| Wylie | e-texts based on the ACIP/ALL Input |
གཉེ་ཐར་བཀྲ་ཤིས་དཔལ་གྱི་ན་མོ་ཆེར་རྡོ་རྗེའི་གླུ་བླངས་པ་རྫོགས་སོ།། །།རྡོ་རྗེ་གདན་གྱི་གླུའི་འགྲེལ་པ་བཞུགས། །རྒྱ་གར་སྐད་དུ། བཛྲ་ཨཱ་ས་ན་བཛྲ་གཱི་ཏི་བྲིཏྟི། བོད་སྐད་དུ། རྡོ་རྗེ་གདན་གྱི་རྡོ་རྗེའི་གླུའི་འགྲེལ་པ་འཇམ ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །སྐྱེ་ལ་སོགས་པའི་རྦ་རླབས་འཁྲིགས། །སྲིད་པའི་སྡུག་བསྔལ་སེལ་མཛད་ཅིང། །ཐུགས་རྗེས་ཡིད་བཞིན་ནོར་ལྟར་ར་སྐོང་བ། །རྗེ་བཙུན་སྒྲོལ་མ་དེ་ལ་ཕྱག་འཚལ་ལོ། །ཆུའི་ནང་གི་ཟླ་བ ་ལྟར། །གར་དགུའི་ཉམས་དང་ལྡན་པ་སྟེ། །སྟོན་པའི་གཙོ་བོ་ཁྲག་འཐུང་དཔལ་།དཔའ་བོའི་རྒྱལ་པོས་རྟག་ཏུ་སྐྱོང་གྱུར་ཅིག་།འཁྲུལ་འཁོར་མི་བཟད་དབང་གིས་རྟག་ཏུ་འཁོར། །མིག་བྲལ་ལམ་ནོར་རྣམས་པ་ཕན་པའི ་ཕྱིར། །ངེས་དོན་ཟབ་མོ་བརྒྱུད་པའི་རིམ། །བླ་མའི་ལུང་བཞིན་བྲི་བར་བྱ། །དཔལ་ལྡན་རྡོ་རྗེ་གདན་སྤོར་སངས་རྒྱས་དང་ཞེས་བྱ་བ་ལ་སོགས་པས་མཆོད་པར་བརྗོད་པ་ཡིན་ཏེ། དེའི་ཡུལ་ནི་གཉིས་ཏེ། དཀོན་མཆོག་སུམ་དང ་དེའི་རྒྱུ་བླ་མའོ། །དེ་ལ་སངས་རྒྱས་སྨོས་པས་ལམ་ཆོས་དཀོན་མཆོག་དང། རྟེན་དགེ་འདུན་དཀོན་མཆོག་ཤུགས་ཀྱིས་ཤེས་པར་བྱའོ། །དེ་ནི་རྒྱུ་འབྲས་དང་རྟེན་གྱི་རང་བཞིན་ཡིན་པའི་ཕྱིར། དེའི་རག་ལས་པ་བླ་མ་ཡིན ་པས་དེའི་ཕྱིར་བླ་མ་རྡོ་རྗེ་འཛིན་དངོས་བདག་ཉིད་ཅན་ཞེས་བྱ་སྟེ། རང་བཞིན་ལ་ཐ་དད་བ་མེད་པ་དང། དེའི་རྒྱུ་ཡིན་པའི་ཕྱིར་རོ། །ཟབ་པའི་དོན་ལྡན་གླུ་འདི་སྟོན་འགྱུར་བ། །ཡོན་ཏན་ཀུན་རྫོགས་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་དོན་གསལ ་བའི?་ན་རྒྱ་མཚོ་ལྟར་ཟབ་ལ། དེའི་དོན་རྣལ་དུ་མཚོན་པས་གླུ་ཞེས་བྱའོ། །ཡོན་ཏན་ཀུན་རྫོགས་ཞེས་བྱ་བ་ལ་བླ་མའི་ཡོན་ཏན་བཤད་པ་མ་ལུས་པ་རྫོགས་པ་དང་དེ་ལ་རང་བཞིན་གྱིས་སངས་རྒྱས་ཀྱི་ཡོན་ཏན་རྫོགས་པས་དེ་སྐད་ཅེས ་བྱའོ། །དེའི་དམ་པ་སྟེ་དེ་ལ་མཆོད་པར་བརྗོད་པའོ། །ད་ནི་གཞུང་བཤད་པའི་ཕྱིར། ལུས་ནི་རྣམ་བསྐམས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལྡོག་པ་དང་འཇུག་པའི་དབང་གིས་གཉིས་ཏེ། ལུས་རྣམ་པར་བསྐམས་པ་དང ་སེམས་ཉོན་མོངས་པའི་རྒྱུ་ཕྱི་རོལ་པའི་བརྟུལ་ཞུགས་ཏེ་མེ་ལྔ་རྟེན་པ་ལ་སོགས་པའོ། །ཆོས་འདི་པས་བྱ་བ་འདིར་དེ་དང་འདྲ་བའི་བྱེད་པ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་སོགས་པའོ། །གཞན་ཡང་ཏིང་ངེ་འཛིན་དང་མི ་མཐུན་པ་ཐམས་ཅད་དོ། །དེ་ལྟ་བུའི་ལྡོག་པའི་བྱེད་པ་སྤངས་ནས་འཇུག་པ་ནི་ལྷན་ཅིག་སྐྱེས་པའི་འོད་གསལ་བའི་རང་བཞིན་དེ་ལེགས་པར་མཚོན་ཅིང་ཉམས་སུ་བླངས་ན། དེས་ནི་འགྲོ་ཀུན་རང་བཞིན་རྣམ་དག་པར། །དཔལ་ལྡན་རྡོ ་རྗེའི་གདན་ལ་སངས་རྒྱས་འགྱུར་ཞེས་བྱའོ། །དེ་ལ་དག་པ་ལ་གཉིས་ཏེ། རང་བཞིན་གྱིས་དག་པ་འགྲོ་བ་ཀུན་གྱི་ཐུན་མོང་བདེ་ཤེས་རབ་དང། སྙིང་རྗེས་ལེགས་པར་སྦྱངས་པས་དྲི་མ་དག་པའི་གནས་སྐབས་སོ། །བར་གྱི་སྒས?་ནི ་དྲི་མ་མེད་པའི་དག་པའོ། །འཇུག་པ་དང་ལྡོག་པའི་སྒྲའི་དོན་མདོར་བསྟན་ནས། །ད་ནི་དཔེའི་སྒོ་ནས་རྒྱས་པར་བསྟན་པའི་ཕྱིར། །མཛེས་མ་མཆོག་ལྡན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་དཔེ་བཞི་སྟེ་མཛེས་མ་དང ་ཆུ་བོ་དང། བྱང་ཆུབ་ཀྱི་ཤིང་དང་རྡོ་རྗེའོ། །དེ་ལ་དཔེ་དང་པོ་ནི་མཚོན་བྱ་དང་མཚོན་བྱེད་ཀྱི་བརྡའི་དཔེའོ། །གཉིས་པ་ནི་ཆུ་བོ་ལྟར་རྒྱུན་མ་ཆད་པ་དང། མཛའ་གཉིས་ལ་མི་གནས་པའི་དཔེའོ། །གསུམ་པ་ནི་སྦྱངས ་པས་གསལ་བའི་དཔེའོ། །བཞི་པ་ནི་ཡོན་ཏན་གྱི་དཔེའོ། །མཛེས་མ་ཆོག་ཁྱེར་ནས་རབ་ཏུ་མྱུར་བསྒྲུབས་པས་ཞེས་བྱ་བ། མཚོན་བྱེད་བརྡའི་བདག་མེད་མའི་དབང་དུ་བྱས་ནས་མཛེས་མ་ནི་ལུས་སོ། །མཆོག་ནི་ངག་དང་སེམས་སོ།། ་དེ་གསུམ་གྱི་ཡོན་ཏན་དང་ལྡན་པའོ། །ཁྱེར་པ་ནི་བདེན་པ་ལ་སོགས་པའོ། །དེར་རབ་ཏུ་སྒྲུབས་མྱུར་དུ་སྒྲུབ་ཅེས་བྱའོ། །པས་ཞེས་བྱ་བ་ནི་དེ་ལྟར་བསྒྲུབས་པས་ས་ཧ་ཛ་འོད་གསལ་ཉམས་སུ་མྱོང་ཞེས་བྱའོ། །ཇི་ལྟར་མྱོང་བ་ལོག ་ནས་བཤད་པར་བྱའོ། །མཚོན་བྱའི་བདག་མེད་མ་དེ་ནི་མཛེས་མ་མཆོག་ནི་འོད་གསལ་དང་ས་ཧ་ཛའོ། །ལྡན་པ་ནི་ཟག་མེད་ཀྱི་ཡོན་ཏན་དང་ལྡན་པའོ། །དེ་ལྟར་དེ་གཉིས་ཟུང་འཇུག་ཏུ་རབ་ཏུ་མྱུར་དུ་བསྒྲུབས་པས་འབྲས? ་བུ་མ་ཧཱ་མུ་དྲ་ཐོབ་ཅེས་བྱའོ། །དཔེ་གཉིས་པ་ནི་ནཻ་རཉྫ་ནི་འགྲམ་དུ་བདེ་བར་འཇུག་པས་འདུ་ཤེས་བྱ་བ་ལ། ནཻ་རཉྫ་ན་ལ་ཆོས་གཉིས་ཏེ། རྒྱུན་མ་ཆད་པ་དང། འགྲམ་གཉིས་ནས་མི་འབབ་པའོ། །དེ་བཞིན་དུ་རྣལ་འབྱོར ་པས་དཔེས?་མཚོན་པའི་དོན་ལ་རྒྱུན་མ་ཆད་པ་དང། རྟག་ཆད་གཉིས་ཀྱི་མཐར་མ་ལྷུང་བར་དམིགས་པར་བྱའོ། །ལམ་དེ་དཀའ་བས་འཇུག་པ་མ་ཡིན་པས་བདེ་བར་འཇུག་ཅེས་བྱའོ། །འདུས་པ་ནི་གཉིས་ཏེ། རྡོ་རྗེ་དང་པདྨ? ་དང་དབྱིངས་དང་རིག་པ་འདུས་པའི་ཚུལ་གྱིས་བསྒྲུབ་པའོ། །དཔེ་གསུམ་པའི་དཔང་དུ་བྱས་ནས། བྱང་ཆུབ་ཤིང་རྩར་རྡོ་རྗེ་གདན་བཞུགས་ནས་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་ཤིང་ལ་ཆོས་ལྔ་སྟེ། རྩ་བ་དང། སྡོང་པོ་དང། ལོ ་མ་དང། མེ་ཏོག་དང། འབྲས་བུའོ། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྩ་བ་དང་འདྲ་བའི་ཤེས་རབ་དང། སྡོང་པོ་དང། འདྲ་བའི་དད་པ་དང། ལོ་མ་དང་འདྲ་བའི་བརྩོན་འགྲུས་དང། མེ་ཏོག་དང་འདྲ་བའི་དྲན་པ་དང། འབྲས་བུ་དང ་འདྲ་བའི་ཏིང་ངེ་འཛིན་གྱིས་དབང་བྱས་ལ་སྒྲུབ་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་གང་ན་གནས་ཀྱང་རྡོ་རྗེའི་གདན་ལ་བཞུགས་པ་ཞེས་བྱའོ་དཔེ་བཞི་པའི་དོན་བསྟན་པའི་ཕྱིར། །རྡོ་རྗེ་དཔེར་བྱས་ཏིང་ངེ་འཛིན་ལ་གནས་ཞེས་བྱ་བ་ལ་སོགས་པ ་ལ། རྡོ་རྗེ་ལ་ཆོས་གཉིས་ཏེ་མི་ཕྱེད་པ་དང། འབྱེད་པའི། །དེ་བཞིན་དུ་རྣལ་འབྱོར་པས་ཀྱང་དབང་པོ་ལྔ་ལྡན་གྱི་སྒོ་ནས་ཉོན་མོངས་པ་དང། ཤེས་བྱ་དང། སྙོམས་པར་འཇུག་པའི་བསྒྲུབ་པ་གསུམ་གྱིས་མི་ཕྱེད་ལ་ཕབ ་འབྱེད་པའི་ཚུལ་གྱིས་སྒྲུབ་པའོ། །ཏིང་འཛིན་བླ་ན་མེད་པའི་ལམ་འདིས་ཀྱི། །ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བ་དབང་པོ་ལྔས་དབང་བྱས་པའི། །ལམ་འདིས་སོ། །ཀྱེ་ཞེས་བོས་ཏེ་གདམས་པའོ། །བདུད་བཞིའི་འཇིགས་པ ་ཆེན་པོ་གང་དེ་བཅོམ་ཞེས་པ་ནི་ལྷན་ཅིག་སྐྱེས་པ་འོད་གསལ་བ་སྐྱེས་པའི་སྟོབས་ཀྱིས་ལས་དང་ཉོན་མོངས་ཀྱིས་སྐྱེ་བ་ལ་སོགས་པའི་བདུད་དེ་དང་དེའི་འཇུག་པ་རྣམས་ནམ་མཁའ་དག་པའི་ངོས་ལྟར་མཐོང་བས་སོ། །ད་ནི་དཔེ་དང་པའི ་མཚོན་ཆ་དོན་གྱི་བདག་མེད་མ་རྒྱས་པར་བསྟན་པའི་ཕྱིར། གཟུགས་ནི་མ་སྤངས་ཞེས་བྱ་བ་ནི་སོགས་པ་ལ་རཱུ་པ་ཞེས་བྱ་བ་ལ་གཟུགས་དང་རང་བཞིན་གཉིས་ལ་འཇུག་པ་ལས་སྭའིའི་རྐྱེན་བྱིན་ན་སྭ་བི་རཱུ་པ་སྟེ་སེམས་འོད་གསལ་བ ་བདག་མེད་པའོ། །མ་སྤངས་ལྷན་ཅིག་རྣམ་རོལ་པས་ཞེས་བ་ནི་དེ་ལྟ་བུའི་བདག་མེད་མ་དང་རིག་པ་གཉིས་སུ་མེད་པར་རྣམ་པར་རོལ་པའོ། །རང་བཞིན་བདག་མེད་ལ་སོགས་པའི་ཚིག་གཉིས་ནི་གོ་སླའོ། །མཚན་ཉིད་དང་ཕན་ཡོན་ ་བསྟན་པའི་ཕྱིར། །ཆགས་མེད་ཞི་བས་ཉོན་མོངས་མེད་གང་གིས་ཞེས་བྱ་བ་ལ་ཆགས་མེད་ནི་འཇིག་རྟེན་པའི་སེམས་བརྒྱ་དྲུག་ཅུའོ། །ཞི་བས་ནི་དེ་རྣམས་འབྱུང་འཇུག་ཆད་པའོ། །ཉོན་མོངས་མེད་གང་གིས་ནི ་མཚོན་པ་ཙམ་སྟེ། སྒྲིབ་པ་གསུམ་དང་བྲལ་བའི་ཡེ་ཤེས་འོད་གསལ་བ་གང་གིས་སྐྱེ་བ་དང་འཆི་བའི་སྲིད་པའི་འཁྲུལ་པ་བཅད་པའོ། །བཅད་པ་ཙམ་ཡིན་ནམ་ཞེ་ན། འཁྲུལ་པ་མེད་པའི་ཟག་མེད་ཀྱི་ཡོན་ཏན་མ་ལུས་པ ་ལེན་པའི་ཕྱིར། འཁྲུལ་མེད་བདེ་བ་ཆེན་པོ་ལེན་ཅིང་སྟེར་ཞེས་བྱའོ། །དེའི་མཚན་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། དེ་ལ་ཁ་དོག་དབྱིབས་དང་ཚད་ཀྱང་མེད་ཅེས་བྱ་བ་ལ་སོགས་པ་ལ། འདིར་དོན་ནི་འདི་ཡིན་ཏེ། ་མཚོན་བྱེད་ཀྱི་བདག་མེད་མ་ལས་ཀྱི་ཕྱག་རྒྱའི་དབང་དུ་བྱས་ནས། ཁ་དོག་དང་དབྱིབས་ལེགས་པ་མིག་གི་དཀྱུས་རིང་བ་ལ་སོགས་པ་དང་ཕྲ་སྤོམ་ཚད་མཉམ་པ་དང། བྱེད་པ་དམ་ཚིག་གི་འཁོར་ལོ་དྲུག་དང། བདེ་བ་མངོན ་དུ་འདོད་པ་དང་དེ་ལ་བརྟེན་ནས་སེམས་བདེ་པའི་རྣམ་པར་སྐྱེས་པའི་སྐྱེ་བ་དང། སྔགས་དང་ཆོས་ལ་སོགས་པའི་ང་རྒྱལ་ཡོད་པ་དེ་ལ་བརྟེན་ནས་སེམས་རླུང་རྩ་དབུ་མར་བཅུག་ནས་སེམས་བདེ་བའི་རྣམ་པར་བླངས་པས་བརྟན ་པོར་གྱུར་ནས། མཚོན་ཆའི་བདག་མེད་མ་འོད་གསལ་བར་བསྒོམས་པས་དེའི་མཚན་ཉིད་ནི། ཁ་དོག་མེད་པའི་མཚན་ཉིད་ལ་སོགས་པ་དགུ་སྟེ་ཁ་དོག་མེད་པ་དང། དབྱིབས་མེད་པ་དང། ཚད་མེད་པ་དང། བྱེད་པ་མེད་པ་དང ་འདོད་པ་མེད་པ་དང། སྐྱེ་བ་མེད་པ་དང། ང་རྒྱལ་མེད་པ་དང། འགྲོ་འོང?་མེད་པ་དང། བདག་གཞན་མེད་པའི་མཚན་ཉིད་ཅན་ནོ། །དེ་ལྟ་བུའི་མཚན་ཉིད་ཅན་དེ་དང་སེམས་ཐ་དད་མེད་པར་འགྱུར་བའི་དཔེ་ནི། ནམ་མཁའ་ཨི་ངོ་བོ་ཡོངས ་དག་ཇི་ལྟ་བར་ཞེས་བྱ་བ་གསུངས་ཏེ། ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟར་སྣང་བའོ། །དེ་གང་གི་ཡུལ་ཡིན་ཞེ་ན། རྣལ་འབྱོར་ཐུབ་མཆོག་མ་ལུས་པ་རྣམ་པར་རོལ་ཞེས་བྱ་བ་ལ་སོགས་པ་ལ། རྣལ་འབྱོར་པ་ཐུབ་པས་སངས ་རྒྱས་ཀྱི་སྲས་བླ་མ་དེ་ས་ཉེ་བར་བསྟེན་པ་ཚོགས་བསགས་པ་སྐལ་པ་དང་ལྡན་པ་རྣམས་ཀྱིས་ཤེས་རབ་ཀྱི་མིག་གིས་ཡུལ་དུ་མཐོང་ཞིང། དབང་པོ་བཞིས་ངེས་པའི་ཚུལ་གྱིས་རོལ་པའོ། །དེའི་ཕྱིར་དེ་ནི་བཙུན་མོ་བདག་མེད་མ་ཞེས ་བྱའོ། །དེ་ལྟ་བུའི་རང་བཞིན་བདག་མེད་བདེ་དང་རོལ་པས། ལས་དང་ཉོན་མོངས་པའི་སྐྱེ་བ་ལ་སོགས་པ་རྩད་ནས་གཅོད་པ་ཡང་ཡིན་ལ། །རང་བཞིན་གྱིས་འགོག་པ་མངོན་དུ་བྱ་རྒྱུ་ཡང་ཡིན་མོད་ཀྱི། འོན་ཀྱང་བྱམས་པ་དང ་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས་ཀྱིས་རང་གི་རྒྱུད་ལ་ཟག་མེད་ཀྱི་ཡོན་ཏན་མ་ལུས་བརྫོགས་པར་མ་བྱས། སེམས་ཅན་ཡོངས་སུ་སྨིན་པར་མ་བྱས། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་མ་བྱས་པར་པར་མ་དེར་ཡང་དག ་པའི་མཛའ་ཨི་མངོན་དུ་མ་བྱས་ན་ཉན་ཐོས་དང་རང་རྒྱལ་བར་ལྟུང་བས། དེའི་ཕྱིར་བཟོད་པ་དེ་དང་ལྡན་བཞིན་དུ་དགེ་བའི་ཆོས་མཛའ་དག་རྫོགས་པར་བྱ་དགོས་པར་བསྟན་པའི་ཕྱིར། ཆགས་མེད་བྱམས་དང་སྙིང་རྗེ་ལས་བྱུང་བའི།། ་བྱང་ཆུབ་སྨོན་པའི་སེམས་ནི་ལེགས་བརྟན་བྱེད་ཅེས་པ་ལ། ཆགས་པ་མེད་པ་ནི་སྒྱུ་མ་མཁན་ལྟར་རང་བཞིན་ཤེས་པས་མ་ཞེན་པའོ། །བྱམས་པ་སྙིང་རྗེས་འཕངས་པའི་བྱང་ཆུབ་ཀྱི་སེམས་ནི་གོ་བར་ཟད་དོ། །དེ་ལ་འདིར་རིམ་པ་ནི ་འདི་ཡིན་ཏེ།། རྣལ་འབྱོར་པས་ཐོག་མར་མལ་ནས་ལངས་ནས། ཐོག་མ་མེད་པ་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལ་བདག་དང་བདག་གིར་མ་གྲུབ་བཞིན་དུ་དེར་བརྟག་པས་རྟོག་པར་བལྟས་པའི་དབང་གིས་རྟོག་པའི་རྒྱུ་ནི ་ལ་སྡུག་བསྔལ་གྱི་མེ་འབར་བ་རྣམས་ལ་བལྟས་ཏེ། སྐྱེ་བའི་བརྒྱུད་པ་ལ་གྲངས་མེད་པས་སེམས་ཅན་འདི་གཅིག་གིས་ཀྱང་མ་ལྟ་བུ་བྱས་པའི་གྲངས་མི་ཆོད་པས་འཁོར་བ་མཛའ་དག་ན་གནས་པའི་འགྲོ་བ་རྣམས ་གདོམ་པའི་བསམས་པས་དང་པོར་བྱམས་པ་དང་སྙིང་རྗེ་ཡིད་ལ་བྱ། །དེ་ནས་དེ་རྣམས་ཀྱི་ཆེད་དུ་དཔལ་ཧེ་རུ་ཀ་འདོད་པའི་སྨོན་པ་བྱང་ཆུབ་ཀྱི་སེམས་བརྟན་པར་བྱ། དེ་ནས་ཆོས་ཐམས་ཅད་སེམས་རླུང་གི་རྣམ་འཕྲུལ་ཡིན་པའི ་ཕྱིར། སེམས་ལས་གཞན་པའི་དོན་མེད་པར་བསམས་ལ། རླུང་སེམས་ཙམ་ལ་ལྷའི་སྐུར་བསམ་པ་ནི་བདག་བྱིན་གྱིས་བརླབ་པ་ཀུན་རྫོབ་ཀྱི་བདེན་པའོ། །དེ་ནས་སྔར་གྱི་བདེ་བ་དང་དྲན་པའི་ཐབས་ཀྱི་སེམས་རླུང་རྩ་དབུ ་མར་བཅུག་ལ་སྟོང་པ་ཆེན་པོའི་ཏིང་ངེ་འཛིན་བདེ་བ་དང་བཅས་པ་བསྒོམ་པར་བྱའོ། །དེ་ནས་སེམས་ཀྱི་རང་བཞིན་ལ་ཞུགས་པར་བསམ་ལ་དེའི་ཚེ་དེའི་མཚན་ཉིད་འོད་གསལ་བ་སྣང་བ་མེད་པའོ། །ནམ་མཁའ་ཨི་དཀྱིལ་ལྟ་བུ ་ལ་ཤེས་རབ་ཀྱི་མིག་གིས་བལྟ། དྲན་པས་མ་ཡེངས་པར་བལྟ། དང་པས་ཡིད་ཆེས་པར་བྱས་ལ་བལྟ། བརྩོན་འགྲུས་ཀྱིས་འཇིག་རྟེན་པའི་སེམས་མེད་པར་བྱས་ལ་བལྟ། ཏིང་ངེ་འཛིན་གྱིས་རྩེ་གཅིག་པའི་ཚུལ་གྱི ་བལྟས་པས་སེམས་ཀྱི་རང་བཞིན་འོད་གསལ་བདེ་སྣང་བ་མེད་པ་གསལ་བ་དང་བ་དང་པར་སྣང་དེ་ལ་བརྟེན་ནས་ངེས་པའི་ཤེས་པ་སྐྱེའོ། །དྲན་པས་མ་ཡེངས་པར་བལྟ་བའི་དཔེ་ནི་ཡུངས་ཀར་བརྩེགས་པ་ལག་ཏུ་བསྐུར་བའི ་སྐྱེས་བུ་ལྟ་བུའོ། །དད་པས་ཡིད་ཆེས་པའི་དཔེ་ནི་གཞོན་ནུ་མ་འདོད་པ་མྱོང་བ་ལྟ་བུའོ། །བརྩོན་པའི་དཔེ་ནི་རྒྱལ་པོའི་སྒོ་བསྲུང་བ་ལྟ་བུའོ། །ཏིང་ངེ་འཛིན་གྱི་དཔེ་ནི་རླུང་མེད་པའི་མར་མེ་དང་འདྲ་བར་བལྟའོ། །ཤེས་རབ་ཀྱི ་ངེས་པའི་དཔེ་ནི་སྔར་འདྲིས་པའི་མི་མཐོང་བ་བཞིན་ནོ། །དཔེ་འདི་རྣམས་ཀྱི་གཏམ་རྒྱུད་ནི་གཞུང་མངས་པའི་འཇིགས་པས་མ་བྲིས་སོ། །དེ་ལྟར་ཇི་ཙམ་སེམས་གནས་པར་ནུས་པ་དེ་སྲིད་དུ་གནས་ལ། དེ་ནས་དེའི་ངང ་ལ་སྐད་ཅིག་གིས་སྒྱུ་མ་ལྟ་བུའི་ལྷའི་སྐུར་ལངས་ལ་དངོས་པོ་ཐམས་ཅད་ཆུ་ཟླ་ལྟ་བུར་སྒྲོ་སྐུར་དང་བྲལ་བ་སྣང་བ་ཙམ་གྱི་མཚན་ཉིད་དུ་བསམས་ལ། བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཀྱི་འཕངས་པའི་དགེ ་བའི་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྒྲོ་སྐུར་དང་བྲལ་བའི་ཚུལ་གྱིས་ཡོངས་སུ་རྫོགས་པར་བྱའོ། །དེ་ལྟར་ན་ཐབས་ཤེས་རབ་དང། སྙིང་རྗེ་དང། ཤེས་རབ་དབྱེར་མེད་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར ་བྱ་སྟེ། དེ་ལྟར་མ་ཡིན་ན་ཉན་ཐོས་ལ་སོགས་པར་ལྟུང་ངོ། །དེའི་ཕྱིར་མདོ་ལས། ཐབས་མེད་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་ཞེས་པས་སོ། །དེ་ལ་ཐབས་གང་ཞེ་ན། བྱང་ཆུབ་ཀྱི་སེམས་ཀྱིས་འཕངས་ནས་དགེ་པའི ་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དང། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱེད་པའོ། །ཤེས་རབ་གང་ཞེན་དེ་ཞེན་པ་དང་སྤྲོས་པ་གཅོད་པའོ། །དེ་བས་ན་ཐབས་དེ་མེད ་ན་ཤེས་རབ་དེ་མི་འབྱུང་བའི་ཕྱིར། །དེ་བཞིན་དུ་ཐེག་པ་ཆེན་པོའི་མདོ་གཞན་ལས་ཀྱང། ཐབས་ཀྱི་དགེ་བའི་ཆོས་ཐམས་ཅད་སྡུད་པ་ཡིན་ལ། ཤེས་རབ་ཀྱིས་འབྱེད་པའོ་ཞེས་རྒྱས་པར་གསུངས་སོ། །དེ་ལྟ་བུའི་རྣལ་འབྱོར་པ་ནི ་མཛའ་གཉིས་ལ་མི་གནས་པར་འགྲོ་བས་དེའི་ཕྱིར། །རང་བཞིན་གོམས་པའི་ཡིད་ནི་གར་མི་གནས། །འདི་དེ་ཉིད་ནི་བླ་མེད་བྱང་ཆུབ་ལམ་ཞེས་བྱའོ། །ད་ནི་ཤེས་རབ་ཀྱི་མིག་གིས་བལྟ་བའི་ཡུལ་གཞན་བསྟན་པའི ་ཕྱིར། རབ་རིབ་ཅན་ནི་མཁའ་ལ་སྒྲ་མཐོང་སྨྲ་ཞེས་བྱ་བ་ལ་སོགས་པ་ལ་དེས་བལྟ་བའི་ཡུལ་གཉིས་ཏེ། མེད་པ་དང་ཡོད་པའོ། །མེད་པ་མཐོང་བ་ནི་ཚུ་རོལ་མཐོང་བའི་ཤེས་པ་དང། ཤེས་བྱ་མ་ལུས་པ་སྟེ། ་མེད་པ་མཐོང་བ་དཔེར་ན་ནི་རབ་རིབ་ཅན་གྱི་སྐྲ་ལ་སོགས་པ་དང་འདྲ་བར་ཤེས་པའོ། །ཡོད་པའི་རང་བཞིན་མཐོང་བ་ལ་གཉིས་ཏེ། རྟེན་འོད་གསལ་དང། བརྟེན་པ་ཟག་མེད་ཀྱི་ཡོན་ཏན་མཐོང་བའོ། །འོད་གསལ་ཇི་ལྟར ་མཐོང་ཞེ་ན། སྐྱེ་བ་མེད་པ་རྣམ་པ་མེད་པར་མཐོང་བས། དེའི་ཕྱིར་སྐྱེ་མེད་གནས་མེད་འགྲོ་ཀུན་ཡང་དག་པར་ཞེས་བྱའོ། །ཟག་མེད་ཀྱི་ཡོན་ཏན་ཇི་ལྟར་མཐོང་ཞེ་ན། སྒྱུ་མ་དང་རྨི་ལམ་དང། མིག་འཕྲུལ་དང། ཆུ་ཟླ་ལྟར ་སྒྲ་སྐུར?་དང་བྲལ་བ་སྣང་བ་ཙམ་མྱོང་བ་ཙམ་གྱིས་རང་བཞིན་དུ་མཐོང་བའོ། །དེའི་ཕྱིར་མིག་འཕྲུལ་ཅན་ཇི་བཞིན་ངེས་པར་ཡོངས་སུ་སྣང་ཞེས་བྱའོ། །ད་ནི་ཞལ་ལ་འོང་བའི་བརྟག་པའི་རྣལ་འབྱོར་དགག་པའི་ཕྱིར། བརྟགས ་པའི་སྤྲོས་པས་བསྐྱེད་ལ་མ་ཆགས་ཅིག་ཅེས་བྱ་བ་ལ་བརྟགས་པའི་སྤྲོས་པ་ནི་ཐིག་ལེ་དང་ཕྲ་མོ་ལ་སོགས་པའོ། །མ་ཆགས་པ་ནི་དེ་ལ་བརྟེན་ནས་སེམས་གནས་པ་ཕྲ་མོ་ཡོད་ཀྱང་ལམ་གྱི་མཚན་ཉིད་མ་ཆང?་བས་བྱང ་ཆུབ་ཀྱི་ལམ་མ་ཡིན་པས་དགག་པའོ། །དེ་ཉིད་འཁོར་བའི་འཁྲུལ་འཁོར་གཅོད་པའི་ལམ་མ་ཡིན་པས་འཁོར་པའི་རྒྱུར་བསྟན་པ་ནི། སྣ་ཚོགས་རྣམ་རྟོག་ལས་གཞན་འཆིང་བ་མེད། དེ་ལ་སྐྱེ་འཆི་འཁོར་བ ་གཞན་མ་ཡིན་ཞེས་བྱ་བ་ལས་སྲིད་པའི་འཁྲུལ་འཁོར་གཅོད་པའི་མཚན་ཉིད་དང་མི་ལྡན་པའི་ཐབས་གོམས་སུ་ཟིན་ཀྱང་འཁྲུལ་འཁོར་དེ་ཉིད་མི་ཚོད་པས་སྤང་བར་བྱ་བའོ། །ངེས་དོན་གོམས་པར་བྱེད་པའི་རྣལ་འབྱོར་པ་ལ་གདམས ་པ་བསྟན་པའི་ཕྱིར། རྣལ་འབྱོར་འགྲོ་ལ་བདག་གིས་སྙིང་པོས་སྨྲ། ཞེས་བྱ་བ་ལ་སོགས་པ་ལ། གང་ལ་གདམ་པ་དང། གང་གདམས་པ་དང། ཚུལ་ཇི་ལྟར་གདམས་པའོ། །རྣལ་འབྱོར་པ་དང། སྙིང་པོའི་དོན་དང། དྲན་པ ་ལ་གདམས་པའོ། །གང་ལ་གདམས་པ་རྣལ་འབྱོར་པ་རྣམས་ལའོ། །གང་གདམས་ན་སྙིང་པོ་སྟེ་འདི་གསལ་བའོ་།ཇི་ལྟར་གདམས་ན་དྲན་པ་ལ་སོགས་པའོ། །རྣམ་རྟོག་རྒྱུ་བ་ནི་འཇིག་རྟེན་པའི་སེམས་སོ། །མ་ལྟ་བ་ནི་མ་འདྲང ་བར་གདམས་པའོ། །དེ་ཅིའི་ཕྱིར་ཞེ་ན། གང་འཁོར་བ་སེམས་དང་གང་གིས་འཁོར་ན་རླུང་གིས་དང། ཚུལ་ཇི་ལྟར་འཁོར་ན་འཇིག་རྟེན་པའི་སེམས་རྣམས་ཀྱིས་ཉིན་མཚན་དུ་བག་ཆགས་སྣ་ཚོགས་བཞག་པའི་དབང་གིས ་འཁོར་བ་སྟེ། བདེ་བས་ན་འཁོར་བར་བྱེད་པའི་རྣམ་རྟོག་གཞན་མིན་ལ། འཁྲུལ་བར་བྱེད་པའི་མ་རིག་པ་གཞན་མིན། འོ་ན་ཅི་ཞེ་ན། སེམས་དང་རླུང་ངོ། །འཇིག་རྟེན་པའི་སེམས་བཤད་པ་ནི་ཆགས་སྔར་ཞེས་བྱ་བ་ལ་སོགས ་པ་སྟེ། གོ་སླའོ། །ཤེས་རབ་ལ་གདམས་པ་ནི། གང་གང་རྣམས་བརྟགས་ཞེས་བྱ་བ་ལ་སོགས་པ་ལ་སེམས་དང་རླུང་གི་རྣམ་པར་འཁྲུལ་པ་ལ་བརྟེན་ནས་འཇིག་རྟེན་པའི་སེམས་གང་དང་གང་བྱུང་བ་ལ་ཤེས་རབ་ཀྱིས་བརྟགས ་ན་བརྫུན་པ་དང་ཕྱིན་ཅི་ལོག་ཏུ་རྟོགས་ལ། སྙིང་པོའི་དོན་ལ་ངེས་པར་བརྟགས་ན་བདེ་བ་ཆེན་པོའོ། །དེ་བས་ན་འདི་ལྟའི་ཏིང་འཛིན་བདེ་བ་ཆེན་པོར་སྨྲ་ཞེས་བྱ་སྟེ། འོད་གསལ་ལ། དབང་པོ་ལྔས་དབང་བྱས་པའོ། །སྲིད་པའི ་འཁྲུལ་པ་མ་ལུས་བཅད་པས་སྐྱེ་བ་དང། འཆི་བའི་འཇིགས་པ་དང། ནད་དང་གནོད་པའི་སྡུག་བསྔལ་གང་ཡང་མེད་དོ། །ད་ནི་རང་བཞིན་མ་ཤེས་ན་འདོད་པའི་ཡོན་ཏན་རྣམས་ལ་ཆགས་པས་འཆིང་བར་བསྟན་པའི་ཕྱིར། རི་དགས? ་སྨིག་རྒྱུ་ཞེས་བྱ་བ་ལ་སོགས་པ་སྟེ་གོ་སླའོ། །གྲོང་དུ་ལོངས་སྤྱོད་བདེ་བ་ཚོལ་ཞེས་བྱ་བ་ལ་སོགས་པས་འཆིང་བའི་དཔེ་བསྟན་པའོ། །ད་ནི་རང་བཞིན་ཤེས་ན་གྲོལ་བའི་རྒྱུད་བསྟན་པའི་ཕྱིར། །གང་ཞིག་ངོ ་བོ་ཤེས་པས་གང་ཡང་འགྲོ་མེད་པའི། ཏིང་འཛིན་རོལ་པས་བསམ་མི་ཁྱབ་པར་སྤྲོ་ཞེས་པ་ལ། དངོས་པོ་ཐམས་ཅད་སེམས་རླུང་གི་རྣམ་འཕྲུལ་དུ་ཤེས་ལ་དེ་མ་སྐྱེས་པར་ཤེས་ནའོ། །ད་ནི་མཚོན་བྱེད་ཀྱི་བདེ་བ་ལ་ཞེན ་ན་དེ་ཉིད་མི་མཐོང་པར་བསྟན་པའི་ཕྱིར། གང་ལ་ཡིད་ཀྱི་བྱ་རྒོད་ཅེས་བྱ་བ་ལ་སོགས་པ་ལ། དེ་ལ་དཔེ་གཉིས་ཏེ། བྱ་རྒོད་རྟེན་པའི་ཤིང་གི་དཔེ་དང། ནམ་མཁའ་ཨི་མེ་ཏོག་ལ་བུད་པ་འཇིག་པ་མཐོང་བའི་དཔེའོ། །དང་པོ་ལས་གཉིས་ཏེ ་བཅིང་པ་དང་བཏང་བའི་དཔེའོ། །བྱ་རྒོད་གནས་པའི་ཤིང་དེ་བྱ་ཐལ་གྱི་རྩ་བ་སྤྲུལ། །མཆུས་ཤུན་པ་བཤུས་པས་ལོ་མ་དང་མེ་ཏོག་མི་སྐྱེ་བ་དེ་བཞིན་དུ་རྣལ་འབྱོར་པས་སེམས་རླུང་འདྲེན་ནས་སེམས་བདེ་བའི་རྣམ་པར་སྐྱེས ་པ་ལ་དེར་ཞེན་ན་མེ་ཏོག་དང་འདྲ་བའི་འོད་གསལ་མི་མཐོང་ལ། ལོ་མ་དང་འདྲ་བའི་ཟུང་འཇུག་གི་སྐུ་མི་མཐོང་བའོ། །དེའི་ཕྱིར་གང་ལ་ཡིད་ཀྱི་བྱ་རྒོད་རྟེན་ཅིང་གནས་པའི་ཤིང་དེ་ལ་བདེ་བའི་མེ་ཏོག་ལོ་མ་སྐྱེ་བ་མེད་ཅེས་བྱའོ།། ་འོ་ན་དེ་ཉིད་གང་གིས་མཐོང་ཞེ་ན། སེམས་རླུང་བཅིངས་པ་དང་འཇིག་རྟེན་པའི་སེམས་བསང་པས་འོད་གསལ་མཐོང་ལ། བཏང་བས་ཟུང་འཇུག་མཐོང་བའོ། །ངེས་པར་ཡིད་ཀྱིས་བྱ་རྒོད་བཅིངས་བསང་ན། ཅེས་པ་ནི་འོད ་གསལ་བའི་ངང་དུ་སེམས་རླུང་བཅིང་བ་དང་བསང་པའོ། །ངེས་ཅིང་འགྱུར་ཞེ་ན། འཁྲུལ་འཁོར་འཆད་དེ། གཡོ་ཞིང་འགྱུར་བས་མ་ལེགས་བྱེད་པར་གང་ཞིག་འགྱུར་ཞེས་བྱ་བ་ལ་རླུང་གིས་གཡོ་ཞིང་སེམས་བརྒྱ་དྲུག་ཅུར ་འགྱུར་བ་བཅད་པས་མ་ལེགས་བྱེད་པ་སྟེ། དགེ་མི་དགེ་བག་ཆགས་འཇོག་པར་ཇི་ལྟར་འགྱུར་ཏེ་མ་འགྱུར་རོ། །བྱ་རྒོད་བཅིངས་པ་ལས་བཏང་ན་ཤ་ཁྲག་འཐུང་པས་བཀྲེས་པ་མེད་པ་དང་འདྲ་བར་ཡིད་ཀྱི་ལུས་ཆུ་ཟླ་ལྟར་གནས་པ་དེ་ཤེས ་རབ་ཀྱིས་གཉིས་སུ་མཐོང་བའི་ཕྱོགས་བཅོམ་པས་དེ་ཉིད་གྲོགས་ཡིན་ནོ། །སྣང་བའི་དངོས་པོ་གང་ཆུ་ཟླ་ལྟར་ཤེས་པའི་རྣལ་འབྱོར་པ་དེ་ལ་གནས་གར་ཡང་བཟུང་འཛིན་གྱི་གནོད་པའི་འབད་པ་བྱེད་པ་མེད་དོ། །དེ་བས་ན་འོད་གསལ་སྟོང ་ཉིད་བརྟན་པར་བྱ་བ་ལས་འཁྲུལ་པ་སྤང་དུ་མེད་པའི་ཕྱིར། སྟོང་ཉིད་བརྟན་གྱིས་འཁྲུལ་པ་སྤང་དུ་མེད་ཅེས་བྱའོ། །འཁྲུལ་པས་འཆིང་སྤང་སེམས་པར་མ་བྱེད་ཅིག་ཅེས་བྱ་བ་ནི། འོད་གསལ་བས་ས་ཧ་ཛའི་རྣལ་འབྱོར་མ?་རྟོགས ་པར་འཁྲུལ་པའི་རྣལ་འབྱོར་གང་གིས་ཀྱང་འཇིག་རྟེན་པའི་སེམས་འཆིང་བ་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གང་ལས་བྱུང་དེ་ནི་ངེས་བལྟས་ལ། །མི་རྟོག་ཏིང་ངེ་འཛིན་གྱིས་དེ་གསལ་གྱིས། ཞེས་བྱ་བ་ལ། འཇིག་རྟེན་པའི་སེམས་གང ་དང་གང་བྱུང་བདེ་ཤེས་རབ?་ཀྱི་མིག་གིས་ལྟོས་ལ་གསལ་བར་གྱིས་ཞེས་བྱ། གང་གིས་ཞེ་ན། མི་རྟོག་ཏིང་ངེ་འཛིན་གྱིས་ཏེ། མི་རྟོག་པ་ཤེས་རབ་དང། ཏིང་ངེ་འཛིན་དངོས་སུ་སྨོས་ལ་གསུམ་ཤུགས་ཀྱིས་ཤེས་པར་བྱ་སྟེ། དབང་པོ་ལྔ་ལྡན ་གྱིས་བསལ་བའོ། །མཇུག་བསྡུ་པའི་ཚུལ་གྱིས་གདན་ས། པ་ནི། རྣམ་རྟོག་དྲི་མ་ཆེན་པོ་མ་ལུས་ཁྲུས། །ནམ་མཁའ་ཨི་མེ་ཏོག་དང་འདྲ་དངོས་པོ་མཉམ་པར་རྟོག་ཞེས་བྱ་བ་ནི། རྟོག་པའི་དྲི་མ་འཁྲུ?་བ་ལ་འཁྲུལ་པའི་དངོས་པོ་ནམ་མཁའ་ཨི ་མེ་ཏོག་དང་འདྲ་བར་ཤེས་རབ་ཀྱིས་བརྟགས་པ་དང་ཤེས་ཤིང་གོམས་པར་བྱ་བའི་ལམ་དེ་ཟུང་འཇུག་ཏུ་མཉམ་པར་བརྟག་པར་བྱའོ། །དཔེ་གཉིས་པ་ལྡོག་པའི་དབང་དུ་བྱས་ནས། ངེས་སྦྱངས་བག་ཆགས་བྲལ་བས་རྣལ་འབྱོར ་མ་མཐོང་བ་།ནམ་མཁའ་ཨི་མེ་ཏོག་བུང་བ་འཇིབ་པ་མཐོང་བ་འདྲ་ཞེས་བྱ་བ་ནི། མཚོན་བྱེད་ཀྱི་བདེ་བ་དེ་ལ་སེམས་ངེས་པར་སྦྱོངས་པས་འཇིག་རྟེན་པའི་སེམས་རྣམས་རྒྱུ་བའི་བག་ཆགས་དང་བྲལ་ཡང་རྣལ་འབྱོར་ཏེ། དབྱིངས ་དང་རིག་པ་གཉིས་མེད་མ་མཐོང་བ་ནི་རླུང་དང་སེམས་རང་བཞིན་ལ་མ་བཅུག་པར་ཚོར་བ་བདེ་བས་ཀུན་ནས་དཀྲིས་པ་དང་བཅས་པ་ལ་ཞེན་པ་ནི། ནམ་མཁའ་ཨི་མེ་ཏོག་ལ་བུང་བ་?་པ་མཐོང་བ་དང་འདྲ་བའི་ཕྱིར་རོ། །འོ་ན་མཚོན་བྱེད ་དུ་བཤད་པ་ཅི་ཞེ་ན། དེ་ནི་ཉེས་པ་མེད་དེ་མཛུབ་མོས་ཟླ་བ་མཚན་པ་དང་འདྲ་བར། རླུང་སེམས་བདེ་བའི་རྣམ་པར་བརླབས་ནས་བརྟན་པ་དང། རླུང་སེམས་རང་བཞིན་ལ་གཞུག་དགོས་པའི་ཕྱིར་རོ། །དེ་ཉིད་ལ་ཞེན་ན་དོན་དམ་? ་ལ་སླུ་བ་དང་འཁྲུལ་པ་ཞེས་བྱ་སྟེ། ལྟོས་པས་བཞག་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྗེས་སུ་འགྲོ་བའི་སྒོ་ནས་བསྟན་པ་ནི་ངེས་སྦྱངས་ཞེས་བྱ་བ་ལ་སོགས་པ་ལ། དེ་ལྟར་རླུང་སེམས་བདེ་བའི་རྣམ་པར་ངེས་པར་སྡུས་པས་འཇིག་རྟེན་པའི་སེམས ་བརྒྱ་དྲུག་ཅུས་སྟོང་བའི་སྟོང་པ་ཆེན་པོ་དེ་བླ་མ་དམ་པ་དང། སངས་རྒྱས་ཀྱི་ཚིག་བཞིན་དུ་ཐམས་ཅད་སྟོང་པ་འོད་གསལ་དུ་བཅུག་ལ་བསྒོམ། སྤྱོད་པ་རྣམ་པར་དག་པ་སྟེ་དེ་ལས་རྒྱུ་མ་ལྟ་བུའི་ལྷའི་སྐུར་ལོངས་ལ་ལྷའི་སྐུ་དེ་ཡང་ཆུ་ཟླ་ལྷར་? ་པའི་ཚུལ་གྱིས་དགེ་བའི་ཆོས་ཐམས་ཅད་རྫོགས་པར་བྱའོ། །འོ་ན་ཐམས་ཅད་སྟོང་བ་འོད་གསལ་འབའ་ཞིག་གོམས་པར་བྱ་བ་ལས་སྤྲོས་པས་ཅི་བྱེད་ཅེ་ན། སྤྲོས་པ་ལྟར་སྣང་ཡང་འཇིག་རྟེན་པ་རྣམས་ཀྱི་སྤྲོས་པའི་གནས ་པ་དང་འགལ་བ་ཞེས་བྱའོ། །དེ་ནི་ནམ་མཁའ་ཨི་མེ་ཏོག་ལ་བུང་བ་འཇིབ་པ་དང་འདྲ་བའི་ཕྱག་རྒྱ་དང། བདག་གཞན་དུ་ལྟ་བའི་འཁྲུལ་པ་འོད་གསལ་གྱིས་སྦྱོང་བའོ། །འོད་གསལ་དུ་ཇི་ལྟར་བསྒོམ་ཞེ་ན། འཇིག་རྟེན་སྤྲོས་ལ་རྡོ་རྗེ ་ཕབ?་ཞལ་ནི། ཞེས་བྱ་བ་ནི་སྣོད་བཅུད་ཐམས་ཅད་འོད་གསལ་དུ་བཞུ་ལ་ཚུར་བསྡུའོ། །འཇིགས་འཛིན་ངོ་ཚ་ཨ་བ་དྷུ་ཏཱིས་སྤོངས་ཞེས་བྱ་བ་ནི། རླུང་སེམས་དང་བཅས་པ་རྩ་དབུ་མར་བཅུག་ལ་འོད་གསལ་བསྒོམ་པའོ། །དཔེ་བཞི་པའི ་མཇུག་བསྡུ་པའི་ཕྱིར། བྱང་ཆུབ་སྨོན་པ་ཞེས་བྱ་སྟེ་བཤད་ཟིན་ཏོ། །སྙིང་རྗེ་དང་ཤེས་རབ་ཐབས་ཤེས་རབ་གཉིས་མེད་དུ་ངེས་པར་སྦྱངས་པའི་དང?་ཐེག་པ་ཆེན་པོའི་ལམ་ཐམས་ཅད་འདུས་པའི་ཕྱིར་རོ། །དེ་ལྟ་བུའི་ལམ་དེ་ནི་མཁའ་འགྲོ ་མའི་དམོད་སྔགས་དང་འདྲ་བ་དེ་གང་ལས་རྙེད་ཅེ་ན་བླ་མ་ལས་ཧེ་དེ་མེད་ན་དེ་མི་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་རྣལ་འབྱོར་མ་ཉམས་མྱོང་ན་རྣལ་འབྱོར་པར་འགྱུར་བས་ཞེས་བྱ་བ་ནི། སྙིང་རྗེ་དང་ཤེས་རབ་དང། དབྱིངས?་དང་རིག་པ་གཉིས ་མེད་དུ་བསྒོམས་པ་ལ་བྱ་ལ། དེ་གླ་མ་ལ་རག་ལས་ཏེ། དཔེར་ན་གཞོན་ནུ་མའི་བདེ་བ་སྐྱེས་པ་ལ་རག་ལས་པ་དང་འདྲའོ། །དེ་བས་བླ་མ་དམ་པའི་ཐབས་གང་གིས་སྲིད་པའི་འཁྲུལ་པ་དེ་ཚེ་འདི་ལ་གཅོད་པས་དེའི་ཁུ་བ་ལས་གཅེས་པར ་བྱ་བ་ཅི་ཡང་མེད་དོ། །དེའི་ཕྱིར་བདག་ལ་ལེགས་སུ་འདོད་པའི་མཁས་པ་རྣམས་ཀྱིས་དམ་པ་བསྟེན་པར་བྱའོ། །སྙིང་རྗེས་གཞན་ཕན་ཞེས་པ་ནི་གོ་སླའོ། །ད་ནི་གཞུང་ཉེ་བར་བསྡུ་བའི་ཕྱིར། ཡི་གེ་ཤྲཱི་ནི་གཉིས་མེད་ཡེ་ཤེས་སྟེ་ཞེས་བྱ་བ ་ལ་སོགས་པ་ནི། ལམ་དའི?་མཇུག་སྡུད་དེ། བདེན་པ་གཉིས་ཀྱི་མཚན་ཉིད་དང། དེ་གཉིས་སུ་མེད་པ་ཟུང་འཇུག་སྟོན་པ་སྟེ། དེའི་མིང་གི་རྣམ་གྲངས་དོན་པའི་ཧེ་རུ་ཀ་དང། རྡོ་རྗེ་སེམས་དཔའ་དང་།བདེན་པ་གཉིས་ཀྱི་ཚུལ་ལ་གནས་པ་ཞེས ་བྱ་བ་ལ་སོགས་པའོ། །ཆོས་ཚུལ་ཟབ་མོ་རྒྱ་མཚོ་ལྟ་བུ་འདི། །གཞན་ལ་ཕན་པའི་བསམས་པས་བྲིས་པ་ཡིན། །འདི་ལ་ཉེས་པར་གྱུར་པ་དེ་དག་ཀུན། །འཕགས་དང་མཁའ་འགྲོ་རྣམས་ཀྱིས་བཟོད་པར་མཛོད། །ཐ་མའི་ ་དུས་སུ་གྱུར་བ་ན། །ཚེ་ཐུང་ནད་མང་ལོང་སྤྱོད་དམན། །རྐྱེན་ངན་བར་ཆད་མང་པ་ཡིས། །ཡུན་རིང་གནས་པའི་མཐུ་མེད་པས། །ཚིག་རྗེས་བཅད་པར་མི་ནུས་ཀྱིས། །བཤེས་གཉེན་དམ་པ་བསྟེན་བྱ་སྟེ། ། ་ཤིན་ཏུ་བརྩོན་པའི་སེམས་ལྡན་པས། །གཡང་ས་རབ་ཏུ་དྲན་བྱ་སྟེ། །གཞན་དག་གྲོལ་བར་བྱ་བའི་ཕྱིར། །སྙིང་པོའི་དོན་འདི་བཀྲོལ་བ་ཡིན། །བརྩེ་བས་འདི་བཀྲོལ་བསོད་ནམས་ཀྱིས། །ལམ་དམན་ཞུགས་པའའགྲོ ་བ་རྣམས། །དམ་པའི་ལམ་ལ་གནས་པར་ཤོག་།རྡོ་རྗེའི་གླུའི་དོན་གསལ་བར་བྱེད་པ་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ་རྫོགས་སོ།། །།པཎྜི་ཏ་ང་ཉིད་དང། ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །།མར་མེ་མཛད་ཡེ་ཤེས་ཀྱི་གླུ་བཞུགས། །རྒྱ་གར་སྐད་དུ། ཙཱདྱ་གཱི་ཏ། བོད་སྐད་དུ། སྤྱོད་པའི་གླུ། །འཇམ་དཔལ་གཞོན་ནུ་ང་གྱུར ་