CLOSE WINDOW

N1004: dbang gi rab tu byed pa
Wyliee-texts based on the ACIP/ALL Input

མཛད་པ་རྫོགས་སོ།། །།མཧཱ་པཎྜི་ཏ་རཏན་?་ཏ་པཱི?་དའི་ཞལ་སྔ་ནས། ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞང?་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། །། *། །དབང་གི་བྱེད་པ་བཞུགས། ། ་རྒྱ་གར་སྐད་དུ། ཨ་དྷི?་ཥེ་ཀ་པྲ་ཀ་ར་ཎ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྙེན་པའི་ཆོ་ག་ནི། །ལྷའི་འཁོར་ལོ་བསྒོམ་པར་བྱ། །སྐྱོད་དེའི་གསང་སྔགས་བཟླས ་འཁོར་ལོའི་གཙོ་བོའི་འབུམ་བཟླས་ཏེ། །ཡང་ན་རང་གི་ལྷ་ཡི་འབུམ། །དཀྱིལ་འཁོར་པ་ཡི་ཁྲི་ཡིན་ནོ། །བསྙེན་པའི་ཆོ་གའོ། །དེ་ནས་དགུན?་ཟླ་རེ་པ་དང། དཔྱིད་ཟླ་འབྲིང་པོ་དང། ཐ་ཆུང་དང། དཔྱིད་ཟླ་གསུམ་དང། སྟོན་ཟླ?་ར་བའི་ཚེས་གཅིག ་དང། གསུམ་དང། ལྔ་དང། བདུན་དང། བཅུ་དང། བཅུ་གསུམ་དང། བཅོ་ལྔའོ། །གཟའ་ཟླ་བ་དང། ལྷག་པ་དང། ཕུར་བུ་དང། པ་པ་སངS་སོ། །རྒྱུ་སྐར་སྣར་མ་དང། མགོ་དང། ལག་དང། རྒྱལ་དང། དབོ?་དང། མེ་བཞི་དང། ལྷ་མཚམས་དང། ་སྣོན་དང། སྣབ?་དང། གྲོ་ཞུན་དང། ཆུ་སྟོད་དང། ཆུ་སྨད་དང། ཁྲུམས་སྟོད་དང། ཁྲུམས་སྨའོ། །སྦྱོར་བ་བྱེད་པ་བཟང་པོ་བརྟགས་ནས་དཀྱིལ་འཁོར་བྲི་བའི་དོན་དུ་སློབ་མས་ལན་གསུམ་དུ་གསོལ་བ་གདབ་པོ། །དེའི་ཆེ་སློབ་མའི་ལྟེ་བར་ཉི་མ་ལ་ཧཱུཾ་གི ་འོད་ཟེར་གྱི་དྷི?་དྷི?་གའི་ཀཾ?་ནག་པོ་ལས་བྱུང་བའི་སྡིག་པ་ཤ་ཟ་ལྟ་བུ་རླིག་པ་འཕྱད་བ་སྐྲ་གྱེན་དུ་བརྫས་པ། སྣ་རྩེ་ནས་གཏོན་ལ་ཧཱུཾ་དེ་ཡང་སྙིང་གར་འོངས་ཏེ། ཧཱུཾ་མཛད་དུ་གྱུར་ནས་ཕྱིར་གཏོན་ལ། ཨོཾ་སུམྦྷ་ནི་སུམྦྷ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ ་ཨོཾ་གྲིཧྞཱ་པ་ཡ་གྲིཧྞཱ་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ:བྷ་ག་བཱན་པིདྱཱ་རཱ་ཛེ་ཡ་ཨ་མུ་ཀ་སྱ་པཱ་པཾ་ནཱ་ས་ཡ་ཧཱུཾ་ཧུཾ་ཕཊ། ཕྱག་གི་རྡོ་རྗེས་སྡིག་པ་བཏོན་ནས་བརླག་པར་བས་པོ། །སློབ་མའི་སེམས་ཀྱི་བགེགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ཡ་ཨ ་མུ་ཀ་སྱ་སརྦ་བགྷྣིཾ་བརྡྷ?་བནདྷ?་ཧཱུཾ་ཕཊ་ཅེས་བརྗོད་ཅིང་ཕུར་པ་གདབ་པོ། །ཕུང་པོའི་འོད་ཟེར་གྱིས་སྔགས་པ་རྣམས་བསྲེག་གོ་།དེ་ནས་སློབ་མ་པཾ་ལས་ཀུན་ཏུ་བཟང་པོར་བསམས་ལ་སྙིང་གར་ཟླ་བ་ལ་སྣ་ཚོགས་རྡོ་རྗེ་བསམ་མགོ་ལ་ཟླ་བ་ལ་གནས་པའི་ཧཱུཾ ་ལས་རྡོ་རྗེ་རྩེ་ལྔ་པ་བསམས་པའི་བྷུ་ཊ་ནི་རྡོ་རྗེའི་ལྟེ་པའི་དབུས་སུ་ལྷ་མོ་མཱ་མ་ཀཱི་བཞུགས་པར་བསམས་ལ། དེའི་ཐུགས་ཀའི་ཟླ་བའི་སྟེང་གི་རྡོ་རྗེའི་ལྟེ་བའི་ནང་གི་སྔགས་ཀྱི་ཕྲེང་བ་ལས་བྱུང་བའི་རྡོ་རྗེ་ཕྲ་མོས་ལུས་ཁྱབ་པར་བྱ་སྟེ། ཨོཾ ་ཨཱ(རྒྱུད་འགྲེལ་བཅུ་བཞི་དང་ཉ་ནས་ཉའི་བར་དུ་སྔ་དྲོ་ནས་བརྩམས་ཏེ་དཀྱིལ་འཁོར་གྱི་ལས་བྱའོ། །གྲོད་དང་སྐྱེད་མོས་ཚལ་དང་ལྷ་ཁང་དང་ཁྱིམ་རྣཾས་ཀྱི་ཕྱོགS་མཚམས་བདུན་དང་མཆོད་རྟེན་ལ་ཉེ་བ་དང། ཀླུ་གནས་པའི་ཆུ་ལ་ཉེ་བ་དང་ཤིང་གཅིག ་ལ་ཉེ་བ་དོར་ལ་དབང་ལྡན་དུ་ཁུང་བུ་མཐོ་གང་བྲུས་ལ་སླར་བཀང་སྟེ་ལྷག་ན་བཟང། ཡང་ཆུས་བཀང་ལ་གོམ་པ་བརྒྱར་ཕྱི་ནས་ཆུ་དམའ་བར་མ་སོང་ན་བཟང། །ཆུ་སྒྲ་དང་བཅས་ནས་ཀླུའི་གནོད་པ་འོང་ས་རྟགས་པའོ། །མཎྜལ་བྱས་ལ ་དཀྱིལ་འཁོར་བ་དང་ཞིང་སྐྱོང་ལ་སོགས་པ་ལ་མཆོད་གཏོར་བྱ་སྟེ། གང་དག་འདིར་གནས་ལྷ་དང་ཀླུ། གནོད་སྦྱིན་སྲིན་པོ་འམ་གཞན་ཡང་རུང། །ས་འདི་དག་གིས་བསླང་བགྱིས་ན། །དཀྱིལ་འཁོར་དོན་དུ་སྩལ་དུ་གསོལ ་ཞེས་ལན་གསུམ་གསོལ་བ་གདབ་མོ། །ས་བསླང་བའོ།། །།རྨི་ལམ་ལ་སོགས་པར་བྱིན་པ་འམ་མ་བཀག་པར་གོ་ན་ཉི་མ་གཞན་གྱི་སྔ་དྲོ་ནམ་མཁའ་ཨི་རྡོ་རྗེ་འཆང་བ་ལ་སོགས་པ་རྣམས་ལ་ཡིད་ཀྱིས་གནང་བ་ནོས་ལ ་བསྲུང་བའི་འཁོར་ལོ་དང་བགག?་པ་ལ་ཕུར་བུས་གདབ་བམ་བསྒོམ་པ་འམ། །དྲག་པོའི་སྦྱིན་སྲོག་གིས་བགེགས་བསྐྲད་ལ་སློབ་མ་ལ་བསྲུང་བའི་དོན་དུ་ཞི་བའི་སྦྱིན་སྲེག་བྱས་ལ། ས་དེ་ལ་ལས་ཐམས་ཅད་པ་བཟླས་པའི་ཡུངས་ཀར་དང་ཆུ་དང ་ཐལ་པས?་?། །དེ་ནས་སའི་ལྷ་མོ་སྤྱན་དྲང་ཞིང་མཆོད་ལ། ལན་གསུམ་གསོལ་བ་གདབ་བོ། །གྱིས་ཞེས་ཟེར་བ་དང་ཡིད་ཀྱིས་ནམ་མཁར་བཏེགས་ལ། ས་དེ་ལ་ཀླུ་ཉལ་བས་དེའི་པང་པའི་ཆར་རྐོའོ། །དེ་ལ་གཟའ་ཉི་མ་རྒྱུ་པའི་སྟོན་ཟླ་ཐ་ཆུང ་ལ་སོགས་པའི་ཟླ་བ་གསུམ་པ་ལ་རིམས?་བཞིན་ཤར་ལྷོ་ནུབ་བྱང་དུ་མགོ་བོ་བལྟ་ཞིང་ལྷོ་ལ་སོགས་པར་ཕྱོགས་ཏེ་ཉལ་ལོ། །ས་བརྐོ་བའོ།། །།དེ་ནས་སྐྱོན་དང་ཟུག?་རྔུ་བསལ་བར་མི་ནུས་པ་ལ་ལག་པ་རེག་ཅིང ་འཁྱིལ་པ་བཟླས་པས་དག་པར་འགྱུར་རོ། །དྲིའི་ཆུ་དང་བསྲེས་ལ་དོང?་དགང་ངོ། །མ་ཁེངས་ན་གཞན་ཡོང་ངོ། །སའི་དབུས་སུ་རིན་པོ་ཆེ་ལྔ་དང་སྨན་ལྔ་དང་འབྲུ་གཞུག་གོ་།དེ་ནས་ཧཱུཾ་དང་ལས་ཐམས་ཅད་པ་བཟླས་པའི་ཆུས་གཏོར་ཞིང་བརྡུངས་ལ་ཁྲུ་ཕྱེད ་མཐོ་ཞིང་དབུས་ཅུང་ཟད་མཐོ་ལ་བྱང་ཤར་ཅུང་ཟད་དམའ་བར་བྱའོ། །ཁང་ཐོག་དང་རྡོ་སྟེངས་ལ་སོགས་པ་མ་བརྐོས་ཀྱང་དག་བ་ཡིན་ནོ། །ཡུང་ཀར་དང་ཆུ་དང་ཐལ་བ་ལ་འཁྱིལ་བ་བཟླས་པས་བསང་ངོ། །བའི་རྣམ་ལྔ་དང་དྲིའི་ཆུ་ལ་དེ་བཟླས་པས ་གཡས་སྐོར་དུ་བྱུགས་ལ་ཨོཾ་བྲུཾ་ཁཾ་གིས་སྟོང་པར་བྱ། ཨོཾ་ལཾ་ཧཱུཾ་གིས་རྡོ་རྗེར་བསྒོམས་ཏེ་ཨོཾ་མེ་དི་ནི་བཛྲེ་བྷ་བ་བནདྷ་ཧཱུཾ་ཞེས་ལག་པས་རེག་ཅིང་བྱིན་ཀྱིས་རློབ་པོ། །དེ་ནས་ནམ་ལམཁའ་ན་གནས་པའི་སའི་ལྷ་མོ་མཆོད་དེ་བསྟིམ་ལ་ཧཱུཾ་ལཾ་ཧཱུཾ ་བརྗོད་ཅིང་པད་ཀོར་གྱི་ཕྱག་རྒྱ་བྱའོ། །ཡི་གེ་བརྒྱབ་བརྗོད་དོ། །སྣ་ཚོགས་པ་སྟོད་པ་ཉིད་དང་གཅིག་པར་བརྟན་པར་མོས་པར་སྟོང་པར་བསྒོམ་པ་ནི་བླ་ན་མེད་པའི་རྣམ་པར་དག་པའོ། །ས་སྤྱད་པའོ།། །། ་དེ་ནས་རྡོ་རྗེ་དང་དྲིལ་བུ་བཟུང་ནས་སའི་དབུས་སུ་འདུག་སྟེ། བསྲུང་བའི་འཁོར་ལོས་བགེགས་བསལ་ནས་ལྕེ་རྡོ་རྗེར་བསམས་ལ། །མ་ལུས་ཕྱོགས་ཀུན་བཞུགས་པ་ཡི། །སངས་རྒྱས་ཐམས་ཅད་བདག་ལ་དགོངས། །བདག་མིང་རྡོ ་རྗེ་ཆེ་གེ་མོས། །འདིར་ནི་དཀྱིལ་འཁོར་བྲི་བར་བགྱིད། །སངས་རྒྱས་ལ་སོགས་ཀུན་བྱོན་པས། །བདག་ལ་དངོས་གྲུབ་སྩལ་དུ་གསོལ་ཞེས་བརྗོད་ལ་ནམ་མཁའ་ཨི་རྣམ་སྣང་ལ་སོགས་པ་སློབ་མ་བཞི་ཤར་ལ་སོགས་པར་གནས་པས ་སམ། གཅིག་གིས་ཀྱང་དེ་དང་དེར་སོང་ནས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཆོས་ཀུན་མཆོག་ཏུ་བདག་མེད་པ། །དཀྱིལ་འཁོར་དམ་པ་བཤད་དུ་གསོལ། མཚན་རྣམས་ཐམས་ཅད་ཡང་དག་རྫོགས། །མཚན་མིན་ཐམས ་ཅད་རྣམ་སྤངས་པ། །ཀུན་ཏུ་བཟང་པོ་སྐུ་ཡི་མཆོག་།དཀྱིལ་འཁོར་ངམ་པ་བསྟན་དུ་གསོལ། །ཞི་བ་ཆོས་ཀྱི་མཆོག་ལས་བྱུང། །ཡེ་ཤེས་སྤྱོད་པ་རྣམ་སྤྱོད་བྱེད། །ཀུན་ཏུ་བཟང་པོ་གསུང་གི་མཆོག་།དཀྱིལ་འཁོར་དམ་པ ་བསྟན་དུ་གསོལ། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་ཅིང་དྲི་མ་མེད། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །དཀྱིལ་འཁོར་དམ་པ་བསྟན་དུ་གསོལ་ཞེས་སོ་སོར་རང་ཉིད་ལ་གསོལ་བ་འདེབས་སུ་གཞུག་གོ ་དངོས་སུ་གསོལ་བ་འདེབས་པ་མེད་ན་ཡིད་ཀྱིས་བྱའོ། །དེ་ནས་ཡིད་ཀྱིས་ནམ་མཁའ་ལ་གདེག?་གོ་།དེ་ནས་ལངས་ལ་ཤར་དུ་བལྟས་ནས་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་འཚལ་ཏེ་བདུད་བསལ་བའི་ཕྱིར་ཧཱུཾ་མཛད་དུ་བསྒོམས ་ལ་མིག་གཉིས་ཉི་ཟླ་ལྟར་བྱས་ལ་མིག་འབྲས་གཉིས་ཧཱུཾ་དུ་བྱས་པའི་བསྐལ་པའི་མེ་ལྟར་འབར་བའི་རྡོ་རྗེའི་ལྟེ་བས་ཕྱོགས་ཐམས་ཅད་ཀྱི་འགྲོ་བ་ལ་བཀྟ?་ཞིང་ང་རྒྱལ་བསྐྱེད་ལ་བདག་ནི་རང་ཉིད་རྡོ་རྗེ་ཅན། །ཕྱག་ན་རྡོ་རྗེ་འང་རང་ཉིད་བདག། ་བདག་ནི་སངས་རྒྱས་རྒྱལ་པོ་ཆེ། །སྟོབས་ཆེན་རྡོ་རྗེ་ཅན་བདག་ཡིན། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་བདག་།ཕྱག་ན་རྡོ་རྗེ་བསྟན་བདག་སྟེ། །བདག་པོ་རྡོ་རྗེ་ཆེན་པོ་བདག་།བྱིན་གྱིས་བརླབ་པ་མི་འདོད?་ཞེས་བརྗོད་དོ། །དེ་ནས་རྐང་མཐིལ་དུ ་རྡོ་རྗེ་བསྒོམས་ཏེ། འགྱིད་བའི་རང?་དང་བཅས་པ་བྱེད་ཅིང་རྡོ་རྗེ་གསོར་དྲིལ་བུ་དཀྲོལ་ཞིང་རྡོ་རྗེའི་སྟེང་སྟབས་ཀྱིས་དབང་ལྡན་དུ་སོང་ནས། དེ་ནས་བརྩམས་ཏེ་སློབ་མ་དང་ལྷན་ཅིག་རྡོ་རྗེ་རྐང་སྟབས་བྱེད་ཅིང། གང་བདག་གིས་ས་ཕྱོགས་འདི་ན་གནS ་པའི་ལྷ་དང་ལྷ་མ་ཡིན་དང། གནོད་སྦྱིན་དང། སྲིན་པོ་དང། ཡི་དགས་དང། ཤ་ཟ་དང། རྗེད་བྱེད་དང། འབྱུང་པོ་དང། མཁའ་འགྲོ་དང། གནོན་པོ་དང། མི་འམ་ཅི་དང། སྔགས་གྲུབ་པ་རྒན་པོ་དང། རྒན་མོ་འཁོར་དང་བཅས་པ་ཁྱེད ་རྣམས་དངོས་ཤིག་།ས་ཕྱོགས་འདིར་བདག་རྡོ་རྗེ་སློབ་དཔོན་ཆེ་གེ་མོས་སེམས་ཅན་ཐམས་ཅད་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་དང། སློབ་མ་ཆེ་གེ་མོའི་དོན་དུ་དཀྱིལ་འཁོར་ཆེ་གེ་མོ། །བདྲེ་བས་ཁྱེད་རྣམས་ཀྱི་རྡོ་རྗེ་འཆང ་ཆེན་པོའི་བཀའ་ཐོས་པ་ཙམ་གྱིས་མྱུར་དུ་དངས་ཤིག་དང། གང་དག་མི་འགྲོ་བ་དེ་རྣམས་བདག་རྡོ་རྗེ་ཧཱུཾ་མཛད་ཀྱིས། །རྡོ་རྗེ་འབར་བ་རབ་ཏུ་འབར་བ་གསལ་ཞིང་རབ་ཏུ་བསལ་བའི་ཡེ་ཤེས་ཀྱི་རྡོ་རྗེ་ཆེན་པོས་མགོ་ཚལ་པ་བརྒྱད་འགས ་པར་འགྱུར། །ཞེས་བརྗོད་ཅིང། ཁྲོ་བོ་དཔག་ཏུ་མེད་པ་སྤྲོས་པས་བགེགས་བསལ་བར་བྱའོ། །དཀྱིལ་འཁོར་གྱིས་གཞི་ཡང་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབ་པོ། །དེ་ནས་རྡོ་རྗེ་རྩེ་གཅིག་པ་རྐང་པའི་མཐིལ་དུ་བསྒོམས་ལ། ས་གཞི་ལ ་བྲི་ཞིང་གང་བྱེད་པས་བསྐོར་བར་བྱའོ། །དེའི་རྗེས་ལ་རྡོ་རྗེ་རྩེ་གསུམ་པ་དང། རྩེ་ལྔ་པ་དང། སྣ་ཚོགས་རྡོ་རྗེས་ཡང་ངོ། །བསྐོར་བ་གཞན་དུ་ཕྱོགས་པས་རྗེས་འདོད་ཅིང་རེ་རེས་བསྐོར་བ་ལན་གསུམ་གསུམ་བྱའོ ་དེ་ནས་དཀྱིལ་འཁོར་གྱི་འཁོར་ལོ་མཆོད་ལས་ལ་ལག་པ་རེག་ཅིང་གཙོ་བོའི་སྔགས་བརྒྱ་རྩ་བརྒྱད་ཡི་གེ་བརྒྱ་བ་ལན་བདུན་བཟླས་ལ་ལྷ་བསྒོམ་ཞིང་དེ་ཉིད་དུ་ཉལ་ལོ། །ས་གཟུང་བའོ།། །།དེ་ནས ་ལྕགས་སམ་སེང་ལྡེང་དམ། རུས་པའི་ཕུར་པ་སོར་བརྒྱད་པ་སྤོམས་སུ་སོར་ཕྱེད་དང་གསུམ་པ་སྟོད་རང་རང་གིས་གཟུགས་ལ་སྨད་ཕུར་པར་འདུག་པ་བཅུ་ཡུངས་ཀར་དང་ཙན་དན་དམར་པོས་བྱུགས་ལ་སྐུད་པ་ཁ་དོག་ལྔ་པས་དཀྲིས ་ཏེ་རབ་གནས་བྱས་ལ་མཆོད་ལ་སྣོད་སར་པར་བཞག་།དེ་ནས་སྐད་ཅིག་གིས་སྟོང་པའི་རྗེས་ལ་རྡོ་རྗེའི་ས་གཞི་དང་ར་བ་དང་གུར་གྱི་ནང་དུ་ཧཱུཾ་མཛད་དུ་རང་ཉིད་བསྒོམས་པའི་སྙིང་གའི་ཧཱུཾ་ལས་འོད་འཕྲོས་པས་བགེགས་ཐམS ་ཅད་བཀུག་ནས་དོང་དུ་བཅུག་ལ་ཧཱུཾ་ལས་འཕྲོས་པའི་ཁྲོ་བོ་བཅུ་ལ་བཏད་དོ། །དེ་རྣམས་ཀྱིས་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཾ་ཧཱུཾ་གིས་གདབ། ཨོཾ་བཛྲ་མུང་ག་ར་ཨཱ་ཀོ་ཊ་ཡ་ཧཱུཾ་ཞེས་བརྡུང་བར་བསྒོམས་ལ། དེ་རང་ཉིད་ཀྱིས་ཀྱང ་དབང་ལྡན་ནས་གཡས་སྐོར་དུ་འོད་ཀྱི་ཕྲེང་བའི་ཕྱོགས་མཚམས་བརྒྱད་དང། སྟེང་འོག་གི་ཤར་ནུབ་ཏུ་གདབ་ཅིང་བརྡུང་ངོ?། །མི་ནུས་ན་སྒོ་སྐྱོང་གིས་སོ། །ཡང་ཕུར་པ་མེད་པར་ཇི་སྐད་བཤད་པའི་བསྒོམ་པ་ཁོ་ནས་གདབ་པ ་དང་བརྡུང་བ་བྱས་ལ་ལག་པ་གན་རྐྱལ་དུ་གནས་པས་བསྒྱུར་ཞིང། ཨོཾ་བཛྲ་ཨཱ:ཧཱུཾ་ཞེས་བརྗོད་ཅིང་ས་ལ་བསྣུན་ཏེ་དེ་ལྟར་མོས་པར་བྱའོ། །བགེགས་ལ་ཕུར་བུས་གང་བ་པའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་འདུག་སྟེ། ་དྲིའི?་དཀྱིལ་འཁོར་བྱས་པར་སའི་ལྷ་མོ་ལས་དམ་ཚིག་སེམས་དཔའ་བསྒོམས་ནས། ལག་པ་གཡས་པའི་མཐིལ་དུ་ཧཱུཾ་བསམས་ཏེ་སོར་མོ་རྩེ་གསུམ་ལན་གསུམ་དུ་བསྣུན་པ་དང་དེའི་སྒྲ་དང་ཧཱུཾ་གི་འོད་ཟེར་གྱིས་བསྐུལ་བའི་སའི་ལྷ་མོ་ཡེ ་ཤེས་སེམས་དཔའ་ཨི་ངོ་བོ་དང་འདྲེས་པར་གྱུར་པ་དགའ་བ་དང་ལྡན་པའི་ཐུགས་ཅན་སེར་མོ་ཞི་བ་ན་གཟའ་དཀར་མོ་བསྣམས་པ། རྒྱན་ཆ་སྣ་ཚོགས་པ་ཅན་གཡོན་པ་དང་ཅིག་ཤོས་ཀྱི་ཕྱག་གིས་གསེར་གྱི་བུམ་པ་བཟང་པོ་བསྣམས་ཤིང། ་མི་འཇིགས་པ་མཛད་པ་ཞལ་གཅིག་པ་མདུན་དུ་གནས་པ་ལ་མཆོད་དེ་ཡང་དག་པར་བསྐོར་བ་དང་བཅས་པས། ཨོཾ་ཚུར་སྦྱོན་ས་ཡི་ལྷ་མོ་ཆེ། །འཇིག་རྟེན་ཐམས་ཅད་ཀྱི་ནི་ཡུམ། །རིན་ཆེན་ཀུན་གྱིས་རྣམ་པར་སྤྲས། །བཟང་པོའི་རྒྱན་གྱིས ་རྣམ་པར་བརྒྱན། །དོ་ཤལ་རྐང་གདུབ་སྒྲ་དང་ལྡན། །རྡོ་རྗེ་སེམས་དཔའ་རབ་མཆོད་བ། །མཆོད་ཡོན་འདི་ནི་བཞེས་ནས་ཀྱང། །དཀྱིལ་འཁོར་ལས་ནི་གྲུབ་པར་མཛོད། །ཧི་ཧི་ཧི་ཧི་ཧཱུཾ་སྭཱཧཱ་ཞེས་ལན་གསུམ་བརྗོད་པས་སྦྱིན་དྲང་བ་དང་ཉེ་བར་གནས ་པར་གསོལ་བ་སྔོན་དུ་འགྲོ་པའི་ལྷག་པར་གནས་པར་བྱའོ། །དེས་ཀྱང་དེ་ལྟར་གྱིས་ཤིག་ཅེས་བརྗོད་ནས་དེ་ཉིད་དུ་ཐིམ་པར་བསམ། དེ་ནས་རྡོ་རྗེ་བཅིང་བ་ནང་དུ་བྱས་ནས་ངེས་ས་ལ་རིག་ཅིང། ཨོཾ་བཛྲ་བྷི་བ་ཞེས་ལན་གསུམ་བརྗོད་ནས། རྡོ་རྗེ ་བསྡམས་པ་ལས་བྱུང་པའི་ཧཱུཾ་འབར་བ་སྤྲོས་དབང་ཆེན་གྱིས་རྡོ་རྗེར་བསམས་ནས། ཨོཾ་བཛྲ་དྲི་ཌཧ་ཏིཥྛ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་དེས་ནི་ས་དབང་དུ་འགྱུར་རོ་ཞེས་པ་ནི་སའི་ལྷ་མོ་ལྷག་པར་གནས་པའི་ཆོ་གའོ། །དེ་ནས་དཀྱིལ་འཁོར ་གྱི་ས་གཞི་ལ་དྲི་ཞིམ་པའི་ཆུ་བདུད་རྩི་ལྔ་དང་བཅས་པ་ཡི་གེ་གསུམ་གྱིས་སྔགས་པས་བྱུགས་པ་དང་མེ་ཏོག་གི་བཅལ་དགྲམ་པ་དང་ཕྱི་དྲོ་ཁྲུས་བྱས་ཤིང་དྲི་ཞིམ་པོས་བསྒོས་ལ་གོས་སར་བ་གོན་པ་མེ་ཏོག་ཕྲེང་པ་ཅན། ཁ་དྲི་ཞིམ་པོ་བསྒོས ་ལ་དོ་ཤལ་དང་སོར་གདུང་ལ་སོགས་པའི་རྒྱན་རྣམས་གོ་རིམ་ཇི་ལྟ་བ་བཞིན་དུ། །ོཾ་ཨཱ:ཧཱུཾ་སྭཱཧཱ་ཞེས་བྱ་བ་དང། ཨོཾ་བཛྲོ?་ཥི་ཥ་ཧཱུཾ་ཕཊ་ཅེས་པ་དག་གོ་རིམ་བཞིན་དུ་བསྔགས་པའི་ཆས་སམ་དར་དམར་པའི་ཅོད་ཕན་གྱིས་བརྒྱན ་ནས་དཀྱིལ་འཁོར་གྱི་དབུས་སུ་ཤར་གྱི་ཕྱོགས་པར་བདུག་པ་འམ། །དཀྱིལ་འཁོར་གྱི་ཤར་ནས་ཏུ་ཕྱོགས་བར་འདུག་ཀྱང་རུང། །དཀྱིལ་འཁོར་གྱི་བདག་པོའི་རྣལ་འབྱོར་དང་ལྡན་པས་བསྒོམ་པའི་དཀྱིལ་འཁོར་གྱི་ཕྱི་རོལ་ཤར་ལ་སོགས་སུ་གནས་ནས་སཽ? ་བྱང་དུ་ཕྱོགས་པས་དབང་ལྡན་གྱི་མཚམས་སུ་བུམ་པ་ལྷག་པར་གནས་པར་བྱའོ། །དེ་ལ་ཞི་བ་རྒྱས་པའི་བུམ་པ་དག་གི་ནང་དུ་ནི་སོར་བཅུ་དྲུག་གོ་།ལྟེ་བའི་འོག་ནས་ལ་དང། མཆུའི་བར་གྱི་འཕངས་སུ་སོར་ཉི་ཤུའོ། །ཁའི་མཚམས་ནས་མཆུ་འཕྱར ་པའི་བར་ནི་སོར་གཉིས་སོ། །མགྲིན་པ་ནི་སོར་དྲུག་གོ་།མཆུའི་མཛའ་ཨི་བར་གྱི་ཁ་ནི་སོར་བརྒྱད་དོ། །སོར་བརྒྱད་པའི་ཆ་གཉིས་ནི་མགུལ་བའི་སྦུབས་སོ། །ཆ་གཅིག་ནི་མཆུ་གཉིས་ཀྱི་འཕངས་སོ། །དབྱེ་བ་དང་བསྐྲད་པ་དག་ལ་ནི་ལྟོ་བའི་རྒྱལ་སེར་? ་གཉིས་སོ། །འཕངས་སུ་སོར་ཉི་ཤུ་རྩ་བཞིའོ། །རྐེང་པ་ནི་སོར་བརྒྱད་དོ། །ཁ་ནི་སོར་དྲུག་གོ་།འདིའི་མཆུ་གཉིས་ནི་སོར་མོ་རེའོ། །དབང་དང་དགུག་པ་དག་གི་བུམ་པ་ནི་གཟོ་བོས་ཇི་ལྟར་བྱས་པའོ། །རེངས་པ་ལ་ནི་ཐུང་ཞིང་ཟླུམ་པ་ལ་འཕངས་སུ ་བཅུ་དྲུག་གོ་།མགྲིན་པ་ལ་ནི་སོར་བཞིའོ། །སོར་དྲུག་ནི་འདི་ཡི་རྩིབས་སུའོ། །ལས་ཐམས་ཅད་པ་ནི་ཞི་བ་ལ་སོགས་པའི་ལས་སུ་གསུངས་པའི་བུམ་པ་རྣམས་གཟུང་བར་བྱའོ། །ཞེས་དུས་ཀྱི་འཁོར་ལོ་ལས་གསུངས་ལ་དེ་ལས་གཞན་པའོ ་རྒྱུད་ལས་ནི། རྩ་བ་ནག་པོར་རི་མེད། །མཆུ་འཕྱང་མགྲིན་རིང་ལྟོ་བ་ཆེ། །བུམ་པ་རྣམས་དེ་ལྟར་བརྗོད་པ་ཡང་སོར་བཅུ་དྲུག་པ་ལ་སོགས་པར་རིག་པར་བྱའོ། །འདིར་གསེར་ལ་སོགས་པའི་བུམ་པ་རྒྱུད་དུ་གསུངས་པའི་མཚན་ཉིད་དང་ལྡན ་པའམ་ཡང་ན་ཇི་ལྟར་རྙེད་པ་ཡང་གཟུང་སྟེ། ཞི་གོའམ་རྒྱས་པའི་དོན་དུ་འབྲས་བཏགས་པའམ་ཐོད་ལེ་ཀོར་རམ་ཙན་དན་གྱི་ལྔ་སུ་དཀར་པོས་བྱས་པ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བའི་སྟེང་དུ་ཟླ་བ་དང་ཉི་མ་ལ་གནས་པའི་ལྷའི་ས ་བོན་དང་ཕྱག་མཚན་པའི་བར་བྱས་ལ་བདུད་རྩི་ལྔ་དང་དྲི་ཞིམ་པོའི་ཆུས་བཀང་ལ་རིན་པོ་ཆེ་ལྔ་དང། སྨན་ལྔ་དང་འབྲུ་ལྔ་ནང་དུ་བཅུག་སྟེ། ཨ་མྲ་ལ་སོགས་པའི་ལོ་མས་ཁ་བརྒྱན་པ་དང། སྐེ་ལ་མེ་ཏོག་གི་ཕྲེང་བ་དང་བཅས་པའི་རས་ཁ་ཚད ་མཉམས་པ་གཉིས་བཅིངས་པ་རྣམས་བླ་རེའི་འོག་ཏུ་མཚན་མ་དགོད་པའི་རིམ་པས་སོ་སོར་བྲིས་པའི་མཎྜལ་གྱི་སྟེང་དུ་དཀྱིལ་འཁོར་གྱི་རྣམ་བར་མདུན་དུ་ཀུ་ཤའི་སྟེང་དུ་བཀོད་ནས་ཧཱུཾ་ལན་བདུན་དུ་བཟླས་པའི་ཐིག་སྐུད་དཀར་པོ་བདུན་གྱིས ་ཨོཾ་བཛྲ་ཤེ་ཁ་རེ་རུ་ཊ་མཊ་ཏི་སྟཾ་བནདྷ་ཧཱུཾ་ཞེས་པའི་སྔགས་ཀྱིས་དཀྲི་བར་བྱའོ། །ཞི་བ་ལ་སོགས་པའི་ལས་དང་མཐུན་པའི་ཁ་དོག་ཅན་ལྔ་རྣམས་ཀྱི་ཞེས་བྱ་བ་ནི་རྒྱུད་གཞན་དུའོ། །རིན་པོ་ཆེ་ལྔ་ནི་མུ་ཏིག་དང། །གསེར་དང། པདྨ་ར་ག་དང། ་བྱུ་རུ་དང། མུ་མེན་ནོ། །པདྨ་རཱ་ག་མ་རྙེད་ན་དངུལ་ལམ་ཟངས་སམ་དུ་དེ?་ཡང་རུའོ། །མུ་མེན་གྱི་གནས་སུ་ནོར་བུ་ཡང་རུང་ངོ། །དབུལ་ནས་མ་འབྱོར་བ་ནི་རྣམ་པར་རྒྱལ་བ་དང་ལས་ཐམས་ཅད་པའི་བུམ་པ་རིན་པོ་ཆེ་དང་ལྡན་པར་བྱའོ། །བུམ་པ ་གཞན་ལ་ནི་མ་ཡིན། །དེ་ལ་ཡང་རྣམ་པར་རྒྱལ་བའི་བུམ་པ་ངེས་པར་རིན་པོ་ཆེ་དང་ལྡན་པར་རིག་པར་བྱའོ། །སྨན་ལྔ་ནི་འབྲི་ཧ་ཏི་དང། ཀཎ་ཌ་ཀ་རི་རི་དང། དཎ་ཌོ་ཏ་པ་ལ་དཀར་པོ་དང། དབང་པོ་ལག་པ་དང། ཨ་པ་རཱ་ཛ་ཏ་དཀར་པོ་རྣཾས ་སོ། །འབྲུ་ལྔ་ནི་ཏིལ་དང། ནས་དང། མོན་སྲིན་དང། སོ་བ་དང་གྲོ་རྣམས་སོ། །ཁ་ཅིག་ཏུ་འབྲས་སོ་པའི་གནས་སུ་མོན་སྲན་གྲེའུའོ། ། བ་དང། ནཱ་ག་གེ་སར་དང། ཨ་ཤོ་ཀ་དང། ཨ་ཤྭ་ཐ་དང། ཨུ་དུམ་པ་ར་སྟེ་ལྔ་པོ་རྣམས་ལས་གང་ཡང་རུང ་བའི་འདབ་མས་ཁ་བརྒྱན་ནོ། །ནཱ་ག་གེ་སར་མེད་ན་ནྱ་དྲོ་དྷཱ་འམ། འཛམ་བུའི་ལོ་མས་བྱའོ། །རས་ནི་དཀར་པོ་འམ་དམར་པོ་འམ་སེར་པོའོ། །ཁ་ཅིག་ཏུ་ལྗང་ཁུ་དང་ནག་པོ་འང?་བརྗོད། །རྣམ་པར་རྒྱལ་བའི་བུམ་པ་ལ་ཆོས ་འབྱུང་གི་དབུས་སུ་པདྨ་ལ་ཇི་ལྟར་རིགས་པར་ཟླ་བ་འམ་ཉི་མར་བདག་པོའི་མཚོན་མ་འམ་ས་བོན། །བུམ་པ་གཞན་རྣམས་ལ་ནི་པདྨ་ལ་གནས་པའི་ཟླ་པ་འམ་ཉི་མར་ཇི་ལྟར་རིགས་པར་ལྷ་རྣམས་ཀྱི་ནི་པདྨ་ལ་མཚན་མ་འམ་ས་བོན་ནོ། ། ་འཁོར་ལོ་ལྔ་ལ་སོར་རེ་རེ་སྟེ་ལྔའོ། །ཡང?་ན་ཕོ་བྲང་དུ་གནས་པ་ཁོ་ནའི་ལྔའོ། །ཡང་ན་འདི་རྣམས་ཀྱི་ལྔ་དང་འཁོར་ལོའི་བཞི་བཞི་སྟེ་དགུའོ། །ཡང་ན་དབུས་ཀྱི་ཕོ་བྲང་དམ་ཚིག་གི་འཁོར་ལོ་ལ་གནས་པ་རྣམས་ཀྱིས་ནི་བཅུ་གསུམ། །ཐུགས་ཀྱི་འཁོར་ལོའི་ཕྱོགས་སུ་གནས་པ ་རྣམས་ཀྱི་གཅིག་དང་མཚམས་སུ་གནས་པ་རྣམས་ཀྱི་གཅིག་གོ་།དེ་ལྟར་གསུང་གི་འཁོར་ལོ་དང་སྐུའི་འཁོར་ལོ་ལ་ཡང་ཡིན་ཏེ་བཅུ་དགུའོ། །ཕྱོགས་འདི་རྣམས་སུ་ལྷ་སོ་སོར་དགོད་པ་ལས་ཐམས་ཅད་པའི་དུམ་སྐྱེས་མ་ནི་ལྷག་པར་དགོད ་དེའི་རྗེས་སུ་འབྲངས་པས་དཀྱིལ་འཁོར་གཞན་རྣམས་ལ་ཡང་ཇི་ལྟར་རིགས་པས་བུམ་པའི་གྲངས་རིགས་པར་བྱའོ། །དེ་ལ་གཙོ་བོ་ཡིན་པའི་ཕྱིར་རྣམ་པར་རྒྱལ་བའི་བུམ་པའི་སྟེང་དུ་དུང་ཆོས་སམ་པདྨའི་སྣོད་དུ་ཧཱུཾ་གིས་བསྔགས་པའི་ཇི་ལྟར ་རྙེད་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་ཞིམ་པོའི་ཆུས་ཡེ་ཤེས་ཀྱི་བདུད་རྩིར་བྱས་པའི་རྡོ་རྗེ་རྡུལ་ཕྲ་རབ་ཀྱི་རང་བཞིན་བུམ་པ་བཅུད་དང་བཅས་པ་དེ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་དུ་བྱས་ལ། པཾ་གྱི་ཡི་གེ་ལས་བུམ་པ་རིན་པོ་ཆེའི་རང་བཞིན ་གྱི་གཞལ་ཡས་ཁང་དུ་བསྒོམS་ལ། ཨོཾ་བཛྲ་ཨ་མྲི་ཏོ་ད་ཀ་ཧཱུཾ་ཞེས་ལན་བདུན་བརྗོད་ལ་འབྲུ་གསུམ་གྱིས་ལན་གསུམ་དུ་བསྔགས་ཏེ་མེ་ཏོག་གི་ཕྲེང་བས་བཅིང་བའི་རྡོ་རྗེ་བཞག་ནས་དེ་ནས་ཨོཾ་ཏཔཏེ་ཏཔཏེ་མཧཱ་ཏཔཏེ་སྭཱཧཱ། སྣ་བདུན ་བདུན་བརྗོད་པས་དཀྱིལ་འཁོར་བྱའི?་ལྷའི་ཆུའི་རང་བཞིན་དུ་བཀུག་ལ། བཅུག་སྟེ་ཆུར་ལྷའི་གདན་དང་བཅས་པ་སྐད་ཅིག་གིས་བསམ་ལ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཡེ་ཤེས་ཀྱི་དཀྱིལ་འཁོར་མདུན་དུ་བཀུག་ལ་མཆོད་ཡོན་དང་ཞལ ་བསིལ་བྱིན་ལ་ཡང་དག་པར་མཆོད་དེ་དམ་ཚིག་གི་འཁོར་ལོ་ལ་བཅུག་ལ་ཆགས་པ་ཆེན་པོས་ཞུ་བར་གྱུར་པའི་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སྔོན་དུ་བྱས་པ་དེ་དང་རོ་གཅིག་ཏུ་གྱུར་པས་བསམ། མཚན་མ་ལ་ཡང་དམ་ཚིག་གི་ལྷ་དང་ཡེ་ཤེས་ཀྱི་ལྷ ་གཅིག་ཏུ་གྱུར་པར་བསམ་པར་བྱའོ། །དེ་ནས་ཧཱུཾ་ཞེས་བརྗོད་ཅིང་རྡོ་རྗེ་དང་འབྲེལ་པའི་མེ་ཏོག་གི་ཕྲེང་བ་དང་ལྡན་པ་གཡོན་པའི་ཁུ་ཚུར་གྱིས་བཟུང་ལ་ཨོཾ་བཛྲཝ་ཨུ་ད་ཀ་ཧཱུཾ་ཞེས་ལན་གྲངས་བརྒྱ་རྩ་བརྒྱད་ཆུ་ལ་སྔགས་པར་བྱའོ། །ཡང་ན་འཁོར ་ལོའི་བདག་པོའི་སྙིང་པོ་བཟླས་པར་བྱའོ། །དེ་ནས་ཨོཾ་ཨཱ:བགྷྞིནྟ་ཀྲིཏ་ཧཱུཾ་ཞེས་བདུད་རྩི་འཁྱིལ་པས་བསྔགས་ལ་མེ་ཏོག་དཀར་པོ་གསུམ་གཞུག་པར་བྱའོ། །བུམ་པ་གཞན་ལྷ་གང་དང་གང་གིས་ཡིན་པ་དེ་དང་དེའི་སྔགས་ཀྱིས་བརྒྱ་རྩ་བརྒྱད་དང་ཉི་ཤུ་རྩ ་གཅིག་གམ་བདུན་དུ་བཟླས་ཤིང་སྟེང་གི་རྡོ་རྗེའི་མིག་གི་ཕྲེང་བའི་མཐར་བཟུང་ནས་དེ་ལྟར་མེ་ཏོག་གཞུག་པར་བྱའོ། །དེ་ནས་རྣམ་པར་རྒྱལ་བ་ལ་སོགས་པའི་བུམ་པ་རྣམས་མེ་ཏོག་ལ་སོགས་པས་མཆོད་ནས་བསྲུང་བའི་དོན་དུ་ལS་ཐམས་ཅད་ཀཱི? ་ཆུས་དེའི་ལོ་མས་བསང་སྟེ། འདིར་དཀྱིལ་འཁོར་གྱི་བྱ་བ་རྣམས་རྫོགས་པར་གྱུར་པ་དེ་སྲིད་དུ་བགེགས་རྣམས་བཟློག་པར་མཛོད་ཅིག་།ཅེས་བརྗོད་ཅིང་གཏོར་མ་ཡང་ཉེ་བར་རེག་སྟེ། མི་བསྐྱོད་པ་ནི་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི ་མཁའ་ཆེན་པོ། །རྡོ་རྗེ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་བ་ཆེ། །རང་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། ། ་རིན་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གོས་པ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོག་།རྡོ ་རྗེ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པས། །རང་བཞིན་དག་པས་ཡང་དག་བྱུང། །རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད་ཅེས་བསྟོད་པ་སྔོན་དུ་སོང་བས་དྲིལ་བུ ་དཀྲོལ་ཞིང་དུང་ཆོས་སམ་པདྨའི་སྣོད་དུ་ཆུ་ཉུང་དུ་བླུགས་ལ་སྟེང་དུ་རྡོ་རྗེ་བཞག་སྟེ་བུམ་པའི་སྟེང་དུ་བཞག་པར་བྱའོ། །བདག་ཉིད་དམ་སློབ་མ་རྣམས་ལ་བསང་པའི་དོན་དུ་བུམ་པ་དེ་རྣམས་ལས་ཆུ་ཉུང་ཟད་བཅུས་ནས་དཀྱིལ་འཁོར་གྱི་ཁང་པའི ་ཤར་སྒོའི་བྱང་གི་ཆར་མན་ཇི་ལ་གནས་པའི་དུང་ཆོས་ལ་སོགས་པར་ལས་ཐམས་ཅད་པའི་བུམ་པ་ཉིད་ཀུ་ཤའི་ཆུན་པོ་དང་ལྡན་པ་དེའི་དོན་དུ་དེར་བཞག་པར་བྱའོ། །ཞེས་པ་ནི་གཞན་དག་གིའོ། །བུམ་པ་རྣམས་མངོན་པར་བསྔགས་པ ་དང་མཆོད་པ་ལ་སོགS་པ་ཉི་མ་སོ་སོའི་ཐུན་གསུམ་མམ་ཐུན་གཅིག་ཏུ་བྱའོ། །འདིར་དཀྱིལ་འཁོར་ལ་ཉེ་བར་མཁོ་བའི་ཕྱིར་དང་པོ་རྡུལ་ཚོན་དཀར་པོ་ལ་སོགས་པས་འདབ་མ་བརྒྱད་བྲིས་ལ་ལྟེ་བ་ལ་རྣམ་པར་རྒྱལ་བའི་བུམ་པའམ་ལས ་ཐམས་ཅད་བའི་བུམ་པ་བཞག་པར་བྱའོ། །ཤར་གྱི་འདབ་མ་ལ་ཐིག་སྐུད་སྣོད་དུ་བཞག་གོ་།ལྷོར་རྡོ་རྗེ། བྱང་དུ་དྲིལ་བུའོ། །ནུབ་དང་མཚམས་ཀྱི་འདབ་མ་རྣམས་སུ་ཅི་རིགས་པའི་རྡུལ་ཚོན་ལྔའི་སྣོད་རྣམས་སོ། །བུམ་པ་དེའི་ཆུ་ལ་འཁྱིལ་བའི ་སྔགས་སམ། ཨོཾ་ཨ་ཨཱ་ཨཾ་ཨཱ:ཞེས་བྱ་བ་བརྗོད་ནས་ཚོན་ཐིག་ལ་བསང་གཏོར་བྱའོ་ཞེས་པ་ནི་བུམ་པ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་དཀྱིལ་འཁོར་ས་གཞི་དྲི་བཟང་པོ་ལ་སོགས་པས་བྱུགས ་ཤིང་མེ་ཏོག་བཅལ་དུ་བཀྲམ་སྟེ། དེར་ནུབ་ཏུ་ཕྱོགས་པར་ཇི་ལྟར་རྙེད་པའི་བདུད་རྩི་ལྔ་དང་བཅས་པའི་དྲི་བཟང་པོས་བདག་པོ་ལྔའི་ལེ་ཚེ་རྣམས་སུ་མཎྜལ་གྲུ་བཞི་པ་དང་ལྷ་གཞན་ལ་ཟླུམ་པོར་བྱའོ། །དེ་ནས་མཎྜལ་རྣམས་སུ་རང་གི་སྙིང་གའི་ས ་བོན་གྱི་འོད་ཟེར་གྱིས་འཁོར་ལོའི་གཙོ་བོ་ལ་སོགས་པའི་ལྷའི་དཀྱིལ་འཁོར་སྤྱན་དྲངས་ཏེ་དཀོད་ནས་ཞབས་བསིལ་ལ་སོགས་པ་སྔོན་དུ་འགྲོ་བའི་མཆོད་པ་དང་བསྟོད་པ་དང་བདུད་རྩི་མྱང་བ་བྱ་སྟེ། པུས་མོ་གཡས་བས་ལ་བཙུགས་ནས་ལྕེ ་རྡོ་རྗེ་རྩེ་གཅིག་ལ་ཧཱུཾ་བཀོད་དེ། ལག་པ་གཡས་པས་སྤོས་ཕོར་ཐོགས་ལ་གཡོན་པས་དྲིལ་བུ་དཀྲོལ་ཞིང། ཆེ་གེ་ཞེས་བྱ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། །སློབ་མ་རྣམས་ལ་བརྩེ་བ་དང། །ཁྱེད་རྣམས་ལ ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་མགོན་ཁྱོད་ཀྱི། །དཀྱིལ་འཁོར་འདི་ནི་བྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལ། །དེ་ནི་གནང་པར་མཛད་པར་རིགས། །འགྲོ་ལ་འཁོར་ལོའི་དོན་སྦྱིན་བྱེད། །སངས་རྒྱས་རྣམས་ནི་དགོངས ་གསོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང། །གང་གཞན་གསང་སྔགས་ལྷ་རྣམས་དང། །འཇིག་རྟེན་སྐྱོང་བའི་ལྷ་དང་ཀྵ། །སེམས་ཅན་རྫོགས་སངས་བསྟན་གནས་དང། །རྡོ་སྤྱན་དང་སྙན་ལྡན་པ། །གང་དག་བསྟན་ལ་དགའ་བ་རྣམས། ་བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་རྡོ་རྗེ་ཆེ་གེ་མོས། །ཆེ་གེ་མོ་འབྱུང་དཀྱིལ་འཁོར་ནི། །འགྲོ་བ་དག་པར་བྱ་བའི་ཕྱིར། །ཡོ་བྱད་ཅི་འབྱོར་པས་འདྲིན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་ནི་རྩེ་བར་དགོངས་ནས་སུ།། ་དཀྱིལ་འཁོར་བཅས་པ་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་པ་མཛད་པར་རིགས་ཞེས་ལན་གསུམ་དོན་ལ་བརྟེན་ནས་བརྗོད་ཅིང་གསོལ་བ་གདབ་པར་བྱའོ། །ལྷ་ལྷག་པར་གནས་པའི་ཆོ་གའོ།། །།དེ་ནས་རྡུལ ་ཚོན་གྱི་དཀྱིལ་འཁོར་རམ་དཀྱིལ་འཁོར་གཞན་ཡང་རུང་སྟེ་སྔར་བརྗོད་པའི་ཚུལ་གྱིས་དང་པོ་བུམ་ལྷག་པར་གནས་པ་དང། དགོད་པ་དང་ཉེ་བར་སྤྱོད་པ་ལྔ་ལ་སོགས་པའི་མཆོད་པ་བྱས་ནས་ང་རྒྱལ་ལ་སོགས་བའི ་སྐྱོན་དང་བྲལ་བའི་སློབ་མ་ལགས་པར་བརྟགས་པ་ལ་དགེ་བསྙེན་ལ་སོགས་པའི་བསླབ་པ་བྱིན་པ་ལ་ཡོངས་སུ་སྦྱངས་ལ་མཆོག་ཏུ་ཐེག་པ་ཆེན་པོ་ལ་མོས་པ་རྡོ་རྗེ་སེམས་དཔའ་ཨི་སྡོམ་པ་འཛིན་པར་ནུས་པ་གཅིག་གམ་གཉིས་སམ་མང་པོ ་ཡང་རུང་སྟེ། ལས་ཀྱི་རྡོ་རྗེས་དཀོན་མཆོག་གསུམ་སོ་སོར་དཀྱིལ་འཁོར་བྱས་ལ་སྔོན་དུ་?་དཀྱིལ་འཁོར་གྱི་ཤར་སྒོ་དང་ཉེ་བར་རྡོ་རྗེ་སློབ་དཔོན་ཤར་རམ་བྱང་དུ་ཁ་ཕྱོགས་པར་གནས་པའི་མདུན་དུ་མཎྜལ་བྱས་ལ་པུས་མོ་གཡས ་པའི་ལྷ་པས་ལ་གཙུགས་པ་འམ། ཙོག་པུར་བསྡད་ལ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པའི་སྐུ་གསུམ་ཐོབ་པར་འདོད་པའི་བསམ་པས་དཀྱིལ་འཁོར་དུ་འཇུག་པར་གསོལ་གདབ་པར་བྱའོ། །འཆི་དང ་སྐྱེ་དང་རྒས་པ་ཡིས། ཆུ་སྲིན་ལ་སོགས་ཀྱིས་འཇིགས་པས། །སྲིད་པའི་མཚོ་ལས་སྒྲོལ་བྱེད་ཅིང། །སྟོན་པ་ཁྱོད་ནི་དགའ་ཆེན་ཏེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་རྩོལ ་སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་རྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ་ཞེས་ལན་གསུམ་དུའོ། །ཁྱོད་ནི་ཐེག་ཆེན་སྣོད་ཡིན་པས། །ཚུལ་ཆེན་འདེ་ལ་བུ ་ཚུར་ཤོག་།གསང་སྔགས་སྤྱོད་ཚུལ་ཆོ་ག་འདི། །ཁྱོད་ལ་ཡང་དག་བསྟན་པར་བྱ། །དུས་གསུམ་འབྱུང་བའི་སངས་རྒྱས་ནི། །སྐུ་གསུང་ཐུགས་ཀྱི་རྡོར་འཛིན་གྱིས། །རྡོ་རྗེ་སྔགས་ལ་རབ་བྱུང་བས། །ཡེ་ཤེས་མཉམ་མེད་ཐོབ་པས་ན། ་སྔགས་ཀྱི་སྦྱོར་བ་མཉམ་མེད་པས། །གང་གི་སྟོབས་ཆེན་བདུད་ཀྱི་སྡེ། །ཤཱཀྱ་སེང་གེ་སོགས་མཆོག་གིས། །ཆེན་པོ་མི་རྣམས་བཅོམ་ནས་སུ། །འཇིག་རྟེན་རྗེས་འཇུག་ལ་བརྟེན་ཏེ། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་ཕྱིར་ཤིན་ཏུ་བུ་ཁྱོད་ཀྱི ་ཐམས་ཅད་མཁྱེན་ཉིད་ཐོབ་པར་མཛོད་ཅེས་བརྗོད་པར་བྱའོ། །དེའི་རྗེས་སུ་བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་།ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་མཁྱེན་པ་ཐམས་ཅད་སྟོན་པ། འཇིགས་པ་ཐམས་ཅད་ལས་འདས་པ། སྐྱེས་བུ་ཆེན་པོའི་སྐུ་དབྱེར་མེད་པ་བླ་ན་མེད་པའི་སྐུ་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་གྱི་མཆོག་? ་ཐེག་པ་ཆེན་པོའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཨི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དེ་བཞིན་དུ་ལན་གསུམ་དུའོ་ཞེས་སྐྱབས་སུ་འགྲོ་བའི་ཆོ་གའོ། །དེའི་རྗེས་སུ ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཆེ་གེ་མོ་ཞེས་བགྱི་པ་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཇི་ལྟར་དུས་གསུམ་མགོན་པོ་རྣམས། །རྫགས་སངས་རྒྱས ་ཀྱི་ངེས་བྱས་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། །ཚུལ་ཁྲིམས་གྱི་ནི་བསླབ་པ་དང། །དགེ་པའི་ཆོས་ནི་སྡུད་པ་དང། །སེམས་ཅན་དོན་བྱེད་ཚུལ་ཁྲིམས ་གསུམ། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེ་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ན་མི་གཏང་ངོ། །རྡོ་རྗེ་རིག་མཆོག་ཆེན་པོ ་ཡིས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ནི། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། ། ་སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ཡི། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོ་བཟུང་བར་བགྱི། །ལས་ཀྱི་རིག་མཆོག་ཆེན་པོ་ལ། །སྡོམ་པ་ཀུན་དང་ལྡན ་པོར་ནི། །ཐམས་ཅད་དུ་ནི་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་བགྱིད་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང། ། ་མ་བསྒྲལ་བརྣམས་བདྡག་གིས་བསྒྲལ། །མགྲོལ་བ་ནི་དགྲོལ་བར་བགྱི། །དབུགས་མ་ཕྱུང་བ་དབུགས་དབྱུང་སྟེ། །སེམས་ཅན་མྱ་ངན་འདས་ལས་དགོད་ཅེས་ལན་གསུམ་དུ་བྱའོ། །བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་གའོ། །དེ་ནས ་བདུད་རྩི་འཁྱིལ་བའི་སྔགས་ཀྱིས་བསྲུངས་ནས་དེ་དག་གི་སྙིང་ག་དང། མགྲིན་པ་དང། མགོ་བོ་རྣམས་ཧཱུཾ་ཨཱ:ོཾ་ནག་པོ་དང་དམར་པོ་དང་དཀར་པོ་བསམས་ནས་དེ་རྣམས་བརྗོད་ཅིང་སྙིང་ག་དང། མགྲིན་པ་དང། མགོ་བོ་རྣམས ་ལ་དྲི་ཆུ་དང་བཅས་པའི་རྡོ་རྗེ་དང་ལྡན་པའི་ཁུ་ཚུར་གཡས་པ་རེག་ཅིང་མགོ་བོ་ལ་མེ་ཏོག་དང་མདུན་དུ་སྤོས་དང་མར་མེ་ནི་སྙིང་ག་སྟེ་དྲི་ཡང་སྦྱིན་ནོ། །དེའི་རྗེས་ལ་ཨ་ཤྭད་ཐ་ལ་སོགས་པའི་སོ་ཤིང་སོར་བཅུ་གཉིས་བ་དྲང་ཞིང་སྲོག ་ཆགས་མེད་པ་མ་གས་པ་རྨ་མེད་པ་དྲི་ཞིམ་པོའི་ཆུས་བསྐུས་པ་རྩེ་མོ་མེ་ཏོག་གིས་བཅིངས་ལ་བྱང་དུ་ཕྱོགས་ཏེ་སློབ་མ་རྣམས་ལ་སྦྱིན་ནོ། །དེ་རྣམས་ཀྱིས་ཀྱང་?་བཞི་ཁྲུ་གང་བའི་མཎྜལ་ལྕི་བས་བྱུགས་པར་ཤར་རམ་བྱང་དུ་ཕྱོགS ་?་སོ་ཤིང་དེ་ཨོཾ་བཛྲ་ཧ་ས་ཧ་ཞེས་བརྗོད་ནས་རྩེ་མོ་འཆོས་ཏེ་སྟེང་དུ་ལྟ་ཞིང་མ་གས་པ་དེ་བལྟོས་པ་མེད་པར་མདུན་དུ་ངོར་རོ། །དེ་རྣམས་ལ་སོ་ཤིང་ལྷུང་བའི་རྗེས་སུ་འབྲངས་ཏེ་འབྱུང་པར་འགྱུར་བའི་དངོས་གྲུབ་བརྗོད་པར་བྱའོ། །ཤར་དང་བྱང་དང ་?་དང་ལྷོ་དང་སྟེང་དང་འོག་ཏུ་ཕྱོགས་པར་ལྷུང་ན་རིམ་པ་བཞིན་དུ་ཞི་བ་དང་རྒྱས་པ་དང་དབང་དང་མངོན་སྤྱོད་དང་རིག་པ་འཛིན་པ་དང་ས་འོག་གི་དངོས་གྲུབ་རྣམས་སོ། །མཎྜལ་གྱི་ངོས་སུ་ལྷུང་ན་དངོས་གྲུབ་མེད་དོ། །དེའི་རྗེས་སུ་བཾ་གིས་ཡི ་?་ལས་སྐྱེས་པ་དེ་ཉིད་བཟླས་པའི་ཆུས་ཁ་བཀྲུ་བའི་ཕྱིར་མཐོར་འཐུང་བྱིན་ནས་བདུད་རྩི་འཁྱིལ་པ་ལན་བདུན་དུ་བཟླས་པའི་ཆུ་ཁྱོར་བ་གསུམ་ལ་ཨོཾ་ཧྲཱི:བི་ཤུད་དྷ་སརྦ་དྷརྨཱ་པཱ་པ་ནི་ཙ་ཨ་མུ་ཀ་སྱ་ཤོ་དྷ་ཡ་སརྦ་བི་ཀཝན?་ཨ་བ་ན་ཡ་ཧཱུཾ་ཞེས་འདོན ་ཞིང་བླུད་པར་བྱའོ། །དེ་ནས་དེ་རྣམས་ཀྱི་ཕྱི་ངོས་སུ་བཀོད་ནས་ཧཱུཾ་ལས་བྱུང་ཞིང་དེ་བཟླས་པ་འམ་འཁྱིལ་བ་བཟླས་པའི་ཀུ་ཤ་མང་པོ་རྩེ་མོ་མ་བཅད་པ་ཉལ་བའི་སྟན་གྱི་དོན་དུ་སྦྱིན་ནོ། །དེ་བཞིན་དུ་སྔགས་ཀྱི་དོན་དུ་ཡི་གེ་དྷཱི:ལས་སྐྱེས་པའི་ཀུ་ཤ ་རྐུན?་པོ་གཅིག་ལ་འཁྱིལ་པ་བཟླས་ལ་ཨོཾ་བཛྲ་ཏཱིཀྵ་ཎ་བཾ་ཞེས་པའི་སྔགས་ཀྱིས་སྦྱིན་ནོ། །དེ་ལ་ཡི་གེ་ཧཱུཾ་ལས་བྱུང་བའི་སྐུད་པ་དམར་པོ་སློབ་མའི་ལུས་ཀྱི་ཚང་སུམ་སྒྲིལ་བྱས་ལ་འཁྱིལ་པ་ལན་བདུན་བཟླས་པའི་མདུད་པ་གསུམ་མམ ་བདུན་བྱས་པ་དེ་རྣམས་ཀྱི་དཔུང་པ་གཡས་པ་འམ་ལག་པ་གཡོན་པར་བརྒྱད་གཞན་དུ་བཤད་པའི་ཨོཾ་བུད་དྷ་མཻ་ཏྲི་རཀྵ་རཀྵ་སརྦནྟུ་སྭཱཧཱ་ཞེས་འདོན་ཞིང་རང་ཉིད་ཀྱིས་བཅིངས་ལ་ཡང་དག་པར་བསྲུངས་ཏེ་སྤྲོ་བ་བསྐྱེད་པར་བྱའོ། །བསྐལ་བ ་བྱེ་བ་དུ་མ་རུ། །སྡིག་པ་གང་ཞིག་སྔོན་བྱས་པ། །དེ་ཀུན་དཀྱིལ་འཁོར་འདི་དྲན་པའི། མཐང་བས་ཟད་པར་འགྱུར་ལེགས་ན། །གང་དག་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་པ་།དེ་ཉིད་ཀྱིས་ན་ངན་འགྲོའི་རྒྱུན། །སྡུག་བསྔལ་ཀུན་ནི་དབུ? ་ཏུ་བཅད། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་རྣམས་གཉིས་དེ་རིང་རྙེད། །གང་ཕྱིར་རྒྱལ་བསྲས་ཅས་ག། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བར་འགྱུར།། ་དེ་ཕྱིར་ཁྱོད་རྣམས་ཐེག་ཆེན་ལ། །ལེགས་པར་རབ་ཏུ་སྐྱེ་པར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་འདི་ཡིས་འགྲོ་འགྱུར་ན། །དེ་བཞིན་གཤེགས་པན་མསུ?་འགྱུར་ཅེས་ཉན ་དུ་བཅུག་ནས་དེ་རྣམས། འཁྱིལ་པའི་སྔགས་ཀྱིས་བསྲུངས་ནས་དེ་ལ་བཟླས་པའི་དོན་དུ་འཁྱིལ་པའི་སྔགས་བྱིན་དེ་ནང་པར་རྨོ་ལམ་བདག་ལ་སྨྲོས་ཤིག་ཅེས་བརྗོད་ནས་གཞལ་ཡས་ཁང་གི་ནང། དཀྱིལ་འཁོར་གྱི་སིང་? ་ཡོལ་བ་ལ་སོགས་པས་བཅད་པར་རམ། གཞན་དུ་སེང་གེའི་ཉལ་སྟངས་ཀྱིས་ཉལ་དུ་གཞུག། རང་ཉིད་དཀྱིལ་འཁོར་གྱི་ཁང་པར་ཞུགས་ནས་བསྲུང་བའི་དོན་དུ་འཁྱིལ་པའི་སྔགས་བཟླས་པར་བྱའོ། །འདིར་སྡོམ་པ་གང་སློབ ་དཔོན་དུ་མི་བྱེད་པ་ལ་ཡང་ཐུན་མོང་དུ་སྦྱིན་པར་བྱ་བ་ནི་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ཙམ་གྱི་མཚན་ཉིད་དོ། །གང་ཡང་སློབ་དཔོན་དུ་བྱེད་པ་ལ་སྦྱིན་པ་དེ་ནི་སློབ་དཔོན་གྱི་སྡོམ་པ་སྟེ་རིག་སྔགས་བསྡུས་པའོ། །དེའི་ཕྱིར་སློབ ་ལྷག་པར་གནས་པའི་ཚོག་འདི་ནི་སྡོམ་པ་གཉིས་སྦྱིན་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ་ཞེས་སློབ་མ་ལྷག་པར་གནས་པའི་ཆོ་གའོ། །དེ་ལྟར་སློབ་མ་ལྷག་པར་གནས་པ་བྱས་ནས་ལྷ་ཡེ་ཤེས་ཀྱི་ཐིག་གི་ངོན་དུ་ནམ་མཁར་བཏེག་ལ ་ཤར་དུ་ཕྱོགས་པར་སྐུད་པ?་སྣོད་ལྔར་བཞག་ལ་དྲི་དང་བདུད་རྩི་ལྔ་དང། ཡུངས་ཀར་གྱི་ཕྱེ་མ་དང་ལྡན་པའི་ཚོན་གྱིས་ཁ་བསྒྱུར་ལ་རིགས་ལྔའི་དམ་ཚིག་པ་བསྐྱེད་ལ་ཡེ་ཤེས་ཀྱི་ཐིག་རིགས་ལྔའི་ངོ་བོར་བསྟིམ། དེ་ནས་ཨོཾ་ཨ་ནྱོ ་ནྱ་ཨ་ནུ་ག་ཏ་སརྦ་དྷརྨཱ:པར་སྦར་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ:། ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨཱ:། ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་ཅིང་འཁྱིལ་པའི་སྔགས་ཀྱིས་སློབ་མ་དང་སྐུད་པ་ལྔ་ལྔས་རེ་རེ་བྱའོ། །དེ་ལྟར་བསྒྲིམས་པ་ལ་ཡང་གཅིག་བྱའོ། །རིང་ཐུང་དཀྱིལ ་འཁོར་གྱི་གཉིས་འགྱུར་ལ་སྦོམས་སུ་ནས་ཙམ་མོ། །དེ་ནས་ཤར་དུ་དྲི་ཆུ་དང་བདུད་རྩི་ལྔ་དང་པའི་རྣམ་ལྔས་བསར་ཞིང་དྲི་དང་མེ་ཏོག་?་རྫས་ཀྱིས་མཆོད་དེ་ལག་པར་རེག་ཅིང་འཁྱིལ་བས་བསྲུང་ངོ། །ལས་ཐམས་ཅད་པ་བཟླས་པའི་བདུད་རྩིའི ་ཆུ་དང་ཡུངས་ཀར་དང་དྲིའི་ཆུས་གཏོར་ཏེ། རྡོ་རྗེ་དང་བཅས་པའི་ལག་པ་གཡས་པར་རེག་སྟེ། ཨོཾ་བཛྲ་ས་མ་ཡ་སཱུ་ཏྲཾ་མཱ་ཏི་ཀྲ་མ་ཧཱུཾ་ཞེས་བརྗོད་ནས་ཡི་གེ་གསུམ་བརྒྱ་རྩ་བརྒྱད་བརྗོད་དེ་ལྷག་པར་གནས་པར་བྱའོ། །ཡང་དཀྱིལ་འཁོར་གྱིས ་ལ་ཨོཾ་སརྦ་སཾ་ཤོ་དྷ་ནི་ཧཱུཾ་ཕཊ་ཅེས་པས་བུམ་པ་ཐམས་ཅད་ཀྱི་ཆུས་བསང་གཏོར་བྱས་ལ་དྲིས་བྱུགས་ནས་མེ་ཏོག་བཀྲམ་སྟེ་ནམ་མཁའ་ལ་དཀྱིལ་འཁོར་དམིགས་ཏེ་མཆོད་བསྟོད་བྱའོ། །དེ་ནས་སློབ་མ་འཁྱིལ་པས་བསྲུང་བ་དང། རང ་གི་ལྟེ་བར་ཐིག་སྐུད་བཟུང་བ་དང། རྡོ་རྗེ་རྐང་པས་དང་པོ་གཡས་ས་ལ་འདོར་བས་འགྲོ་ཞིང་ཛཛ་ཛཛ་ཛཛས་བསྐུལ་ཞིང་ངེས་ཀྱང་ཛཛ་ཛཛ་ཛཛས་སྣ་དྲངས་ལ་ནུབ་ནས་ཤར་དང་ལྷོ་ནས་བྱང་དུ་ནམ་མཁའ་ལ་ཚངས་ཐིག་གཉིས་རྡོ་རྗེ་དང་བཅས་པའི་གཡས ་པས་འདེབས་ཤིང་སེ་གོལ་གྱི་སྒྲ་བྱའོ། །ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་བསྐུལ་ནས་ཐིག་སྐུད་ལ་བསྟིམ་མོ། །ཐིག་གདབ་པ་ཐམས་ཅད་དུ་ཨོཾ་བཛྲ་ས་མ་ཡ་སུ་ཏྲཾ་མཱ་ཏིཀྲ་མ་ཧཱུཾ་ཧཱུཾ། ཨོཾ་སརྦ་ཨ་ཧཾ་ཞེས་བརྗོད་པར་བྱའོ། །དེ་ལྟར་སའི་གཉིས་ཀྱང་ངོ།། ་མེའི་མཚམས་ནས་རླུང་དུའོ། །བདེན་བྲལ་ནས་དབང་ལྡན་མཚམས་སུ་གདབ་པོ། །མེའི་མཆམས་སུ་གནས་ཏེ་ཤར་གྱི་རྩ་ཐིག་འཁོར་ལོའི་མཆམས་སུ་གདབ་བོ། །རླུང་ནས་ནུབ་ཀྱིའོ། །དེ་ནས་བྱང་གིའོ། །མེ་ནས་ལྷོའི་འོ། །ཐིག་དེའི་གཅིག ་གི་བརྒྱད་ཆ་སྒོ་ཡིན་ནོ། །དེ་ནས་ཧི་ཧི་ཞེས་བརྗོད་ནས་སྒོའི་རྩ་བའི་ཐིག་དབྱིའོ། །ཐིག་ཐམས་ཅད་བཏབ་ནས་ཡེ་ཤེས་ཀྱི་ཐིག་བློས་བཏེག་ལ་དཀྱིལ་འཁོར་གྱི་ལྟེ་བར་སེང་ལྡེང་གི་ཕུར་པ་སྟེ། རྡོ་རྗེ་རྩེ་གཅིག་པ་མགོ་རྩ་གཅིག ་པ་ཧཱུཾ་ལས་བསྐྱེད་པར་བསམས་ལ་ཕུད?་པའི་སྔགས་བརྒྱ་རྩ་བརྒྱད་བཟླས་ལ་བརྡུང་བའི་སྔགས་ཀྱིས་བརྡུང་སྟེ། ཟླུམ་པོའི་ཐིག་བཏབ་ནས་ཨོཾ་ཨཱ:ཧཱུཾ་བཛྲ་མུ:ཡེ་ཤེས་ཀྱི་ཐིག་སྐུད་གཤེགས་སུ་གསོལ་ཏེ་སངས་རྒྱས་ཀྱི་ཐུགས་ཀར ་གཞུག་།ཐིག་སྐུད་ཀྱི་ཆོ་གའོ། །དེ་ནས་རྡུལ་ཚོན་ལ་རིགས་ལྔའི་དམ་ཚིག་བསྐྱེད་པ་ཡེ་ཤེས་བསྟིམ་ནས་ཨོཾ་བཛྲ་ཅི་ཏྲ་ས་མ་ཡ་ཧཱུཾ་ཞེས་བརྒྱ་རྩ་བརྒྱང་བཟླའོ། །དེ་ནས་ཡིད་ཀྱིས་སྦར་རོ། །དྲི་དང་མེ་ཏོག་གི་མཆོད་ལ་སྣོད་དུ་གཞོག ་དེ་ནས་དཀྱིལ་འཁོར་ལྟེ་བའི་ཕུང་པ་ཧཱུཾ་བཞི་པའི་སྔགས་ཀྱིས་གཏོན་ལ་བློས་ལག་པའི་རྡོ་རྗེ་ལ་བསྟིམ་སྟེ་ཁུང་བུ་ཆེན་སྣ་ལྔས་བཀང་ལ་འདི་ན་ཆོས་དབྱིངས་དག་པ་སྟེ། སེམས་ཅན་ཁམས་ནི་རབ་སྒྲོལ་མཛད། །བདག་ཉིད་རྡོ་རྗེ་འཆང ་རྒྱལ་ཏེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །འཁོར་བའི་གནས་སུ་ཡང་དག་གནས་ཞེས་ཆོས་དབྱིངས་རྣམ་པར་དག་པར་མོས་ནས་ཨོཾ་བཛྲ་རཱ་ག་ས་མ་ཡ་ཨོཾ་ཨཱ:ཧཱུཾ་ཞེས་བརྗོད་ཅིང་གཡས་པས་རྡོ་རྗེ ་?་གཡོན་པས་དབང་ལྡན་ནས་གཡས་སྐོར་དུ་ཚོན་དགྱེའོ། །ཕྱི་ནས་སློབ་མ་དང་ཇི་ལྟར་བདེ་བར་ཚོན་དགྱེའོ། །ཧཱུཾ་དང་འཁྱིལ་པ་བཟླས་པའི་བདུད་རྩི་ལྔ་དང་དྲིའི་ཆུས་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་བྱུགས་ལ་དེ་བཟླས་པའི་ཆུས ་དཀྱིལ་འཁོར་བསངས་ཏེ་རྡུལ་ཚེན་ལྷག་མ་རྣམས་ཨོཾ་ཨཱ:ཧཱུཾ་བཛྲ་མུ:བརྗོད་པས་ཡེ་ཤེས་པ་གཤེགས་སུ་གསོལ་ཏེ་ཚོན་ས་གཙང་སར་བཞག་གོ་།ཚོན་དགྱེའོ། །དེ་ནས་དཀྱིལ་འཁོར་གྱི་ཕྱོགས་བཞིར་མདོ་བཞི་བཀླག་གོ་།སྤོས་ཕོབ ་བརྒྱད་བཞག་གོ་།རས་སྟོང་ལ་སོགས་པ་དང། གདུགས་དང། རྒྱལ་མཚན་བ་དོན་དང་འཕན་ལ་སོགས་པ་ཡི་གེ་ཧཱུཾ་དང་བདག་པོའི་བསྔགས་བཟླས་པའི་ཨོཾ་བཛྲ་སཕ་ར་ཁཾ་ཞེས་ཕུལ་ནས། དེ་ནས་འཁྱིལ་པའི་ཆུས་མཎྜལ་བསངས་ཏེ་ཡི་གེ་གསུམ ་དང་འཁྱིལ་བའི་སྔགས་ཀྱིས་བསྲུངས་ནས་རྡོ་རྗེ་དྲིལ་བུ་བཟུང་སྟེ་ཤར་སྒོ་ནས་ཉེ་བར་ནུབ་ཏུ་ཕྱོགས་པས་གནས་ནས་འཁོར་ལོའི་དབང་པའི་རྣལ་འབྱོར་དང་ལྡན་པས་དྲིས་པའི་དཀྱིལ་འཁོར་སྟོང་པ་ཉིད་ཀྱི་རྗེས་ལ་བསྲུང་བའི་འཁོར་ལོ་དང ་བགེགས་ལ་ཕུར་བུས་གདབ་པ་ལ་སོགས་ཆོ་ག་བསྒོམ་པར་བྱ་བའི་དཀྱིལ་འཁོར་གྱི་རང་བཞིན་དུ་བརྟག་པར་བྱས་ནས་རབ་ཏུ་སྒྲུབ་པའི་ཕྱི་རོལ་གྱི་ཕྱག་རྒྱ་དང་སྙོམས་པར་འཇུག་པར་བྱ་སྟེ། དེ་མེད་ན་ཡེ་ཤེས་ཀྱི་ཕྱག་རྒྱ་དང་སྙོམས་པར ་འཇུག་པས་ཀྱང་རུང་སྟེ། ཡང་དག་པར་བསྐྱོད་པའི་དགའ་བའི་སྒྲས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ལ་ཞལ་བསིལ་དང་མཆོད་ཡིན་ཕུལ་ལ་སྔོན་དུ་འགྲོ་བས་རང་གི་ནང་དུ་བཅུག་ལ་འདོད་ཆགས་ཆེན་པས་ཞུ་བར་གྱུར་པ་དེ་རྡོ་རྗེའི་ལམ ་ནས་བྱུང་ནས་པདྨར་ཡེ་ཤེས་ཀྱི་ལྷའི་འཁོར་ལོའི་བདག་ཉིད་སྤྲོས་ཏེ། དམ་ཚིག་གི་འཁོར་ལོ་གནས་ཇི་ལྟ་བར་ཞུགས་པར་བསམས་ནས་སྤྱན་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབས་པའི་དེ་མ་ཐག་ཏུ་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར ་གྱིས་བཀུག་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱིས་དབང་བསྐུར་ནས་ཇི་ལྟར་རིགས་པས་རྒྱས་གདབ་པར་བྱའོ། །དེ་ནས་མཆོད་པཱི་ལྷ་མོ་སྤྲོས་པ་རྣམས་ཀྱིས་ཡིད་བཞིན་གྱི་མཆད་པས་མཆོད་དེ་བསིལ་པའི་རས་དང་རས་ཟུང་དང ་བླ་བྲེ་ལ་རས་སྤྱངས་པ་དང་ཡི་གེ་གསུམ་གྱིས་བསྔགས་པའི་བཟའ་བ་དང་བསྔགས་པ་དང་བཅའ་བ་དང་བཞིབ་པ་དང་བཏུང་པ་དང་ཞལ་ཟས་ལ་སོགས་པ་དང་གསེར་དང་པུ་མོ་དང་གླང་པོ་ཆེ་དང་རྟ་དང་བ་ལང་ལ་སོགས་པ་ཕུལ་ནས་ཕྱི ་རོལ་གྱི་རྣལ་འབྱོར་མ་དྲུག་གམ་བརྒྱད་དམ་བཞིས་གཟུགས་རྡོ་རྗེ་མ་ལ་སོགས་པའི་ངོ་པོས་རང་གི་མཆོད་པས་མཆོད་ནས་དྲིལ་བུ་དཀྲོལ་ཞིང། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ། །རྡོ་རྗེ་དབྱིངས་ནི་མཁའ་ཆེན་པོ། །རྡོ་རྗེ ་གསུམ་མཆོག་དཀྱིལ་འཁོར་གསུམ། །རྡོ་རྗེ་དབྱིངས་ལ་ཕྱག་འཚལ་བསྟོད། །རྣམ་པར་སྣང་མཛད་དག་པ་ཆེ། །རྡོ་རྗེ་ཞི་བ་དགའ་ཆེན་པོ། །རང་བཞིན་འོད་གསལ་མཆོག་གི་མཆོག་།སྟོན་པ་རྡོ་རྗེ་ཕྱག་འཚལ་བསྟོད། །རིན ་ཆེན་རྒྱལ་པོ་རབ་ཏུ་ཟབ། །རྡོ་རྗེ་ནམ་མཁའ་དྲི་མ་མེད། །རང་བཞིན་དག་པས་གེས་བ་མེད། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོང། །རྡོ་རྗེ་བདུད་རྩི་རྒྱལ་པོ་ཆེ། །མི་རྟོག་ནམ་མཁའ་རྡོ་རྗེ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་ཐོབ། །རྡོ་རྗེ ་གསུང་ལ་ཕྱག་འཚལ་བསྟོད། །དོན་ཡོད་རྡོ་རྗེ་རྫོགས་སངས་རྒྱས། །བསམ་པ་ཐམས་ཅད་རྫོགས་མཛད་པའི། །རང་བཞིན་དག་པས་ཡང་དག་འབྱུང། །རྡོ་རྗེ་སེམས་དཔའ་ཕྱག་འཚལ་བསྟོད་ཅེས་བྱ་བས་བསྟོད་དེ། རང ་དང་ཤེས་རབ་ཀྱི་མེ་ཏོག་དང་བཅས་པའི་བྱང་ཆུབ་ཀྱི་སེམས་པདྨའི་སྣོང་དུ་བཅུག་ནས་བདུད་རྩིར་བཅས་པ་ཕུལ་ཏེ། དེ་རྣམས་བདུད་རྩི་མྱང་བས་ཚིམ་པར་བྱས་ལ་བདེ་བ་ཆེན་པོའི་རང་བཞིན་དུ་མོས་ནས་འཁོར་ལོའི་བདག་པོའི ་གསང་སྔགས་བརྒྱ་རྩ་བརྒྱད་དཀྱིལ་འཁོར་པའི་སྔགས་ཉི་ཤུ་རྩ་རེ་རེ་དང་ཡི་གེ་བརྒྱ་བ་བཟླའོ། །འཆད་པར་འགྱུར་བའི་ཆོ་གས་འབྱུང་པོ་ཐམས་ཅད་པའི་གཏོར་མ་དབུལ་ལོ། །ཡོད་ན་སྒྲུབ་པའི་གྲོགས་དཀྱིལ་འཁོར་གྱི་འགྲམ ་དུ་བཞག་ནས་ཕྱིར་བྱུང་སྟེ་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་གས་རང་གི་འདོད་པའི་ལྷ་དང་དབང་པོ་ལ་སོགས་པ་ལ་གཏོར་མ་དབུལ་ལོ། །དེ་ནས་ལག་པ་གཡས་པ་གན་རྐྱལ་དུ་བྱས་ནས་གུང་མོ་དང་མིང་མེད་ཅུང་ཟད་བསྐུན ་ལ་མངོན་དུ་ཕྱོགས་པར་གཟུང་བར་བྱའོ། །ལག་པ་གཉིས་བུས་མོ་?་དུ་བྱས་ནས་ཅོག་ཅོག་པོར་འདུག་ཅིང། མི་སྨྲ་བར་ལག་པའི་ཟེ་འབྲུའི་ཁ་ལ་མང་དུ་ཁྱབ་ཅིང་ལན་གསུམངསུམ་ནདུ་རྣ་བའི་བུག་པ་གཉིས་དང། མིག་དང་ཁ་དང་ལེག ་པ་དང་ལྷོ་བ?་དང་མགོ་རྣམ་ལ་རེག་པར་བྱའོ། །དེ་ལྟ་བུ་ནི་ཉེ་རིག་གི་ཆོག་གའོ། །དེའི་རྗེས་ལ་ཡོད་ནུ་ལྷག་ཆད་ལ་སོགས་པའི་ཉེས་བ་ཞི་པར་བྱ་བ་དང་དཀྱིལ་འཁོར་ཚིམ་པར་བྱ་བའི་ཕྱིར་ཞི་བ་དང་རྒྱས་པའི་སྦྱིན་སྲེག་པས་ནས་ཁམས་གསུམ ་རྣམ་པར་རྒྱལ་བའི་རྣལ་འབྱོར་དང་ལྡན་པས་མེ་ཏོག་གི་ཕྲེང་བ་བླངས་ཏེ་ཨོཾ་སུཾ་བྷ་ནི་སུཾ་བྷ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞྞ་གྲིཧྞ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་བ་ཡ་གྲིཾ་བཎཱ་པ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་?་བིདྱཱི་ད?་ཛ་ཧཱུཾ་ཧཱུཾ་ཕཊ་ཅེས་བྱ་བའི་སྔགས ་ཟློས་ཤིང་རྡོ་རྗེ་ཤུགས་ཀྱིས་དཀྱིལ་འཁོར་དུ་ཞུགས་ནས་རྡོ་རྗེ་གསོར་ཞིང་དྲིལ་བུ་དཀྲོལ་ནས་རྡོ་རྗེ་རྐང་པས་ཨོཾ་ཧཱུཾ་ཕཊ་བྱ་བ་དང་ཨོཾ་ཧཱུཾ་ཨཱ:ཕཊ་ཅེས་བྱ་བ་དང། ཨོཾ་ཧཱུཾ་ཨ་ཨ་ཕཊ་ཅེས་བྱ་བ་དང། ཨོཾ?་ཧཱུཾ་ཧ་ན་ཧ་ན་སཱ་ར་ཡ་དུཋཊ་?་ག་ཏ ་ཡ་ག་ཏ་ཡ་ཨ་ཨ་ཧཱུཾ་ཧྲི་ཕཊ་ཅེས་པའི་སྔགས་བཞིས་གོ་རིམ་བཞིན་དུ་ཟློས་པའི་ཤར་སྒོ་ལ་སོགས་པར་བརྗོད། །སློབ་མ་རྣམས་དང་སྐོར་བ་གསུམ་ལྷན་ཅིག་ཏུ་བྱས་ནས་ལྷག་པ་དང་མཚང་བའི་ཉེས་པ་ཞི་བར་བྱ་བའི་ཕྱིར ་འཁོར་ལོ་ལ་བལྟས་ཏེ་ཕྲེང་བ་བཅོམ་ལྡན་འདས་ལ་ཕུལ་ནས་སྐོར་བའི་གྲངས་བཞིན་ནུབ་ལ་སོགས་པ་བཞིར་གནས་པས་ཤར་ལ་སོགས་པ་བཞིར་ཨོཾ་བཛྲོད་གྷ་ཊ་ཡ་ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ་ཞེས་བྱ་བའི་སྔགས་ཀྱི་སྒྲ་དབྱེ་བར ་བསམས་ཏེ་ཨོཾ་ས་མ་ཡ་བྲ་བེ་ཤ་མཱི་ཞེས་བརྗོད་ནས་གར་བྱེད་ཅིང་སླར་ཕྲེང་བ་བླངས་ལ་རང་གིས་མགོ་ལ་བཅིངས་ཏེ་ལ་འཁོར་ལོ་བ་ཕྱག་འཚལ་ནས་དེང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཐམས་ཅད་ཀྱི་དཀའ་དྲིན་མཛོད་ཅིག་ཅེས ་གོ་བར་བྱས་ནས་བསྒོམ་པ་དང་བཟླས་པ་བྱའོ། །འདིར་དཀྱིལ་འཁོར་གྱི་ཁང་པ་ལས་ཕྱི་ངོས་སུ་དབང་པོ་ལ་སོགས་པ་གོ་རིམ་བཞིན་དུ་དཀར་པོ་དང་སེར་སྐྱ་དང་ནག་པོ་དང་དུང་ཁ་དང་དམར་པོ་དང་ཁྲ་བོ་དང་སེར་པོ་དང ་ལྗང་གུའི་བ་དན་བརྒྱད་དཀྱིལ་འཁོར་གྱི་ལྷ་རྣམས་ལ་ཕུལ་ནས་ཤར་ལ་སོགས་པར་གཟུགས་པར་བྱ་ཞེས་པ་ནི་ཤེས་རབ་སྐྱོང་ཞེས་ཟེར། བཅོམ་ལྡན་འདས་ཀྱིས་ཀྱང་སངས་རྒྱས་ཐོད་པའི་རྒྱུད་དུ། གྲུ་བཞི་པ་ལ་སྒོ་བཞི་པ། བ་དན་བརྒྱན ་ཀྱིས་ཉེ་བར་བརྒྱན་ཞེས་གསུངས་སོ། །དེའི་རིགས་རྣམ་པར་སྣང་མཛད་དང་དེའི་རིགས་ཀྱི་ལྷ་རྣམས་ཀྱི་ནི་རང་རང་ཕྱོགས་སུ་དགོད་པར་བྱའོ། །ཞེས་ཁ་ཅིག་སྟེ། རིན་ཆེན་དབང་པོ་དང་དེའི་རིགས་ཅན་རྣམས་ནི་བདེན་བྲལ་དུའོ། །སྣང་བ་མཛའ་ ་ཡས་དེའི་རིགས་ལས་བྱུང་བ་རྣམས་རླུང་དུའོ། །དོན་ཡོད་གྲུབ་པ་དེའི་རིགས་ཀྱི་ལྷ་རྣམས་ཀྱི་དབང་ལྡན་དུའོ། །འཁོར་ལོའི་དབང་པོའི་ཤར་དུའོ། །དེའི་རིགས་ཀྱི་ལྷ་རྣམས་རང་གི་ཕྱོགས་སུའོ། ཞེས་ཁ་ཅིག། དབང་པོ་སེར་པོ་དང། ཁྱབ ་འཇུག་ནག་པོ་དང། ཟླ་བ་དཀར་པོ་དང། ཉི་མ་དམར་པོ་དང། ཚངས་པ་སེར་པོ་སྟེ་དབང་པོར་མེའི་དབང་པོ་དང། གཤིན་རྗེ་ནག་པོ་དང། བདེན་བྲལ་དུད་ཁ་རྣམས་ནི་རང་རང་གི་ཕྱོགས་སུའོ?། །ནུབ་ཏུ་ཆུ་ལྷ་དཀར་པོ་དང་པས?་སེར་མོ ་དང། ཐག་བཟངས་རིགས་ཀྱི་ནག་པོ་དང། རླུང་དང་རླུང་གི་ལྗང་གུའོ། །བྱང་དུ་ལུས་ངན་པོའི་སེར་པོ་དང། ཚོགས་བདག་གི་དཀར་པོའོ། །དབང་ལྡན་དུ་དབང་པོའི་དཀར་པོའོ། །དེ་ལྟར་འཕན་བཅོ་ལྔ་ནི་ཕྱོགས་ཀྱི་བདག་པོ་རྣམས་མཉེས ་པར་བྱ་བའི་དོན་དུའོ། །མི་འབྱོར་ན་ནི་ནུས་པ་ཇི་ལྟ་བར་བ་དན་རྣམས་དབུལ་བར་བྱའོ་ཞེས་པ་ནི་དཀྱིལ་འཁོར་སྒྲུབ་པའི་ཆོ་ག་འཁོར་དང་བཅས་པའོ།། །།དེའི་རྗེས་ལ་དེ་ནས་བླ་མས་ནང་པར་གཏོར་མ་བཏབ ་ནས་དཀྱིལ་འཁོར་གྱི་ཁང་པ་ནས་བྱུང་སྟེ་སློབ་མ་རྣམས་ལ་རྨི་ལམ་དྲིས་ནས་རིལ་ལྟུང་བ་ལ་སོགས་པ་མི་དགེ་བའི་རྨི་ལམ་བྱུང་ན་བདུད་རྩི་འཁྱིལ་པའི་སྔགས་ཀྱིས། བསྲུངས་ནས་དཀྱིལ་འཁོར་གྱི་ཁང་པར་འཇུག་པའི་ཚེ་སློབ་མ ་རྣམས་ཀྱི་སྔོན་དུ་སློབ་དཔོན་ཞུགས་པར་བྱ་སྟེ། ཨོཾ་བྲ་བེ་ཤ་བྷག་བཱ་ནམ་ཧཱ་སུ་?་?་རྦ་སིདྡྷི་སུ་ཁ་པྲ་དྷཾ་པ་ར་མ་སུ་ཁ་ཨུ་དྡྷཾ་མ་དྷི། སིདྡྷི་ཛ:ཧཱུཾ་བཾ་ཧོ:པྲ་སིདྡྷི་སྭཱཧཱ་ཞེས་བཟེངས་བསྟོད་པས་ཞུགས་ནས་གཡས་སྐོར་གྱིས་འཁོར་ལོའི ་དབང་ཕྱུག་གི་བརྒྱལ་གྱིས་ནུབ་ལ་སོགས་པའི་སྒོར་གནས་ཏེ། དཀྱིལ་འཁོར་གྱི་ཤར་ལ་སོགས་པའི་སྒོར་ཨོཾ་བཛྲ་ཨུདྡྷ?་ཌ་ཡ་ས་མ་ཡ་བྲ་བེ་ཤ་ཡ་ཧཱུཾ་ཞེས་འདོན་ཞིང་ཕྱེ་ལ། མེ་ཏོག་གི་ཕྲེང་བ་ལ་ཨོཾ་པ་ར་མ་སུ་ཁ་ཤཱ་ཡ་སུ་ལ་ལི ་ཏ(རྒྱུད་འགྲེལ་དུ་གྱུར་པའི་འཁོར་ལོའི་དབང་ཕྱུག་བླ་མར་མོས་ནས་ངེས་སྟེར་བཞིན་པའི་ཕྲེང་བའི་དབང་ལ་སོགས་པ་འཆང་པར་འགྱུར་པའི་དབང་མ་ལུས་པ་དང་ཆོ་ག་བཞིན་དུ་སློབ་དཔོན་གྱི་ལས་ཐམས་ཅད་ལ་གནང་བ་ཐོབ་ནས་སློབ་མ་གཞུག་? ་ཆེད་དུ་བདེ་བ་ཆེན་པོའི་བདག་ཉིད་ཤེས་རབ་དང་ཐབས་ཀྱི་རང་བཞིན་དེ་ཁོ་ན་ཉིད་ཀྱི་བསྟོད་བ་སྔོན་དུ་འགྲོ་བས་དཀྱིལ་འཁོར་གྱི་དངོས་གྲུབ་འདོད་པར་བྱའོ། །དེ་ཁོ་ན་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱང་བྱའོ། །ནམ་མཁའ་ལས་སྐྱེས་མཚན་ལྡན་ནི ་ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །མི་བསྐྱོད་རྡོ་རྗེ་དེང་བདག་སྒྲུབས། །ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ། །དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་? ་མཛོད། །ཉེས་པ་མི་མངའ་རྟག་པར་མཁྱེན། །འདོད་ཆགས་ཀུན་གྱི་རྗེས་ཆགས་པ། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ནི་བདག་གྲུབ་མཛོད། །ཤིན་ཏུ་དག་པ་ཆོས་ཀྱི་མཆོག་།གདོད་ནས་གྲོལ་བས་དེ ་བཞིན་གཤེགས། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག་།དབང་ཕྱུག་ཆེ་མཆོག་ཕྱག་རྒྱ་ཡིས། །གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས། །རྡོ་རྗེ་བསྙེན་པར་བདག་མཛོད་ཅིག ་སེམས་ཅན་ཀུན་གྱི་ཡིད་ཁྱབ་ཅིང། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་གྱུར་ཉིད། །འདོད་ཆགས་དམ་ཚིག་མཆོག་གྱུར་པའི། བདེན་པ་གང་གིས་ཡེ་ཤེས་མཆོག། ཤེས་རབ་ཐབས་བདག་དཀྱིལ་འཁོར ་ཡིན། །བདེན་པ་དེ་ཡིས་མགོན་པོ་བདག། ཁྱེད་ཀྱིས་འདོད་པ་རབ་རྫོགས་མཛོད། །ཆོས་རྣམས་གཟུགས་བརྙན་མཚུངས་པར་ནི། །དག་ཅིང་གསལ་ལ་སྙོག་པ་མེད། །བཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཡང་དག་བྱུང།། ་དེ་བཞིན་ཉིད་ལ་དེ་ཉིད་སྐྱེས། །བདེན་པ་དེ་ཡིས་སློབ་མ་ནི། །གཟུགས་བརྙན་གསལ་བར་སློབ་མ་བཞིན། །ཀུན་གྱིས་དྲི་མ་མེད་མཐོང་ཤོག་ཅེས་བརྗོད་པ་དེ་ནི་སློབ་དཔོན་འཇུག་པའི་ཆོ་གའོ།། །།དེ་ནས་སྒོའི ་སློབ་དཔོན་མི་འདོད་ན། གཞན་ལས་ཀྱི་རྡོས་སྟ་གོན་དུ་གནས་པར་བྱས་པའི་སློབ་མ་བསླབ་པ་གཉིས་དང་ལྡམ་པ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ལ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་བསྔགས་བའི་གོས་དམར་པོ་འམ་གཞན་ཡང་རུང ་སྟེ་ཡོལ་པའི་ཕྱི་རོལ་ཏུ་རྣམ་པར་སྣང་མཛད་ཀྱི་གཟུགས་སཱུམ། འཁོར་ལོའི་བདག་པོའི་གཟུགས་སུ་སློབ་མ་དམིགས་ལ་ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུཏྟ་ར་བོ་དྷི་ཨ་ལཾ་ཀཱ་བསྟྲ་པཱུ་ཛ་མེ་གྷ་ས་མུ་དྲ་སཕ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་སྨད་དཀྲིས་བྱའོ།། ་ཨོཾ་བཛྲ་ཨུཥྞི་ཥ་ཧཱུཾ་ཕཊ་ཅེས་པས་སྤྱི་གཙུག་ཏུ་ཐོད་བྱའོ། །བདུད་རྩི་འཁྱིལ་པས་བསྔགས་པའི་གོས་དམར་པའམ་སེར་པོ་ཨོཾ་ཙཀྵུ་བནདྷཾ་པ་ར་མ་ཎ་ཡེ་ཧཱུཾ་ཞེས་པའི་བསྔགས་ཀྱིས་མིག་པས?་བཅིང་ངོ། །ོཾ(རྒྱུད་འགྲེལ་གཡས་སུ་གཟུང་པ་ལ་ལས་ཐམས་ཅད་པའི་བུམ་པའི་ཆུས་གཏོར་ཞིང་སྙིང་ག་དང་མགྲིན་པ་དང་སྤྱི་བོར་གནས་པའི་རྡོ་རྗེ་དང་པདྨ་དང་འཁོར་ལོའི་སྟེང་དུ་ཉི་མ་དང་ཟླ་བ་དང་ཧཱུཾ་ནག་པོ་ཨཱ(རྒྱུད་འགྲེལ་བར་བྱའོ། །ཧཱུཾ་ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་ཤར་སྒོར་བཞག་ལ། ལས་ཀྱི་རྡོ་རྗེས་བཟུང་ནས་དཀྱིལ་འཁོར་དུ་འཇུག་པར་བྱ་བའི་ཕྱིར་དྲི་བར་བྱའོ། །ཀྱེ་ཁྱོད་ཅི་ལ་དགའ་། དེས་སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ་ཞེས་བརྗོད་པར་བྱའོ། ། ་དེ་ནས་དེ་ལ་ཨོཾ་སརྦ་ཡེ་ག་ཙིཏྟ་ཨུཏཔཱ་ད་ཡཱ་མི་ཞེས་འདོན་དུ་བཅུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱས་ལ་སྙིང་གར་རྡོ་རྗེ་མེ་ཏོག་དང་བཅས་པ་རེག་སྟེ་ཨོཾ་སུ་ར་ཏ་ས་མ་ཡསྟཝི་ཧོ(རྒྱུད་འགྲེལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོག་དུ་གསང་པའི་དཀྱིལ་འཁོར་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་?་བྱ་ཞིང་དང་པ་དང་མི་ལྡན ་པ་རྣམས་ལ་ཡང་སྨྲ་བར་མི་བྱའོ། །ཞེས་བརྗོད་ནས་ཨོཾ་ཨཱ(རྒྱུད་འགྲེལ་ཞིང་སྐོར་པ་བྱེད་ཅིང་ཐལ་མོ་སྤྱོད་ནས་དཀྱིལ་འཁོར་གྱི་ཤར་སྒོར་ཨོཾ་སརྦ་ཏ་ཐཱ་ག་པཱུ་ཛ་ཨུ་པསྠཱ་ན་ཡ་ཨཱ་ཏ་མ་ནི་རྱཱ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཨ་དྷི་ཏིཥྛ་སྭ་མཱི། ཨོཾ་སརྦ་བུདྡྷ་པཱུ་ཛ་ཨུ་བསྠཱ་ན་ཡ་ཨཱཏྨ་ནཾ་ནི་རྱཱ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་བཻ ་རོ་ཙ་ན་ཡེ་ཨ་དྷི་ཏིཥྛི་སྭ་མཱཾ་ཞེས་སོ། །ལྷོར་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡ་ཨཱཏྨ་ནི་ནིརྱ་ཏ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏན་ཨ་བྷི་ཥིཉྩ་མཱཾ། ནུབ་ཏུ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བརྟན་ཡ་ཨཱཏྨ་ནི་ནིརྱཱ་ཏ་ཡ་ཡཱ་མི། ་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ:པྲ་བརྟ་ཡ་སཱ། བྱང་དུ་ནི་ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎི་ཨཱཏྨ་ནཾ་ནིརྠ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨ་ཀུ་རུ་མཱཾ་ཞེས་བྱ་བའི་སྔགས་ལྔས་རིམ་པ་བཞིན་དུ་དཀྱིལ་འཁོར་ལ་བཞུགས་པའི་མི་བསྐྱོད་པ་ལ་སོགས ་པའི་དེ་བཞིན་གཤེགས་པ་རྣམས་ལ་ཕྱག་བྱེད་དུ་བཅུག་ནས། ཡང་ཤར་སྒོར་ཨོཾ་གུ་རུ་ཙ་ར་ཎ་པཱུ་ཛ་ཨུ་པསྠཱ་ན་ཡ་ཨཱཏྨ་ནཾ་ནིརྱཱ་ཏ་ཡཱ་མི། ཨོཾ་སརྦ་ཏ་ཐཱ་ག་ཏ་པ་རི་ཏྲ་ཎ་ཨ་རྠཱཾ་ཨཱཏྨ་ནི་ནིརྱཱ་ཏ་ཡཱ་མི་ཞེས་བྱ་བའི་དོན་སྔོན་དུ་འགྲོ་བས་འདོན ་དུ་གཞུག་གོ་།དེ་ནས་དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱིས་དེང་དས་རྡོ་རྗེའི་ཡེ་ཤེས་བསྐྱེད་པའི་ཡེ་ཤེས་གང་འདིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་ན་དངོས་གྲུབ་གཞན་ལྟ ་སྨོས་ཀྱང་ཅི་དགོས་ཏེ། ཁྱོད་ཀྱིས་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག་།དམ་ཚིག་ཉམས་པར་གྱུར་ཏ་རེ་ཞེས་མགོ་བོར་རྡོ་རྗེ་བཟུང་ནས་དྲིལ་བུ་དཀྲོལ་ཞིང། འདི་ནི་དམ་ཚིག་རྡོ་རྗེ་སྟེ། གལ་ཏེ་ཁྱོད་ཀྱིས ་གང་དུ་ཡང། །རུང་བའི་མདུན་དུ་སྨྲ་མ་བྱེད། །སྨྲས་ན་སྤྱི་བོ་འགས་པར་འགྱུར་ཞེས་བརྗོད་ནས་སྙིང་གར་རྡོ་རྗེ་བཟུང་སྟེ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །སྙིང་ལ་ཡང་དག་ཞུགས་པར་གྱུར། །གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག ་ཏུ་དྲལ་ཏེ་གཤེགས་ཤེས་བཀའ་བསྒོ་ནས་རྣམ་པར་རྒྱལ་བའི་སྟེང་ན་གནས་པའི་ཆུ་མིང་མེད་དང་མཐེ་བོས་བཟུང་བའི་སྣོད་ཀྱིས་དེའི་ཁར་བླུག་ཅིང་འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །འདས་ན་སྲེག་ཅིང་དམྱལ་བར་ལྟུང། །དམ་ཚིག ་བསྲུངས་ན་དངོས་གྲུབ་སྟེ། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག་ཅེས་བརྗོད་ཅིང་ཁྱོད་བས་ཆུ་འཐུངས་དུ་བཅུག་ལ། དེང་ཕྱིན་ཅད་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱི་ངས་འདི་བྱོས་ཤིག་ཅེས་བསྒོ་བ་གང་ཡིན་པ་དེ་ཡང་བྱ་དགོས་སོ། །ཁྱོད་ཀྱིས་ངལ་བརྙས ་པར་མ་བྱེད་ཅིང་།བརྙས་པས་ཁྱོད་ཡ?་བ་མ་སྤངས་པས་ཁྱོད་དུས་མ་ཡིན་པར་ཤི་བའི་དུས་བྱས་ནས་དམྱལ་བར་གྱུར་ཏ་རེ་ཞེས་འདོན་བར་བྱའོ། །དམ་ཚིག་གི་ཆུ་སྦྱིན་པའི་ཆོ་གའོ། །དེ་ནས་བསྒྲུབ་པའི་དུས་ལས་སྔོན་དུ་དངོས་གྲུབ་ལ་སོགས་པ ་ངེས་པའི་དོན་དུ་སློབ་མ་སྣོད་དང་ལྡན་པ་ལ་ལྷ་དབབ་པར་བྱའོ། །དེ་ལ་དང་པོར་རིལ་སོགས་པ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་སྔོན་དུ་འགྲོ་བ་བྱས་པས་སེམས་བརྟན་པར་རྡོ་རྗེ་སེམས་དཔའ་རྣལ་འབྱོར་ཤིན་ཏུ་བརྟན་པར་དམིགས་པའོ།། ་འབེབས་པ་ལ་ནུས་པ་ཐེབ?་པས་མཚན་ཉིད་དང་ལྡན་པའི་ལྷག་པར་གནས་པའི་སློབ་མ་མདུན་དུ་བྱ་སྟེ་སྐད་ཅིག་སྟོང་པ་ཉིད་ཀྱི་རྗེས་ལ་ཡི་གེ་ཨཱ:ལས་བྱུང་བའི་སྣང་བ་མཛའ་ཡས་གཟུགས་སུ་སྐྱེས་ལ། བདག་དེ་བཞིན་གཤེགས་པ ་ཐམས་ཅད་ལས་བྱིན་གྱིས་རློབས་ལ་རྡོ་རྗེ་སེམས་དཔའ་འབབ་པར་གྱུར་ཅིག་ཅེས་འདོན་དུ་བཅུག་ནས་དེའི་སྙིང་གར་ལམ་ལས་བསྐྱེད་པའི་སའི་དཀྱིལ་འཁོར་སེར་པོ་རྡོ་རྗེས་མཚན་པ་གྲུ་བཞི་པར་ཉི་མ་ལ་ཧཱུཾ་སྔོན་པོ་དང་མགོ་བོ་?་བཾ ་ལས་བྱུང་བའི་ཆུའི་དཀྱིལ་འཁོར་དཀར་ཞིང་རླུམ་པ་བུམ་པས་མཚན་པར་ཟླ་བ་ལ་ཡི་གེ་ཨོཾ་དཀར་པོ་དང་མགྲིན་པར་ཡཾ་ལས་བྱུང་བའི་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་རླབ་ལ་ཡི་གེ ་ཨཱ:དམར་པོ་བསྒོམས་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་ཐུགས་དང་གསུང་དང་སྐུ་དང་རྡོ་རྗེ་རྣམས་ཀྱི་རང་བཞིན་ཧཱུཾ་ཨཱ:ོཾ་གྱི་ཡི་གེ་རྣམས་ལ་བཅུག་ནས་རྐང་པ་གཉིས་ཀྱི་འོག་ནས་རླུང་གི་དཀྱིལ་འཁོར་གྱི་མཚན་པའི་རཾ ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ་ཡི་གེ་རཾ་དམར་པོས་མཚན་པ་ཅིག་འོད་ཟེར་འཕྲོས་པ་ལ་གནས་པའི་ཡི་གེ་ཛཧེཾ་དམར་པོས་སློབ་མ་འདེགས་ཤིང་ཡི་གེ་ཛྲཻཾ?་གི་འོད་ཟེར་གྱི་ཚོགས་ཀྱིས ་འོག་གི་བུམ་པ་ནས་ཞུགས་པ་དང་ཧཱུཾ་ལ་སོགས་པའི་འོད་ཟེར་རྣམས་ཀྱིས་ལུས་མ་ལུས་པ་ཀུན་ནས་བཀང་བར་བསྒོམ་ཞིང་སྤོས་པོར་འདེགས་པ་སྔོན་དུ་འགྲོ་བས་དྲིལ་བུ་དཀྲོལ་ཞིང་ཨཱ་དེ་ཤ་ཡ་སྟཾ་ཡ་ར་ར་ར་ར་ཙ་ལ་ཡ་ཙ་ལ་ཡ་ཧཱུཾ ་ཧ་ཨ་ཛཧཻཾ་ཞེས་བྱ་བའི་སྔགས་ལན་བརྒྱར་འདོན་ཞིང་བསམ་གཏན་ལ་མཆོག་ཏུ་གཞོལ་བས་དབབ་པར་བྱའོ། །གལ་ཏེ་ཕེབས་ནས་ཆེར་འཕགས་པར་གྱུར་ནས་དེའི་སྟེང་དུ་རི་རབ་རྡོ་རྗེའི་རང་བཞིན་དེའི་སྟེང་དུ་དབང་ཆེན་གྱི་དཀྱིལ་འཁོར ་དེའི་སྟེང་དུ་རྡོ་རྗེ་རྩེ་ལྔ་པ་དེའི་སྟེང་དུ་ཡི་གེ་ཛ(རྒྱུད་འགྲེལ་བར་བྱས་ལྕེ་ལ་ཟླ་བ་ལ་གནས་པའི་ཨ་དམར་པོ་འོད་ཟེར་གྱི་ཕྲེང་བས་འཁྲུག་པ་བསྒོམས་ནས་རྡོ་རྗེ་སྨྲོས་ཤིག་ཅེས་སྨྲར་གཞུག་པ་བྱས་ལ་དེ་ལྟར་འདིས་རང་དམ་གཞན་གྱི་དགེ་བའམ་མི་དགེ་བའི་བྱ་བ་བདེན་པར་སྨྲའོ། །དེ་ནས་ཞུགས ་པའི་ལྷའི་སྙིང་གའི་འོད་ཟེར་གྱིས་དགུག་ནས་རང་གི་སྙིང་གའི་ས་བོན་ལ་བསྟིམ་ཞིང་སློབ་མའི་མགོ་ལ་རྡོ་རྗེ་བཟུང་ནས་ཨོཾ་ཁྱོད་ཀྱི་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་གསོལ། །སངས་རྒྱས་ཡུལ་དུ་གཤེགས་ནས ་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ་ཞེས་བྱ་བ་སྔོན་དུ་འགྲོ་བའི་ཧཱུཾ་ཨཛཛ་མུ:ཞེས་བྱ་བར་གཤེགས་སུ་གསོལ་བར་བྱའོ། །ཡང་ན། དྲིལ་བུའི་ཞབས་ཀྱིས་བྲིས་པ་ཡི། །བཤད་གཅི་ལ་སོགས་བྱུགས་པ་ཡི། །རས་ནི་བུད་མེད་རྡུལ་དང་ལྡན།། ་?་བྱི་ལའི་རྟུག་པས་བྱུག། གུ་གུལ་རང་ནི་རྣམ་པར་བསྲེས། །ཡི་དགས་མི་ནི་ཀུན་བླངས་ལ། །དེ་ནི་པདྨའི་སྣོད་བཞག་ནས། །དེར་ནི་དེ་ཀུན་བཅུག་ནས་ནི། གཡས་བརྐྱང་པ་ཡིས་ཀུན་གནས་པའི། །འཁོར་ལོ་གསུམ་དག་ཁྲོ་བལྟས་ལ། །དེ་ཡིས་འཁོར་ལོ་གསུཾ ་བདག་ལ་།རྡོ་རྗེ་བདུག་པ་དེ་ཕུལ་ན། །ཕེབས་པར་འགྱུར་བར་ཐེ་ཚོམ་མེད། །ོཾ་ཏིཥྛ་མ་ཧཱ་ཀྲོདྷ་ས་མ་ཡ་ཧཱུཾ་ཤྲཱི་ཧེ་རུ་ཀ་ཡ་བིད་མ་ཧེ་བིརྱཱ་རཱ་ཛ་ཡ་དྷི་མ་ཧེ་སྭཱཧཱ་ཞེས་བྱ་བ་འདིས་དཔའ་བོ་རབ་ཏུ་བསྐུལ་བར་བྱའོ། ཞེས་མངོན་པར་བརྗོད་པའི་རྒྱད་འབུམ ་པར་གསུངས་པའི་ཆོ་གས་གདབ་པར་བྱའོ། །བཤད་གཅི་ལ་སོགས་ཤེས་པ་ནི་བདུད་རྩི་ལྔ་དང་སྒྲོན་མ་ལྔས་བྱུག་པའོ། །བླ་མ་བདེ་མཆོག་གི་གཟུགས་གཡས་བརྐྱང་དུ་གནས་པས་བདེ་མཆོག་གི་བདག་ཉིད་སློབ་མ་གཡས་བརྐྱང་དུ་གནས་ཤིང་སྙིང་གང ་ཐལ་མོ་སྦྱར་ལ་ལག་པ་གཡོན་གྱིས་དྲིལ་བུ་སྒྲོགས་ཤིང་ཏིཥྛ་ཞེས་བྱ་བའི་སྔགས་དྲེགས་པ་དང་བཅས་པ་ཟླས་པས་ལག་པ་གཡས་ཀྱིས་བདུག་པར་བྱའོ། །དེ་ནས་གལ་ཏེ་ཕབས་ཞེས་བྱ་བར་རིག་པར་བྱའོ། །དེ་ནས་གལ་ཏེ་ཡང་རྒྱུད་ཁ་ཅིག་ཏུ་བུ་མོ་ལོ ་བཅུ་གཉིས་ལོན་པ་སྐྱེས་པས་མ་ཉམས་པ་ཡན་ལག་དང་ཉིད་ལག་མ་ཉམས་པ་དང་ཁྱེའུ་གཞོན་ནུ་ལོ་དེ་ཉིད་ལོན་པ་ལ་བུད་མེད་ཀྱི་ཡུལ་མི་ཤེས་པ། ཡན་ལག་དང་ཉིད་ལག་མ་ཚང་བ་མེད་པའི་སྣོད་མདུན་དུ་བཞག་ནས་ལྷ་དབབ་པར་བྱའོ། །ཞེས་གསུང ་ཏེ་དེ་ལ་ཡང་སྐད་ཅིག་སོ་སོ་ལ་རྡོ་རྗེ་འཆང་གི་སྐུ་མངོན་དུ་བྱེད་ཅིང་ཚོགས་བསགས་པ་ཅིག་ཅར་བརྟན་པར་བསྒོམ་ནུས་པས་ཡན་ལག་མ་ཚང་པ་མེད་པ་དང། ལོ་མང་པོའི་ཕྱོགས་ལ་ཡང་སྟེ། དེ་ལ་ཡང་འཁྱིལ་པས་ལྷ་ཕེབས་པར་འགྱུར་ཞེས་པ ་ནི་རྒྱུད་གཞན་དུ་མང་དུ་གསལ་བར་བྱས་པ་སློབ་མ་དབབ་པའི་དོན་དུ་བསྒྲུབ་པར་བྱའོ། །ཞེས་པས་དབབ་པའི་ཆོ་གའོ། །།དེ་ནས་སློབ་དཀྱིལ་འཁོར་ལ་ཕྱོགས་པ་ལ་ཁྱོད་ཀྱི་མིག་ལམ་ན་ཅི་སྣང་ཞེས་དྲིས་པ་ན ་དེས་སྨྲས་པ། དཀར་པོ་དང། སེར་པོ་དང་དམར་པོ་དང་ནག་པོ་དང་སྣང་བ་རྣམས་ཀྱིས་རིལ་པ་བཞིན་དུ་འདི་ལ་ཞི་བ་དང་རྒྱས་པ་དང་དབང་དང། མངོན་སྤྱོད་ཀྱི་དངོས་གྲུབ་ལ་སྐལ་པ་དང་ལྡན་པར་རིག་པར་བྱས་ནས ་འདིའི་མཐེ་བོང་གཉིས་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཟུང་སྟེ། རྡོ་རྗེ་རྐང་པའི་གང་གྱི་ཚུལ་གྱིས་འཁྱིལ་པ་བརྗོད་ཅིང་སྐོར་བ་གསུམ་བྱེད་དུ་བཅུག་ནས་བདེན་པའི་བྱིན་གྱིས་བསླབས་འདི་བྱའོ། །བདག་གི་དཀྱིལ་འཁོར་འདི ་ལྟ་བུར། །སློབ་མ་འདི་ནི་ཡང་དག་བཅུག་།བསོད་ནམས་ཅི་འདྲ་དེ་འདྲ་ཡིས། །ལྷ་རྣམས་རིགས་ཀྱི་རིམ་པར་འགྱུར། །འདི་ནི་དངོས་གྲུབ་ཅི་འདྲར་འགྱུར། །རིགས་གང་གི་ནི་སྣོད་གྱུར་དང། །བསོད་ནམས་མཐུ་ནི་ཅི་འདྲ་བར། །དེ་ལྟར ་དཀྱིལ་འཁོར་འདི་ལ་ཤོག་ཅེས་པ་ནི་དཀྱིལ་འཁོར་དུ་སློབ་མ་སྤྱན་འགེབས་དང་བཅས་པ་བཞུགས་པའི་ཆོ་གའོ།། །།དེ་ནས་སྔར་བཟུང་བའི་ཕྲེང་བ་ལ་ཡི་གེ་ཏྲཾ་གིས་བསྔགས་པ་ལས་གང་ཞིག་མ་རྙིངས་ཤིང ་གསར་བའི་མེ་ཏོག་ཅིག་ཕྱུང་ལ། དེའི་ལག་པ་ཐལ་མོ་སྦྱང་བ་ལ་སྦྱིན་པར་བྱའོ། །དེའི་ཚེ་ངེས་མེ་ཏོག་གི་ཕྲེང་བ་དང་ཨོད་པ་སྔོན་དུ་འགྲོ་གསུམ་གྱིས་འོད་གསལ་ཞིང་སྡིག་པ་བཀྲུ་བར་མོས་ནས་བླ་མས་ཀྱང་དེ་ལྟར་བྱིན་གྱིས་བརླབས ་པས་?་མངོན་དུ་འགྲོ་བ་དཀྱིལ་འཁོར་དང་བཅས་པའི་དཀྱིལ་འཁོར་གྱི་དབང་ཕྱུག་མདུན་དུ་གནས་པ་བཞིན་དམིགས་ལ་དཀྱིལ་འཁོར་དེར་ཡིད་ཀྱིས་ཞུགས་ཏེ་དེའིདབུས་སུ་ཨོཾ་ཏིཥྛ་བཛྲ་དྲི་ཌཧོ་མེ་བྷ་བ། ཤཱར་ཤྭ་ཏོ་མེ་བྷ་བ། ཧྲི་ད་ཡ ་མེ། ཨ་དྷི་ཏིཥྛ་སརྦ་སིད་དྷི་མེ་པྲ་ཡཙྪ་ཧ་ཧ་ཧ་ཧ་ཧོ(རྒྱུད་འགྲེལ་བྱའོ། །དེའི་རྣལ་འབྱོར་ཡང་སྦྱིན་ནོ། །དངོས་གྲུབ་?་མཚོན་པར་བྱའོ། །གལ་ཏེ་སངས་རྒྱས་རྣམས་ཀྱི་མཛོད་བུ་འམ། དབུ་འམ་གཙུག་ལ་མེ་ཏོག་ལྷུང་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་པོ། །སྐུ་མཆོག་ལ་ནི་མཆོག་།དབུས་ལ་ནི་འབྲིང་པོའོ། ་འོག་གི་ཆ་ལ་ནི་ཐ་མའོ། །སྐུ་ལས་ཧ་ཙབ?་རིང་བ་ནི་ཡུན་རིང་པོས་སོ། །ཉེན་དངོས་སུ?་མྱུར་རོ། །ལྷ་རྣམས་ཀྱི་རང་གི་གནས་ནི་རེའུ་མིག་ལ་སོགས་པ་རྣམ་པར་བཅང་པ་ལས་ཤེས་པར་བྱའོ། །གལ་ཏེ་ལྷ་གཉིས་ཀྱི་བར་དུ་ལྟུང་ན་དེའི ་ཚེ་མེ་ཏོག་གར་ལ་ཉེ་བ་དེའི་རིགས་སུ་འགྱུར་རོ། །མཉམ་པ་ཉིད་ན་ནི་གཉིས་ཀའི་དངོས་གྲུབ་མཆོག་འགྲུབ་པའོ། །དེའི་ཚེ་གང་ལ་དང་པ་དེའི་རིགས་ཡིན། །རེ་ཁཱ་ལྔའི་ཕྱི་རོལ་ཏུ་ལྷུང་ན་ལན་གསུམ་གྱི་བར་དུ་དོང?་བར་བྱའོ། །དེ་ལྟར ་ན་ཡང་ཕྱི་རོལ་ཏུ་ལྷུང་ན་དངོས་གྲུབ་ཕྲ་མོའོ། །ཕྱི་རོལ་གྱི་བླུ་མ་པོའི་རེ་ཁཱ་རྣམས་དང་རྡོ་རྗེའི་ཕྲེང་བའི་ཕྱི་རོལ་ལ་ནི་དངོས་གྲུབ་མེད་དོ། །འདི་ལ་དཀྱིལ་འཁོར་ཡང་མི་བསྟན་ནོ། །སྔགས་བཟླས་པ་ལ་སོགས་པས་སྐལ་བ་དང་ལྡན་པ་ཉིད་དུ་བ་སྐབས ་ནས་སྐབས་གཞན་དུ་དེ་གཞུག་པར་བྱའོ། །ཕྱིའི་རྡོ་རྗེ་ཕྲེང་བའི་ནང་དུ་ལྷུང་ན་ཚེགས་ཆེན་པོས། དེ་ནས་མེ་ཏོག་དེ་སླར་བཟུང་ནས་ཕྲེང་བ་བཅིངས་ཏེ། ཕྲེང་བ་ཏེ་པྲ་ཏི་གྲིཧྞ་སྟཝཾ་ཨ་བྷི་སརྭ་མཧཱ་བ་ལེ་ཞེས་འདོན་ཞིང་སློབ་མའི་མགོ་ཅིང་བཅིང ་པར་བྱ་ཞེས་པ་ནི་ཕྲེང་བའི་དབང་གི་ཆོ་གའོ། །དེའི་རྗེས་ལ་སློབ་མའི་སྙིང་གར་ཟླ་བ་ལ་བདག་པོ་དང་དཔྲལ་བར་རི་དང་མིག་གཉིས་ལ་འབར་བ་དང་བཅས་པའི་ཨོཾ་གཉིས་བསྒོམས་ནས་རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར ་ནི་བརྩོན་པར་མཛད། །མིག་ནི་ཐམས་ཅད་འབྱེད་མཛད་དེ། །རྡོ་རྗེ་མིག་ནི་བླ་ན་མེད། །ོཾ་ཛྙཱ་ན་ཙཀཤུ་ཧཱུཾ་ཨཱ(རྒྱུད་འགྲེལ་བའི་འཁོར་ལོའི་བདག་པོ་ནས་བརྩམས་ཏེ་བྱང་གི་སྒོ་སྐྱོང་བའམ། ཇི་ལྟར་ཡོད་པར་གནོད་མཛེས་ཀྱི་བར་དུ་བསྟན་ནས། ངད་པའི་ཤུགས་ཀྱིས་མྱུར་དུ་ནི། །དཀྱིལ་འཁོར་བཟང་པོ་འདི་ལ་ལྟོས། །ཁྱོད་ནི་སངས་རྒྱས་རིཌ ་སུ་སྐྱེས། །སྔགས་དྲང་ཕྱག་རྒྱས་བྱིན་གྱིས་བརླབས། །ཕུན་ཚོགས་དངོས་གྲུབ་ཐམས་ཅད་ནི། །དམ་ཚིག་མཆོག་ལས་འབྱུང་བར་འགྱུར། །རྡོ་རྗེ་པདྨ་མཆོག་གཡོ་བའི། །སྔགས་རྣམས་མ་ལུས་སྒྲུབ་པར་གྱིས། ཞེས་བརྗོད་ནས་དེས་ཀྱང ་རྡོ་རྗེ་དཀྱིལ་འཁོར་ཆེན་པོར་བདག་བཞུགས་སོ། །རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་བདག་ལ་བསྟན། །གསང་བའི་དཀྱིལ་འཁོར་ཆེན་པོ་བདག་གིས་མཐོང་ཞེས་འདོན་དུ་བཅུག་ནས་དམ་ཚིག་འདོན་དུ་གཞུག་གོ་།ཧོ་ཧོ་ཞེས་བྱ་བ་ནི་སློབ ་མ་ལ་དཀྱིལ་འཁོར་བསྟན་ཞིང་དེར་བཞུག་པའི་ཆོ་གའོ། །དེ་ནས་ཆུའི་དབང་བསྐུར་བའི་དོན་དུ་བླ་མ་ལ་ཇི་ལྟར་འབྱོར་པའི་ཡོན་ཕུལ་ནས་པུས་མོ་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་བས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དང་བདག་སྩལ་ཞེས་བརྗོད་ཅིང་གསོལ་བ་གདབ་པོ། །དེ་ནས་བླ་མས་རྩ་བའི་དཀྱིལ་འཁོར་གྱི་ཕྱི་ངོས་སུ་ཇི་ལྟར་ཁྲུས་ཀྱི་ཆུ་དེ་ལ་མི་རེག་པར་ཤར་ཕྱོགས་ཀྱི་འཇུག ་པའི་སྒོ་ལ་ཕྱོགས་དང་ཤར་ཕྱོགས་སུ་སྣ་ཚོགས་པད་མ་ཞེས་བྱ་བ་ལ་སོགས་པར་ཤིང་སྟན་ལ་སོགས་པར་མཎྜལ་གྱི་བར་དུ་བྱ་ཞེས་བྱ་བའི་མཐར་ཐུག་པས་སྐུ་གཟུགས་ཀྱི་ངོན་དུ་སྔར་བསྟན་པ་ལ་སློབ་མ་རྡོ་རྗེ་འཆང་གི་གཟུགས་སུ་བསྒོམS? ་ནས་དཀྱིལ་འཁོར་ལ་མངོན་པར་ཕྱོགས་པར་སྦྱར་པར་བྱ་སྟེ། སྔོན་དུ་བརྗོད་པའི་ཨོཾ་ཨཱ:པིགཏཱཾ་ཞེས་བྱ་བ་ལ་སོགས་པས་རིམ་པར་སྦྱར་བར་བྱ་སྟེ། དེ་ལ་ཨོཾ་ཨཱ:པིགྷཾ་ཏ་ཀྲིཏ་ཧཱུཾ་ཞེས་ཡུངས་ཀར་ལ་ལན་བདུན་བསྔགས་ཏེ་གཡས་པ ་དང་ཅིག་ཤོས་ཀྱི་ཁུ་ཚུར་གྱི་བརྡུང་ལ་གཡོན་སྐོར་གཡས་སྐོར་དུ་སོ་སོར་ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སཏྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ་ཞེས་བརྗོད་པ་ཡང་བྱངས?་ལ་ཡུངས་ཀར་རྣམས་མེད་བླུག་གོ་།དེ་བཞིན་དུ་ལན་གསུམ་དུའོ། །དེ་བཞིན་དུ ་གཡོན་སྐོར་དང་གཡས་སྐོར་དུ་ཆུ་ཁྱོར་བ་གསུམ་གྱི་ས་ལན་གསུམ་དུ་བྱའོ། །དེ་ནས་མེ་ལ་དོར་ལ་དེ་བཞིན་དུ་ཁཾ་ཕོང་དཀར་པོ་གཡས་པ་དང་ཅིག་ཤོས་ཀྱི་ཕྱག་གིས་བཟུང་ནས་གཡོན་སྐོར་གྱིས་བྱབས་ནས་གཡོན་ཕྱོགས་སུ་བཞག་གོ་།གཡས ་སྐོར་གྱིས་བྱབས་ན་གཡས་པའི་ཕྱོགས་སུ་བཞག་གོ་།དེ་བཞིན་དུ་ལན་གསུམ་དུའོ། །དེ་བཞིན་དུ་ཡང་དུང?་པའི་མྱུ་གུ་བའི་ལྕི་བ་ལ་གླན་པ་རྣམས་ཀྱིས་སོ། །དེ་བཞིན་ཟན་གྱི་ཆང་བུ་རྣམས་ཀྱིས་སོ། །དེ་བཞིན་དུ་རས་ཀྱིས་ཀྱང་བྱབ་པོ། །དེ་ནས་ལག ་པ་བཀྲུས་ནས་ལག་པ་སློབ་མ་ལ་རག་པར་བྱའོ། །སྙིང་གར་དྲིས་བྱུག་པ་དང། མེ་ཏོག་ཕྲེང་བ་མགོ་ལེ་གདགས་པ་དང། མདུན་དུ་མཆོད་ཡོན་བྱིན་ལ་མར་མེས་བསྐོར་ཞིང་འཁྱིལ་པའམ། ཧཱུཾ་གི་ཡི་གེ་ལན་བདུན་བཟླས་ལ་མང་དང་བཅས ་པའི་སྤོས་དཀར་གྱི་བདུག་པར་བྱའོ་ཞེས་བྱ་བ་ནི་བྱབ་པའི་རིམ་པའི་ཆོ་གའོ། །དེའི་རྗེས་སུ་བདུད་རྩི་འཁྱིལ་པས་བསྔགས་པའི་དུར་བའི་ཆུན་པོས་ཟངས་སྣོད་ན་གནས་པའི་བདུད་རྩི་ལྔ་དང་བའི་རྣམ་ལྔ་དག་ལ་ཨོཾ་ཧཱུཾ་ཏྲཱཾ?་ཧྲཱི(རྒྱུད་འགྲེལ་པས་བསྐུལ་ལ་ཡང་ཆུ་གཅེར་མས་བཀྲུ་ཞིང་ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་གཤེགས་ཀུན་སྐུ་ཁྲུས་གསོལ། །དེ་བཞིན་བདག་གིས་ཁྲུས་བགྱིའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཟེར་གྱི་ཕྱོགས་བཅུ ་མཛའ་ཡས་པ་ན་བཞུགས་པའི་དེ་བཞིན་གཤེགས་བ་དང་རིག་པའི་ལྷ་མོ་རྣམས་སྤྱན་དྲངས་ལ་མཆོད་དེ་སློབ་མ་དབང་བསྐུར་པའི་དོན་དུ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང། །ཡོན་ཏན་འབྱུང་གནས་ཇི ་ལྟར་སྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ་ཞེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་བཏབ་ནས་དེ་བཞིན་གཤེགས་པ་དེ་རྣམས་ཤེས་རབ་དང་སྙོམས་པར་ཞུགས་པའི་འདོད་ཆགས་ཆེན་པོས་ཞུ་བར་གྱུར་ནས་རྣམ་པར ་སྣང་མཛད་ཀྱི་སྒོ་ནས་ནང་དུ་ཞུགས་ནས་རྡོ་རྗེའི་ལམ་ནས་ཕྱུང་སྟེ་ལྷ་མོའི་པདྨ་ནས་ཞུགས་ཏེ་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་མི་བསྐྱོད་པའི་གཟུགས་ཤེས་རབ་དང་བཅས་པའི་ཡེ་ཤེས་སེམས་དཔའ་ ་དང་དབྱེར་མེད་པ་ལ་དབང་བསྐུར་ནS?་སླར?་ཕྱག་དང་ཞལ་ལ་སོགས་པའི་སྐུ་པདྨ་ནས་བྱུང་སྟེ། ནམ་མཁའ་ལ་བཞུགས་པའི་སྤྱན་མ་ལ་སོགས་པའི་རིག་པའི་རིག་མ་དང་བཅས་པས་གདུགས་དང་རྒྱལ་མཚན་དང། བ་དན་དང་རོལ་མོའི་སྒྲ་? ་གླུ་དང། གུར?་དང་མེ་ཏོག་དང། གུར་གུམ་ལ་སོགས་པའི་ཆར་རྣམས་དང་ལག་བའི་ཡལ་ག་དང་བཅས་པའི་ཁ་རྒྱན་ཅན་བུམ་པ་དཀར་པོ་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིས་གང་བ་རྣམས་ཀྱིས་སློབ་མེད་དབང་སྐུར་བའི་ཚེ་གཟུགས? ་རྗེ་མ་ལ་སོགས་པའི་ལྷ་མོ་རྣམས་གྱིས་བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། ཐམས་ཅད་བདག་ཉིད་རིགས་ཀུན་བདག་པོ་ཡེ་ཤེས་མཆོག་།སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་ཡིན། །བཀྲ་ཤིས་ངེས་མིང ་བསྐུར་མཆོག་དེ་ཁྱོད་ལ་ཤོག་།ཕུན་སུམ་ཚོགས་བ་མངའ་བདག་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤངས་པ། །སངས་རྒྱས་པདྨའི་འདབ་མ་འདྲ་བའི་སྤྱན་རས་རྒྱས། །བཀྲ་ཤིས་ངེས་ནི་ཁྱོད་ལ་དེང་འདིར་ཞི?་བྱེད? ་ཤོག་།དེ་ཡི་ཉེ་བར་བསྟན་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །ཆོས་ཀྱི་མཆོག་རབ་སྐྱེ་དགུ་རྣམས་ལ་ཞི་བྱེད་པ། །བཀྲ་ཤིས་ངེས་ནི་ཁྱོར?་ལ་དེ་རིང་ཞི་བྱེད་ཤོག་།དགེ་འདུན་དམ་པ་ཆོས་ལྡན་ཐོས ་བའི་བཀྲ་ཤིས་ཕྱུག། ལྷ་དང་མི་དང་ལྷ་མ་ཡིན་གྱི་ཕྱག་གི་གནས། །ཚོགས་ཀྱི་མཆོག་རབ་ངོ་ཚ་ཤེས་དང་དཔལ་གྱི་གཞི། །བཀྲ་ཤིས་ངེས་ནི་ཁྱེད་ལ་དེ་རིང་ཞི་བྱེད་ཤོག་།ཅེས་པའི་བཀྲ་ཤིས་ཀྱི་གླུ་རྣམས་གྱི་ཉེ་པར་སྦྱིན་ཞིང་རང་ཉིད་ཀྱིས་ཀྱང་རེ ་རྣམས་བླངས་ཡ་རྣམ་པར་རྒྱལ་བ་ལ་སོགས་པའི་ཡུམ་པ་རྣམས་ནས་ཆུ་ཉུང་ཟད་གཅུས་ཏེ་པདྨའི་སྣོད་དུ་བླུགས་པའམ་ཡང་ན་རྣམ་པར་རྒྱལ་བའི་བུམ་པའི་ཆུ་ཨོཾ་མ་ཧཱ་སུ་ཁཾ་བཛྲ་སཏྭ་ཨ་བྷི་ཥེ་ཀ་ན་ཏྲཾ་ཨ་བྷི་ཥེཉྩ?་མ་།སརྦ་ཏཱ་ཐཱ་ག་ཏ་ཨ་དྷི་པ་ཏི། ་ཏྭེ་ན་དྲི་ཌཧོ་བྷ་བ་ཞེས་བརྗོད་ནས་སམ། བསྡུས་པ་ལ་དགའ་ན་མ་བརྗོད་པར་ཡང་ལག་པ་གཡས་ཀྱི་རྡོ་རྗེ་དང་བཅས་པའི་ལོ་མས་སོ། །དེ་ནས་དེ་ཞིན་གཤེགས་པ་བཞིའི་བུམ་པ་རྣམས་ཀྱི་སོ། །དེ་ནས་ཇི་ལྟར་རིགས་པའི་དཀྱིལ་འཁོར་པའི་བུམ་པ་རྣམས ་སོ། །མིང?་ན་ནི་རྣམ་པར་རྒྱལ་བའི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་ཅན་བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་ངོ་བོ་རྡོ་རྗེ་དང་བཅས་པའི་ལོ་མའི་རྩེ་མོས་འགྱིད་བག་དང་བཅས་པའི་ཆུ་གཏོར་ཞིང། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས ་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལS་བྱུང་བ་སྦྱིན་པར་བྱ། །ོཾ་བཛྲ་ད་ཀ་ཨ་བྷི་ཥིཉྩ་ཧཱུཾ་སུ་ར་ཏ་སྟཝཾ་མཧཱ་ཞེས་བརྗོད་ཅིང་ལན་གསུམ་དུ་དབང་བསྐུར་བར་བྱའོ། །དེའི་ཚེ་བདེ་བ་ཆེན་པོ་དང་སྙོམས་པར ་ཞུགས་པར་བསམ་པར་བྱའོ་ཞེས་པ་ནི་ཚུའི་དབང་གི་ཆོ་གའོ།། །།དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་ཆེ་པའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་རྡོ་རྗེ་དེང་བདག་སྩེལ?་ཞེས་བླ་མ ་ལ་གསོལ་བ་བཏབ་པར་གྱུར་པས་སློབ་མ་དེ། ཨ་དང་རིན་པོ་ཆེ་ལས་བྱུང་བའི་རིན་ཆེན་འབྱུང་ལྡན་གྱི་གཟུགས?་ཅན་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་གྱུར་པ་ལས་ནམ་མཁར་གནས་པའི་དེ་བཞིན་གཤེགས་པ་དང་ལྷ་མོ་རྣམས་ཀྱི་བྱམ?་པ ་དབང་བསྐུར་བར་བྱེད་ཅིང་གཟུགས་རྡོ་རྗེ་མ་ལ་སོགས་པས་བཀྲ་ཤིས་ཀྱི་གླུ་སྒྲོགས་པར་བསྒོམ་པར་བྱའོ། །རྡོ་རྗེ་དང་བདག་པོ་དང་མིག་གི་དབང་རྣམས་ལ་ཡང་དེ་ལྟར་རོ། །དེ་ནས་གསེར་ལ་སོགས་པ་ལས་བྱས་པའི་དབུ་རྒྱན་རིན ་ཆེན་འགྱུར་ལྡན་དུ་བསྐྱེད་ཅིང་དེའི་རང་བཞིན་ཡེ་ཤེས་སེམས་དཔའ་ཨི་ངོ་བོ་སློབ་མ་རིགས་ཀྱི་བདག་པོའི་དབུས་སུ་དེ་བཞིན་གཤེགས་པ་ལྔར་བྱིན་གྱིས་བརླབས་པའི་དབུ་རྒྱན་དེའི་མགོ་བོའི་དབུས་དང་དཔྲལ་བ་དང་སོགས་གཉིས་དང་མགོ་བོའི ་རྒྱབ་རྣམས་སུ་རིམ་པ་བཞིན། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་ཨ་བྷི་ཥིཉྩ་བྲུཾ། ཨོཾ་སཏྭ་བཛྲི་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏན་བཛྲི་ཨ་བྷི་ཥིཉྩ་ཨཱ:། ཨོཾ་དྷརྨཱ་བཛྲི་ཨ་བྷི་ཥིཉྩ་པ?་ཞེས་བྱ་བའི་སྔགས་ལྔས་བཞག་ནས་མགོ་བོ་ལ་བསྐོར?་ཞིང། རྡོ་རྗེ་ཆེན་པོའི་དབང ་བསྐུར་བ། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་པ་དང། ཨོཾ་ཨཱ:བཛྲ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ?་སུ་ར་ཏ་ཏཾ་བརྗོད་ནས། ཨོཾ་བཛྲེ་ཏུ་ཥྱ་ཧོ་ཞེས་བརྗོད་པས་དགྱེས་པར ་བྱའོ་ཞེས་པ་ནི་དབུ་རྒྱན་གྱི་དབང་ངོ། །དེ་ནས་ཨོཾ་ཧཱུཾ་ཏྲཾ་ཏྲཱི:འ:ཞེས་བྱ་བའི་སྔགས་ཀྱིས་དཔྲལ་བར་དར་དཔྱངས་བཅིང་བར་བྱའོ། །དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་ནས་ཕྱིར། ། ་ནམ་མཁའ་ཨི་རྡོ་རྗེ་དེང?་བདག་སྩོལ་ཞེས་གསོལ་པ་བཏབ་པར་གྱུར་པའི་སློབ་མ་ཧྲཱི་དང་པདྨ་ཡོངས་སུ་གྱུར་པའི་སྣང་བ་མཛའ་ཡས་གྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་དབྱེར་མེད་པ། རྡོ་རྗེ་ཡང་སྣང་བ་མཛའ་ཡས་ཀྱི་བདག་ཉིད་དུ་བསམས ་ནས། རྡོ་རྗེ་ཆེན་པོ་དབང་བསྐུར་བ་།ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་སྐུ་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་པ་དང། སངས་རྒྱས་རྣམས་ཀྱི་རྡོ་རྗེའི་དབང། །དེ་རིང་ཁྱེད་ལ་བསྐུར་བར་བྱ། །སངས་རྒྱས ་ཀུན་གྱི་རབ་བསྒྲུབས་ཕྱིར། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་ཞེས་བརྗོད་ཅིང་སློབ་མའི་སྙིང་ག་དང་མགུལ་པ་དང་མགོ་པོ་རྣམས་སུ་རྡོ་རྗེ་རེག་ནས་ལག་པ་གཡས་སུ་སྦྱིན་པར་བྱའོ་ཞེས་པ་ནི་རྡོ་རྗེའི་དབང་བོ།། །།དེ་ནས་བྱང་ཆུབ་རྡོ་རྗེ་སངས ་རྒྱས་པ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་སྩོལ་ཞེས་གསོལ་བ་བཏབ་པར་གྱུར་པའི་སློབ་མ་དེ་ཁཾ་དང་རལ་གྲི་ལས་སྐྱེས་པའི་དོན་ཡོད་གྲུབ་པའི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང ་དབྱེར་མེད་པར་བསྐྱེད་ལ་དྲིལ་བུ་ཡང་དོན་ཡོད་གྲུབ་པ་ཡོངས་སུ་གྱུར་པར་བསམས་ནས་དེའི་ལག་པ་གཡོན་དུ་བྱིན་ཏེ་ལག་པ་རྡོ་རྗེ་དང་དྲིལ་བུ་དང་ལྡན་པས་ཕྱག་རྒྱལ་འཁྱུད་པའི་ཚུལ་བྱེད་དུ་བཅུག་སྟེ། རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུམ་གྱིས ་ནི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་པ་དང། ཨོཾ་བཛྲ་ཨ་དྷི་པ་ཏི་ཏྭཾ་ཨ་བྷི་ཥིཉྩ་བཛྲ་ས་མ་ཡ་སྟཝཾ་ཞེས་ཨོཾ་བཛྲ་གྷཎྜ་ཨ་ཨ་བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། བདག་ལ ་ཉེ་བར་གྱུར་པར་མཛོད་ཅེས་འདོན་དུ་གཞུག་པར་བྱའོ་ཞེས་པ་ནི་བདག་པའི་དབང་ངོ། །མིང་གཞན་དྲིལ་བུའི་དབང་བསྐུར་བའི་ཆོ་གའོ།། །།དེ་ནས་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང ་བསྐྱབ?་པའི་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་སྩོལ་ཞེས་གསོལ་བ་བཏབ་པའི་སློབ་མ་དེ། ཨོཾ་དང་འཁོར་ལོ་ལྷས?་སྐྱེས་པའི་རྣམ་པར་སྣང་མཛད་ཀྱི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་རོ་གཅིག་པར་བསྐོམས་ནས་སྤྱི་བོར་རྡོ ་རྗེ་དང་དྲིལ?་བུ་འདུལ?་ཞིང། རྡོ་རྗེ་ཆེན་པོར་དབང?་བསྐུར་ཞིང། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ་ཞེས་བརྗོད་ནས། ཨོཾ་རྡོ་རྗེ་སེམས་དཔའ་ཁྱོད་རྡོ་རྗེ་མིང་གི་དབང ་བསྐུར་བར་བྱའོ། །ཞེ་སྡང་རྡོ་རྗེ་ཁྱོད་ཅེས་བྱ་བ་འམ། གཏེ་མུག་རྡོ་རྗེ་ཁྱོད་ཅེས་བྱ་བ་འམ། དེ་ལ་སོགས་པ་མེ་ཏོག་ལྷུང་བའི་རྗེས་སུ་འབྲེངས་ཏེ། རང་གི་རིགས་ཀྱི་མིང་རྣམ་པར་སྣང་མཛད་ཀྱི་བདག་ཉིད་ཀྱིས་དབང་བསྐུར་བར་བྱའོ ་དེ་ལ་རྡོ་རྗེ་སེམས་དཔའ་ཨི་མཚན་རྣམས་ནི་མཆོག་གི་དང་པོ་དཔེ་མེད་དང་རབ་དགའ་བ་དང། རོ་མཉམ་དང། རྣམ་པར་རྒྱལ་བ་དང། སེམས་དཔའ་དང། ཨ་ལ་ལ་དང། བདེ་ཆེན་དང། ལུས་མེད་དང། ཡེ་ཤེས་དང་ལྷན་ཅིག་སྐྱེས་པ་དང། རྡོ ་རྗེ་རྣམས། །རེ་རེ་ཞིང་རྡོ་རྗེའི་སྒྲར་སྦྱར་བར་བྱ་སྟེ། དེ་བཞིན་གཤེགས་པ་དྲུག་གི་མིང་རྣམས་ཁོ་ནའོ། །མི་བསྐྱོད་པའི་མཚན་རྣམས་ནི་བཤད་པ་དང། རོལ་པ་དང། དགའ་བ་དང། འགྱིང་བ་དང། རྣམ་པར་གཡོ་བ་དང། རང་འབྱུང་དང། ཞེ ་སྡང་དང། ཧེ་དང། སྙིང་རྗེ་དང། སེམས་དཔའ་དང། ཧཱུཾ་མཛད་དང། མི་བསྐྱོད་པ་དང། རྡོ་རྗེ་རྣམས་སོ། །རྣམ་པར་སྣང་མཛད་ཀྱི་ནི་རྣམ་པར་སྣང་མཛད་དང། ཨོཾ་ཡིག་དང་རང་འབྱུང་དང། རྟག་པ་དང། དེ་བཞིན་གཤེགས་པ་དང། སྒྱུ་མ་དང། ་སངས་རྒྱས་དང་གཟུགས་དང། སྐུ་རྡོ་རྗེ་རྣམས་སོ། །རིན་ཆེན་འབྱུང་ལྡན་གྱི་ནི་རིན་པོ་ཆེ་དང། ཡིད་བཞིན་ནོར་བུ་དང། མཁའ་དང། ནམ་མཁའ་དང། གཟི་བརྗིད་དང། ཉི་མ་དང། སྣང་བྱེད་དང། ང་རྒྱལ་དང། རྡོ་རྗེ་རྣམས་སོ། །སྣང་བ་མཛའ་ཡས ་ཀྱི་ནི་འདོད་ཆགས་དང། ཀུན་ཏུ་གཟིགས་དང། ཆོས་དང། པདྨ་དང། རྡོ་རྗེ་མྱུ་གུ་དང། པདྨའི་མྱུ་གུ་དང། རབ་ཏུ་དགའ་བའི་མྱུ་གུ་དང། རྡོ་རྗེའི་མྱུ་གུ་དང། མཆོག་དགའ་དང། རབ་སྐྱེས་དགའ་དང། དཔག་མེད་དང། ངག་རྡོ་རྗེ་རྣམས་སོ། །དོན་ཡོད ་གྲུབ་བ་ནི། དོན་ཡོད་དང། རྟ་མཆོག་དང། དམ་ཚིག་དང། ཕ་རོལ་ཏུ་ཕྱིན་པ་དང། ལས་དང། རླུང་དང། རེག་བྱ་དང། ཕྲག་དོག་རྡོ་རྗེ་རྣམས་སོ། །རྡོ་རྗེ་སེམས་དཔའ་ཨི་བཙུན་མོ་རྣམས་ནི་རྡོ་རྗེ་ཤུགས་ཅན་མ་དང། རྡོ་རྗེ་རོལ་པ་མོ་དང། རྡོ་རྗེ་མྱོས་མ ་དང། རྡོ་རྗེ་ཀོང་ཀ་ན་ངང། རྡོ་རྗེ་བཞིན་མ་དང། རྡོ་རྗེ་བ་དན་མ་དང། རྡོ་རྗེ་ཕྲེང་བ་མ་དང། རྡོ་རྗེ་འཆང་མའོ། །མི་སྐྱོང་པཱ?་ནི་རྡོ་རྗེ་བདག་མེད་མ་དང། རྡོ་རྗེ་ཕྱག་མ་དང། རྡོ་རྗེ་ཕྲེང་བ་མ་དང། རྡོ་རྗེ་བདེ་མ་དང། །རྡོ ་རྗེ་མཱ་མ་ཀཱི་དང། རྡོ་རྗེ་ཞེ་སྡང་མ་དང། རྡོ་རྗེ་དགའ་མའོ། །རྣམ་པར་སྣང་མཛད་ཀྱི་ནི་རྡོ་རྗེ་མཁའ་འགྲོ་མ་དང། རྡོ་རྗེ་དཀར་མོ་དང། རྡོ་རྗེ་སྒེག་མོ་དང། རྡོ་རྗེ་སྤྱན་མ་དང། རྡོ་རྗེ་གཏི་མུག་མ་དང། རྡོ་རྗེ་དགའ་མའོ། །རིན་ཆེན་འབྱུང་ལྡན ་གྱི་ནི་རྡོ་རྗེ་དོ་ཤལ་མ་དང། རྡོ་རྗེ་དབུགས་འབྱིན་མ་དང། རྡོ་རྗེ་འཕར?་མ་དང། རྡོ་རྗེ་ཕྲེང་བ་དང། རྡོ་རྗེ་ནམ་མཁའ་མ་དང། རྡོ་རྗེ་ནམ་མཁའ་མགའ་མའོ། །སྣང་བ་མཛའ་ཡས་ཀྱི་ནི་རྡོ་རྗེ་ཆགས་མ་ངང། རྡོ་རྗེ་གླུ་མ་དང། རྡོ་རྗེ་ཀྱེ་མ་དང། རྡོ་རྗེ ་བདེ་མ་དང། རྡོ་རྗེ་རོལ་མ་དང། རྡོ་རྗེ་བློ་མ་དང། རྡོ་རྗེ་བཞད་མ་དང། རྡོ་རྗེ་དཀར་མོ་དང། རྡོ་རྗེ་འདོད་ཆགས་དགའ་མའོ། །དོན་ཡོད་གྲུབ་པའི་ནི་རྡོ་རྗེ་སྙོམS་མ་དང། རྡོ་རྗེ་སྒྱུ་མ་དང། རྡོ་རྗེ་རྟ་མ་དང། རྡོ་རྗེ་སྒྲོལ་མ་དང། རྡོ་རྗེ་གར་གྱི་དབང་ཕྱུག་མ་དང ་དམ་ཚིག་རྡོ་རྗེ་མ་དང་རྡོ་རྗེ་དགའ་མའོ། །མིང་གི་དབང་གི་ཆོ་གའོ།། །།དེ་ནས་སློབ་མ་དེས་ཡོན་ཕུལ་ལ་ཐལ་མོ་སྦྱར་ལ་བདག་ནི་ཁྱོད་ཀྱི་དཀའ་དྲིན་ལས། །གང་གིས་རང་བཞིན་དོན་ནུས་པའི། །རྡོ་རྗེ་སློབ་དཔོན་གྱི ་ནི་དབང། །ཐུགས་རྗེའི་གཏེར་ཀྱི་བདག་ལ་སྩོལ་ཞེས་བརྗོད་པས་བླ་མ་ལ་གསོལ་བ་བཏབ་ལ་ཧཱུཾ་དང་རྡོ་རྗེ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བསམས་ནས། རྡོ་རྗེ་ཧཱུཾ་ལས་སྐྱེས་པར་བསྒོམས་ནས་ཐོག་མཛའ་མེད་པའི་སེམས་དཔའ་ ་ནི། །རྡོ་རྗེས་སེམས་དཔའ་?་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་སྙེམས་བདག་བདག་པོའི་བདག་།བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་འཛིན་དུ་བཞུག་།དེ་ནས་དྲིལ་བུ་ཨ་ལས ་སྐྱེས་པར་བསྒོམས་ནས་འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །དྲིལ་བུ་དབྱངས་ཀྱི་རྗེས་འགྲོར་བཤད། །ཁྱོད་ཀྱིས་བྱང་ནི་རྟག་ཏུ་བཟུང། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད་ཅེས་བརྗོད་ཅིང་དེ་ཁོ་ན་ཉིད་ཀྱིས་དྲིལ་དུ ་འཛིན་དུ་གཞུག་གོ་།སློབ་མས་ཀྱང་ཨ་སྲིད་པ་ངོ་བོ་ཉིད་ཀྱིས་དག་།ངོ་བོ་ཉིད་ཀྱིས་སྲིད་བྲལ་བ། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་ཚིག་སྲིད་པར་བྱེད་པར་འགྱུར། །ཞེས་བརྗོད་ཅིང་དཀྲོལ་བར་བྱའོ། །དྲིལ་བུའི་དམ་ཚིག་གོ། །། ་ཡིད་ཀྱིS་ལུས་ནི་བརྟན་བྱས་ལ། །ཕྱག་རྒྱའི་དམ་ཚིག་ཡིན་པར་འདོད། །གང་གིS་ལུས་ཀུན་བརྟན་བྱེད་པ། དེ་ནི་ཕྱག་རྒྱར་རབ་ཏུ་གྲགས། །ཡེ་ཤེས་ཕྱག་རྒྱར་བྱིན་བརླབས་ནས། །འདོད་པ་ཐམས་ཅད་ལོངས་སྤྱོད་པས། །དངོས་གྲུབ་ཐམས་ཅད ་བསྒྲུབ་པར་གྱིS། ཞེས་བྱ་བ་རྟོགS་པར་བྱས་ནས་རྡོ་རྗེ་སེམས་དཔའ་ཨི་སྐུ་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྦྱོར་གྱི་རིམ་པས་བྱིན་གྱིས་རློབ་ཏུ་བཅུག་ནས་འཁྱུད་པའི་ཚུལ་དུ་བྱེད་དུ་བཅུག་ལ་སློབ་མ་སྐད་ཅིག་གིས་སྟོང་པ་ཉིད་དུ་བྱས་ལ་ཧཱུཾ་དང་རྡོ་རྗེ་ལ? ་སྐྱེས་པའི་རྡོ་རྗེ་སེམས་དཔའ་ཨི་གཟུགས་ཅན་ཡེ་ཤེས་སེམས་དཔའ་དང་རོ་གཅིག་ཏུ་གྱུར་པར་བསྒོམས་པའི་མགོར་རྡོ་རྗེ་དང་དྲིལ་བུ་བཟུང་ལ་ཨོཾ་མཧཱ་སུ་ཁཾ་བཛྲེ?་སཏྭ་ཨ་བྷི་ཥི་ཀ་ཏྭཾ་ཨ་ཨས་ལན་གསུམ་དུ ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏིཥྛ?་ན་དྲཾ?་གྷོ?་དྷཱ?་མེ ་ཞེས་ལན་གསུམ་དུའོ། །ཕྱག་རྒྱའི་དམ་ཚིག་གསུམ་སྦྱིན་པའི་ཆོ་གའོ།། །།དེའི་རྗེས་ལ་སློབ་མ་རྡོ་རྗེ་སེམས་དཔའ་ཨི་གཟུགས་སུ་བསྒོམས་ཏེ། ཆུའི་དབང་ལ་བརྗོད་པའི་སྙིང་གའི་ས་བོན་ལ་སོགས་པ་ནས། ཇི་སྲིད་རྡོ་རྗེ་རྩེ་མོད?་འཛིན་? ་རྡོ་རྗེ་ཆེན་པོའི་དབང་བསྐུར་བ། །ཁམས་གསུཾ་ཀུན་གྱི་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ོཾ་ཨཱ:སརྦ་ཏ་ཐཱ་ག་ཏ་ཨ་ཕི་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་སྭཱཧཱ། ཞེས་འདོན་ཞིང་དབང་བསྐུར་རོ། །དེ་ནས་མི་? ་བཅོད་པན་དུ་བསམས་ནས་དེ་བཞིན་གཤེགས་པ་དང་ལྷ་མོ་གཞན་རྣམས་དེ་ཉིད་དུ་ཡེ་ཤེས་སེམས་དཔའ་ཨི་ངོ་བོར་བཅུག་ནས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། དེ་ལ་མེ་ཏོག་ལ་སོགས་པ་དབུལ་ལོ། །དེའི་རྗེས་སུ་མི་ལྡོག་འཁོར ་ལོའི་དབང་བསྐུར་བ། །མགོན་པོ་ཡིས་ནི་བདག་ལ་གསུངས། །འཁོར་ལོ་ལྷ་ཡི་དེ་ཉིད་དང། །སློབ་དཔོན་གྱི་ནི་ལས་རྣམས་དང། །སངས་རྒྱས་ཀུན་གྱི་དམ་ཚིག་དང། །སྡོམ་པ་གསང་བ་དམ་པ་དང། །རྟག་ཏུ་སློབ་དཔོན་བདག་ལ་གསུངས། །སེམས་ཅན་ཀུན ་གྱི་དོན་བགྱིད་ཕྱིར་ཞེས་ཁྱད་པར་གྱི་གསོལ་བ་བཏབ་ལ། དེ་ནས་མདོར་བསྡུས་གཞལ་ཡས་ཁང་འདི་ནི་རྣམ་པར་སྣང་མཛད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང། མདོར་ན་ཕུང་པོ་ལྔ་རྣམས་ནི། ་སངས་རྒྱས་ལྔར་ནི་རབ་ཏུ་གྲགས་ཞེས་བྱ་བ་ལ་སོགས་པ་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང། དོན་དམ་པར་དཀྱིལ་འཁོར་ལ་སོགས་པ་རིམ་པ་གཉིས་ཀ་ལ་རང་བཞིན་མེད་པའི་བདག་ཉིད་ཅན་དེ་ཁོ་ན་ཉིད་རྣམ་པར་དག་པ་དང། དཀྱིལ ་འཁོར་བྲི་བ་ལ་སོགས་པ་རྡོ་རྗེ་སློབ་དཔོན་གྱི་ལས་འཁོར་དང་བཅས་པ་བརྗོད་པར་བྱའོ། དེ་ལྟར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ལ་སོགས་པའི་ཡེ་ཤེས་དང་འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང། བྱ་བ་དང་མི་བྱ་བའི་བདག་ཉིད་ཅན་གྱི་སྡོམ་པ ་དང། དེ་བཞིན་དུ་བསྒྲུབ་པར་བྱ་བ་ལ་སྐལ་པ་དང་ལྡན་པ་ཉིད་དུ་བརྗོད་དོ། །ཕྱིར་མི་ལྡོག་པའི་མིང་གཞན་སློབ་དཔོན་གྱི་དབང་གི་ཆོ་གའོ།། །།དེ་ནས་བདག་ཉིད་ཀྱིས་སྙིང་པོ་ལ་སོགས་པའི་སྔགས་བརྒྱ་རྩ་བརྒྱད་དམ་ལན་གསུམ་དུ་བཟླས་ལ ་བཅོམ་ལྡན་བདག་གིས་སྩལ་ལགས་ཀྱིས། །བདག་ལ་ཉེ་བར་བཟུང་དུ་གསོལ་ཞེས་བརྗོད་ཅིང་སློབ་མ་ལ་སྦྱིན་ནོ། །སློབ་མས་ཀྱང་བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ་ཞེས་བྱ་བ་འདི་བཟུང་ནས་ལན་གསུམ་དུ ་བཟླས་པར་བྱའོ། །ཞེས་པ་ནི་སྔགས་གཏང་པའི་ཆོ་གའོ།། །།དེ་ནས་གསེར་རམ་དངུལ་གྱི་སྣོད་དུ་བཞག་པའི་མར་རམ་སྦྲང་རྩི་མིག་སྨན་དང་གསེར་ལས་བྱས་པའི་ཐུར་མས་སློབ་མའི་མིག་ལ་ཡི་གེ་རཾ་བསྒོམས ་ལ། ཨོཾ་བཛྲ་ཎེ་ཏྲཾ་ཨ་པ་ཧ་ར་པ་ཊ་ལཾ་ཧྲཱི(རྒྱུད་འགྲེལ་མཁན་གྱི་ཆོ་གའོ། །།དེ་ནས་མེ་ལོང་བླངས་ནས་ཨ་ཡིས་བསྔགས་ནས་སློབ་མས་བལྟ་ཞིང། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས ་ཡང་དག་བྱུང། །རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །དག་ཅིང་གསལ་བ་དྲི་མ་མེད། །སངས་རྒྱས་ཀུན་བདག་བུ་ཁྱོད་ཀྱི། །རང་ཉིད་ཀྱི་ནི་སྙིང་ལ་གནས། །ངོ་བོ་ཉིད་མེད་གནས་མེད་པ། །དེ་ལྟར་ཆོས་རྣམས་ཤེས་གྱིS་ལ། །སེམས་ཅན་དོན་ནི་མཉམ་མེད ་ཀྱིས། །སྐྱོབ་པ་རྣམས་ཀྱིས་སྲས་སུ་སྐྱེས་ཞེས་གདོན་ནོ། །མེ་ལོང་གི་དབང་གི་ཆོ་གའོ།། །།དེ་ནས་ཡི་གེ་ཧོ་ལས་བྱུང་བའི་མངའ་གཞུ་ཧོ་ཞེས་བརྗོད་ནས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་སྭཱཧཱ། ཞེས་བརྗོད་པ་ནི་མདའ ་འཕངས་པའི་ཚེ་ཡང་ངོ། །སློབ་མས་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཡ་མི་ཞེས་བརྗོད་ཅིང་བགེགས་ལ་འབིགས་པའི་བསམ་པས་ཕྱོགས་བཞིར་མདའ་བཞི་འཕང་བར་བྱའོ། །མདའའཕང་བའི་ཆོ་གའོ།། །།དེ་ནས་ཡོལ་བ་ལ་སོགས ་པས་དབེན་བར་བྱས་ལ་སློབ་མས་གསང་དབང་གི་དོན་དུ། བླ་མ་ལ་གཞོན་ནུ་མ་ལང་ཚོ་ལ་སོགས་པ་དང་ལྡན་པའི་ཤེས་རབ་མ་དམ་ཚིག་དང་ལྡན་པ་འམ། དེ་མེད་ན་གཞན་ཡང་རུང་སྟེ་བླ་མ་ལ་ཕུལ་ནས་བླ་མ་རྡོ་རྗེ་སེམས་དཔའ་མོས་ལ ་ཐལ་མོ་སྦྱར་ནས། ཁྱོད་ཀྱི་ཞབས་ཀྱིས་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་བདག་གིས། །མགོན་པོས་རྗེས་སུ་བཟུང་བར་མཛོད་ཅེས་བྱ་བའི་ཚིགས་སུ་བཅད་པས་གསོལ་བ་གདབ་པོ། །དེ་ནས་བླ་མས་འཁོར་ལོའི་དབང ་ཕྱུག་གི་ང་རྒྱལ་དང་ལྡན་པས་ཐ་མལ་པའི་བུད་མེད་ཀྱི་གཟུགས་དེ་སྟོང་པ་ཉིད་ཀྱི་རྗེས་ལྷ་མོའི་གཟུགས་སུ་བསྐྱེད་པ་དང་རྡོ་རྗེ་དང་པདྨ་འདུ་བྱས་པ་མངོན་དུ་འགྲོ་བའི་སྙོམས་འཇུག་བྱེད་ཅིང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲེ་སྭ་བྷཱ་བ་ཨཱཏ་མ་ཀོ་ཧཾ་ཞེS ་འདོན་ཞིང་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་རྣམ་པར་སྣང་མཛད་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་མ་ལ་སོགས་པ་དང་སྙོམས་པར་ཞུགས་པས་བཀུག་ལ་བདག་ཉིད་ཀྱི་རྣམ་པར་སྣང་མཛད་ཀྱི་སྒོ་ནས་བཅུག་ལ་འདོད་ཆགས ་ཆེན་པོས་ཞུ་བར་གྱུར་ཏེ། ཨ་བ་དྷུ་ཏཱི་ནས་འགྲོ་བར་བསམས་ནས་རྡོ་རྗེ་ནོར་བུར་ལྷན་ཅིག་སྐྱེས་པའི་བདེ་བ་བརྟན་པར་བྱས་ཏེ། མཐེ་བོང་དང་མིང་མེད་ཀྱིས་རྡོ་རྗེ་ནོར་བུ་བཙིར་ནས་པདྨ་ལས་བྱུང་ནས་དེ་བཞིན་གཤེགས་པ་ཞུ་བའི་ཁུ་བ་དེ་རང་གི་བྱང ་ཆུབ་ཀྱི་སེམས་དང་དབྱེར་མེད་པར་མོས་ནས། གསུང་རྡོ་རྗེའི་གཟུགས་ཅན་གྱི་སློབ་མས་མཐོང་ནས་མ་དད་ཀྱིས་དོགས་པ་མེད་པའི་ཁར་རམ། ཇི་སྲིད་དུ་གདོད་གཡོགས་བཅིངས་པ་ཉིད་ཀྱིས་དེ་མཐོད་བའི་སྤྱོད་ཡུལ་མ་ཡིན་པར་རོ། །རྡོ་རྗེ་འཆང་སོགས ་འདས་པ་ཡིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །དེ་ལྟར་བྱང་ཆུབ་སེམས་བཟང་པོས། །བུ་ཁྱོད་དབང་ནི་བསྐུར་བར་བགྱི་ཞེས་བྱ་བ་དང། འཁོར་ལོའི་བདག་པོའི་སྔགས་དང། ཨོཾ་བཛྲ་དྷྲིག་ཧཱུཾ་ཞེས་བྱ་བ་ལ་སོཌ་པ་རྒྱུད་ཇི་ལྟ་བ་བཞིན་དུ་གདོན་ཞིང ་དབབ་པར་བྱའོ། །དེས་ཀྱང་རྣམ་པར་སྣང་མཛད་ལ་སོགས་དེ་བཞིན་གཤེགས་པ་ཀུན་འདུས་པའི་བློས་ཨ་ཧོ་མཧཱ་སུ་ཁཾ་ཞེས་བརྗོད་ཅིང་བཏུང་བར་བྱའོ། །ཤེས་རབ་མས་རྐྱང་ལངས་ནས་གོས་མེད་པ་ཉིད་དུ་རང་གི་ཆུ་སྐྱེས་ན་གནས་པའི་དེ་ལྟ་བུའི་བྱང ་ཆུབ་ཀྱི་སེམས་ཐིག་ལེའི་རྣམ་པ་དེ་ལྟར་དེའི་ཁར་དབབ་པར་བྱའོ། །དེས་ཀྱང་དེ་ལྟར་བཏུང་ངོ། །ཤེས་རབ་དང་ཐབས་དག་གི་ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་གསང་བའི་དབང་གིས་དབང་བསྐུར་བ་ནི་གསང་བའི་དབང་གི་ཆོ ་གའོ།། །།དེའི་རྗེས་ལ་དེའམ་གཞན་ཡང་རུང་སྟེ། ཤེས་རབ་མ་དམ་ཚིག་དང་སྡོམ་པ་ལ་གནས་པ་གཟུགས་དང་ལང་ཚོ་དང་ལྡན་པ་བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། ཇི་ལྟར་ཆེ་བའི་ཆེ་བྱིན་ལྟར། །བདག་ཀྱང་བསྐྱབ་པའི ་དོན་གྱི་ཕྱིར། །ནམ་མཁའ་ཨི་རྡོ་རྗེ་དེང་བདག་སྩོལ་ཞེས་པས་གསོལ་བ་བཏབ་པའི་སློབ་མ་ལ། གཟུགས་མ་ཤིན་ཏུ་ཉམས་དགའ་འདི། །བསྟེན་བྱས་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར ་གྱིས། །རྡོ་རྗེ་སྐྱིལ?་ཀྲུང་ལ་སེམས་ནི། །ནོར་བུར་ཆུད་པ་བརྟགས་པ་ཡིན་ཞེས་བསྒྲུབ་པར་བྱས་ནས་གཏད་པར་བྱའོ། །དེས་ཀྱང་གུར་གུམ་ལ་སོགས་པ་དྲི་ཞིམ་པོས་བྱས་པ་གོས་སར་པ་ཆུ་སྐྱེས་སློབ་མ་ལ་སྟོན་ཅིང། ཀྱེ་མ་བདག་གི ་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་ག་བཞིན་བསྟེན་པ། །དེའི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་དག་ཏུ་ནི་རྟག་ཏུ་བཞུཌ ་བྷཉྫ?་མོཀྵ་ཞེས་འདོན་ནོ། །དེས་ཀྱང་རང་ཉིད་ལྷའི་གཟུགས་ཀྱིས་ཤེས་རབ་མ་ལྷ་མོའི་གཟུགས་སུ་བསྐྱེད་ནས་ཨཱ:དང་ཧཱུཾ་ལས་སྐྱེས་པའི་པདྨ་དང་རྡོ་རྗེ་དག་གི་ཟེ་འབྲུ་དང། ནོར་བུ་ཨཱ:དང་ཨོཾ་ལས་སྐྱེས་པ་དང་རྡོ་རྗེའི་ནོར་བུའི་བུ་གར་ཕཊ ་སེར་པོ་བསྒོམས་ནས་ལུས་ཀྱི་གཡོན་གྱི་ཆར་སོང་བའི་རྩའི་རྩེ་མོར་ཧྲཱི:དམར་པོ་ལས་བྱུང་བ་གནས་པ་མཛུབ་མོ་དང་ལྕེས་སི་སྔོན་དུ་འགྲོ་བ་ཅན་གྱིས་ཡང་དག་པར་བསྐུལ་ནས་ཨོཾ་སི་སི་སི་ཧ་ཧ་ཧ་སྭཱཧཱ་ཞེས་བྱ་བ་དང། ཨོཾ ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏ་མ་ཀོ་ཧཾ་ཞེས་བྱ་བའི་སྔགས་བརྗོད་ཅིང་བླ་མའི་མན་ངག་ལས་དགའ་བའི་དབྱེ་བ་སྔོན་དུ་བྱས་ནས་རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་སྤྱན་དྲངས་པའི་དེ་བཞིན་གཤེགས་པ་ལ་སོགས་པས ་ལུས་བྱིན་གྱིས་བརླབས་ལ། བླ་མས་ཀྱང་རྣམ་པར་སྣང་མཛད་དང་སྤྱན་མ་ལ་སོགས་པ་དཔག་ཏུ་མེད་པ་བཅུག་པ་དང། རོ་གཅིག་ཏུ་གྱུར་པས་དགའ་བ་བརྩམ་པར་བྱའོ། །ཤེས་རབ་སྦྱོར་བས་དཔལ་དང་ལྡན། །དེ་ཉིད་ཡང་དག་མཚོན་པར་བྱ། །རྡོ་རྗེ་སྐྱིལ ་ཀྲུང་ལ་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་བརྟག་ཅེས་རྟོགས་པར་བྱས་ནས་ནུས་པ་ཇི་ལྟ་བར་བཟུང་སྟེ་དལ་བུས་བཏོན་ནས་ཆུ་སྐྱེས་ལས་ལྕེ་ཉིད?་ཀྱིས་བླངས་ཏེ། དེ་ཁོ་ན་ཉིད་ཀྱི་ལྟ་བས་དམ་ཚིག་གི་ངོ་བོ་བྱང་ཆུབ་ཀྱི་སེམས་བཏུང་བར་བྱའོ་ཞེས་པ་ནི་ཤེས ་རབ་ཡེ་ཤེས་ཀྱི་དབང་གི་ཆོ་གའོ།། །།དེའི་རྗེས་ལ་ཚིག་ཁོ་ནས་དབང་བཞི་པ་སྦྱིན་པར་བྱའོ། །ཤེས་རབ་ཡེ་ཤེས་ལས་བྱུང་བའི་མྱུ་གུ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་བསྒོམས་པས་རབ་ཏུ་འཕེལ་བར་བྱས་ནས་སྒྲིབ་པ་མེད་པར་གྱུར་ནས་དེ ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་དུ་མེད་པའི་རང་བཞིན་ཡེན?་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་འཆང་གི་རང་བཞིན་དབང་བཞི་པའི་ངོ་བོ་བརྗོད་པར་བྱའོ་ཞེས་དབང་བཞི་པའི་ཆོ་གའོ།། །། ་དེའི་རྗེས་ལ་དེའི་ལག་པས་གཞན་ནས་དེ་ཉིད་རང་གི་ལག་པ་གཡོན་པར་བཟུང་སྟེ། རྡོ་རྗེ་དང་བཅས་པའི་ལག་གཡས་པ་སློབ་མའི་མགོ་བོ་ལ་བཞག་ནས། འདིར་ནི་ཁྱེད་རྣམས་དབང་པོ་ཡིན། །བདག་གིས་འདི་ལ་འདི་གཏད་དོ། །ཞེས་དེ་བཞིན་གཤེཌ ་པ་ལ་དབང་བཙུགས་ཏེ། ཐབས་གཞན་གྱིས་ནི་སངས་མི་རྒྱ། །འགྲོ་གསུམ་འདི་ཡང་དག་པ་ཡིན། །དེ་ཕྱིར་འདི་དན་བྲལ་བར་ནི། །ནམ་དུ་ཡང་ནི་མ་བྱེད་ཅིག་།འདི་དེང་སངས་རྒྱས་ཐམས་ཅད་ཀྱི། །རིག་པ་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང ་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད་ཅེས་བརྗོད་པས་རིག་པའི་བརྟུལ་ཞུགས་ཐམས་ཅད་སྦྱིན་པར་བྱའོ་ཞེས་པ་ནི་རིག་པའི་བརྟུལ་ཞུགས་སྦྱིན་པའི་ཆོ་གའོ།། །།དེའི་རྗེས་ལ་སློབ་མ་རྡོ ་རྗེ་སེམས་དཔའ་ཨི་གཟུགས་སུ་བསྒོམས་ནས། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའ་ཨི?་ཕྱག་ན་མནས?་ཁྱོད་ཀྱིས་ཀྱང་ནི?་རྟག་ཏུ་བཟུང། །རྡོ་རྗེ་སེམས་དཔའ་ཨི?་བརྟུལ་བཞུགས་བརྟན་ཞེས་བརྗོད་ཅིང་རྡོ་རྗེ་འཛིན་དུ་གཞུག་པར་བྱའོ། །དེས་ཀྱང་ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི ་བཛྲ་ས་མ་ཡ་ཏིཥྛ་ཨེ་ཥ་ཏྭཾ་དྷ་ར་ཡཱ་མི་བཛྲི་སརྦ?་ཧི་ཧི་ཧི་ཧཱཾ?་ཧཱུཾ་ཞེས་བརྗོད་ཅིང་བཟུང་བར་བྱའོ། །རྡོ་རྗེའི་བརྟུལ་ཞུགས་ཀྱི་ཆོ་གའོ།། །།དེ་ནས་སྤྱོད་པའི་བརྟུལ་ཞུགས་འདོད་པ་ལ་གསུངས་པ་ནི་གང་ཡང་བུད་མེད་དམ་སྐྱེས་པ་སྤྱོད ་པའི་བརྟུལ་ཞུགས་སློང་བ་དེ་ལ་རྡོ་རྗེ་ཕག་མོའི་གཟུགས་སམ། བདག་མེད་མའི་གཟུགས་སམ། མེ་ཏོག་ལྷུང་བ་དང་བསྟན་བའི་རིག་པའི་ལྷ?་མོའི་གཟུགས་སྐྱེས་པ་ནི་བདེ་མཆོག་དང། དགྱེས་པ་རྡོ་རྗེ་ལ་སོགས་པའི་གང་ཡང་རུང་བའི ་གཟུགས་སུ་བསམས་ནས། དེ་འམ་དེ་ལ་སྙིང་གའི་ས་བོན་གྱི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་ཀྱི་ལྷ་བཅུག་ནས་གཙོ་བོའི་སྔགས་ལན་གསུཾ་བརྗོད་ནས་རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ཁ་ཊཝཱཾ་ག་དང་ཅང ་ཏེའུ་སྣོད། །སྦྱིན་གྱི་དཔའ་བོས་བཟུང་བར་གྱིས། ཞེས་བརྗོད་དེ་ཁ་ཊཝཱཾ་ག་དང་ཅང་ཏེའུ་དང་ཐོད་པ་སྦྱིན་པར་བྱའོ། །དེ་ནས་འཁོར་ལོ་མི་བསྐྱོད་པའི་སྐུར་ཅིག་ཅར་བསྐྱེད་དེ། ཡེ་ཤེས་པ་བཅུག་ནས་མི་བསྐྱོད་པའི་རང་བཞིན་ཡིན་ཞེས ་མོས་ནས་ཨོཾ་དྷ་ར་དྷ་ར། དྷཱ་ར་ཡ་དྷཱ་ར་ཡ། མ་ར་ཏ་མ་ར་ཏ། བཛྲ་དྷྲེ་ག་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་འཁོར་ལོ་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག ་གནས། །འཁོར་ལོ་མི་བསྐྱོད་བའི་གཟུགས། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས་ཤེས་སྤྱི་གཙུག་ཏུའོ།། །།དེ་ནས་རྣ་རྒྱན་འོད་དཔག་མེད་ཀྱི་སྐུར་ཅིག་ཅར་བསྐྱེད་དེ། ཡེ་ཤེས་བཅུག་ནས་འོད་དཔག་མེད་པའི་རང་བཞིན་ཡིན་ཞེས་མོས ་ནས་ཨོཾ་བཛྲ་དྷརྨཱ:ས་མ་ཡ་སྟཝཾ་ཧཱུཾ་ཧུ་ལུ་ཧུ་ལུ་ཨ་རོ་ཡིག་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས་ལན་གསུམ་དུ་བསྔགས་པའི་རྣ་རྒྱན་དེ་ཚིག་འདིས་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །རྣ་རྒྱན་འོད་དཔག་མེད ་ཀྱི་བདག་།སྦྱིན་གྱིས་དཔའ་བོས་བཟུང་བར་གྱིས་ཤེས་པས་རྣ་བ་གཉིས་ལའོ། །དེ་ནས་མགུལ་རྒྱན་རིན་འབྱུང་གི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་བཛྲ་སདྱ་ཌ་ཏ་མོ་བྷི་དྷ་ན་མ་ས་མ་ཡ་སྟཝཾ?་ཨ་ཧཾ་རཏན་དྷྲིཀ?་ཕཊ་སྭཱཧཱ་ཞེས་བྱ་བའི་སྔགས་ཀྱིས ་ལན་གསུམ་དུ་བསྔགས་པའི་མགུལ་རྒྱན་དེ་ཚིག་འདིས་སྦྱིན་པ་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །མགུལ་གྱི་ཕྲེང་པ་རིན་ཆེན་ཆེ། །སྦྱིན་གྱིས་དཔའ་མོས་བཟུང་བར་གྱིས་ཤེས་པས་མགུལ་དུའོ།། །། ་དེ་ནས་གདུ་བུ་རྣམ་སྣང་གི་སྐུར་ཅིག་ཅར་དུ་བསྐྱེད་དེ་ཡེ་ཤེས་བཅུག་ནས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ཡིན་ཞེས་མོས་ནས་ཨོཾ་ཤ་ཤ་ཤ་པ་ན་མོ་ཤ་ཤ་ཤ་ཧ་ཨེ་ཧཡེ་ཛིན?་ཛི་ཀ་སྭཱཧཱ་ཞེས་པའི་བསྔགས་ཀྱིས་ལན་གསུམ་དུ་བསྔགས ་པའི་ལག་ཏུ་དེ་ཚིག་འདི་སྦྱིན་པར་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །ལག་གདུབ་རྣམ་སྣང་ཉིད་དུ་བཤད། །སྦྱིན་གྱི་དཔའ་བོས་བཟུང་བར་གྱིས་ཞེས་བས་ལག་པ་གཉིས་ལའོ། །དེ་ནས་སྐ་རགས་དོན ་གྲུབ་ཀྱི་སྐུར?་ཅིག་ཅར་གྱིས་བསྐྱེད་དེ་ཡེ་ཤེས་བཅུག?་ནས་དོན་ཡོད་གྲུབ་པའི་རང་བཞིན་ཡིན་ཞེས་མོས་ནས་ཨོཾ་ཕུབ་ཕུབ་ཧྲ་ཧྲི་ཧྲི་པྲཛྙཱ་དྷྲིཀ་ཞེས་བྱ་བའི་སྔགས་ཀྱི་ལན་གསུམ་དུ་བསྔགས་པའི་སྐ་རགས་དེ་ཚིག་འདིས་སྦྱིན་པར ་བྱའོ། །རྡོ་རྗེ་སེམས་དཔའ་ཨི་ཕྱག་རྒྱ་འདི། །ཕྱི་དང་ནང་དུ་ཡང་དག་གནས། །སྐ་རགས་ལ་ནི་གྲུབ་པ་ཞུགས། །སྦྱིན་གྱིས་དཔའ་བོས་གཟུང་བར་གྱིས་ཤེས་པས་རྐེད་པ་ལའོ། །བུད་མེད་ཀྱི་ཕྱོགས་ལ་ནི་ཚིགས་སུ་བཅད་པ་ལ་དབང ་པོ་ཞེས་བྱ་བ་ཕྱུང་ནས་ལྷ་མོ་ཞེས་བྱ་བ་བརྗོད་པར་བྱའོ། །སྤྱོད་པའི་བརྟུལ་ཞུཌ་སྦྱིན་པའི་ཆོ་གའོ།། །།དེའི་རྗེས་ལ་དེ་བཞིན་གཤེགས་པའི་སྤྱོད་ལམ་གྱི་ཚུལ་དུ་བྱས་ནས་ཆོས་གོས་ཀྱི་གྲཝ་བཟུང་བའི་ཁུ་ཚུར་གཡོན་པ་སྙིང་གར ་བཟུང་ཞིང། གཡས་པ་མི་འཇིགས་པའི་ཕྱག་རྒྱས་འདི་ལྟར་ལུང་བསྟན་པའོ། །ཁྱོད་ནི་ང་ཡི་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་ལ་མཆོག་ཞི་རབ་བསྒྲུབ་ཕྱིར། །སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ?་དེ་བཞིན ་གཤེགས་པ་རྡོ་རྗེ་ཆེ་གེ་མོ་ཞེས་བྱ་བ་ལ་སོགས་པ་སིདྡྷི་ས་མ་ཡསྟཝཾ་བྷུར་བྷུ་བ་སྭཱཧཱ་ཞེས་པའི་སྔགས་ཀྱི་མེ་ཏོག་ལྷུང་བ་དང་རྗེས་སུ་མཐུན་པའི་དེ་བཞིན་གཤེགས་པའི་ངོ་བོས་སློབ་མ་ལ་ལུང་བསྟན་པར་བྱའོ། །གང་འདི་ལྟར་ལུང་བསྟན ་བར་བྱེད་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བྱའོ། །ཞེས་དང་པར་བྱའོ་ཞེས་པ་ནི་ལུང་བསྟན་པའི་ཆོ་གའོ།། །།རིག་པ་དང་རྡོ་རྗེ་སྤྱོད་པའི་བརྟུལ་ཞུགས་དང་ལུང ་བསྟན་པ་འདི་རྣམས་རྒྱུད་ཁ་ཅིག་ཏུ་དབང་བསྐུར་བ་ཉིད་དུ་ཐ་སྙད་བྱས་སོ། །དེའི་རྗེས་ལ་སློབ་མའི་སྟན་གྱི་མདུན་དུ་འམ་ཁ་ཅིག་ཏུ་ནི་གདན་ལ་ཡང་ཨོཾ?་བཛྲ་ཧེ་ཏུ་མཾ་ཞེས་བརྗོད་ཅིང་བྲུཾ་ལས་སྐྱེས་པའི་ཆོས་ཀྱི་འཁོར་ལོ་དང། ལག་པ་གཡས་སུ ་ཨོཾ་བཛྲ་བྷཱུ?་ཥ་རཾ་ཞེས་བརྗོད་ཅིང་ཨ་ལས་སྐྱེས་པའི་དུང་དང། གཡོན་དུ་དབྱངས་དང་པོ་ལས་སྐྱེས་པའི་པོ་ཏི་དབྱངས་དང། །ས་བརྗོད་པ་དང། དབྱངས་ཨ་བརྗོད་ཅིང་བྱིན་ནས་དྲིལ་བུ་དཀྲོལ་དུ་གཞུག་ཅིང། ཐམས་ཅད་ནམ་མཁའ་ཨི་མཚན ་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་དང་ནི་མཉམ་སྦྱོར་བའི། །ཀུན་སྤྱོད་ནམ་མཁའ་ཨི་ངང་དུ་གསལ། །དེང་ནས་བརྩམས་ཏེ་འཇིག་རྟེན་ན། །སེམས་བསྐྱེད་དང་བཅས་ཀུན་གྱིས་ནི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཆོས་ཀྱི་དུང་ནི ་བླ་ན་མེད། །ཁོར་ཡུག་ཏུ་ནི་བུད་པར་གྱིས་ཞེས་བརྗོད་པར་བྱའོ། །དེ་ཡི་སོ་སོར་མོས་པ་ལས། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས་ཞེས་དྲིལ་བུ་གཏད་དེ་བསིལ་བར་བྱེད་དོ། །དེ་ལྟར་རྗེས་སུ་གནད་བ་བྱིན་ནས་རྗེས་སུ་གནང་བ་ལྷག་པར་གནང་བ ་སྦྱིན་པར་འདོད་པས་རིམ་པ་བཞིན་དུ་རྣམ་པར་སྣང་མཛད་ལ་སོགས་པའི་གཟུགས་སུ་བསྒོམ་པའི་སློབ་མ་ལ། སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ཆོས་ཀྱི ་འཁོར་ལོ་བསྐོར་བར་གྱིས། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །རྡོ་རྗེའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད།། ་ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །རིན་ཆེན་འཁོར་ལོ་རབ་ཏུ་སྐོར། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །པད་མའི་འཁོར་ལོ་རབ་ཏུ་བསྐོར། །སེམས་ཅན་ཀུན་ལ ་ཕན་པའི་ཕྱིར། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་གདུལ་བྱ་སྣ་ཚོགས་ལ། །ལས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཤེས་རབ་ཐབས་ཀྱི་རང་བཞིན་དག་།ཡིད་བཞིན་ནོར་བུ་ཆེན་པོ་ལྟར། །བུད་མེད་ཆགས་དང་བྲལ་བ་ཡིས། ། ་སེམས་ཅན་དོན་ནི་བླ་མེད་ཀྱིས་།དེས་ཀྱང་འདི་ལ་ཕྱག་བྱས་ནས་འདི་སྐད་ཅེས་བརྗོད་པར་བྱའོ། །གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་ལྟར་བདག་གིས་བྱ་བ་བགྱི། ཞེས་པ་ནི་རྗེས་སུ་གནང་བའི་ཆོ་གའོ། །དེ་ནས་སྤྱི་བོར་གདུགས་ནི་གཟུང་བྱས ་ནས། །བསྐོར་བ་བྱེད་དུ་བཅུག་ནས་ནི། །དཀྱིལ་འཁོར་སྒོར་ནི་ཐལ་སྦྱར་ལ། །གདུགས་བཅས་དབབ་ཅིང་འདི་སྐད་བརྗོད། །སློབ་མ་འདི་ནི་ཕུལ་བྱས་ཀྱི། །གསང་སྔགས་རྒྱུད་རྣམས་འཛིན་པར་ཤོག་ཅེས་བྱ་བས་འཁོར་ལོའི ་དབང་ཕྱུག་ལ་གསོལ་བ་བཏབ་ནས་གདུགས་གཞན་དུ་བཞག་ནས་སློབ་མ་ཡིད་དུ་འོང་བ་ལ་འདི་བརྗོད་པར་བྱའོ། །འདིར་ནི་སློབ་དཔོན་དཀྱིལ་འཁོར་དང། །སྔགས་དང་རྒྱུད་ཀྱང་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་ ་དང། །ལྷ?་རྣམས་ཀུན་གྱིས་དགོངས་པར་འགྱུར། །སེམས་ཅན་ཀུན་ལ་བརྩེ་བའི་ཕྱིར། །ཁྱེད་ཀྱིས་དཀྱིལ་འཁོར་ཆོ་ག་བཞིན། །ནན་ཏན་བསྐྱེད་དེ་བྲི་བར་བྱ། །སྒྲུབ་པ་པོ་རྣམས་རྒྱུད་ལ་སྦྱར། །མཆོག་གསང་དཀྱིལ་འཁོར་དམ་པ་འདི། །མཐོད ་པ་དང་ནི་ཞུགས་འགྱུར་བས། །སྡིག་པ་ཀུན་ལས་ངེས་པར་གྲོལ། །ཁྱེད་རྣམས་དེ་ཉིད་ལེགས་པར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱི་ནས་འཆི་བ་ཡོད་མིན་ནོ། །མི་ཚུགས་པ་དང་མི་སྲིད་པས། །ཅིས་ཀྱང་མི་འཇིགས་དགའ་བར? ་གྱིས། །སྲིད་པ་ཀུན་ཏུ་དག་བྱས་ཕྱིར། །སྲིད་པའི་སྡུག་བསྔལ་ལས་ཁྱོད་འདས། །སངས་རྒྱས་རྡོར་འཛིན་བཅས་ཀུན་གྱིས། །ཚེ་ལྡན་དེ་རིང་དབང་བསྐུར་བས། །ཁམས་གསུཾ་ཀུན་གྱི་རྒྱལ་སྲིད་ཆེ། །བདག་པོ་ཀུན་ཏུ་ཁྱོད་ཉིད་འགྱུར། །འདོད་ཆཌ ་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ན་ནི་གཞན་མེད་དོ། །དེ་ཕྱིར་འདོད་ཆགས་དང་བྲལ་བར། །ཁྱོད་ཀྱིས་ནམ་ཡང་མི་བྱའོ། །འདོད་པ་ཀུན་ལ་ཉེར་སྤྱོད་པས་།གང་ལ་འཇིགས་མེད་སྤྱད་པར་གྱིས། །ཤ་ལྔ་བདུད་རྫི་བཟའ་བར་བྱའོ།། ་འདི་ལས་གཞན་ཡང་དམ་ཚིག་བསྲུངས། །སྲོག་ཆགས་བསད་པར་མི་བྱ་ཞིང། །བུད་མེད་སངས་རྒྱས་སྤང་མི་བྱ། །སློབ་དཔོན་སྤང་བར་མི་བྱ་སྟེ། དམ་ཚིག་ཤིན་ཏུ་འདའ་དཀའ་བས། །ཤེས་རབ་ཐབས་སུ་སེམས་དཔའ་ཡིས། །མི་བྱ་པ་ནི་ཅུང? ་ཟད་མེད། །དེ་བཞིན་གཤེགས་གསུངས་ཇི་ལྟ་བའི། །སྡིག་པ་མེད་པའི་འཇིགས་མ་བྱེད། །ང་ལྟར་ཡིད་ནི་རབ་ཏུ་རྡོ་རྗེ་ཉིད་དུ་གྱིས། །རང་གི་དམ་ཚིག་མི་བཟད་དེ་བཞིན་ལས་རྒྱ་བསྟེན་པར་གྱིས། །དེ་རིངས་ཚེགས་ཆུང་བདེ་བར་འགྲོ་བའི་རྡོ་རྗེས ་དཔའ་དང། རབ་ཏུ་མཉམ་ཞིང་རྟག་པ་ཉིད་དུ་རྟོགས་པར་འགྱུར། །གཞན་ཡང་ཆོས་དེ་རྣཾས་ལས་ཆོས་དེ་ཇི་བཞིན་པར་དབང་བསྐུར་བ་ལས་དགེ་བའི་ཆེད་དུ་བུ་གཅེས་པ་ཡིས་བཞིན་དུ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཆོས་ཉིད་ཀྱི་བུགས་དང ་བས་ཡང་དག་པར་དགོངས་པར་མཛད་དོ་ཞེས་བྱ་བ་ནི་དབུགས་དབྱུང་བའི་ཆོ་གའོ།། །།དེ་ལྟར་དབང་ཐོབ་པའི་སློབ་མ་དབུགས་འབྱིན་ཞིང་དགའ་བས་འདི་ལྟར་བགྱིའོ། །དེང་བདག་སྐྱེ་བ་འབྲས་བུར་བཅས། ། ་བདག་གི་གསོན་པའང་འབྲས་བུར་བཅས། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་དེང་བདག་གྱུར་ཞེས་བརྗོད་དོ། །དེ་ནས་གླང་པོ་ཆེ་དང། རྟ་དང། རིན་པོ་ཆེ་དང། ས་ལེ་སྦྲམ་དང། དངུལ་དང། གསེར་དང། བྱིན?་དང། ང?་ལང? ་དང། མ་ཧེ་དང། བྲན་ཕོ་དང། པྲན་མོ་དང། ཁོལ་པོ་ལ་སོགས་པ་དང། གཅེས་པའི་ཆུང་མ་དང། བུ་དང་བུ་མོ་ལ་སོགས་པ་རྣམས་སམ། ཇི་ལྟར་ནུས་པས་བླ་མ་ལ་བསྙེན་བཀུར་གྱི་ཕྱིར་དབུལ་བར་བྱའོ། །གཏོར་མ་དང་སྦྱིན་སྲེག་དང་ཚོགས?་ཀྱི་འཁོར་ལོ ་དང། དགེ་འདུན་ལ་སྟོན་མོ་ལ་སོགས་པ་ཡང་བྱའོ། །དེ་ནས་ཆོ་ག་ཇི་ལྟ་བར་རྒྱས་པ་དང་ཞི་བའི་སྦྱིན་སྲེག་བྱས་ནས་རང་ཉིད་ཀྱིས་དཀྱིལ་འཁོར་མཆོད་པས་མཆོད་དེ། ཐམས་ཅད་ཀྱིས་ནུས་པ་ཇི་ལྟ་བ་དེ་བཞིན་གཤེགས་པ་ལ་སོགས་པ ་རྣམས་ལ་མཆོད་པ་གྱིས་ཤིག་ཅེས་པས་སློབ་མ་ལ་སོགས་པ་རྣམས་ཀྱིས་མཆོད་པ་བྱེད་དུ་བཅུག་ནས་ཞུགས་པ་རྣམས་ལ་ཡང། །བཟའ་བ་དང། བཅའ་བ་དང། བལྔག?་པ་དང་ཆང་ལ་སོགས་པའི་ཚོགས་ཀྱི་འཁོར་ལོའི་ཚུལ་རྣམས་ཀྱི ་ཚིམ་པར་བྱ་སྟེ། དེ་དག་དང་ལྷན་ཅིག་ཏུ་མི་ཉལ་བར་གུར་དཀར་པོ་ལ་སོགS་པ་དང་བྱང་ཆུབ་ཀྱི་སེམས་བསྒྲུབ་པས་ཡང་དག་པར་མཆོད་ནས་ཁྱེད་རྣམས་ཀྱིས་འཇུག་པ་འདི་སུ་ལ་ཡང་བརྗོད་པར་མི་བྱའོ་།ཞེས་བཀའ་ ་བསྒོས་ནས་སློབ་དཔོན་གྱིས་ཡོན་བླང་བར་བྱའོ། །ངེས་ཀྱང་གུས་པས་དབུལ་བར་བྱའོ། །རིན་ཆེན་ཡིད་འོང་ཆུང་མ་དང། །རང་གི་ལུས་དང་ཞིང་དང་ནི། །ཇི་ལྟར་བླ་མ་མཉེས་འགྱུར་དབུལ། །མདོར་བསྡུས་ནས་ནི་འདི་ལྟར་བྱ། །བླ་མ་མཉེས ་ན་དངོས་གྲུབ་འགྲུབ། །གཞན་དུ་མིན་ཞེས་ཐུབ་པས་གསུངས། །སློབ་དཔོན་བླ་མེད་བྱེད་པ་པོ། །རྡོ་རྗེ་སེམས་དཔའ་མཆོད་པའོ། །དེ་ཡི་བསོད་ནམས་མ་བྱས་ཅི། །བཀའ་ཐུབ་མ་བཤད་པ་ཡང་དག་ཅེས་གསུངས་པས་སོ། །དེར་སློབ་མ་བཀོད་ནས ་ཕྱི་རོལ་ཏུ་ཕྱོགས་སྐྱོང་གི་གཏོར་མ་བཏང། མཆོད་པ་ལ་སོགས་པ་བྱས་ནས་ནང་དུ་ཞུགས་ནས་དཀྱིལ་འཁོར་ལ་ཕྱག་བཙལ་ཏེ་འཁོར་ལོའི་བདག་པོ་ཡིས་མཆོད་ཡོན་ལ་སོགས་པ་ཕུལ་ནས་དགེ་བ་ཡོངས་སུ་བསྔོ་སྟེ། དཀྱིལ་འཁོར ་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་བྱས་ནས་ཤར་སྒོར་འདུག་སྟེ། ཡི་གེ་བརྒྱ་པ་ལན་གསུམ་བརྗོད། །གང་ཡང་བདག་བློ་གཏི་མུག་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང། །གང་ཕྱིར་ལུས་ཅན་སྐྱབས ་གྱུར་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ། །གཙོ་བོ་ནུས་པ་མ་མཆིས་ཤིང། །མ་རྙེད་པ་དང་མ་ཚང་བ། །འདིར་ནི་བྱ་བ་གང་བགྱིས་པ། །དེ་ཀུན་མགོན་ཁྱོད་བཟོད་པར་གསོལ་ཞེས་བཟོད་པ་གསོལ་ནS། ཨོཾ་ཁྱེད་ཀྱིས་སེམས་ཅན ་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང། །སླར་ཡང་བྱོན་པར་མཛད་དུ་གསོལ། །ོཾ་ཨཱ(རྒྱུད་འགྲེལ་ཀྱི་སྤྲུལ་པའི་དཀྱིལ་འཁོར་རང་ཉིད་ལ་བཅུག་ལ་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨ་དྱ་ནུད་ཕན་ན་ཧྭ་ཏ་ཨོཾ་ཨཱ(རྒྱུད་འགྲེལ་རྗེས་ཤར་སྒོ་ནས་བརྩམས་ཏེ་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དུ་དབྱི་ཞིང། །རང་གི་མགོ་ལ་རྡུལ་ཚོན་ཅུང་ཟད་ཙམ་བླུགས་ནས་པད་མ་ལ་སོགས་པའི་བར་དུ་དབྱི་བར་བྱའོ། །དེ་ནས་སྒོ་རྣམས་ལ་གནས་པ་དང། ཟུར་ནི་ལག་པ ་ལ་གནས་པའི་རྡོ་རྗེ་རྩེ་མོས་གཞིག་པར་བྱའོ། །ོཾ་བཛྲ་ཀཱི་ལ་ཡ་མུག་ཀ་ཡ་སརྦ་ཀི་ལ་སརྦ་ནན་བཛྲ་དྷ་ར་ཡཱ་ཛྙ་མ་ཡ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཧེ་ཞེས་བྱ་བ་འམ། ཧཱུཾ་གི་སྔགས་ཀྱིས་ཕུང་པ་རྣམས་གཏོན་ནས་ཨོཾ་རུ་རུ་སྤུ་རུ་ཛཝཱ་ལ་ཏིཥྛ་སིདྡྷ་ལོ་ཙ་ནི་སརྦ ་ཨརྠ་ས་དྷ་ནེ་སྭཱཧཱ། ཞེས་བྱ་བའི་ཆུ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པ་བཀྲུའོ། །ཕུར་པའི་ལྷ་རྣམས་གཤེགས་སུ་གསོལ་ལ། །ཁུང་བུ་ཡང་དགོང། །ནད་ཞི་བ་ལ་སོགས་པའི་དོན་དུ་གཉེར་བ་ལ་རྡུལ་ཚོན་ཅུང་ཟད་བྱིན་ནས། རྒྱལ་བའི་བུམ་པ ་འམ?་།བུམ་པ་གཙང་མ་གཞན་རས་ཀྱིས་བརྒྱན་པའི་རྣལ་འབྱོར་མས་བཟུང་སྟེ། ཁྱོགས་ལ་ཞོན་པའི་སློབ་དཔོན་ནམ། སློབ་མས་དྲིལ་བུའི་སྒྲ་དང་རོལ་མོའི་སྒྲ་དང། གདུགས་དང། རྒྱལ་མཚན་དང། བ་དན་དང། མཆོད་པ་རྣམས་དང་? ་པས་འབབ་ཆུ་ཆེན་པོའམ། ཆུ་ཟབ་མོར་ཁྱེར་ནས་འགྲམ་དུ་འདུག་སྟེ། པའི་ལྕི་བས་བྱུགས་ལ་དྲི་དཀར་པོས་བྱུགས། དཀྱིལ་འཁོར་བྱས་ནས་པདྨའི་ལྟེ་བ་ལ་རྡོ་རྗེ་སེམས་དཔའ་དང། འདབ་མ་ལ་ཀླུ་རྣམས་སྔོན་དུ་མཆོད་དོ། །ཀླུ་གཏོར་གྱི ་སྔགས་ཀྱི་འོ་ཟུག་གི་གཏོར་མ་སྦྱིན་ནས་མཆོད་དོ། །ཀླུ་རྣམས་ལ་རྡུལ་ཚོན་གཏད་ནས་ཆུ་ལ་བླུག་པར་བྱའོ། །ཀླུ་རྣམས་ཀྱིས་ཀྱང་བཀུར་སྟི་ཆེན་པོས་ས་འོག་ཏུ་ཁྱེར་བར་བསམ་པར་བྱའོ། །ཡང་རྡུལ་ཚོན་ཁྱེར་བའི་བུམ་པ་དེ་ཆུས་བཀང་ནས ་དེ་ཁོ་ན་བཞིན་བཞག་སྟེ། དེ་ནས་ཞི་བའི་དོན་དུ་དཀྱིལ་འཁོར་ལ་སོགས་པའི་ཁང་པ་ཆག་ཆག་གདབ་པོ། །དེའི་ལྕིབས་བྱུགས་པའི་དཀྱིལ་འཁོར་གྱི་ཁང་པར། གཞོན་ནུ་མ་རྣམས་ལ་འོ་ཐུག་གི་སྟོན་མོས ་ཚིམ་པར་བྱའོ། །དེ་ནས་སློབ་དཔོན་གྱིས། མཁོ་བའི་ཡོ་བྱད་རྣམས་བསྡུས་ནས། རང་ཉིད་ཀྱིS་ནི་སྤྱང་པར་བྱ། །སློབ་མ་ལ་སོགས་ཅུང་ཟད་མིན། །ཁུང་བུ་འགེངས་དང་རབ་གནས་དང། །སྦྱིན་སྲེག་དཀྱིལ་འཁོར་ནོར་གང་ཡིན། །དེ་ཀུན ་སློབ་དཔོན་ཉིད་དམ་ཞེས། །རྡོ་རྗེ་འཛིན་པ་མཆོག་གིས་གསུངས། །ཡོན་བདག་གིས་རབ་གནས་བྱས་པའི་སྐུ་གཟུགས་ལ་སོཌ་བསྐྱོད་པར་དུང་བ་ནི་རོལ་མོའི་སྒྲ་ལ་སོགས་པས་མཆོད་པས་རང་རང་གི་གནས་སུ་ཁྱེད་ནས་མཆོད་པར ་བྱའོ། །སློབ་དཔོན་དང་སྒོའི་སློབ་དཔོན་རྣམས་དང་ལས་ཀྱི་རྡོ་རྗེ་ཅན་དང་རྣལ་འབྱོར་མ་རྣམས་དང་བཟོ་རྣམས་ཇི་ལྟར་རིགས་པར་མོས་པ་ཇི་ལྟར་བར་རས་ལ་སོགས་པ་དང། སོ་རྩི་ལ་སོགས་པས་ཚིམ་པར་བྱའོ། །དགེ ་འདུན་ལ་སྟོན་མོ་དང་རྣལ་འབྱོར་པ་ལ་ཆོགས་ཀྱི་འཁོར་ལོ་ཡང་བྱའོ། །དམན་པ་དང་མགོན་མེད་པ་རྣམས་ལའང་ཚིམ་པར་བྱའོ། ཞེས་པ་ནི་དཀྱིལ་འཁོར་ཉེ་བར་བསྡུ་བའི་ཆོ་གའོ།། །།དེ་ལྟར་འདིར་ནི ་དཀྱིལ་འཁོར་འབྲི་བའི་ཆོ་གའོ།། །།ཁྲི་བའི་ཆོ་ག་འདི་ཡིད་ཀྱིས་བསྒྲུབ་པའི་ཆོ་ག་ཉིད་ཀྱིས་འབྲས་བུ་དང་ལྡན་ནོ་ཞེས་བྱ་བས་ཡིད་ཀྱི་ཆོ་ག་ཁོ་ན་མཆོག་ཡིན་ནོ། །དེའི་ཕྱིར་དཀྱིལ་འཁོར་གྱི་བདག་པོའི་གཟུགས་ཀྱིས ་བཟུང་བ་ལ་སོགས་པ་དང། སྐུ་གཟུགས་ལ་སོགས་པའི་རབ་གནས་དང། སློབ་མ་ལ་དབང་བསྐུར་བ་དང། གཤེགས་སུ་གསོལ་བ་དང། ཞི་བའི་སྦྱིན་སྲེག་གི་མཐར་ཐུག་པ་ཐམས་ཅད་ཡིད་ཀྱིས་བྱའོ། །དེ་ཉིད་ཀྱི་ཚེ་གང་གིས་ཁ ་ཅིག་ཏུ་སྒྲེལ་བ་དང་འདི་དག་ཐཾས་ཅད་བྱར་མི་ནུས་པ་འམ། མི་རྙེད་པ་དེའི་ཚེ་བསྒོམ་པར་བྱའོ། །དེའི་ཚེ་དངོས་པོ་ཡོད་པ་ལ་ཡང་བསམ་གཏན་ཁོ་ན་གཙོ་བོ་ཡིན་ནོ། །འོན་ཀྱང་འཇིག་རྟེན་པ་ལྟ་བ་དང་སྦྱིན་པ་ལ་མངོན་པར་དང་པ་ལ་སོགས་པས་སྤེལ་བ ་འགའ་ཞིག་གིས་ཆེད་དུ་ཕྱི་མཚད་ཀྱི་ཆོ་ག་འདོད་དོ། །རྒྱུད་མེད་ཅིང་ཚོགས་པ་དང་བྲལ་བས་ནི་བསྒོམ་པ་ཁོ་ནས་ཆོ་ག་ཐམས་ཅད་བསྒྲུབ་པར་བྱའོ། །ཞེས་སྔོན་གྱི་སློབ་དཔོན་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་ལས་དང་པོ་པས་ཀྱང་སེམས་བསྟེན ་པས་ཡིད་ཀྱིས་སྤྲུལ་པའི་དཀྱིལ་འཁོར་དུ་སྔོན་གྱི་རེ་བ་གནས་དང། སྐལ་པ་ལ་བསྟན་པ་དང། དབང་བསྐུར་བར་བྱའོ། །དེ་ལྟར་ཡང་སངས་རྒྱས་ཐོད་པའི་རྒྱུད་ལས། ཤེས་རབ་པད་མའི་ནང་དབུས་སུ། །དཔག་ཚད་བྱེ་བ་དཀྱིལ ་འཁོར་ལ། །དཀྱིལ་འཁོར་དེའི་དབུས་སུ་ནི། །མཁས་པས་སློབ་མ་དབང་བསྐུར་བྱ་ཞེས་པ་དང། གཞན་ཡང་གསུངས་པ་སྟེ། ཡིད་ཀྱིས་འགའ་ཞིག་ཉིད་དུ་ནི། །རྒྱལ་བའི་དཀྱིལ་འཁོར་བྱ་བར་བཞེད་ཅེས་གསུངས། །ཞེས་པ་ནི་ཡིད་ཀྱི ་དཀྱིལ་འཁོར་གྱི་ཆོ་གའོ།། །།སློབ་དཔོན་ཆེན་པོ་ཨ་བྷ་ཡ་ཀཱ་ར་གུཔཏས་མཛད་པའི་དབང་བསྐུར་གྱི་རབ་ཏུ་བྱེད་པ་རྫོགས་སོ།། །།པཎྜི་ཏ་དེ་ཉིད་དང་མཁས་པ་བནདྷ་ཤེས་རབ་དཔའ་གྱི་བསྒྱུར ་བའོ།། །།རྒྱ་གར་སྐད་དུ། སྭ་ཨ་དྷིཥྛ་ན་ཀྲ་མ་ཨུ་པ་དེ་ཤནཱ་མ། བོད་སྐད་དུ་རང་བྱིན་གྱིས་བརླབ་པའི་རིམ་བའི་མན་ངག་ཅེས་བྱ་བ། དཔལ་བདེ་མཆོག་ལ་ཕྱག་འཚལ་ལོ། །རིན་ཆེན་གནས་ལས་རིན་ཆེན ་