནང་དུ་བི་མུ་ཤུ་མ་ར། གོ་ཀུ་ད་ཧ་ན། ཞེས་བྱ་བ་སྟོབས་དང་བཅས་པའི་བདུད་རྩི་བལྟས་ལ?་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོས་སྦྱང་བར་བྱའོ། །ཡེ་གེ་ཨ ་ལས་ནི་སད་པར་བྱས་ལ། ཨོཾ་གྱིས་འབར་ཞིང་གསལ་བར་བྱས་ནས། རང་གི་ལྕེའི་སྟེང་དུ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དཀར་པོ་རྣམ་པར་བསྒོམས་ཏེ། སརྦབ་ཏ་ཐཱ་ག་ཏཱ་ན་བགྷཱི་བི་ཡ་སྭཱཧཱ། ཞེས་བྱ་བས་བཏུང་བར་བྱ་ཞིང། དེ་ཉིད་ཀྱི་ལུས་ལ་བསྡུས་ནས། ་གནོད་སེམས་དང་རྣམ་པར་འཚེ་བ་དང། མི་དགའ་བ་དང། འདོད་པ་ལ་འདོད་ཆགས་པའི་གཉེན་པོར་གྱུར་པ་བྱམས་པ་དང། སྙིང་རྗེ་དང། དགའ་བ་དང། བཏང་སྙོམས་བསྒོམ་པར་བྱའོ། །དེ་ལྟར་གནས་དང་བདག་དང་རྣལ་འབྱོར་བསྲུང་བ ་བྱས་ནས། རང་གི་སྙིང་གར་ཡི་གེ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུཾ་མཐིང་ཤུན་ལྟ་བུའི་རྣམ་པར་བསྒོམས་ལ། དེའི་འོད་ཟེར་གྱི་ཚོགས་ཀྱིས་ལུས་དང་ཚོར་བ་དང། སེམས་དང་ཆོས་དག་སྟོང་པ་ཉིད་དུ་བསམས་ནས ་མདུན་དུ་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་འཁོར་དང་བཅས་པ་དང་སངས་རྒྱས་ཐམས་ཅད་དང་བླ་མ་བལྟ་བར་བྱའོ། །དེ་ནས་ཕྱི་ནང་གསང་བའི་མཆོད་པ་ཡིད་ཀྱིས་བྱས་ལ། སྐྱབས་སུ་འགྲོ་བ་ལ་སོགས་པ་བརྗོད་པར་བྱའོ། །དེའི་འོག་ཏུ་རྒྱུ་བ་དང ་མི་རྒྱུ་བ་རང་གི་ལུས་དང་ལྷན་ཅིག་སྟོང་པར་བསྒོམ་པར་བྱའོ། །ོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧཾ། དེ་ནས་སེམས་གཅིག་པུ་སྨོན་པ་དང། འཇུག་པའི་བདག་ཉིད་ཅན་བསོད་ནམས་ཀྱི་ཚོགས་བསགས་པ། རྣམ་པ་སྣ་ཚོགས་སུ་སྣང་བའི ་རང་བཞིན་དེ་ཉིད་ཀྱིས་སོ། །བགེགས་འབྱུང་བར་དོགས་ན། ཡི་གེ་ཨོཾ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུཾ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེ་བསྒོམས་ལ་དེའི་འོད་ཟེར་གྱི་ཚོགས་ཀྱིས་བགེགས་ཐལ་པར་གྱུར་པར་བ་སེམས ་ཏེ། རྡོ་རྗེའི་ར་བ་དང། རྡོ་རྗེའི་བླ་བྲེ་དང། རྡོ་རྗེའི་རང་བཞིན་ཅན་གྱིས་གཞིར་བྱིན་གྱིས་བརླབ་པའི་བར་དུའོ། །རྡོ་རྗེའི་ར་བ་དེར་ཆོས་འབྱུང་གི་ཕྱག་རྒྱ་ཆེན་པོ་བསྒོམ་ཞིང་དེའི་ནང་དུ་འཇུག་པའི་སེམས་ནཱ་དེ་ཙམ་བལྟས ་ལ། འོག་ཏུ་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་རྡོ་རྗེ་གཉིས་མཚན་པ་དང། དེའི་སྟེང་དུ་རཾ་ཡོངས་སུ་གྱུར་པ་ལ་མེའི་དཀྱིལ་འཁོར་གྲུ་གསུམ་རྡོ་རྗེས་མཚན་པ་དང། དེའི་སྟེང་དུ་བཾ་ལས་གྱུར་ཆུ? ་དཀྱིལ་འཁོར་དཀར་པོ་ཟླུམ་པོ་རྡོ་རྗེས་མཚན་པ་དང། དེའི་སྟེང་དུ་ལཾ་ལས་གྱུར་པའི་དབང་ཆེན་དཀྱིལ་འཁོར་གྲུ་བཞི་ཁ་དོག་སེར་པོ་རྡོ་རྗེས་མཚན་པ་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་སུཾ་ཡོངས་སུ་གྱུར་པའི་རི་རབ་རིན་པོ་ཆེ་སྣ ་བཞིའི་རང་བཞིན་གྲུ་བཞི་པ་ལྕོག་བརྒྱད་ཀྱིས་ཉེ་བར་མཛེས་པ་དང། དེའི་སྟེང་དུ་ཧཱུཾ་ལས་གྱུར་པའི་སྣ་ཚོགས་རྡོ་རྗེ་སྟེ། རི་རབ་དང་འབྱུང་བའི་ཡོངས་སུ་གྱུར་པ་ལས་རྡོ་རྗེར་གྱུར་པའི་སའི་ཆར་དུར་ཁྲོད་བརྒྱད་ཀྱི་དབུས་སུ་རིན་པོ་ཆེ་ཐམས་ཅད ་ཀྱི་གཞལ་ཡས་ཁང་སྒོ་བཞི་ལ་སོགས་པར་བལྟ་བར་བྱའོ། །དེའི་ནང་དུ་འཁོར་ལོ་གསུམ་དང་དབུས་སུ་པདྨ་འདབ་མ་བརྒྱད་པ་ཁ་དོག་སྣ་ཚོགས་པ་བལྟ་བར་བྱའོ། །ལྟེ་བའི་སྟེང་དུ་དུས་མཚན་མ་དང། འཇིགས་བྱེད་ཆེན་པོ ་བལྟའོ། །དེའི་སྟེང་དུ་ཨཱ་ལི་ཀཱ་ལི་ལས་བྱུང་ཟླ་བ་དང་ཉི་མ་དང། དེའི་སྟེང་དུ་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་དམར་པོ་ཡི་གེ་ཧཱུཾ་གི་མགོན་དང་བཅས་པ་འོད་འཕྲོ་བའི་རང་བཞིན་ཅན་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔའ་སྟོན་ཀའི་ཟླ་བའི་སྤྲིན་ལྟ་བུ། ཕྱག་དྲུག་ཞལ་གསུམ་སྤྱན་གསུམ་སྟེ། རལ་པའི་ཅོད་པན་གྱིས་སྤྲས་པ། ཟླ་བ་ཕྱེད་པས་ཉེ་བར་མཛེས་པ། ཐོད་པའི་ཕྲེང་བ་དག་གིས་བརྒྱན། །ཞལ་དཀར་སྔོ་དང་དམར་བ་དང། །ཞལ ་ནི་ཅུང་ཡང་རྣམ་བཞད་པ། །རྡོ་རྗེ་དྲིལ་བུ་སྙོམས་པར་ཞུགས། །སྒེག་པའི་རོས་ནི་འཕྱོ་མཛད་པ། །སྒེག་པའི་སྐྱིལ་མོ་ཀྲུང་གིས་བཞུགས། །མཆུ་མིས་བཏུང་བའི་དྲེགས་པ་དགྱེས། །ཕྱག་རྒྱ་མཆོད་པ་ཁ་ཊཝཱཾ་ག་།མི་མགོ་དང་ནི་རྩེ་གསུམ་འཆང། །ལྷ ་མོ་དེ་མདོག་ཕྱག་གཉིས་པ། །གྲི་གུག་དང་ནི་ལྷུང་བཟེད་བསྣམས། །རྡོ་རྗེ་སེམས་དཔའ་ཡང་དག་འཁྱུད། །བདེ་བ་ཆེན་པོའི་གནས་ན་བཞུགས། །དེ་ནས་སྨོན་པ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་སེམས་དཔའ་ཨི་ཞལ་དུ་ཞུགས་པར་རྣམ་པར་བསམས་ལ། ་བྱང་ཆུབ་ཀྱི་སེམས་འདོད་ཆགས་ཀྱི་མེས་ཞུ་བའི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཀྱིས་སྤྲུལ་པའི་ལྷ་མོས་ཡོངས་སུ་བསྐུལ་བས་ཡི་གེ་ཧཱུཾ་ལས་བྱུང་བའི་རྡོ་རྗེ་ཡི་གེ་ཧཱུཾ་གིས་མགོན་དང་བཅས་པ་འོད་ཟེར་གྱི ་ཚོགས་རབ་ཏུ་འཕྲོ་བ། སངས་རྒྱས་ཀྱི་ཚོགས་ཀྱི་རང་བཞིན་དུ་གྱུར་པ་ལ་བདག་ཉིད་རྡོ་རྗེ་མཁའ་འགྲོའོ་གཟུགས་ཅན་སྐུ་ལ་རྡོ་རྗེ་ཕག་མོས་འཁྱུད་པ། དཀྱིལ་འཁོར་གྱི་འཁོར་དང་ལྡན་པ་ཁྲོ་བོ་སྐུ་མདོག་ནམ་མཁའ་ལྟར་སྔོ་བསངས་ཞལ་བཞི་པ། ་ཕྱག་བཅུ་གཉིས་བ་གཡས་བརྐྱང་བའི་བཞུགས་པས་དུས་མཚན་གནོན་པ་རྩ་བའི་ཞལ་སྔོ་བསངས། གཡོན་སེར་པོ། རྒྱབ་པདྨ་རཱ་ག་ལྟར་དམར་ག་ལྟར་དམར་པ། གཡས་ལྗང་གུ་མཆེ་བ་དང་བཅས་པས་འཇིགས་པར་མཛད་པ། སྨིན་མ་སེར་བ། དབུ་སྒྲ་གྱེན་ལ ་བརྫེས་ལ་འབར་བ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་ཟླ་བ་ཕྱེད་པའི་ཐོད་ཅན་སྣ་ཚོགས་རྡོ་རྗེ་དབུ་རྒྱན་གྱིས་གནོན་པ། སྤྱན་བཅུ་གཉིས་པ། འཁོར་ལོ་དང། རྣ་རྒྱན་དང། མགུལ་རྒྱན་དང། གདུ་བུ་དང་སྐེ་རགས་དང། མཆོད་ཕྱིར་ཐོགས་དང ་ཐལ་བས་ཉེ་བར་སྤྲས་པ། སྟག་གི་ཤམ་ཐབས་ཅན། མི་མགོ་རློན་པའི་ཕྲེང་བ་འཕྱང་བ་རྡོ་རྗེ་དང་དྲིལ་བུ་བསྣམས་པའི་ཕྱག་གཉིས་ཀྱིས་འཁྱུད་པ། ཕྱག་གཞན་གཉིས་ཀྱིས་གླང་པོ་ཆེའི་པགས་པའི་གོས་འཛིན་པ། གཡས་ཌ་མ་རུ་དང། དགྲ་སྟ་ ་དང། གྲི་གུག་དང། རྩེ་གསུམ་པ་བསྣམས་པ། གཡོན་ན་ཚངས་པའི་མགོ་བོ་དང། ཞགས་པ་དང། ཁ་ཊཝཱཾ་ག་དང། ཀ་པཱ་ལ་བསྣམས་པར་བལྟ་བར་བྱའོ། །ཕག་མོ་ཞལ་གཅིག་པ་ཕྱག་གཉིས་པ། སྤྱན་གསུམ་པ ་སྐུ་མེད་ག?་དམར་མོ། དུམ་བུས་བརྒྱན་པའི་སྐ་རགས་ཅན། བྱིན་པ་གཉིས་ཀྱིས་ཡང་དག་པར་འཁྲིལ་པ། བདེ་བ་ཆེན་པོའི་གནས་ན་གཞུགས་པ་ཕྱག་གཉིས་ཀྱིས་འཁྱུད་པ། བདུད་སྡིག་ཏོ་ཅན་ལ་སོགས་པའི་ཁྲག་གིས་བཀང་པའི ་ཀ་པཱ་ལ་བསྣམས་པ། ཕྱག་གཅིག་ན་གྲི་གུག་བསྣམས་པ། ཡན་ལག་ཕྱག་རྒྱ་དྲུག་གིས་བརྒྱན་པ་བསྒོམ་པར་བྱའོ། །དེ་ལྟར་ན་བཅོམ་ལྡན་འདས་ནི་ཡང་དག་པའི་ཏིང་འཛིན་ཡིན་ནོ། །པདམོའི་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་དང ་ཡིད་འོད་མ་དང། དུམ་སྐྱེས་མ་དང། གཟུགས་ཅན་མིན་གོ་རིམ་བཞིན་དུ་སྔོན་པོ་དང། སེར་པོ་དང། དམར་པོ་དང། ལྗང་གུ་དང། ཞལ་གཅིག་པ། ཕྱག་གཉིས་པ། རོའི་གདན་ལ་གཡོན་བརྐྱང་བས་བཞུགས་པ། ཐོད་པ་དང། ཁ་ཊཝཱཾ་པ ་དང། གྲི་གུག་བསྣམས་པ། ཐོད་པའི་ཕྲེང་བས་བརྒྱན་པ། ཐོད་པའི་ཕྲེང་བའི་ཅོད་པན་ཅན་སྤྱན་གསུམ་པ་དབུ་སྐྲ་གྲོལ་བ། གཅེར་བུ་དུམ་བུས་བརྒྱན་པའི་སྐ་རགས་ཅན། ཕྱག་རྒྱལ་འཆང་བ་སྟེ། ལུས་དྲན་པ་ཉེ་བར་གཞག་པ་ནི་མཁའ་? ་འགྲོ་མའོ། །ཚོར་བ་དྲན་པ་ཉེ་བར་གཞག་པ་ནི་ཡིད་འོང་མའོ། །སེམས་དྲན་པ་ཉེ་བར་གཞག་པ་ནི་དུམ་སྐྱེས་མའོ། །ཆོས་དྲན་པ་ཉེ་བར་གཞག་པ་ནི་གཟུགས་ཅན་མའོ། །མཚམས་སུ་ནི་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་སྣོད ་བཞིའོ། །རྣམ་པར་དག་པ་ནི་རྣམ་པར་ཐར་པ་བཞི་སྟེ། འདི་ལྟར་སྟོང་པ་ཉིད་དང། མཚན་མ་མེད་པ་དང། སྨོན་པ་མེད་པ་དང། མངོན་པར་འདུས་མ་བྱས་པའི་མཚན་ཉིད་དོ། །དང་པོ་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་ཁ་དོག ་སྔོན་པོ་རྡོ་རྗེ་དྲ་བས་བརྒྱན་པ། ཤར་དང་ལུས་ཀྱི་དཀྱིལ་འཁོར་མགོ་བོ་པུལླཱི་ར་མ་ལ་ཡ་ལ་ཐོད་པའི་དུམ་བུ་ཅན་དང། རབ་?་གཏུམ་མོ་སྟེ། འདུན་པའི་རྫུ་འཕྲུལ་གྱི་རྐང་པའོ། །སེན་མོ་དང་སོ་ནི་ཐོད་པའི་རྣམ་བུ་ཅན་ནོ། །བྱང་དང་སྤྱི་གཙུག་ཛ ་?་པ་ནི་ཀང་རུས་ཆེན་པོ་དང་གཏུམ་པའི་མིག་ཅན་མ་སྟེ། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །སྐྲ་དང་སྤུ་ནི་ཀེང་རུས་ཆེན་པོའོ། །ནུབ་དང་རྣ་བ་གཡས་པ་ཨུཌཌཡཱ་ན་ལ་ཀང་རུས་དང་འོད་ལྡན་མ་སྟེ། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པའོ། །ཕགས་པ ་དང་དྲི་མ་ལ་ནི་ཀེང་རུས་སོ། །ལྷོ་དང་མགོ་བོའི་རྒྱབ་ཨརྦུ་ད་ལ་ནི་མཆེ་བ་གཙིགས་པ་དང་སྣ་ཆེན་མོ་སྟེ། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པའོ། །ཤལ་ནི་མཆེ་བ་གཙིགས་པའོ། །གནས་དེ་བཞི་ས་རབ་ཏུ་དགའ་བའོ། །མེའི་ཕྱོགས་དང་རྣ་བ་གཡོན་པ་གོ་དཱ? ་རིལ་ནི་ཆང་དགྲ་དང་བརྟན་པའི་བློ་ཅན་མ་སྟེ་ངད་པའི་དབང་པོའོ། །རྩ་རྒྱུས་ནི་ཆད་དགྲའོ། །བདེན་བྲལ་གྱི་ཕྱོགས་དང་སྨིན་མའི་དབུས་སུ་བཱ?་མེ་ཤྭར་ལ་ནི་འོད་དཔག་མེད་དང་མིའུ་ཐུང་མ་སྟེ། བརྩོན་འགྲུས་གྱི་དབང་པོའོ། །རུས་པ་ལ་ནི་འོད་? ་ཏུ་མེད་པའོ། །རླུང་གི་ཕྱོགས་དང་མིག་དེ་བི་ཀོ་ཊི་ལ་རྡོ་རྗེའི་འོད་དང་ལངྒའི་དབང་ཕྱུག་མ་སྟེ། དྲན་པའི་དབང་པོའོ། །མཁལ་མ་ལ་ནི་རྡོ་རྗེའི་འོད་དོ། །དབང་ལྡན་གྱི་ཕྱོགས་དང་ཕྲག་པ་གཉིས་མཱ་ལ་བ་ལ་རྡོ་རྗེའི་སྐུ་དང་ཤིང་སྒྲིབ་མ་སྟེ།། ་ཏིང་ངེ་འཛིན་གྱི་དབང་པོའོ། །སྙིང་རྗེ་ནི་རྡོ་རྗེའི་སྐུའོ། །ཉེ་བའི་གནས་ཏེ་ས་དྲི་མ་མེད་པའོ། །ཐུགས་ཀྱི་འཁོར་ལོ་མིན་མཁའ་ལ་རྒྱུ་བའོ། །གསུང་གི་འཁོར་ལོ་དམར་པོ་པདྨའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང། མཆན་ཁུད་ཀཱ་མ ་རཱུ་པ་ལ་ནི་མྱུ་གུ་ཅན་དང་ས་སྲུངས་མ་སྟེ། ཤེས་རབ་ཀྱི་དབང་པོའོ། །མིག་ནི་མྱུ་གུ་ཅན་ནོ། །བྱང་དང་ནུ་མ་ཨོ་དྲེ་ལ་ནི་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོ་སྟེ་དང་པའི་སྟོབས་སོ། །མཁྲིས་པ་ནི་རྡོ་རྗེའི་རལ་པ་ཅན་ནོ། །ཞིང་སྟེ་ས་འོད ་བྱེད་པ་ཅན་ནོ། །ནུབ་དང་ལྟེ་བ་ཏྲི་ཤ་ཀུ་ནེ་ལ་ནི་དཔའ་བོ་ཆེན་པོ་དང། རླུང་གི་ཤུགས་ཅན་མ་སྟེ་བརྩོན་འགྲུས་ཀྱི་སྟོབས་སོ། །གློ་བ་ནི་དཔའ་བོ་ཆེན་པོའོ། །ལྟོ་དང་སྣའི་དབང་པོ་ཀི་ས་ལ་ལ་ནི་རྡོ་རྗེ་ཧཱུཾ་མཛད་དང་ཆང ་འཐུང་མ་སྟེ་དྲན་པའི་སྟོབས་སོ། །རྒྱུ་མ་ནི་རྡོ་རྗེ་ཧཱུཾ་མཛད་དོ། །ཉེ་བའི་ཞིང་སྟེ་མ་འོད་འཕྲོ་བ་ཅན་ནོ། །མེའི་ཕྱོགས་དང་ཁ་ཀ་ལིངྒ་ལ་ནི་རབ་ཏུ་བཟང་པོ་དང་ལྷ་མོ་སྔོ་བསངས་མ་སྟེ་ཏིང་ངེ་འཛིན་གྱི་སྟོབས་སོ། །གཉེ་མ་ནི་རབ་ཏུ་བཟང་པོའོ། །བདེན ་བྲལ་གྱི་ཕྱོགས་དང་མགྲིན་པ་ལམ་པ་ཀ་ལ་ནི་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོ་སྟེ་ཤེས་རབ་ཀྱི་སྟོབས་སོ། །ལྟོ་བ་ནི་རྡོ་རྗེ་བཟང་པོའོ། །ཚན་དོ་ཧ་སྟེ་ས་ཤིན་ཏུ་སྤྱང་དཀའ་བའོ། །རླུང་གི་ཕྱོགས་དང་སྙིང་ག་ཀཉྩ་ལ་ནི་འཇིགས ་བྱེད་ཆེན་པོ་དང། རྟ་རྣ་མའོ། །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།ལྒངས་པ་ནི་འཇིགས་བྱེད་ཆེན་མོའོ། །དབང་ལྡན་གྱི་ཕྱོགས་དང་འདོམས་ཧི་མ་ལཱ་ཡི་ནི་མི་བཟང་དང། བྱ་གདོང་མ་སྟེ་བརྩོན་འགྲུས་ཡང་དག་བྱང ་ཆུབ་ཀྱི་ཡན་ལག་གོ་།འདོམས་པར་ནི་མིག་མི་བཟང་ངོ། །ཉེ་བའི་ཚན་ངོ་ཧ་སྟེ་ས་མངོན་དུ་གྱུར་པའོ། །ས་ལ་རྒྱུ་བའོ། །སྐུའི་འཁོར་ལོ་དཀར་པོའི་ཁོར་ལོའི་ཕྲེང་བས་བརྒྱན་པའི་ཤར་གྱི་རྩིབས་དང་མཚན་མ་བྲེ་ཏ་པུ་རི་ལ་སྟོབས ་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མ་སྟེ་དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།བད་ཀན་ནི་སྟོབས་པོ་ཆེན་པོའོ། །བྱང་དང་བཤད་ལམ་གྲི་ཧ་དེ་བ་ཏཱར་རིན་ཆེན་རྡོ་རྗེ་དང་ཁཎྜ་རོ་ཧ་སྟེ། ཤིན་ཏུ་སྦྱངས་པ་ཡང་དག་བྱང་ཆུབ་ཀྱི ་ཡན་ལག་གོ་།རྣག་ལ་ནི་རྡོ་རྗེ་རིན་ཆེན་ནོ། །འདུས་པ་ཅན་ཏེ་ས་རིང་དུ་སོང་བའོ། །ནུབ་དང་བརླ་གཉིས་སོའུ་རཥྚ་ལ་རྟ་མགྲིན་དང་ཤོཎྜི་ནི་སྟེ། ཆོས་རྣམ་པར་འབྱེད་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ་།ཁྲབ་ནི་རྟ་མགྲིན་ནོ། །ལྷ་དང་བྱིན? ་པ་གཉིས་སུ་?་ནམ་མཁའ་ཨི་སྙིང་པོ་དང། འཁོར་ལོའི་གོ་ཆ་མཱ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ། རྡུལ་ནི་ནམ་མཁའ་ཨི་སྙིང་པོའོ། །ཉེ་བའི་འདུས་པ་ཅན་ཏེ་ས་མི་གཡོ་པའོ། །མའི་ཕྱོགས་དང་རྐང་པའི་སོར་མོ་ལ་ན་ག་ར་ལ་དཔེལ་ཧེ་རུ ་ཀ་དང་ཤིན་ཏུ་དཔའ་མོ་སྟེ། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡིན་ལག་གོ་།ཚིལ་ནི་དཔལ་ཧེ་རུ་ཀའོ། །བདེན་བྲལ་གྱི་ཕྱོགས་དང་རྐང་པའི་བོལ་སིན་དྷུ་ལ་པདྨ་གར་གྱི་དབང་ཕྱུག་དང་སྟོབས་ཆེན་མ་སྟེ། ཡང་དག་པའི་ལྟ་བའོ། །མཆིམ་ནི་པདྨ ་གར་གྱི་དབང་ཕྱུག་གོ་།དུར་ཁྲོད་དེས་ལེགས་པའི་བློ་གྲིས། །རླུང་གི་ཕྱོགས་དང་མཐེ་བོར་མ་རོལ་རྣམས་པར་སྣང་མཛད་དང་འཁོར་ལོ་སྒྱུར་མ་སྟེ། ཡང་དག་པའི་རྟོག་པའོ། །མཆིལ་མ་ནི་རྣམ་པར་སྣང་མཛད་དོ། །དབང་ལྡན་གྱི་ཕྱོགས་དང་བུས ་མོ་གཉིས་ཀུ་ལུ་ཏར་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོ་སྟེ་ཡང་དག་པའི་དག་གོ་།སྣབས་ནི་རྡོ་རྗེ་སེམས་དཔའ་ཨོ། །ཉེ་བར་དུར་ཁྲོད་དེ་ས་ཆོས་ཀྱི་སྤྲིན་ནོ། །ས་འོག་ཏུ་འགྱུར་རོ། །ཐུགས་ཀྱི་འཁོར་ལོ་སྐུ་མདོག་ནག་པོ་གསུང་གི་འཁོར་ལོ ་སྐུ་མདོག་དམར་པོ། སྐུའི་འཁོར་ལོ་སྐུ་མདོག་དཀར་པོ། ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཞལ་གཅིག་ཕྱག་གཉིས་པ། རྡོ་རྗེ་དྲིལ་བུས་སྙོམས་པར་ཞུགས་པ་གཡས་བརྐྱང་པའི་བཞུགས་པ། རལ་པའི་ཅོད་པན་དང་དར་དབྱངས་ཅན ་ཕྱག་རྒྱ་ལྔ་འཆང་བའོ། །རབ་ཏུ་གཏུམ་མོ་ལ་སོགས་པ་ནི་ཕྱག་གཉིས་ཞལ་གཅིག་པ། ཀ་པཱ་ལ་དང་གདུག་པ་དང། སྡིགS་མཛུབ་གྲི་གུག་བསྣམས་པས་འཁྱུད། །སྤྱན་གསུམ་དྲག་པོའི་གཟུགས་ཅན་མ་།སྐྲ་གྲོལ་བས་ནི་རྣམ་པར་སྤྲོས། ། ་གཉིས་མེད་སྤྱོད་པས་སྙོམས་པར་ཞུགས། །ནམ་མཁའ་ཨི་གོས་མནབས་པ་ལ་གཞོལ་ལྷ་མོ་ཕྱག་རྒྱ་ལྔ་འཆང་བ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ཤར་དང་བྱང་དང་ནུབ་དང་ལྷོའི་སྒོ་རྣམས་ལ་། ཁྭ་གདོང་མ་དང་འུག་པའི་གདོང་ཅན་མ ་དང་ཁྱིའི་གདོང་ཅན་མ་དང། ཕག་གི་གདོང་ཅན་མའོ། །མེའི་ཕྱོགས་དང་བདེ་བ་བྲལ་གྱི་ཕྱོགས་དང་རླུང་གི་ཕྱོགས་དང། དབང་ལྡན་གྱི་ཕྱོགས་རྣམས་ལ་གཤིན་རྗེ་བརྟན་མ་དང། གཤིན་རྗེ་ཕོ་ཉ་མོ་དང། གཤིན་རྗེ་འཇོམ ་མའོ། །ཇི་ལྟར་མཁའ་འགྲོ་སོགས་འགྲོ་བ། །ཁྭ་གདོང་ལ་སོགས་ལ་སོགས་དབྱེ། །དེ་བཞིན་མཚཾས་གནS་ལྷ་མོ་ནི། །གཟུགས་གཉིས་ཡིད་ནི་འཕྲོག་པའོ། །ཡི་དྭགས་གདན་ནི་འཇིགས་བྱེད་པོ། །སེམས་ཅན་དོན་མཛད་པ་ལ་བརྩོན། ། ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་དཔྲལ་བ་ལ་རྡོ་རྗེའི་ཕྲེང་བའོ། །ལུས་ཀྱི་དཀྱིལ་འཁོར་ལ་ལག་པ་ཡོན་པའི་རྩེ་མོ་ལ་ཁྭ་གདོང་མ་སྟེ། ཡང་དག་པའི་ལས་ཀྱི་མཛའ་ཨོ། །མཁྲིག་མ་ལ་ནི་འུག་གདོང་མ་སྟེ་ཡང་དག་པའི་འཚོ་བའོ། །?་པ ་གཡས་པའི་རྩེ་མོ་ལ་ནི་ཁྱི་གདོང་མ་སྟེ། ཡང་དག་པའི་རྩོལ་བའོ། །འཁྲིག་མ་ལ་ནི་ཕག་གདོང་མ་སྟེ་ཡང་དག་པའི་དྲན་པའོ། །རྐང་པ་གཡས་པའི་རྩེ་མོ་ལ་ནི་གཤིན་རྗེ་བརྟན་མ་སྟེ། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པ? ་ཚུལ་ཅན་ནོ། །རྐང་པ་གཡོན་པའི་རྩེ་མོ་ལ་ནི་གཤིན་རྗེ་ཕོ་ཉ་མ་སྟེ། དགེ་བའི་ཆོས་སྐྱེས་པ་རྣམས་ཡང་དག་པར་བསྲུང་བའོ། །རྐང་པ་གཡས་པའི་ལོང་མོ་ལ་ནི་གཤིན་རྗེ་མཆེ་བ་སྟེ། མི་དགེ་བའི་ཆོས་སྐྱེས་པ་རྣམས་སྤོང་བ་ཡང་དག་པར ་Fསྒྲུབ་བ་འབྱེད་པའོ། །རྐང་པ་གཡོན་པའི་ལོང་མོ་ལ་ནི་གཤིན་རྗེ་འཇོམས་པ་སྟེ། མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་ཀུན་ནས་མི་སྐྱེ་བར་བྱེད་པའོ། །སྙིང་གའི་པདྨའི་ལྟེ་བའི་དབུས་སུ་བཅོམ་ལྡན་འདས་ཐིག་ལེའི་གཟུགས་ཅན་ནོ། །ཕྱོཌ? ་ཀྱི་པདྨའི་འདབ་མ་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །ལྟེ་བའི་པདྨ་ལ་ནི་རྡོ་རྗེ་ཕག་མོ་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །དེ་ལྟར་ཕྱི་དང་གསང་བའི་དཀྱིལ་འཁོར། །ད་ནི་ཕུང་པོ་ལ་སོགས་པའི་རྣམ་པར་དག་པ་སྟེ། གཟུགས་ཀྱི་ཕུང ་པོ་རྣམ་བར་སྣང་མཛད་དོ། །ཚོར་བའི་ཕུང་པོ་རྡོ་རྗེ་ཉི་མའོ། །འདུ་ཤེས་ཀྱི་ཕུང་པོ་པདྨ་གར་གྱི་དབང་ཕྱུག་གི་དབང་ཕྱུག་གོ་།འདུ་བྱེད་གྱི་ཕུང་པོ་ནི་རྡོ་རྗེ་རྒྱལ་པོའོ། །རྣམ་པར་ཤེས་པའི་ཕུང་པོ་ནི་རྡོ་རྗེ་སེམས་དཔའ་ཨོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད ་ནི་དཔལ་ཧེ་རུ་ཀའོ། །མིག་ལ་གཏི་མུག་རྡོ་རྗེའོ། །རྣ་བ་ལ་ནི་ཞེ་སྡང་རྡོ་རྗེའོ། །སྣ་ལ་ནི་ཕྲག་དོག་རྡོ་རྗེའོ། །ཁ་ལ་ནི་འདོད་ཆགས་རྡོ་རྗེའོ་ལུས་ལ་སེར་སྣ་རྡོ་རྗེའོ། །སྐྱེ་མཆེད་ཐམས་ཅད་ལ་ནི་དཔལ་ཧེ་རུ་ཀའི་དབང་ཕྱུག་གོ་།སའི་ཁམས་ནི་ལྟུང་བྱེད ་མའོ། །ཆུའི་ཁམས་ནི་གསོད་བྱེད་མའོ། །མེའི་ཁམས་ནི་འགུགས་བྱེད་མའོ། །རླུང་གིས་ཁམས་ནི་གར་གྱི་དབང་ཕྱུག་མའོ། །ནམ་མཁའ་ཨི་ཁམས་ལ་ནི་རྣལ་འབྱོར་མའི་དྲ་བ་སྟེ། དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དག་ལ་ལྷ་ཉིད་ཀྱི་བརྒྱལ ་བསྐྱེད་པར་བྱའོ། །དེ་ནས་མགོ་བོ་ལ་ཡི་གེ་ཨོཾ་གྱིས་སྐུ་བྱིན་གྱིས་བརླབ་པོ། །ལྐོག་མ་ལ་ནི་ཡི་གེ་ཨཱ(རྒྱུད་འགྲེལ་དཔའ་བྱིན་གྱི་བརླབ་པོ། །དེ་དག་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བསམ་མོ། །ོཾ་སརྦབ་བཱི་ར་ཡོ་གི་ནི་ཀཱ་ཡ་བཱཀྩིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧཾ་ཛ(རྒྱུད་འགྲེལ་འཁོར་སྤྱན་དྲངས་ལ་།མདུན་དུ་བཞག་སྟེ་ཡང་དག་པར་མཆོད་ནས། དམ་ཚིག་གི་དཀྱིལ་འཁོར་ལ་བཅུག་ཅིང་མྱུར་དུ་རོ་གཅིག་པར་བྱའོ། །ོཾ་ཡོ་ག་ཤུདྡྷ(རྒྱུད་འགྲེལ་རྡོ་རྗེ་སེམས་དཔའ་ཨོ། །མགོ་བོ་ལ་ན་མ་ཧི་རྣམ་པར་སྣང་མཛད་དོ། །སྤྱི་གཙུག་ལ་སྭཱཧཱ་ཧུ་པདྨ་གར་གྱི་དབང་ཕྱུག་གོ། །ཕྲག་པ་གཉིས་ལ་བོའུ་ཥན་ཧེ་ཧེ་རུ་ཀའོ། །མིག་ལ་ཧཱུཾ་ཧཱུཾ་ཧོ་རྡོ་རྗེ་ཉི་མའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཧམ་རྟ་མཆོག་སྟེ་གོ ་ཆའོ། །བཅོམ་ལྡན་འདས་དཔའ་བོའི་ཚོགས་དང་བཅས་པའི་གོ་ཆའོ། །ལྟེ་བ་ལ་ཨོཾ་བཾ་རྡོ་རྗེ་ཕག་མོའོ། །སྙིང་ག་ལ་ཧཾ་ཨོཾ་ཐུན་མཚམས་མའོ། །ཁ་ལ་ཧྲཱིཾ་ཨོཾ་རྨོངས་བྱེད་མའོ། །མགོ་བོ་ལ་ཧྲེཾ་ཧྲEཾ?་སྐྱོད་བྱེད་མའོ། །སྤྱི ་གཙུག་ལ་ཧཱུཾ་ཧཱུཾ་སྐྲག་བྱེད་མའོ། །ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་གཏུམ་མོ་སྟེ་གོ་ཆའོ། །རྣལ་འབྱོར་མ་ཐམས་ཅད་ལ་ཉིད་ཀྱིས་དགོད་པར་བྱའོ། །མཛུབ་མོ་གཉིས་ལ་མདུང་གུང་མོར་སྦྱར། མཐེ་བོང་རྡོ་རྗེ་བརྟན་པོར་སྦྱར་།དེ་ནི ་དཔྲལ་བའི་དབུས་བཞག་ནས། །བཅུ་ཞིད་བསྐོར་བས་བསྐྱོད་པར་བྱ། །རྐང་པ་མནན་ཅིང་སྟེང་དུ་བལྟ། །ཁ་ནས་ཡི་གེ་ཕེཾ་སྒྲོགས་ཤིང། །ཕྱོགས་བཅུའི་ལོ་ཀ་ཁམས་བཞུགས་པའི། །དཔའ་བོ་རྣལ་འབྱོར་མ་རྣམས་དགུགས། །དེ་ནས ་སྙིང་གའི་འོད་ཟེར་གྱིས་སྤྱན་དྲངས་པ་ནམ་མཁའ་ཨི་དཀྱིལ་ཁེངས་པའི་དཔའ་བོ་དང་རྣལ་འབྱོར་མ་ཕྱག་ན་ཡེ་ཤེས་ཀྱི་བུམ་པ་བསྣམས་པ་གླུ་དང་གར་དང་བཅས་པའི་མཆོད་པས་བདག་ཉིད་དབང་བསྐུར་བར་བསམ་པར་བྱའོ། །ོཾ་སརྦཱ ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་དེ་ནས་རང་གི་རིགས་ཅོད་པན་དུ་གྱུར་ཏོ། །དེ་ནས་དཔའ་བོ་དང་རྣལ་འབྱོར་མ་དེ་དག་ཐུགས་ཀའི་ས་བོན་གྱི་འོད་ཀྱི་ལྕགས་ཀྱུས་ཞལ་དུ་ཞུགས་ནས་ལྷ་མོའི་པད་མའི་དཀྱིལ་དུ་བྱང་ཆུབ ་གྱི་སེམས་ཀྱི་གཟུགས་སུ་རབ་ཏུ་སྤྲོ་བར་བྱའོ། །དེ་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་དམ་ཚིག་གི་འཁོར་ལོ་མཆོད་དེ་ལྷའི་བསྟོང་པའི་མཆོད་པས་བསྟོང་ཅིང་གོང་དུ་བསྟན་པའི་རིམ་པས་བདུད་རྩི་མྱང་བར་བྱའོ། །ལུས་ངག་ཡིད ་ཀྱི་དམ་ཚིག་གི་།སེམས་ནི་སེམས་ཀྱི་ལེགས་མཚོན་པ། །ཀུན་རྟོག་ཐམས་ཅད་སྤངས་ནས་ནི། །བསྒོམ་དང་ལྡན་པའི་བཟླས་པ་བྱ། །དམ་ཚིག་མཆོག་གི་བཟླས་པ་ཡིས། །དེ་ནས་གསང་སྔགས་བརྗོད་པར་བྱའོ། །ཧཱསྭཱ ་རཾ་བ་ཤཾ་ལ་ཛཱ་ནི་ཀི་ཌཱ་ཊ་ཕ་ཧཱུཾ་ཧཱུཾ་ཀཾ་རུ་རུ་ཧེ་ཧེ་ཛྲ་བ་ཤྲཱི་ཨོཾ། ཊ་ཕ་ཧཱུཾ་ཧུཾ་ཧ་ཧ(རྒྱུད་འགྲེལ་ལྷ་མོའི་སྙིང་པོ་དང། ཉེ་བའི་སྙིང་པོའོ། །དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ཀྱི་ནི་རང་གི་མིང་གི་ཡི་གེ་ཨོཾ་དང་ཧཱུཾ་གི་བར་དུ་ཆུད་པའི་ཡི་གེ་ཧཱུཾ་དང་ཕཊ་ཀྱི་མཛའ་ཅན་དག་ཡིན་ནོ། །དཔའ་བོ་རྣམས་ཀྱི་ནི་ཀ་ར་ཀ་ར་ལ་སོགས་པའི་དེ་ཁོ་ན་བཞིན་དུ་བཟླས་སོ།། ་བཟླས་པ་ཡོངས་སུ་རྫོགས་ནས་ནི། །ཟླ་བའི་བཏུང་མཆོག་བཏུང་བར་བྱ། །ཆོས་རྣམས་ཀུན་གྱི་དངོས་མཉམ་ཉིད། །དམ་ཚིག་མཆོག་ཕྱིར་མཉམ་ཉིད་དོ། །ཆོས་རྣམས་བདག་མེད་ལམ་དུ་ནི། །དཀྱིལ་འཁོར་མཆོག་ནི་གཞུག ་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་རྣལ་འབྱོར། །རྣལ་འབྱོར་ང་ལ་བས་སོས་བྱ། །ཱ་ལི་ཀཱ་ལི་མཉམ་བྱས་ནས། །དེ་ལ་རེ་ཁཱ་ངེས་པར་སྦྱར། །གྱེན་དུ་སྤར་བའི་ཚུལ་དག་གིས། །འོག་ཏུ་འབབ་པའི་རྒྱུ་ཡིན ་ཕྱིར། །ཁུ་བའི་གཟུགས་ཀྱི་བདུད་རྩི་ནི། །ཐིག་ལེའི་གཟུགས་ཅན་འཛག་པར་འགྱུར། །སྣང་མེད་གོ་འཕངས་ལ་གནས་ནས། །སྣང་མེད་མཉམ་པ་ཉིད་ལ་བརྟེན། ཐོས་རྣམས་སྤྱོད་པ་མེད་པ་ལ། །ཆོས་རྣམས་ཆོས་ཉིད ་དག་ཀྱང་མེད། །རྟེན་འབྱུང་ཆོས་རྣམས་ནམ་མཁའ་ཨི་འདྲ། །ངོ་བོ་ཉིད་མེད་མཚན་ཉིད་མེད། །དེ་ལྟར་དེ་ཉིད་གནས་གནས་ན། །ཡེ་ཤེས་མིག་ནི་ཐོབ་པར་འགྱུར། །ལངས་པའི་དུས་ཀྱི་ཚེ་ན་ནི། །ཆོ་ག་བཞིན་དུ་གཏོར་མ ་སྦྱིན། །ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཧེ་ནི་རྒྱུ་སོགས་སྟོང་པ་ཉིད། །རུ་ནི་བཀོད་པ་དག་དང་བྲལ། །ཀ་ནི་གང་དཱུང་མི་གནས་པའོ། །རྣལ་འབྱོར་སེམས་ལ་ངལ་བསོ་བྱའི། །མྱ་ངན་འདས་ཉིད་མ་བསྟན་ཏེ། །འཕོ་བའི་ཚེ་ན ་རྣལ་འབྱོར་པ། །དཔལ་ལྡན་ཧེ་རུ་ཀ་ལ་སོགས། །ལྷ་ཡི་རྣལ་འབྱོར་མ་དག་གིས། །ལག་ན་མེ་ཏོག་སྣ་ཚོགས་ཐོགས། །སྣ་ཚོགས་རྒྱལ་མཚན་པ་དན་དང། །རལ་མོའི་སྒྲ་ནི་སྣ་ཚོགས་དང།། ་ཀླུའི་མཆོད་པ་སྣ་ཚོགས་ཀྱིས། །འཆི་བ་ཞེས་བྱ་རྣམ་རྟོག་འདི། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །དཔལ་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་།རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ཉིན་མོ་མཛད་པས་མཛད་པ་རྫོགས ་སོ།། །།རྒྱ་གར་གྱི་མཁན་ཕོ་ཤྲཱི་སུ་བྷཱུ་ཏི་ཤནྟི་དང། ཞུ་ཆེན་གྱི་ལོ་ཙ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ་