| Wylie | e-texts produced with BDRC’s OCR application |
པརྙེད་འགྱུར་ཤོག། རྒྱ་གར་གྱི་མཁན་པོ་ཝཱ་ལ་ཙཏྤ་བླ་མ་དང་། ལོཙྪ་བཻ་གླན་དང་མ་ཚུལ་ཁྲིམས་ཀྱིས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ཧ་ཡ་གྲཱྀ་བ་སཱ་དྷཱ་ནཱ། བོད ་དུརྟ་མགྲིན་གྱི་སྒྲུབ་ཐབས། པདྨ་གསུང་གི་ལྷ་ལ་ཕྱག་འཚལ་ལོ།། ཡིད་འོང་གནས་སུ་ཉེར་འདུག་ནས།། བདེ་བའི་སྟན་ལ་གནས་པ་དང་།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། ཟླ་ཁམ་སྐྲག ་ནུག་དཀྱིལ་འཁོར་དུ།། པཾ་ལས་ཆུ་སྐྱེས་འདབ་མ་བརྒྱདདོ།། མ~ཾ་ལས་ཉི་མའི་གདན་སྟེངས་སུ།། ཧྲཱིཿདམར་རྒྱུའི་ས་བོན་ལས།། ཡེ་ཤེས་བསྐལ་པའི་མེ་ལྟར་འབར།། གདུག་པ་ཙོན་རྣམས་མ་ལུས་བསྲེག། ་མེ་དཔུང་འབར་བའི་དཀྱིལ་འཁོར་དུ།། ཧྲཱིཿལས་བསྐྱེད་པའི་རྟ་མཆོག་ནི།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དམར།། སྟེང་ཞལ་རྟ་མཆོག་ལྗང་ཁུ་ནི།། དྲག་པོ་རྟ་སྐད་རབ་ཏུ་བཞད།། ཁམས་གསུམ་མ་ལུས་དབང ་དུ་སྡུད།། ཕྱག་གཡས་ཐོད་དབྱུག་དཀར་པོ་བསྣམས།། དགེགས་དང་འབྱུང་པོ་མ་ལུས་འཇོམས།། གཡོན་པ་སྡིགས་མཛུབ་མེ་ལྟར་འབར།། གནོད་བྱེད་མ་ལུས་སྲེག་པར་བྱེད།། གཡས་སྐུམ་གཡོན་བརྐྱང་བདུད་བཞི ་མཱམུན་ན།། སྤྱན་གསུམ་མིག་ཁྲོ་གཉེར་བསྡུས།། ལྕགས་འདྲིལ་མཆེ་བ་མེ་སྟག་འཕྲོ།། སྐྲ་སེར་དབུ་རྒྱན་ཐོད་སྐམ་ཅན།། ཁྲག་འཛག་བརྒྱ་ཕྱེད་དོ་ཤལ་བྱས།། སྟག་གི་བགྲོས་པའི་ཤམ་ཐབས་ཅན།། ཀླུ་ཆེན་བརྒྱད ་ཀྱིས་ཉེ་བར་བརྒྱན། འཇིགས་བྱེད་གཤིན་རྗེའི་གཟུགས་འཆང་བ།། གང་གིས་མི་ཚུགས་རྡོ་རྗེའི་སྐུ།། ཐུགས་ཁར་ཉི་མའི་དཀྱིལ་འཁོར་དུ།། ཧྲཱིཿཡིག་སྔགས་ཀྱིས་བསྐོར་བ་ལས།། འོད་འཕྲོས་ཡེ་ཤེས ་དགུས་གཟུག་གྷུ། སངས་རྒྱས་རྣམས་ཀྱིས་དབང་བསྐུར་རོ།། དེ་ནས་སྔགས་ཀྱིས་བཟླས་པ་ནི།། ཨོཾ་བཛྲ་ཀྲོ་དྷཱ་ཧ་ཡ་གྲཱི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། འབུམ་དུ་བཟླས་ནས ་ལས་རྣམས་འགྲུབ།། དེ་ནས་གཏོར་མ་དབུལ་བ་ནཱི།། ཡཾ་དང་རླུང་དང་རཾ་ལས་མེ།། ཨེ་ལས་ཐོད་པ་ཡངས་པ་རུ།། ཤ་ལྔ་བདུད་རྩི་ལྔ་ཡིས་གྲང་།། ཡེ་ཤེས་བདུད་རྩི་གཉིས་སུ་མེད།། ཨོཾ ་ཨཱཿཧཱུ~ཾ། ཨིཾ་དཾ་བ་ལིང་ཨ་མྲྀ་ཏ་ཁ་ཁཾ། ཁཱ་ཧི་ཁཱ་ཧི་རྩ་སྔགས་བཏགས་ལ་ལན་གསུམ་གྱིས།། ཕུལ་ནས་བསྟོད་དང་གསོལ་བ་གངག། ཧྲཱིཿལས་བསྐྱེད་པའི་རྟ་མཆོག་སྐུ། ཉི་མའི་འོད་མཚུངས ་ཉོན་མོངས་བསྲེག། བདུད་པ་ནི་མ་ལུས་འཇོམས་མཛད་པའི།། དཔའ་བོ་རྟ་མགྲིན་ཕྱག་འཚལ་ལོ།། སློབ་མའི་བར་ཆད་བསྲུང་བའི་ཕྱིར།། གཏོར་མ་བྱིན་གྱིས་བརླབ་པ་ནི།། ཨོཾ་ཨཱཿཧཱུཾ། སྐུ ་གསུང་ཐུགས་རྣམས་བསྟིམས་པའོ།། ལྷ་དང་སྔགས་ཀྱི་རྗེས་གནང་བྱ།། སློབ་མས་ཕྱག་འཚལ་ཡོན་འབུལ་ལོ།། དཔའ་བོ་རྟ་མགྲིན་སྒྲུབ་པའི་ཐབས།། འོད་དཔག་མེད་ཀྱིས་ལུང་བསྟན་པའི། མཁའ ་འགྲོ་གྲུབ་པའི་རྒྱལ་མོས་བརྩམས།། དགེ་བས་རྟ་མཆོག་སྐུ་ཐོབ་ཤེའོ།། ། པཎྜི་ཏྲ་ཟླ་བཟང་པོ་དང་གླན་ཆུང་དར་མི་ཚུལ་ཁྲིམས་ཀྱིས་བསྒྱུར་ཅིང་ནུས་དག་གོ།། ་