CLOSE WINDOW

N1003: dpal 'khor lo sdom pa'i mngon par rtogs pa
Wyliee-texts based on the ACIP/ALL Input

དཔལ་འཁོར་ལོ་སྡོམ་པའི་མངོན་རྟོགས་བཞུགས། *། །རྒྱ་གར་སྐད་དུ། ཤྲཱི་ཙིཀྲ་སཾ་བ་ར་ཨ་བྷི་ས་མ་ཡེ། བོད་སྐད་དུ། དཔལ་འཁོར་ལོ་སྡོམ་བའི་མངོན་པར་རྟོགས་པ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །རྡོ་རྗེ ་སེམས་དཔའ་ཨི་སྐུ་ནི་དཔལ་ལྡན་དགའ་བ་རྒྱས་པ་མགོན་པོ་སྣ་ཚོགས་ཤེལ་ལྟ་བུ། །འཇིག་རྟེན་འདས་པའི་སྦྱོར་བས་འཇིག་རྟེན་སྙིང་གི་མུན་པ་རྣམ་པར་འཇོམས་པ་མྱུར་མཛོད་ཅིག་།ནོར་བུ་ཕྱི་དོར་བྱས་པས་དགོས་པ་འབྱུང ་ལྟར་མཁས་པས་ཚོགས་གཉིས་འདོད་ཕྱིར་འདི་ལ་ནི། །བསྙེན་བཀུར་རིམ་པ་སྒྲུབ་པའི་ཐབས་ནི་འཁྲུལ་བ་སྤོང་པས་རབ་བཤད་བྱ། །དང་པོ་ཁོ་ནར་རིའི་རྩེ་མོ་ལ་ཁ་ལྷོར་བལྟས་ཏེ། གཏོར་མ་བཏང་ནས་སྐྲ་གྲོལ་རོ་ལ་འདུག་ལ་དམ་ཚིག ་བསྟེན་ནས། སེམས་ཅན་ཐམས་ཅད་སྡོམ་པའི་གོ་འཕང་ཐོབ་འདོད་པས་ཡི་གེ་བཞིའི་དོན་མངོན་དུ་བྱས་ལ། ཅིག་ཅར་དུ་སྟོང་བའི་དང་ལས་ཐ་མལ་པའི་ང་རྒྱལ་སྤངས་ལ། ཤེས་རབ་མ་དང་བཅས་བའི་སྡོམ་པ་ཕྱག་གཉིས་པའི་ང་རྒྱལ ་གྱིས། ཐོག་མར་ཨོཾ་དང་མཐར་ཧཱུཾ་ཕཊ་ཅེས་པའི་ཨཱ་ལི་ཀཱ་ལིའི་སྔགས་འོད་ཟེར་དང་བཅས་པས་གཡོན་སྐོར་དུ་དཀྲིས་ནས། འཁོར་ལོ་གསུམ་གྱི་ལྷ་ཚོགས་སྤྲོས་ལ་བགེགས་ཀྱི་ཚོགས་འཇོམས?་པར་བསམས་ཏེ། གཟུགས་ཀྱི་བུང?་ ་པོ་ལ་སོགས་པ་རྣམས་ལ་རྣམ་པར་སྣང་མཛད་ལ་སོགས་པ་ལྷག་པར་མོས་བ་བྱས་ནས། ཨོཾ་སུམྦྷ་ནི་སུམྦྷ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་ཧུཾ་ཧུཾ་ཕཊ། ཨོཾ་གྲིཧྞཱ་པ་ཡ་གྲིཧཱུཾ?་པ་ཡ་ཧུཾ་ཧུཾ་ཕཊ། ཨོཾ་ཨཱ་ན་ཡ་ཧོ་བྷ་ག་བཱན་བིདྱ་རཱ ་ཛ་ཧུཾ་ཧུཾ་ཕཊ་ཅེས་སྔགས་བཞི་པོ་བརྗོད་བས་ནག་པོ་ལྗང་གུ་དཀར་པོ་སེར་པོ་ལས་འཕྲོས་པའི་གཟུགས་ཤིན་ཏུ་ཆེ་བ་ཚངས་པའི་གནས་ནས་ས་འོག་ཏུ་ཁྱབ་པ། ཤར་བྱང་ནུབ་ལྷོ་ལ་རིམ་པ་ལྟར་བཀོད་པས་དེའི་འོད་ཟེར་གྱིས་དེའི་ཁ་དོག ་དང་མཚུངས་པའི་རྡོ་རྗེའི་ར་བ་གྲུ་བཞི་པ། དེ་དང་མཉམ་དུ་ཧཱུཾ་ལས་སྐྱེས་པ་སྣ་ཚོགས་རྡོ་རྗེ་དེ་ལ་ཧཱུཾ་གིས་མཚན་པའི་ས་གཞི་ས་འོག་གི་བར་དུའོ། །དེའི་འོད་ཟེར་ལས་གྱུར་པའི་རྡོ་རྗེ་རྩེ་ལྔ་པའི་ར་བ། དེའི་ཕྱིར་མངའ་ཨི་དྲི་བ། འོག་ཏུ ་རྡོ་རྗེ་བླ་ངེས་བརྒྱན་པའི་གུར་བསམ་པར་བྱའོ། །དེ་ནས་སུམྦྷ་ལ་སོགས་པའི་སྔགས་བཞི་ལས་གྲུབ་པའི་ཁྭ་གདོང་མ་ལ་སོགས་པ་བཞི་དང། དེ་གཉིས་གཉིས་ཀྱི་འོད་ལས་གྲུབ་པའི་གཤེན་རྗེ་བརྟན་མ་ལ་སོགས་བའི་ལྷ་མོ་བརྒྱད ་པོ་ཞལ་གཅིག་པ་ཕྱག་གཉིས་པ་གཡས་རྡོ་རྗེ་ཐོ་བ་གཡོན་ཕུར་བུ་སྟེ། དེ་ཡང་ལྟེ་བ་ཡན་ཆད་རང་དང་འདྲ་བ་བསྣམས་པས་རང་དང་འདྲ་བ་དུ་མ་སྤྲུལ་ནས་ཕྱོགས་བཅུ་ན་གནས་པའི་བགེགས་ཆོགས་བཀུག་ནས་ཧཱུཾ་རིངས་བརྗོད་པས་དེ ་ལས་གྲུབ་པའི་རབ་དང་ཉེ་བའི་ཁྲོན་པ་བརྒྱད་དུ་བཅུག་ལ་སྔགས་འདིས་མགོ་ལ་ཕུར་པ་བཞག་པར་བྱའོ། །ོཾ་གྷ:གྷ:གྷཱ་ཏ་ཡ་གད་ཏ་ཡ། སརྦ་དུཥྚཾ་པྲ་དུཥྚཱ་ན་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་པཱ་པཾ་ཧཱུཾ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ ་ཀཱི་ལ་ཡ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སརྦ་བིགྷཾ་ཀཱ་ཡ་བཱཀྩིཏྟ་བཛྲ་ཀྵི་ལ་ཡ་ཧཱུཾ་ཕཊ་ཅེས་སོ། །དེ་ནས་བརྡུང་བའི་སྔགས་ཀྱིས་བརྡུང་བར་བྱའོ། །ོཾ་བཛྲ་མུངྒ་ར་བཛྲ་ཀཱི་ལཱ་ཀོ་ཊ་ཡ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྡེག་པ་དང་བརྡུང་བ་དག་གིས་བགེགS ་ཀྱི་ཚོགས་བདེ་བ་ཆེན་པོ་དང་རོ་གཅིག་པར་གྱུར་ནས་བསམས་ལ། བགེགས་ལྷག་མ་བསྐྲད། །དེའི་འོད་ར་བ་ལ་ཐིམ་པར་གྱུར་པས་དེ་ལས་བྱུང་པའི་རྡོ་རྗེ་དང་པདྨ་འཁོར་ལོའི་ཁོར་ཡུག་བསྒོམས་ལ། འགྲོ་བ་ཡང་རྣམ་པ་ཐམས་ཅད་ཀྱིས ་བགེགས་མེད་པར་བསམ་པར་བྱའོ། །དེ་ལྟར་སྙིང་གར་ཨཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་སྔོན་པོའི་འོད་ཟེར་གྱིས་འཆད་བར་འགྱུར་བའི་དཀྱིལ་འཁོར་གྱི་འཁོར་ལོ་མདུན་གྱི་ནམ་མཁའ་ལ་སྤྱན་དྲངས་ལ། ཕྱག་རྒྱ ་ཨརྒྷ་ལ་སོགས་པ་དབུལ་ཞིང་ཧཱུཾ་ལས་བྱུང་བའི་ལྷ་མོ་བཅུ་དྲུག་གིས་མཆོད་པར་བྱའོ། །དེ་ལ་མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ་ནི། དཀར་བ། དུ་བའི་མདོག་།མར་མེའི་རྩེ་མོ་ལྟ་བུ་དང། དམར་བ། ཕྱག་གཡས་ཀྱི་དང་པོ ་ན་མེ་ཏོག་གཞོང་པ་སྤྲོས་ཁང་མང་མེ་དྲིའི་དུང་ཆོས་སོ། །ཅིག་ཤོས་ཀྱི་གསུམ་ལ་ཌ་མ་རུ་དང་ཐོད་པ་ཁ་ཊཝཱཾ་གའོ། །པི་ཝང་མ། གླིང་བུ་མ། རྔ་ཟླུམ་མ། རྫ་རྔ་མ་ནི། སྔོ། སེར། དམར། ལྗང་བ་སྟེ། ཕྱག་དང་པོ་གཉིས་ཀྱིས་རང་རང་གི་རོལ་མོ ་འཁྲོལ་བ། གཞན་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུའོ། །བཞད་མ་དམར་མོ་ཕྱག་དང་པོ་གཉིས་ཀྱིས་བཞད་པའི་སྟངས་མཛད་པ། སྒེག་མོ་སྔོན་མོ་ཕྱག་གཉིས་རྡོ་རྗེ་དྲིལ་བུ་དཀུར་བརྟེན་པ། གླུ་མ་སེར་མོ་འཁར་བའི་སིལ་ཁྲོལ་རྡེབས་པ། གང? ་མ་ལྗང་གུ་ཕྱག་གཉིས་པ་པད་ཀོར་མཛད་པ་འདི་རྣམས་ཀྱི་ཕྱག་གཞན་རྣམས་ཀྱི་ཐོད་པ་དང་ཁ་ཊཝཱཾ་གའོ། །གཟུགས་མ་དཀར། རོ་མ་དམར། རེག་མ་ལྗང། ཆོས་མ་དཀར་མོ་སྟེ། ཕྱག་གཡས་དང་པོ་མེ་ལོང་རོའི་སྣོད། གོས་སྣ་ཚོགས། ་ཆོས་འབྱུང། །ཅིག་ཤོས་གསུམ་ལ་ཌ་མ་རུ་དང་ཐོད་པ་ཁ་ཊཝཱཾ་གའོ། །བཅུ་དྲུག་པོ་ཞལ་གཅིག་ཕྱག་བཞི་པའོ། །དེའི་རྗེས་ལ་རྐང་པ་བརྒྱད་པས་བསྟོད་པ་བྱ། སྡིག་པ་བཤགས་པ་ལ་སོགས་པ་བྱ། ཨོཾ་སྭ་བྷཱ་བ་ཤུདྡྷ(རྒྱུད་འགྲེལ་ཤུདྡྷོཉཧཾ་ཞེས་པའི་དོན་མངོན་དུ་བྱས་ལ། ཁམས་གསུམ་ཡང་སྟོང་པ་ཉིད་ཀྱི་རང་བཞིན་དུ་བལྟ་ཞིང་རང་གི་སེམས་ཉིད་ཡི་གེ་གསུམ་གྱི་ངོ་བོ་ཉིད་ཨོཾ་ཨཱ:ཧཱུཾ། དེ་ལ་ཨའུ་ཧ་མགོ་ཟླ་ཚེས་ཐིག་ལེ་ནཱ་ད་ལ་རིམ་པས་ནང་དུ་ཐིམ་པར ་བྱས་ལ། ཨོཾ་ཤཱ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷུ?་བ་ཨཱཏྨ་ཀོ་ཧཾ་ཞེས་བྱ་བའི་དོན་བསམ་ཞིང་ཡིད་ཀྱི་གདོན། ནཱ་ང་ཙམ་གྱི་རྟོག་པ་ཡང་སྤང་ངོ། །དེ་ནས་སྔོན་གྱི་སྨོན་ལམ་གྱི་དབང་གིས་རང་གི་སེམས་ཉིད་ནཱ་དའི་རྣམ་པར་ནམ་མཁའ་ལ་བཞག་ལ། དེ་ལས་ཡཾ ་གིས་རླུང་གི་དཀྱིལ་འཁོར་སྔོ་བ་གཞུའི་དབྱིབས་ཅན་བ་དན་གཉིས་དང་ལྡན་བའོ། །རཾ་ལས་མེའི་དཀྱིལ་འཁོར་དམར་པོ་ཟུར་གསུམ་པ་འབར་བ་བདུན་གྱིས་མཚན་པ། པཾ་ལས་ཆུའི་དཀྱིལ་འཁོར་དཀར་པོ་ཟླུམ་པོ་བུམ་པ་ལྟ་བུ་ལ་བུམ་པས ་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་ཕྱེད་པས་མཚན་པ། དེ་དག་ཀྱང་རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཀྱི་སྟེང་དུ་པཾ་ལས་སྣ་ཚོགས ་མཚན་པ། ལཾ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་རྡོ་རྗེ་ཕྱེད་པས་མཚན་པ། དེ་དག་ཀྱང་རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །དེའི་སྟེང་དུ་སུཾ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཀྱི་སྟེང་དུ་པཾ་ལས་སྣ་ཚོགས ་པདྨའི་ཟེ་འབྲུ་ལ་ཧཱུཾ་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ། གཡོན་དང་གཅིག་ཤོས་ཀྱི་ཉིས་འགྱུར་གྱིས་འཁོར་བའི་ཨཱ་ལི་ཀཱ་ལི་ལས་ཟླ་བ་དེ་ལས་གཟུགས་བརྙན་ལྟ་བུའི་ཡི་གེའི་དབུས་སུ་སྔར་བཞག་པའི་ནཱ་ད་ལས་རིམ་པ་ལྟར་སྤྲོ་བ་བསྡུ་བ་ལས ་འཁོར་ལོ་ལྔའི་ས་བོན་ཧཱུཾ་ཕྱི་དཀར་ལ་ནང་སྔོ་བ། ཟླ་བ་དང་ས་བོན་ཡོངས་སུ་གྱུར་པ་ལས་འཁོར་ལོ་ལྔའི་ལྷ་དང་བཅས་པའི་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའོ། །དེ་ལ་བཅོམ་ལྡན་འདས་སྣ་ཚོགས་པདྨ་དང་ཉི་མ་ལ ་གཡས་བརྐྱང་གཡོན་བསྐུམ་པའི་ཞབས་ཀྱིས་འཇིགས་བྱེད་དང་དུས་མཚན་མནན་པ། སྐུ་མདོག་ནག་པོ། །ཤར་དང་བྱང་ལ་སོགས་པའི་ཞལ་ནི་གནག་ལྗང་དམར་སེར་བའོ། །ཞལ་རེ་རེ་ཞིང་དམར་ལ་ཟླུམ་པའི་སྤྱན་གསུམ་པ་སྟག ་གི་པགས་པའི་ཤམ་ཐབས་ཅན། ཕྱག་བཅུ་གཉིས་པ། རྡོ་རྗེ་དང་དྲིལ་བུད་བཅས་པའི་ཕྱག་གཉིས་ཀྱིས་རྡོ་རྗེ་ཕག་མོ་ལ་འཁྱུད་པ། དེའི་འོག་མ་གཉིས་ཀྱིས་གླང་པོའི་པགས་པ་དཀར་པོ?་།དྲག་དང་?་པ་རྒྱབ་ཏུ་འཛིན་པ་གཡས་ཀྱི་འོག་མ་རྣམས ་གྱི་ཌ་མ་དུ་དང། དགྲ་སྟ་དང། དྲི་གུག་དང། རྩེ་གསུམ་པའོ། །གཡོན་འོག་མ་རྣམས་ཀྱིས་རྡོ་རྗེས་མཚན་པའི་ཁ་ཊཝཱཾ་ག་།ཁྲག་གི་གང་བའི་ཐོད་པ་རྡོ་རྗེའི་ཞགས་པ། ཚངས་པའི་མགོ་པོའོ། །བརྒྱ་ཕྱེད་མི་མགོའི་དོ་ཤལ་ཅན། འཁོར་ལོ་དང། རྣ ་རྒྱན་དང། ?་རྒྱན་ལག་གདུབ། རྐེད་རྒྱན་ཐལ་པའི་རང་བཞིན་ཏེ། ཕྱག་རྒྱ་དྲུག་དང་ལྡན་པ། མིའི་རྒྱུས་པའི་ཚངས་སྐུད་ཅན། དཔྲལ་པའི་སྟེང་ན་ཐོད་པ་ལྔ་དང་ནོར་བུ་དང་ཅུང་ཟད་ཡོ་བའི་ཟླ་བ་ཆོས་པ་དང། སྣ་ཚོགས་རྡོ་རྗེས་བརྒྱན་? ་བཱི་ཐོད་ཅོག་ཅན། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་གཙིགས་པ། སྒེག་པ། དཔའ་བ། མི་སྡུག་པ། དྲག་པོ། བཞད་པ། འཇིགས་པ། སྙིང་རྗེ་ཆེ་བ། རྨད་དུ་བྱུང་བ། ཞི་བ་སྟེ་གར་གྱི་ཉམས་དགུ་དང་ལྡན་པའོ། །དེའི་མདུན་གྱི་རྡོ་རྗེ་ཕག་མོ་ནི་མདོ ་དམར་བ། ཞལ་གཅིག་བ། སྤྱན་གསུམ་པ། སྐྲ་གྲོལ་ཞིང་འཕྱང་བ། ནམ་མཁའ་ཨི་གོས་ཅན་ལ། ཐོད་པའི་དུམ་བུས་རྐེང་རྒྱན་བྱས་པ། གཡོན་པས་འཁྱུད་ཅིང་ཀ་པཱ་ལའི་ཁྲག་གི་རྒྱུན་ཡབ་ལ་སྟོབ་པ། གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས ་མཛུབ་གྱེན་དུ་བསྒྲེང་ག་ཆགས་པ་མེད་པ་ཉིད་ཀྱི་ཕྱིར་མི་མགོ་སྐམ་པོའི་ཕྲེང་བ། ཉི་མའི་འོད་ཀོར་ཅན། ཕྱག་རྒྱ་ལྔ་དང་ལྡན་པ། ཁྲག་འཛག་པ། ཅུང་ཟད་རྒོད་ཅིང་བ་སྤུ་ལངས་པའོ། །འཁོར་རྣམས་ནི་ཤར་ལ་སོགས་པ་ཕྱོགས་གཡོན་སྐོར ་འཕེལ?་སོགས་པའི་མཚམས་གཡས་སུ་བསྐོར་རོ། །དེ་ལ་ཕྱོགས་ཀྱི་འདབ་མ་ལ་མཁའ་འགྲོ་མ་ལཱ་མ། དུམ་སྐྱེས་མ། གཟུགས་ཅན་མའོ། །དེ་ཡང་གནག་།ལྗང། དམར། སེར་བ། ཞལ་གཅིག་པ། སྤྱན་གསུམ་པ། སྐྲ་གྲོལ་བ། ཕྱག ་བཞི་ལ་གཡོན་པས་ཐོད་པ་ཁ་ཊཝཱཾ་ག་།གཡས་པས་ཌ་མ་རུ་དང་གྲི་གུག་།གཅེར་བུ་གཡས་བརྐྱང་བས་བཞུགས་པའོ། །མཚམས་ཀྱི་འདབ་མ་རྣམས་ལ་བྱང་སེམས། ཉི་མ། བདུད་རྩི་ལྔ། སྒྲོན་མ་ལྔ། གྲུབ་པའི་དངུལ་ཆུ ་ལྟ་བུར་གྱུར་པས་གང་བའི་པད་སྣོད་བཞིའོ། །ཡང་ན་བཞི་ཀ་ཡང་བདུད་རྩི་ལྔས་གང་བའོ། །དེ་ནས་ཐུགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་སྔོན་པོ་རྡོ་རྗེའི་ཕྲེང་བ་སྔོན་པོས་བསྐོར་བའོ། །དེ་ལ་ཤར་གྱི་རྩིབས་ལ་དཔའ་བོ་ཐོད་པའི་དུམ་བུ་དང ་དཔའ་?་རབ་ཏུ་མ་མོའོ། །བྱང་ལ་ཀེང་རུས་ཆེན་པོ་དང་གཏུམ་མིག་མའོ། །ནུབ་དུ་ཀེང་རུས་ཅན་དང་འོད་ལྡན་མའོ། །ལྷོ་རུ་མཆེ་བ་གཙིགས་པ་དང་སྣ་ཆེན་མའོ། །མེ་ལ་ཆང་དགྲ་དང་དཔའ་བློ་མའོ། །བདེན་བྲལ་ལ་འོད་དཔག་མེད ་དང་ཐུང་དུ་མའོ། །རླུང་ལ་རྡོ་རྗེའི་འོད་དང་ལང་ཀའི་དབང་ཕྱུག་མའོ། །དབང་ལྡན་ལ་རྡོ་རྗེའི་སྐུ་དང་ཤིང་གྲིབ་མའོ། །དེའི་ཕྱིར་གསུང་གི་འཁོར་ལོ་དམར་པོ་སྟེ་པདྨ་དམར་པོའི་ཕྲེང་བས་བསྐོར་བའོ། །དེ་ལ་ཤར་གྱི་རྩིབས་ལམ་དུ? ་གུ་ཅན་དང་ས་སྲུངས་མའོ། །བྱང་ལ་རྡོ་རྗེ་རལ་པ་ཅན་དང་འཇིགས་བྱེད་ཆེན་མོའོ། །ནུབ་ལ་དཔའ་བོ་ཆེན་པོ་དང་རླུང་ཤུགས་མའོ། །ལྷོ་ལ་རྡོ་རྗེ་ཧཱུཾ་མཛད་དང་ཆང་འཐུང་མའོ། །མེ་ལ་རབ་ཏུ་བཟང་པོ་དང་ལྷ་མོ་སྔོ་བསངས ་མའོ། །བདེན་བྲལ་ལ་རྡོ་རྗེ་བཟང་པོ་དང་ཤིན་ཏུ་བཟང་མོའོ། །རླུང་ལ་འཇིགས་བྱེད་ཆེན་པོ་དང་རྟ་རྣ་མའོ། །དབང་ལྡན་ལ་མིག་མི་བཟང་དང་བྱ་གདོང་མའོ། །དེ་ནས་སྐུའི་འཁོར་ལོ་དཀར་པོ་སྟེ་འཁོར་ལོའི་ཕྲེང་བ་དཀར་པོས ་བསྐོར་བའོ། །དེའི་ཤར་གྱི་རྩིབས་ལ་སྟོབས་པོ་ཆེ་དང་འཁོར་ལོའི་ཤུགས་ཅན་མའོ། །བྱང་ལ་རིན་ཆེན་རྡོ་རྗེ་དང་དུམ་སྐྱེས་མའོ། །ནུབ་ལ་རྟ་མགྲིན་དང་ཆད་མཚོད་མའོ། །ལྷོ་ལ་ནམ་མཁའ་ཨི་སྙིང་པོ་དང་འཁོར་ལོའི་གོ་ཆ་མའོ། ། ་མེ་ལ་ཧེ་རུ་ཀ་དང་ཤིན་ཏུ་དཔའ་མོའོ། །བདེན་བྲལ་ལ་པདྨ་གང་དབང་དང་སྟོབས་ཆེན་མའོ། །རླུང་ལ་རྣམ་སྣང་དང་འཁོར་ལོས་སྒྱུར་མའོ། །དབང་ལྡན་ལ་རྡོ་རྗེ་སེམས་དཔའ་དང་བརྩོན་འགྲུས་ཆེན་མོའོ། །ཐོད་པའི་དུམ་བུ་ལ་སོགས་པའི ་དཔའ་བོ་རྣམས་ནི་ཞལ་གཅིག་པ། ཕྱག་བཞི་པ། སྤྱན་གསུམ་པ། མཆེ་བ་གཙིགས་པའི་ཞལ། རལ་པའི་ཐོར་ཅོག་དང་ལྡན་པ། དཔྲལ་བ་ལ་རྡོ་རྗེ་ཕྲེང་བས་མཚན་པའི་དཔའ་བོའི་རས་ཀྱིས་བཅིངས་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་དང་བཅS ་པས་ཡུམ་ལ་འཁྱུད་པ། འོག་མ་གཉིས་ཌ་མ་དུ་དང་ཁ་ཊཝཱཾ་ག་བསྣམས་པའོ། །ཚངས་སྐུད་ཅན་ཕྱག་རྒྱ་ལྔ་དང་ལྡན་པ། གཡས་བརྐྱང་པས་བཞུགས་པའོ། །རབ་ཏུ་གཏུམ་མོ་ལ་སོགས་པའི་དཔའ་མོ་རྣམས་ནི་ཞལ་གཅིག་པ་སྤྱན་གསུམ་པ ་དྲག་མོའི་གཟུགས་ལ་སྐྲ་གྲོལ་ཞིང་གོས་དང་བྲལ་བ། ཕྱག་གཉིས་པ་གཡོན་པས་འཁྱུད་ཅིང་ཐོད་པ་བསྣམས་པ། གཡས་སྡིགས་མཛུབ་གྲི་གུག་དང་བཅས་པས་བསྡིགས་པའོ། །དེ་ནས་སྒོ་རྣམས་སུ་ཁཱ་གདོང་མ། འུག་གདོང་མ། ཁྱི་གདོང ་མ། ཕག་གདོང་མ་སྟེ་མིང་དང་མཐུན་པའི་གདོང་ཅན། ཁྱད་པར་གཞན་ནི་མཁའ་འགྲོ་མ་ལ་སོགས་པ་བཞིན་ནོ། །མཚམས་རྣམས་ལ་གཤིན་རྗེ་བརྟན་མ། གཤིན་རྗེ་ཕོ་ཉ་མ། གཤིན་རྗེ་མཆེ་བ་མ། གཤིན་རྗེ་འཇོམས་མ་སྟེ་མིའོ་གདོང ་པ་ཅན་ཡིད་འཕྲོག་པ། གཡས་དང་ཅིག་ཤོས་ཀྱི་མདོག་གཉིས་པ། བརྒྱད་པོ་ཡང་ངོའི་གདན་ནོ། །མཁའ་འགྲོ་མ་ལ་སོགས་པའི་ལྷ་ཐམས་ཅད་ཀྱང་མི་མགོའི་དོ་ཤལ་ཅན་དཔྲལ་བར་རྡོ་རྗེ་ཕྲེང་བས་མཚན་པའོ། །དུམ་བུས་བརྒྱན་པའི་སྐ་རབS? ་ལ་གཡེར་ཀའི་སྒྲ་སྒྲོགས་པའོ། །འདི་ལྟ་བུའི་འཁོར་དང་ལྷན་ཅིག་འཁྲུངས་པའི་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མ་ལ་ཧཱུཾ་སྔོན་པོ་ཏིང་ངེ་འཛིན་སེམས་དཔའ་ཨོ། །ལྟེ་བ་ལ་ཨཱ་ལི་ཀཱ་ལི་ཕྲེང་བ་འོད་ཟེར་ལྔ་དང་ལྡན་པ་དཀྱིལ་འཁོར་གྱི་ལྷའི་རང ་བཞིན་སྤྲོས་པས་གཡས་པའི་རླུང་དང་ལྷན་ཅིག་ཕྱིར་སོང་ནས་འགྲོ་བ་ཐམས་ཅད་འཁོར་ལོའི་བདག་ཉིད་དུ་བྱས་ཏེ། ཡོངས་སུ་གྲུབ་པའི་དཔའ་བོ་དང་དཔའ་མོ་རྣམས་དང་རོ་གཅིག་ཏུ་གྱུར་ནས། གཡོན་གྱི་རླུང་དང་ལྷན་ཅིག་ནང ་དུ་ཞུགས་པས་རང་གནས་སུ་གཟུགས་བརྙན་ལྟ་བུའི་ཟླ་བའི་དཀྱིལ་འཁོར་བལྟའོ། །དེ་ལ་ཧཱུཾ་གིས་མཚན་པ་དེ་ཡང་གྱུར་པ་ལས་བཅོམ་ལྡན་འདས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེ་དང་དྲིལ་བུར་བཅས་པས་རྡོ་རྗེ་ཕག་མོ་དང་སྙོཾས? ་པར་ཞུགས་པ་ཞབས་བརྐྱང་བསྐུམ་དུ་བཞུགས་པ་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་ཏེ། དེ་ལྟར་སེམས་དཔའ་གསུམ་ལྡན་དུ་བདག་ཉིད་བལྟའོ། །ཡང་ན་ཐུགས་ཀར་ཡེ་ཤེས་སེམས་དཔའ་། དེའི་ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའ་། ་དེའི་ནཱ་ད་བཅས་པ་ནི་བདེ་པ་ཆེན་པོའི་བདུད་རྩིའི་རང་བཞིན་དུ་བསམ་མོ། །ོཾ་ཨཱ:ཧཱུཾ་ཨོཾ་སརྦབ་པཱི་ར་ཡོ་གི་ནི་ཀཱ་ཡ་བཱ་ག་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ་ཧེ་ཞེས་བརྗོད་དོ། །དེའི་རྗེས་ལ་མིག་གཉིས་ལ་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་དང་ཨོཾ ་ལས་གཏི་མུག་རྡོ་རྗེ་དཀར་པོ་གཟུགས་རྡོ་རྗེ་མས་འཁྱུད་པའོ། །རྣ་བ་གཉིས་ལ་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་དང་ཧཱུཾ་ལས་ཞེ་སྡང་རྡོ་རྗེ་ནག་པོ་སྒྲ་རྡོ་རྗེ་མས་འཁྱུད་པའོ། །སྣ་ལ་པདྨ་དང་ཉི་མའི་སྟེང་དུ་རིན་པོ་ཆེ་དང་ཏྲཾ་ལས་སེར་སྣ་རྡོ་རྗེ་སེར ་པོ་དྲི་རྡོ་རྗེ་མས་འཁྱུད་པའོ། །ལྕེའི་རྩེར་ཆུ་སྐྱེས་དང་ཉི་མའི་སྟེང་དུ་འཛམ་སྐྱེས་དམར་པོ་དང་ཨཾ་ལས་འདོད་ཆགས་རྡོ་རྗེ་དམར་བོ་རོ་རྡོ་རྗེ་མས་འཁྱུད་པའོ། །དཔལ་བར་ཆུ་སྐྱེས་དང་ཉི་མའི་སྟེང་དུ་རལ་གྲི་དང་ཧཾ་ལས་ཕག་དག་རྡོ་རྗེ ་ལྗང་ཁུ་རེག་བྱ་རྡོ་རྗེ་མས་འཁྱུད་པའོ། །ཐུགས་དཀར་པདྨ་དང་ཉི་མའི་སྟེང་དུ་རྡོ་རྗེ་དང་ཧཱུཾ་ལས་དབང་ཕྱུག་རྡོ་རྗེ་དཀར་པོ་ཆོས་དབྱིངས་རྡོ་རྗེ་མས་འཁྱུད་པའོ། །དེ་ལ་གཏི་མུག་རྡོ་རྗེ་ལ་སོགས་པ་ནད་ཁི་སྐྱེ་མཆེད་གྱི་རྣམ་པར་དག་པའི ་རང་བཞིན་ལྷའི་མིག་ལ་སོགས་པ་སྟེར་བ་སྟེ། དེ་ཡང་རིམ་པ་ལྟར་སའི་སྙིང་པོ། །ཕྱག་ན་རྡོ་རྗེ། ནམ་མཁའ་ཨི་སྙིང་པོ། །འཇིག་རྟེན་དབང་ཕྱུག། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཀུན་ཏུ་བཟང་པོའི་མིང་གཞན་ནོ། །རལ་པའི་ཐོར་ཅོག་ལ་རྣམ་སྣང ་མི་བསྐྱོད། རིན་འབྱུང། འོད་དཔག་མེད། དོན་གྲུབ། རྡོ་རྗེ་སེམས་དཔས་རྒྱས་བཏབ་པ། ཞལ་གཅིག་སྤྱན་གསུམ་ཕྱག་རྒྱ་ལྔ་དང་ལྡན་པ། ཕྱག་གཉིས་ཏེ་གཡས་པ་རྣམས་ལ་འཁོར་ལོ། །རྡོ་རྗེ་རིན་པོ་ཆེ། པདྨ་དམར་པོ། རལ་གྲི་རྡོ་རྗེ ་དཀར་པོ་རྣམས་སོ། །གཡོན་ཐམས་ཅད་དྲིལ་བུའོ། །གཡས་བརྒྱད་པས་བཞུགས་པ། འདི་རྣམས་ཀྱི་ཡུམ་ནི། ཛ:ཧཱུཾ་བཾ་ཧོ:ཁཾ་རཾ་ལས་སྐྱེས་པ་ཕྱིའི་སྐྱེ་མཆེད་ཀྱི་རྣམ་པར་དག་པའི་རང་བཞིན་དང་འོད་མ་གཡོན་བརྐྱང་པས་གནས་པ་བྱ? ་གཉིས་པ་གཡས་པ་ཐཾས་ཅད་ལ་རིམ་པ་ལྟར་མེ་ལོང། པི་ཝང། དྲིའི་དུང་ཆོས། རོའི་སྣོད། གོས་སྣ་ཚོགས། ཆོས་འབྱུང་ངོ། །གཡོན་ཐམས་ཅད་དྲིལ་བུ་སྟེ། སྒྲ་རྡོ་རྗེ་མ་ནི་གཡོན་པ་ཡང་པི་ཝང་བསྒྲེང་བ་རིན་འབྱུང་གིས་རྒྱས་བཏབ་པའོ། །དེ་ལས ་ལྟེ་བ་དང་སྙིང་ག་མགྲིན་པ་སྤྱི་བོར་པདྨ་དང་ཟླ་བ་ལ་ལཾ་མཾ་པཾ་ཏཾ་ལས་བྱུང་བའི་ལྟུང་བྱེད་མ་གསོང་བྱེད་མ་འགུགས་བྱེད་མ་གར་གྱི་དབང་ཕྱུག་མ་སྟེ། སྤྱན་མ། མཱ་མ་ཀཱི། གོས་དཀར། སྒྲོལ་མའི་རང་བཞིན། འདི་དག་ཀྱང་ཞལ་གཅིག་ཕྱག ་བཞི་མ་གཡས་པས་འཁོར་ལོ། །རྡོ་རྗེ། པདྨ། རལ་གྲི། གྲི་གུག་བསྣམས་པའོ། །གཡོན་པ་ཐོད་པ། ཁ་ཊཝཱཾ་གའོ། །གསང་གནས་སུ་པདྨ་ཟླ་བ་ལ་ཁང་ལས་བྱུང་པའི་པདྨའི་དྲ་བ་དུ་བ་ལྟ་བུ། ཞལ་གསུམ་ཕྱག་དྲུག་མ་གཡས་དཀར་བ་ཅིག་ཤོས ་དམར་བ། ཕྱག་གཡས་པས་ལྕགས་ཀྱུ་ཚངས་མགོ་།གྲི་གུག་།གཡོན་པས་ཐོང་པ། ཁ་ཊཝཱཾ་ག་།ཞགས་པའོ། །སྤྱན་གསུམ་པ། ཕྱག་རྒྱ་ལྔ་དང་ལྡན་པ། སྐྲ་གྲོལ་ཞིང་ནམ་མཁའ་ཨི་གོས་ཅན། གཡས་བརྐྱང་པས་བཞུགས་པའོ། །ལྔ་པོ་འདི ་དག་ཀྱང་རིམ་བ་ལྟར་ས་ཆུ་མེ་རླུང་ནམ་མཁའ་རྣམ་པར་དག་པའི་རང་བཞིན་ནོ། །དེ་དག་ལ་རིམ་པ་བཞིན་བྲུཾ་ཧཱུཾ་ཧྲི་ཧོ་ཨོཾ་ལས་བྱུང་བའི་དཀར་པོ། །ནག་པོ། །དམར་པོ། ལྗང་གུ། སེར་པོའི་རང་བཞིན། རྣམ་སྣང་མི་བསྐྱེད། སྣང ་མཛའ་། དོན་གྲུབ། རིན་འབྱུང་སྟེ། གཟུགས་དང། རྣམ་པར་ཤེས་པ་དང། འདུ་ཤེས་དང། འདུ་བྱེད་དང་ཚོར་བའི་ཕུང་པོ་རྣམ་པར་དག་པའི་རང་བཞིན་གྱིས་འཁྱུད་པ་དང་རྒྱས་བཏབ་པའོ། །གཟུགས་ལ་སོགས་པའི་ཕུང་པོའི་དེ། ་བཞིན་ཉིད་ལ་གཙུག་ཏོར་གྱི་པདྨ་དང་ཟླ་བ་ལ་ཧི་གྱུར་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་ལས་ཧཱུཾ་ལས་བྱུང་བའི་རྡོ་རྗེ་རང་འོད་མས་འཁྱུད་པ་སྟེ། དེ་ནི་ཡེ་ཤེས་དང་དབྱིངས་ཀྱི་རང་བཞིན་གྱི་རྣམ་པར་དག་པའོ། །དེ་ལ་རྣམ་སྣང་གི ་ཕྱག་གཡས་འཁོར་ལོ་བསྣམས་ནས་བསྒྲེང་བ་མི་བསྐྱོད་པ་རྡོ་རྗེ་དང་བཅས་པས་ས་གནོན་མཛད་པ། འདི་གཉིས་ཀ་གཡོན་པ་དྲིལ་བུ་འཛིན་པས་ལྷ་མོའི་དཀུ་ལ་བསྟེན་པའོ། །སྣང་མཛའ་། དོན་གྲུབ། རིན་འབྱུང་དག་ནི་པདྨ་དམར་པོ ་སྣ་ཚོགས་རྡོ་རྗེ། རིན་པོ་ཆེ་བསྒྲེང་བས་བསྣམས་པ། གཡོན་པས་དྲིལ་བུ་ཐུགས་ཀའི་ཐད་དུ་ཡུམ་གྱི་རྒྱབ་ཏུ་འཁྱུད་པའོ། །རྡོ་རྗེ་སེམས་དཔའ་ཕྱག་གཡས་པS་རྡོ་རྗེ་འཛིན་པ་རོལ་པ་དང་བཅས་པས་སྙིང་གའི་བར་དུ་ཡུམ་གྱི་རྒྱབ་ཧཱ? ་འཁྱུད?་པ། གཡོན་དྲིལ་བུ་ལྷ་མོའི་དགུ་ལ་བརྟེན་པའོ། །ཡང་ན་རྣམ་ཤེས་ཀྱི་ཕུང་པོ་ལ་རྡོ་རྗེ་སེམས་དཔའ་། ཕུང་པོ་ལྔའི་བདག་ཉིད་མི་བསྐྱོད་པ་འདི་ལྟར་ཤེས་པར་བྱའོ། །འདི་ནི་ཕན་ཚུན་དུ་བདག་ཉིད་གཅིག་ཏུ་རྟོགས་པའི་ཕྱིར ་དེ་ལྟར་རྣམ་སྣང་ལ་སོགས་པ་ལ་མི་བསྐྱོད་པས་རྒྱས་གདབ་པར་བྱའོ། །དེ་ནས་སྤྱི་བོ། མགྲིན་པ། སྙིང་ག་དག་ལ། རྟག་པ་དང། འོད་དཔག་མེད་དང། མི་བསྐྱོད་པ་གསུམ་ནི་ཤེས་རབ་དང་བཅས་པས་ལུས་ངག་ཡིད་གསུམ ་རྣམ་པར་དག་པའི་རང་བཞིན་ནོ། །གཏི་མུག་རྡོ་རྗེ་ལ་སོགས་པའི་ལྷ་རྣམས་ནི་སྙོམས་པར་འཇུག་གི་བདེ་བ་ཆེན་པོའི་རང་བཞིན་དུ་ཞུ་ནས། སྐྱེ་མཆེད་དང་ཁམས་དང་ཕུང་པོ་ལ་སོགས་པ་ལ་ཐིམ་པར་གྱུར་ཏོ། །དེའི་རྗེས་ལ་སྙིང་གར་ཨོཾ་ཧ་ལས ་རྡོ་རྗེ་སེམས་དཔའ་དཀར་པོ། སྤྱི་པོར་ནམ་ཧི་ལས་རྣམ་སྣང་སེར་པོ། །བཅུག་ཏོར་ལ་སྭཱཧཱ་ཧུ་ལས་པདྨ་གར་དབང་དམར་པོ། ཕྲག་པ་གཉིས་ལ་བཽ་ཥཊ་ཧེ་ལས་མི་བསྐྱོད་པ་ནག་པོ། མིག་གཉིས་ལ་ཧཱུཾ་ཧཱུཾ་ཧོ་ལས་རྡོ་རྗེ་ཉི་མ་དམར་པོ། །ཡན་ལག ་ཐམས་ཅད་ལ་ཕཊ་ཧ་ལས་རྟ་མཆོག་ལྗང་གུའོ། །དེ་ལ་རྡོ་རྗེ་ཅན་ནི་ཞལ་གསུམ་ཕྱག་དྲུག་པ། གཞན་རྣམས་ནི་ཞལ་གཅིག་ཕྱག་བཞི་པའོ། །དང་པོའི་ཕྱག་གཡས་ལ་རྡོ་རྗེ། ཌ་མ་རུ། ཚངས་མགོའོ། །གཡོན་པ་དྲིལ་བུ། ཁ་ཊཝཱཾ་ག། ་ཐོད་པ། རྩ་བ། གཡས་པ། གཡོན་པའི་ཞེལ་ནི་དཀར་བ། དམར་བ། སྔོ་བའོ། །གཞན་རྣམས་ལ་འཁོར་ལོ། །པདྨ། རྡོ་རྗེ། རིན་པོ་ཆེ། རལ་གྲི་དང་ཌ་མ་རུ་གཡས་ན་བསྣམས་པའོ། །གཡོན་པ་དྲིལ་བུ་ཐོད་པ་དང་བཅས་པའི་ཁ་ཊཝཱཾ་གའོ། །དེ་དག ་ལ་རིམ་པ་ལྟར་ཕག་མོ། །གཤིན་རྗེ་མ། རྨོངས་བྱེད་མ། སྦྱོང་བྱེད་མ་སྐྲག་བྱེད་མ། གཏུམ་མོ་དག་གིས་འཁྱུད་པའོ། །དེ་ལ་ཕག་མོ་དམར་བ་སྟེ། ཞལ་གསུམ་ཕྱག་དྲུག་མ། རྩ་བ་དང་གཡས་གཡོན་གྱི་ཞལ་ནི་དམར་བ། སྔོ་བ་ལྗང་བའོ། །གཡོན ་པ་གསུམ་ནི་ཐོད་པ། ཁ་ཊཝཱཾ་ག་ཞགས་པའོ། །གཡས་པ་གསུམ་ནི་ལྕགས་ཀྱུ་ཚངས་མགོ་གྲི་གུག་གོ་།གཤིན་རྗེ་མ་ལ་སོགས་པ་ནི་སྡོབ། དཀར་བ། སེར་པ། ལྗང་བ། དུད་ཁ་སྟེ། གོས་དང་བྲལ་ཞིང་སྐྲ་གྲོལ་བ། ཞལ་གཅིག་སྤྱན་གསུམ་ཕྱག ་བཞི་པ། གཡོན་པས་ཅོད་པ་དང་བཅས་པའི་ཁ་ཊཝཱཾ་ག་དང། དྲིལ་བུ། གཡས་པས་ཌ་མ་རུ་དང་གྲི་གུག་གོ། །ཕྱག་རྒྱ་ལྔ་དང་ལྡན་པ་གཡས་བརྐྱང་བས་བཞུགས་བ། དེ་ལ་དཀར་བ་དག་ཟླ་བའི་གདན་དང་འོད་ཀོར་ཅན། གཞན་ནི་ཉི་མའི་གདན་དང་ ་དེའི་འོད་ཀར་ཅན་དུ་རང་ཉིད་ལ་བསམས་ནས། ཡུམ་ལ་ཡང་མིག་ལ་སོགས་པའི་རྣམ་པར་དག་པ་སྐད་ཅིག་མས་བསྒོམ་པར་བྱའོ། །གོ་ཆ་ཡང་ལྷ་མོའི་ལྟེ་བ་ལ་ཨོཾ་བཾ་ལས་ཕག་མོ་སྟེ། སྙིང་གར་ཧཾ་ཨོཾ་ལས་གཤིན་རྗེ་མ། ་མགྲིན་པར་ཧྲཱིཾ་མོཾ་ལས་རྨོངས་བྱེད་མ། དཔྲལ་བ་ལ་ཧྲེཾ་ཧྲཱིཾ་ལས་སྐྱོང་བྱེད་མ། སྤྱི་བོ་ལ་ཧཱུཾ་ཧཱུཾ་ལས་སྐྲག་བྱེད་མ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་གཏུམ་མོའོ། །འདི་དྲུག་པོ་ལ་ཡབ་མེད་པའོ། །དེའི་རྗེས་ལ་ཧཱུཾ་དཀར་པོ་ལས་སྐྱེས་བཱི ་རྡོ་རྗེ་ནག་པོ། བྱཱ་དམར་པོ་ལས་ནོར་བུ་དམར་པོའི་རྩེ་ལ་བྱཱ་སེར་པོས་བྱིན་གྱིས་བརླབས་པའོ། །ལྷ་མོ་ལ་ཨ་ལས་པདྨ་འདབ་མ་གསུམ་པ་དྱཱ་ལས་ཟ་འབྲུ་དཀར་པོའི་རྩེ་མོ་ལ་དྱཱ་སེར་པོས་བྱིན་གྱིས་བརླབས་པ། དེ་ཡང་ལྷ་མོའི་སྙིང་པོ་དང་ཉེ་སྙིང ་གཉིས་ལྟེ་བ་དང་སྙིང་ག་རང་གི་སྙིང་པོ་དང་ཉེ་སྙིང་མགྲིན་པ་དང་དཔྲལ་བ་ལའོ། །བཅོམ་ལྡན་འདས་མ་ལ་བཅོམ་ལྡན་འདས་ཀྱིས་འོ་བྱེད་པ། ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་གིས་ཡུམ་གྱི་ལྟེ་བ་དང་སྙིང་ག་།ཡུམ་གྱི་སྙིང་པོ་དང་ཉེ་སྙིང་གིས་ཡུམ ་རང་གི་མགྲིན་པ་དང་དཔྲལ་པ་སྟེ། དེ་ནས་ཡུམ་གྱིས་ཡབ་ལའོ་བྱེད་དོ། །དེ་ནས་ཡི་གེ་གསུམ་གྱི་དགའ་བ་ཡང་བརྩམ་པར་བྱའོ། །དེ་ནས་གཡོན་པས་གཡས་པའི་རྐད་པ་མནན་ལ་གཡོན་ཕྱོགས་སུ་གྱེན་ལ་བལྟ་ཞིང་ལ་གང་གཉིས་མཐེ་བོང ་རྩེ་སྤྲད་ལ་ཐུང་ལ་བརྟན་ལ་མཛུབ་མོ་མདུད་པར་བྱས་ལ་གུང་མོ་རྩེ་སྤྲད། མིང་མེད་དང་མཐེའུ་ཆུང་བརྐྱང་ནས་དཔྲལ་བའི་སྟེང་དུ་གཡོན་དུ་བསྐོར་ཞིང་པ་ནི་འབར་བའི་ཕྱག་རྒྱ་སྟེ། ཕེཾ་ཞེས་བརྗོད་ཅིང་ཐུགས་ཀའི་འོད་ལས་བྱུང་བཱི་ཏིང་འཛིན་གྱི ་སྤྱན་དྲངས་པའི་ཡེ་ཤེས་ཀྱི་འཁོར་ལོ་ལྷ་མོ་བཅུ་དྲུག་ལ་སོགས་པས་མཆོད་ནས་བདག་དང་ལྷ་རྣམས་ལ་གཞུག་པར་བྱའོ། །ོཾ་ཡོ་ག་ཤུདྡྷཱ?:སརྦ་དྷརྨཱ་ཡོ་ག་ཤདྡྷཱོཉཧཾ་ཞེས་བརྗོད་ནས། པད་ཀོར་བྱས་ལ་འཁྱུད་པའི་ཚུལ་གྱིས་བྱེད ་ཅིང?། །ོཾ་ཨཱ:ཧཱུཾ་ཞེས་པའི་སྔགས་འདིས་བྱིན་གྱིས་བརླབས་པར་བྱའོ། །དེའི་རྗེས་ལ་འཁོར་ལོ་དང་དུS་གཅིག་ཏུ་སྤྱན་དྲངས་པའི་རྣལ་འབྱོར་མ་ལ་སོགས་པས་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ཐོད་པ་དང་ཌ་མ་རུ་བསྣམས་པ་རྣམས་ཐུགས་ཀ་ནས་སྤྲེས་པཱི ་ལྷ་མོ་བཅུ་དྲུག་གིས་མཆོད་ཅིང། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་ཁྲུས་བྱའོ། །ཞེས་བརྗོད་ཅིང་གཡོན་པའི་ཕྱག་གཡོ་བའི་ཐོད་པ་ལས་ཡེ་ཤེས་ཀྱི ་བདུད་རྩིབས་པས་དབང་བཀུར་པས་རང་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་བསམས་ནས་ལྷག་པའི་བདུད་རྩི་ལས་ལྷ་རྣམས་དེ་བཞིན་གཤེགས་པས་རྒྱས་གདབ་ཅིང། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པ་བཅོམ་ལྡན ་འདས་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མི་བསྐྱོད་པ། ཡུམ་ལ་རྣམ་སྣང། མཁའ་འགྲོ་མ་ལ་སོགས་པ་ལ་རིན་འབྱུང་ཐུགས་གསུང་སྐུ་ལ་གནས་པའི་ལྷ་རྣམས་ལ་མི་བསྐྱོད་པ་སྣང་མཛའ་རྟག་པའོ། །དམ་ཚིག་གི་ལྷ་རྣམས་ལ་དོན་གྲུབ་པོའོ། །དེ ་ནས་མཆོད་པ་སྔོན་དུ་འགྲོ་བས་རོ་མ་ཞེས་པའི་ལྷ་མོས་ཕུལ་བའི་བདུད་རྩི་མྱངས་ནས་རྐང་པ་བརྒྱད་པའི་བསྟོད་པ་བྱའོ། །ོཾ་ན་མོ་བྷ་ག་བ་ཏེ་དཱི་རེ་ཤཱ་ཡ་ཧུཾ་ཧཱུཾ་ཕཊ་ཨོཾ་མ་ཧཱ་ཀལྤ་ཨགནི་སནྣི?་ཕཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཛ་ཊཱ་མ་ཀུ་ཊོཏཀ་ཊཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ ་དཾཥྚཱ?་ཀ་རཱ་ལོ་གྲ་བྷཱི?་ཥ་ཎ་མུ་ཁཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ས་ཧ་ས་བྷུ་ཛ་བྷཱ་སུ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་པ་ར་ཤུ་པཱ་ཤོ་དྱ་ཏ་ཤུ་ལ་ཁ་ཊཝཱཾ་ག་དྷ་རི་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་བྱཱ་གྷཱ་ཛི་ནཱ་མཔ་ར་དྷ་རཱ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་དྷུམྦརཱནདྷ?་ཀ་ར་བ་པུ་ཥཱ་ཡ་ཧུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་པའི་སྔགས ་བཅོམ་ལྡན་འདས་ཀྱི་རྐང་པ་བརྒྱད་པའི། །ོཾ་ན་མོ་བྷཱ་ག་བ་ཏཱི་བཛྲ་བཱ་རཱ་ཧཱི་བཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ་ཨཱརྱཱ་པ་རཱ་ཇི་ཏེ་ཏྭཻ་ལོཀྱ་མ་ཏེན་ཡཱི?་དྱེ་ཤྭ་རེ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ:སརྦ་བྷཧ?་ཏ་བྷ་ཡ་བཧེ་མ་ཧཱ་བཛྲ་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མོ་བཛྲཱ་ས་ནེ་ཨ་ཛི་ཏེ་ཨ་པ་རཱི ་ཛ་ཏེ་བ་ཤཾ་ཀ་རི་ཎཻ་ཏྲ་བྷ་མ་ཎི་ཧུཾ་ཧཱུཾ་ཕཊ། ཨོཾ་ན་མ(རྒྱུད་འགྲེལ་ནི་ཀཱ་མེ་ཤྭ་རི་ཁ་གེ་ཧུཾ་ཧཱུཾ་ཕཊ་ཅེས་པས་ཡུམ་གྱི་རྐང་པ་བརྒྱད་པས་བསྟོད་ལ། སྤྲོས་པའི་ལྷ་མོས་བསྟོད་པ་ཉིད། །སྔར་བཤད་པའི་ལྷ་ཐམས་ཅད་མ་ལུས་པའི་སྟོང་པ་ཉིད་དུ་རྟོགས་པར་བྱ་བའི་ཕྱིར་ཡེ་ཤེས་སེམས་དཔའ་ཨི་རང་བཞིན་ཡབ་ཡུམ ་གྱིས་སྒྱུ་མ་ལྟ་བུ་ཆགས་པའི་སྒྲས་འགྲོ་བ་ཐམས་ཅད་བཀུག་ནས་དུར་ཁྲོད་ལ། །དེ་དམ་ཚིག་ལ་དང། སྐུ་གསུང་ཐུགས་བདེ་ཆེན་གྱི་མཁའ་འགྲོ་མ་ལ་སོགས་པ་བཅོམ་ལྡན་འདས་ཡབ་ཡུམ་ལ། དེ་ཡང་ཕྱག་གཉིས་པ་ལ། དེའི་ཤེས་རབ་ཀྱང་དེ ་ལ་ཐུགས་ཀའི་ཁུ་བའི་རང་བཞིན་ཆགས་པ་ཆེན་པོའི་ཧཱུཾ་དམར་པོ་ལ། དེ?་ལ་ཡང་ཨའུ?་ཧ་ལ། མགོ་ཟླ་ཚེས་ལ། ནཱ་ད་ཐིག་ལེ་ཡང་མེ་ལོང་ལ་ཧས་བཏབ་པ་ཡལ་བ་ལྟར་རྗེས་སུ་གཞིག་པའི་རིམ་པས་སྙིང་རྗེ་དང་སྟོང་པ་གཉིས་སུ་མེད་པའི་རང་བཞིན ་ལྷའི་འཁོར་ལོ་སྣ་ཚོགས་པ་ཡང་དོན་དམ་པར་བལྟ་ཞིང་འོད་གསལ་དུ་འཇུག་པར་བྱའོ། །དེ་ནས་དེའི་ངང་ལས་སྐད་ཅིག་གིས་བཞེངས་པའི་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ཀྱི་ཕྱིར། །དཀྱིལ་འཁོར་གྱི་འཁོར་ལོའི་ལྷའི་རང་བཞིན་སོ་སོ་ལ་བྱང ་ཆུབ་ཀྱི་ཕྱོགས་ཀྱི་སུམ་ཅུ་རྩ་བདུན་སོ་སོ་ལ་སྦྱར་བ་དབང་པོ་དམན་པའི་དོན་དུ་ཡིན་པས་མ་བྱས་པར་སྐད་ཅིག་ལ་སྦྱར་བར་བྱས་པ་ཡིན་ནོ། །དེ་ལས་སྐྱོ་བར་གྱུར་ན་སྔགས་བཟླས་པར་བྱ་སྟེ། ལྟེ་བའི་པདྨ་ལ་ཟླ་བ་ལ་གནས་པའི་ནཱ་ད་དཀར ་དམར་ལ་འབྱུང་འཇུག་གནས་པའི་རླུང་དང་ལྷན་ཅིག་ཨོཾ་ཨཱ:ཧཱུཾ་ཞེས་བྱ་བའི་ཡིད་ཀྱིས་བཟླས་པ་རྡོ་རྗེའི་བཟླས་པའོ། །དེ་བཞིན་དུ་ནཱ་ད་ཁོ་ན་ལ་ལྷའི་ཚོགས་སྤྲོ་བསྡུ་སྔོན་དུ་འགྲོ་བ་སྙིང་པོ་དང་ཉེ་སྙིང་བཟླས་ཤིང་ལྷ་སོ་སོའི་སྔགས་ཀྱང ་བརྗོད་ལོ་སྤྲོ་བསྡུ་བྱ་བ་ནི་དམ་ཚིག་གིས་བཟླས་པ་ལ་སློབ་པའོ། །ཚེས?་རྣམས་མཉམ་པ་ཉིད་ཀྱི་ངང་ལས་སྔགས་ཀྱི་ཕྲེང་བའི་དངོས་པོ་རང་གི་ཞལ་ནས་རྡོ་རྗེའི་ལམ་ནས་པདྨར་དེ་ནས་ཧཱུཾ་ཏཱི་ནས་ཞུགས་ཡུམ་གྱི་ཞལ་ནས་རང་གི?་ཞལ?་དུ་ཀོ་རོ་རོ་འཁོར ་བར་བསམ། སྔགས་ཀྱི་ཕྲེང་བ་བཟླས་པ་དེ་ལིའི?་བཟླས་པ་སློབ་པའོ། །ོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུཾ་ཕཊ། ཌཱ་ཀི་ནི་ཛཱ་ལ་ས་བ་རཾ་སྭཱཧཱ། བཅོམ་ལྡན་འདས་ཀྱི་སྙིང་པོའོ། །ོཾ་ཧྲཱི:ཧ་ཧ་ཧཱུཾ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །ེ་བཛྲ?་བཻ་རོ་ཙ་ནཱི་ཡེ་ཧཱུཾ་ཧཱུཾ་ཕཊ ་སྭཱཧཱ། ཡུམ་གྱི་སྙིང་པོའོ། ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞྞ་ནཱི་ཡེ་ཧུཾ་ཧཱུཾ་ཕཊ་སྭཱཧཱ། ཉེ་བའི་སྙིང་པོའོ། །བཅོམ་ལྡན་འདས་ཀྱི་ཕྲེང་སྔགས་ནི། ཨོཾ་ན་མོ་བྷ་ག་བ་ཏེ་བཱི་རེ་ཤཱ་ཡ། མཧཱ་ཀལྤཱ་ཡིན་སནྣི་བྷཱ་ཡ། ཛ་ཊཱ་མཱ་ཀུ་ཊོཏཀ་ཧཱུཾ?་ཡ། དིཥྛ?་ཀ་རཱ་ལ་གྲ་ཕི? ་ཥ་ཎ་མུ་ཁཱ་ཡ། ས་ཧ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ་པར་ཤུ་པཱ་ཤོ་དྱ་ཏ་ཤཱུ་ལ་ཁཊཝཱཾ་ག་དྷ་རི་ཎི། བྱཱ་གྷྲ་ཛི་ནམྦ་ར་དྷ་རཱ་ཨ་མཧཱ་དྷུམཔྲཱནདྷ?་ཀ་ར་བ་པུ་ཥ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། བནདྷ་བནདྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ་ཧྲཱ:ཏྲ:ཕེཾ་ཕེཾ། ཕཊ་ཕཊ། ང་ཧ་ང་ཧ། ་པ་ཙ་པ་ཙ། བྷཀྵ་བྷཀྵ། པ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལམྦི་ནེ། གྲིཧྞ་གྲིཧྞ་།སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ?་ག་སརྦཾ་བཾ། ཏ་རྫ་ཡ། ཏརྫ་ཡ། ཨཱ་ཀབྷ?་ཨཱ་ཀཌཌཧཡ?་ཧྲིཾ་ཧྲིཾ?་།ཛྙཽཾ?་ཛྙཽཾ?་ཀྵྨཱཾ་ཀྵྨཱཾ། ཧཾ་ཧཾ། ཧི་ཧི། ཧཱུཾ་ཧཱུཾ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧུ་ཧཱུཾ་ཕཊ་སྭཱཧཱ ་ཞེས་སོ། །བཅོམ་ལྡན་འདས་མའི་ཕྲེང་སྔགས་ནི། ཨོཾ་ན་མོ་བྷ་ག་བ་ཧཱུཾ?་བཛྲ་བཱ་རཱ་ཧི་ཨཱརྱ་པ་བཛེ་ཏེ་ཏྲཻ་ལོ་ཀྱ་མཏE་མཧཱ། བི་དྱ་ཤྭ་རེ་སརྦ་བྷཱུ་ཏ་བྷ?་ཡ་བ་ཧོ་མ་ཧཱ་བཛྲ་བཛྲ་ས་ནེ་ཨ་ཛི་ཏི་ཨོཾ་པ་རཱ་ཛི་ཏེ་བ་ཤྱཾ་ཀ་རི་ནི་ཏཱ་བྷཱ་མ་ཎི་ཤོ་ཥ་ཎི་རོ་བ?་ཏི?་ག་དྷ་ནི་ཀ་ར ་ལི་ནི་ཏྲཱ་ས་ནི་མཱ་ར་ཏཱི?་སུ་པྲ་བྷེ་ང་ནི་ཨ་པ་ར་ཛ་ཡེ་ཛ་ཡེ། བི་ཛ་ཡེ་ཛ་བྷ་ནི་སྟཾ་བྷ་ནི་མོ་ཧ་ནི། བཛྲ་བཱ་རཱ་ཧི་མ་ཧཱ་ཡོ་གི་ནི་ཀཱ་མེ་ཤྭ་རེ?་ཁ་གེ། ཏདྱ་ཐཱ་པྲོ་ཏི་གེ་པྲོ་ཏཾ་གེ། ཧ་ན་ཧ་ན། པྲ་ཧ་ན་པྲ་ཧ་ན། ཀི་ཀི་ནི་ལི་ཁི་ནི། དྷུ་ན་དྷུ་ན་བཛྲ་ཧ་སྟེ། ཤོ་ཥ་ཡ ་ཤོ་ཥ་ཡ། བཛྲ་ཀ་པཱ་ལ། ཁ་ཊཝཱཾ་ག་དྷཱ་རི་ཎི་མཧཱ་པི་ཤི་ཏ་མཱཾ་སཱ་ཤ་ནི་མ་ནུ་ཥྱཱན་ཏྲ་པྲ་པྲིཏྟེ་སནྣི་དྷཡཾ་ན་ར་ཤི་རོ་མཱ་ལ་གྲཾ་ཐི་ཏ་དྷཱ་རི་ཎི། སུམྦྷ་ནི་སུམྦྷེ། ཧ་ན་ཧ་ན། པྲ་ཎཱཾ། སརྦ་པཱ་པཾ་སཏྭཱ་ནཱཾ་སརྦ་པ་སཱུ་ནཱཾ་མཱཾ་སཙྪེ་ད་ནི་ཀྲོ་དྷ་མུརྟི་དཾཥྚ ་ཀ་རཱ་མཱི་ན་མཧཱ་མུ་དྲེ་ཤྲཱི་ཧེ་རུ་ཀ་དེ་བ་སྱཱ་གྲ་མ་ཧི་ཥི་ས་ཧ་སྲ་ཤི་རེ་ས་ཧ་སྲ་བ་ཧ་བེ་ཤ་ཏ་ས་ཧ་སྲ་ཨཱ་ན་ནE་ཛཝ་ལི་ད། ཏེ་ཛ་སེ་ཛཝཱ་ལ་མུ་ཁི་པིཾ་ག་ལ?་ལོ་ཙ་ནེ། བཛྲ་ཤི་རཱི་རེ་བཛྲ་ས་ན། མི་ལི་མི་ལི། ཏི་མི་ལི་ཏི་མི་ལི། ཧེ་ཧེ་ཧ་ཧ་ཧཱུཾ་ཧཱུཾ་ཁ་ཁ། དྷུ་དྷུ། ་དྷུ་རུ་དྷུ་རུ། མུ་རུ་མུ་རུ། ཨ་དྭཻ་ཏེ་མ་ཧཱ་ཡོ་གི་ནཱི་པ་ཋི་ཏ་སིདྡྷི། དྲཻཾ་དྷཾ་དྲཻཾ་དྷཾ། གྲཾ་གྲཾ་ཧེ་ཧེ་ཧ་ཧ་བྷཱི་མེ་ཧ་ས་ཧ་ས། བཱི་རེ་ཧཱ་ཧཱ་ཧོ་ཧེ་ཧཱུཾ་ཧཱུཾ་ཏྲཻ་ལོཀྱ་བི་ནཱ་ས་ནི་ཤ་ཏ་ས་ཧ་སྲ་ཀོ་ཊི་ཏ་ཐཱ་ག་ཏ་པཱ་རི་བ་རི་ཏེ་ཧུཾ་ཧཱུཾ་ཕཊ། སི་ཧ་རུ་པེ་ཁ:ག་ཛ་རུ་པེ་ག(རྒྱུད་འགྲེལ་ལོ་ཀྱོ་དཾ་རེ་ས་མུ་དྲ་མེ་ཁ་ལེ་གྲ་ས་གྲ་ས་ཧུཾ་ཧཱུཾ་ཕཊ། བཱི་ར་དྭཻ་ཏེ་ཧུཾ་ཧཱུཾ་ཧ་ཧ་མཧཱ་པ་ཤུ་མོ་ཧཱ་ནི། མཧཱ་ཡོ་གི་ཤྭ་རི་ཏྭཾ་ཌཱ་ཀི་ནི་སརྦ་ལ་ཀ་ནཾ་བནདྷཱ་ནི་སཏྱ:པཏྱ་ཡ་ཀཱ་རི་ཎི་ཧུཾ་ཧཱུཾ་ཕཊ། བྷུ་ཏ་ཏྲཱ་ས་ནི་མ་ཧཱ་བེ་རེ་པ་ར་མ་སིདྡྷི་ཡོ་གི་ཤྭ་རི་ཕཊ་ཧུཾ་ཧཱུཾ་ཕཊ། ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱཧཱ་ཞེས་སོ། །ལྷ་སོ་སོའི་སྔགས་ནི། ཨོཾ་ཀ་ར་ཀ་ར་ཧུཾ་ཧཱུཾ་ཕཊ། ཨོཾ་པྲ་ཙཎྜེ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀུ་རུ་ཀུ་རུ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཎྜཱ་ཀྵེ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་བནདྷ་བནདྷ་ཧུཾ་ཧཱུཾ་ཕཊ། ཨོཾ?་པྲ་པྲ་བ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲཽཾ་ཧྲཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁརྦ ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲ:ཧྲ:ཧུཾ་ཧཱུཾ་ཕཊ། ཨོཾ་ལངྒེ་ཤྭ་རཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕེཾ་ཕེཾ་ཧུཾ་ཧཱུཾ་ཕཊ། ཨོཾ་དྲུ་མཙྪ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཕཊ་ཕཊ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨི་ར་བ་ཏཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ད་ཧ་ད་ཧ་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བྷཻ་ར་བཱ་ཡེ་ཧུཾ་ཧཱུཾ་ཕཊ། ་ཨོཾ་པ་ཙ་པ་ཙ་ཧུཾ་ཧཱུཾ་ཕཊ། ཨོཾ་བཱ་ཡུ་བེ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་བྷཀྵ་བྷཀྵ་བ་ཤ་རུ་དྷི་རཱནྟྲ་མཱ་ལ་བ་ལམྦི་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ར་བྷཀྵཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་གྲིཧྞ་གྲིཧྞ་སཔཏ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་ག་སརྦམྦ?་ཏརྫ་ཡ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྱཱ་མ་དེ་བཱི་ཡེ ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཌཌཧཡ་ཨཱཀཌཌཧཡ?་ཧུཾ་ཧཱུཾ་ཕཊ། ཨོཾ་སུམ་བྷ་དྲཱི་ཧུཾ་ཧཱུཾ་ཕཊ། ཨོཾ་ཧྲིཾ་ཧྲིཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧ་ཡ་གརྞེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཛྙཽཾ་ཛྙཽཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁ་གཱ་ན་ནེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀྵཾ་ཀྵཾ་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བ་གེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱཾ་ཧཱཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཁཎྜཱ་ཥོ་ཧེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཧཱིཾ?་ཧཱིཾ?་ཧུཾ ་ཧཱུཾ་ཕཊ། ཨོཾ་ཤཽཎྜི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརྨི་ཎཱི་ཡི་ཧུཾ་ཧཱུཾ་ཕཊ། ཨོཾ་ཀི་ལི་ཀི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་བྷཱི་རཱི་ཧུཾ་ཧཱུཾ་ཕཊ། ཨོཾ་སི་ལི་སི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་པཏ?་ལེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཧི་ལི་ཧི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་ཙཀྲ་བརཌཧི?་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་དྷི་ལི ་དྷི་ལི་ཧུཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཱི་རྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཀཱ་ཀཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཨུ་ལུ་ཀཱ་སྱ་ཧུཾ་ཧཱུཾ་ཕཊ། ཨོཾ་ཤྭཱ་ནཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་སུ་ཀ་རཱ་སྱེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་དཱ་ཌི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཱུ་ཏི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་དཾཥྚཱི?་ཎཱི?་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཡ་མ་མ་ཐ་མཱི? ་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཡེ་ཧུཾ་ཧཱུཾ་ཕཊ། ཨོཾ་ལཱ་མེ་ཧུཾ་ཧཱུཾ་ཕཊ། ཨོཾ་ཁཎྜ་རོ་ཧེ་ཧུཾ་ཧཱུཾ་ཕཊ། ཨོཾ་རཱུ་པི་དྷཱི་ཡེ་ཧུཾ་ཧཱུཾ་ཕཊ། ཅེས་སོ། །དེ་ནས་ལྡང་བར་འདོད་ན་བདག་ཉིད་ཀྱི་དཔྲལ་བ། སྤྱི་བོ་རྣ་བ་གཡས། ལྟག་པ། རྣ་བ་གཡོན། སྨིན་མཚམས་མིག་གཉིས། ་ཕྲག་པ་གཉིས། མཆན་ཁུར་གཉིས། ནུ་མ་གཉིས། ལྟེ་བ། སྣ་རྩེ་ཁ། མགྲིན་པ། སྙིང་ག་།དཔྱི་གཉིས། མཚན་མ། བཤད་ལམ། བརླ་གཉིས། བྱིན་པ་གཉིས། རྐང་སོར། བོལ་གོང། བུས་མོ། མཐེ་བོང་རྣམས་ལ། པུལླི་ར་མ་ལ་ཡ། ཛ་ལནདྷ་ར། ཨོཾ་ཊི ་ཡཱན། ཡརྦུ་ད། གོ་དཱ?་བ་རི?། རཱ་མེ་ཤྭ་རི། དེ་བི་ཀོ་ཊི། །མཱ་ལ་བེ། ཀཱ་མཱ་རཱུ་པ། ཨོ་དྲེ་ཏྲི་ཤ་ཀུ་ནེ། ཀོ་ས་ལ། ཀ་ལིངྒ། ལམྦ་ཀ། ཀཉྩི?། ཧི་མ་ལ་ཡ། པྲེ་ཏ་པུ་རི། གྲི་ཧ་དེ་བ། སཽ་རཱཥྚ། སུ་ཝརྞ་དྭཱི་པ། ན་ག་ར། སིནདྷུ། མ་རུ། ཀུ་ལུཏསྟེ?་གནས་ཉི་ཤུ་རྩ་བཞིའི་རང ་བཞིན་དུ་མོས་པར་བྱས་ལ། དེ་དག་ག་ལ་རིམ་པ་ལྟར། རབ་ཏུ་མ་མོ?་ཁ?་ཏུ་མི?་མག?་མ། འོད་ལྡན་མ། སྣ་ཆེན་མ། དཔའ་བློ་མ། ཐུང་ངུ་མ། ལང་ཀའི་དབང་ཕྱུག་མ། ཤིང་གྲིབ་མ། ས་སྲུངས་མ། འཇིགས་བྱེད་ཆེན་མོ། །རླུང་ཤུགས་མ། ཆང་འཐུང་མ། ལྷ་མོ་སྔོ ་བསང་མ། ཤིན་ཏུ་བཟང་མོ། །རྟ་རྣ་མ། བྱ་གདོང་མ། འཁོར་ལོའི་ཤུགས་མ། དུམ་སྐྱེས་མ། ཆང་འཚོང་མ། འཁོར་ལོའི་གོ་ཆ་མ། ཤིན་ཏུ་དཔའ་མོ། །སྟོབས་ཆེན་མ། འཁོར་ལོས་སྒྱུར་མ། བརྩོན་འགྲུས་ཆེན་མོ་རྣམས ་ཉི་ཤུ་རྩ་བཞིའི་རྩ་ཡི་གེའི་རང་བཞིན་དུ་གནས་པར་བསྒོམ་པར་བྱའོ། །ཁ་དང་སྣ་གཡས་སྣ་གཡོན་བཤད་ལམ་དུ་ཁྭ་གདོང་མ་ལ་སོགས་པ་བཞིའོ། །རྣ་བ་གཡས་གཡོན་དང་མིག་གཉིས་ལ་གཤིན་རྗེ་བརྟན་མ་ལ་སོགས་པ་བཞིའོ ་སྙིང་ག་།མགྲིན་པ། ལྟེ་བ། དཔྲལ་བ་དག་ལ་མཁའ་འགྲོ་མ་ལ་སོགས་པ་བཞིའོ། །སོ་དང། སེན་མོ་དང། སྐྲ་དང། སྤུ་པགས་པ། དྲི་མ། ཤ་རྒྱུས་པ། རུས་པ། མཆིན་པ། སྙིང། མིག། མཁྲིས་པ། གློ་བ། རྒྱུ་མ། གཉེ་མ། གྲོད་པ། ཕྱི་ས། ་སྐྲ་མཚམས། བད་ཀན། རྣག། ཁྲག་།རྡུལ། ཚིལ། མཆི་མ། མཆིལ་མ། རྣམས་ཀྱི་རང་བཞིན་རྣམས་ཐོད་པའི་དུམ་བུ་ལ་སོགས་པ་དཔའ་བོ་ཉི་ཤུ་རྩ་བཞིའི་རང་བཞིན་དུ་གནས་པར་བསམ་ལ། སྤྱི་བོའི་ཆུ་སྐྱེས་ལ་གནས་པ་ཡབ་བྱང ་ཆུབ་སེམས་རང་བཞིན་ལས་གསང་པའི་ཆུ་སྐྱེས་ལ་གནས་པ། ཨ་ཤད་ཀྱི་རང་བཞིན་ཕག་མོ་ལྷན་ཅིག་ཏུ་འཁྱུད་ཅིང་བདེ་བ་ཆེན་པོའི་རང་བཞིན་སྐྱེ་བ་འགྱུར་བ་ཞེས་གདམ་ངག་ཤེས་ནས་ཡོངས་སུ་དག་པའི་ལུས་ཀྱི་དཀྱིལ་འཁོར ་ཡང་དང་ཡང་དུ་བསྟན་པའི་མོས་པས་ཐབས་ཤེས་རབ་ཀྱི་བདག་ཉིད་སྟོང་པ་ཉིད་སྙིང་རྗེ་གཅིག་པ་བདེ་པ་ཆེན་པོ་ཉིད་ཀྱི་སྐུ། བདག་ཉིད་ལྟ་བུར་སྣ་ཚོགས་པའི་འགྲོ་བ་ཡང་དེར་མོས་ཤིང་ཅི་བདེ་བར་གནས་པར་བྱའོ། །ལཱུ་ཡི་པ་ཞབས ་རིམ?་བར་བརྒྱུད་པ་སྡོམ་པ་འབྱུང་བའི་དོན། །ཐབས་དང་བཅས་པར་ཡང་དག་མཐོང་ནས་བླ་མའི་གདམས་ངག་འདི། །ཤེས་རབ་སྙིང་རྗེར་ལྡན་པའི་མི་འཇིགས་བདག་གིས་ལེགས་བཤད་བྱས། །བསོད་ནམས་འདིས་ནི་ཡང་ཡང་སྐྱེ་བའི་རིམ? ་པ་རྣམས་སུ་ཡང། །གཙོ་བོ་དབང་ཕྱུག་སྐུ་ཡི་འོད་ཟེར་ནམ་མཁའ་ཁྱད་པར་གྲགས་པ་ཡིས། །རྡོ་རྗེ་རོལ་པར་ལྷན་ཅིག་སྲིད་གསུམ་དེ་ཡི་གོ་འཕང་ཐོབ་པར་ཤོག་།དཔལ་འཁོར་ལོ་སྡོམ་པའི་མངོན་པར་རྟོགས་པ། །མཧཱ་པཎྜི་ཏ་ཨ་བྷ་ཡ་ཀཱ་ར་གུཔཏ་པཱ་དས? ་མཛད་པ་རྫོགས་སོ།། །།མཧཱ་པཎྜི་ཏ་རཏན་?་ཏ་པཱི?་དའི་ཞལ་སྔ་ནས། ལོ་ཙཱ་བ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ཞང?་གྲུབ་པ་དཔལ་བཟང་པོས་བསྒྱུར་བའོ།། །། *། །དབང་གི་བྱེད་པ་བཞུགས། ། ་