CLOSE WINDOW

GT996: tshe dang ye shes dpag tu med pa'i dkyil 'khor gyi cho ga zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨ་པ་ར་མི་ཏཱ་ཡུརྡྷ་ན་མཎྜ་ལ་བྷི་ཏ་ནཱ་མ། བོད་སྐད་དུ། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་ཞེས་བྱ་བ།། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ ་ཕྱག་འཚལོ།། རང་བཞིན་ཚེ་དཔག་མེད་པའི་སྐུ།། ཡེ་ཤཾ་ས་ལྔ་ལྡན་གསུང་གི་བདག། ཐུགས་རྗེའི་ཐུགས་ཀྱིས་རྗེས་འཛིན་པའི།། བླ་མ་ཚེ་དཔག་མེད་ལ་འདུད།། རྩཝ་རྒྱུད་བཤང་རྒྱུད་ལས་བྱུང་བའི།། ཆོ་ག ་བོ་ཟང་པོས་ཡོངས་བཟུང་བཤད།། སློབ་དཔོན་མཚན་ཉིད་ཀུན་ལྡན་ཞིང་།། གཞན་ཕན་སྒྲུབ་པའི་བློ་གྲོས་ཅན།། རང་དང་གཞན་གྱི་དོན་སྒྲུབ་ཕྱིར།། ཡིད་འོད་ཉམས་དགའི་གནས་ཉིད་དུ།། ལྷའི་རྣལ་འབྱོར་གསལ ་བ་དང་།། གཙོ་བོ་འབུམ་ལ་འཁོར་རྣམས་ཁྲོ།། རབ་འབྲིང་མཚན་མ་ཐོབ་པ་དང་།། སློབ་མས་མེ་ཏོག་དང་བཅས་པས།། གུས་པས་གསོལ་པོ་གདབ་པར་བྱ།། དེ་ནས་དཀྱིལ་འཁོར་བྲི་བའི་ཕྱིར།། ས་གཞི་བརྟན་ཅིང ་བཟུང་དང་སྦྱང་།། ཉེས་པ་མེད་པའི་ས་ཕྱོགས་དེར།། བསྐྱེད་པའི་རིམ་པ་གསལ་བྱས་ནས།། པཾ་ལུས་བསྐྱེད་པའི་ལྷ་མོ་སེར།། མཛེས་པའི་རྒྱན་ལྡན་ལྡན་ལུས་ཕྱེད་སྣང་།། བུམ་པ་འཛིན་ལ་མཆོདོ་ཅིང་བསྟོད།། སྐྱོབ་པ ་སངས་རྒྱས་ཐམས་ཅད་ཀྱི།། སྤྱོང་བའི་ཚུལ་དང་ཁྱང་པོར་གྱི།། ས་དང་ཕ་རོལ་ཕྱིན་པ་ལ།། ལྷ་མོ་ཁྱོད་ནི་དབང་དུ་འགྱུར།། སློབ་པ་ཤཱཀྱ་སེང་གེ་ཡོས།། ཇི་ལྟར་བདུད་ཀྱི་སྡེ་བཅོམ་ལྟ་བ། དེ་བཞིན་བདག་གིས་བདུད་སྟེ ་ལས།། རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི།། ལག་བྱ་ས་ལ་བསྟན་པ་ཡིས།། དགའ་བའི་མདངས་ལྡན་ལྷ་མོ་ཡིས།། དགའ་བའི་མདངས་ལྡན་ལྷ་མོ་ཡིས།། ཁྱོད་ནི་སློབ་དཔོན་མཆོག་ཡིན་གྱིས།། ་དཀྱིལ་འཁོར་ལས་ནི་རབ་བསྒྲུབས་པ།། བརྗོད་ནས་ས་ལཱ་ཐིམ་པ་ཀྵཱ་པྲཱ། ཕྱོགས་སྐྱོང་གི་ཏོར་མ་འབུལ་བ་དང་།། མཐུན་པའི་གྲོགས་དང་གསོལ་བ་གདབ།། རོ་བསྔལ་ཉེས་པ་སྦྱངས་བ་དེ།། འབྲས་བྱུར་བཅུག་ཅིང་རྣམ ་ལྔ་དང་།། བདུད་རྩི་ལྔ་ནི་ཁྱབ་པར་བྱུག། མེ་ཡིས་ཞི་བའི་ལས་ཀུན་གྱི།། སྦྱིན་སྲེག་སྦྱངས་དང་སྔགས་ཀྱིས་ནི།། བྱིན་བརླབས་ལྷའི་ཁད་པར་བསམ།། བསྐྱད་པའི་ཡན་ལག་ཀུན་རྫོགས་པས།། སློབ་དཔོན་དཀྱིལ ་འཁོར་སྦྲང་དུ་འདུག་ལ།། སློབ་མ་གུས་པས་སྤོས་ཐོགས་ཏེ།། མཆོད་ཅིང་བ་སྟོང་དང་གསོལ་བ་གདབ།། བཅོམ་ལྗོན་མགོན་པོ་ཆེ་དཔག་མྱེད་།། སྐྱོན་གྱིས་མོ་གོསྟཱ་ལི་ཁཱི་ལྟར།། མཁའ་དང་མཉམ་པའི་སྒྲ་མངར་བ། ་མཉམ་ཉིད་སྐུ་ལཱྀ་ཕྱག་འཚལ་བསྐྱོད་།། དཀྱིལ་འཁོར་ལྷ་ཚེགས་ཐམས་ཅད་ནཱི།། ཡོན་ཏན་མྱ་ལུས་བསྐྱེང་མཛད་ཅིང་།། ཡིད་བཞིན་ནོར་བུ་མ་ཚུངས་ལྡན་པའི།། འགྲོ་བྱ་སྐྱོབ་ལ་ཕྱག་འཚལ་བསྟོད།། ཚེ་དཔ ་མེད་པ་གསུང་གི་བདག། འཆི་བདག་མ་ལུས་འཇོམས་མཛད་པའི།། ཚེ་ཡི་དངོས་གྲུབ་གསོལ་བའི་སྐུ།། དཀྱིལ་འཁོར་དམ་པ་བཤད་དུ་གསོལ།། དེ་ནས་རྡོ་རྗེ་སློབ་དཔོན་གྱིས།། དཀྱིལ་འཁོར་བསྡུས ་ཏེ་རྟ་མཆོག་སྐུ།། ཁྲོ་ཞིང་རབ་བརྗིད་ང་རྒྱལ་དང་།། རྒུང་པ་ཧཱུཾ་ལུས་རྡོ་རྗེར་བྱས།། མིག་གཉིས་ཉི་ཟླ་འབར་བ་སྟེ།། རྡོ་རྗེ་དྲིལ་བའི་ཕྱག་རྒྱ་ཡིས།། འཇིགས་མྱེད་བྱང་ཤར་མཚམས་སོང་ནས།། དཀྱིལ ་འཁོར་ས་གཞི་ལ་གནས་པའི།། ལྷ་དང་ལྔ་མིན་བགེགས་ཚོགས་ཉིན།། ང་ནི་དཔལ་ལྡན་རྡོ་རྗེ་འཛིན།། ང་ཡི་བཀའ་ལས་མེ་འདའ་བར།། བགེགས་ཀྱི་ཚོ་གོས་རྣམས་འགྲོ་བར་ཀྱིས།། གལ་ཏེ་མི་འགྲོ ་འདུག་གྱུར་ན།། ཡེ་ཤེས་རྡོ་རྗེ་འབར་བ་ཡིས།། མགོ་བོ་ཚལ་པ་བརྒྱར་འགས་ཤྲིང་།། ལུས་རྣམས་སྟོང་དུ་གྱུར་ནས་ནི།། རྣམ་པར་འཇོམས་པར་གདོན་མི་ཟ།། དེ་བཱས་ཁྱོད་རྣམས་གཞན་དུ་དེངས།། རྟ ་མཆོག་སྔགས་དང་རྡོ་རྗེ་འགྲོས།། དཀྱིལ་འཁོར་ལན་གསུམ་བསྐོར་བར་བྱ།། དེ་ནས་ཁྲོ་བོའི་ཕུར་པ་རྣམས།། ཀཱི་ལཱ་ཡ་ཞེས་བཏུབ་ནས་ཀྱང་།། སཾ་ཀྲོ་ཊ་ཡེས་བརྡུང་བར་བྱ།། མེ་དྷི་སྔགས་ཀྱིས་བྱིན་གྱིས་བརླབ།། ས་ཡི ་ལྷ་དང་ལྷ་ཚོགས་རྣམས།། སྟ་གོན་གནས་པར་བྱ་བ་ནི།། ལྷ་རྣམས་རྫོགས་པར་བསྐྱེད་པ་དང་།། མཆོད་ཅིང་བསྟོད་ངེ་སྤོས་ཐོགས་ལ།། བཅོམ་ལྡན་མགོན་པོ་ཚོ་དཔག་མེད།། དཀྱིལ་འཁོར་ལྷ་ཚོགས་ཐམས ་ཅད་དང་། རིགས་པའི་ལྷ་མོ་རྫུ་འཕྲུལ་ཅན།། བྱང་ཆུབ་སེམས་དཔའ་ལ་སོགས་ཀུན།། ཐམས་ཅད་བདག་ལ་དགོངས་སུ་གསོལ།། ཁྱེད་རྣམས་ལེ་ཡང་མཆོད་པ་དང་།། སློབ་མ་རྣམས་ལ་ཕན་པའི་ཕྱིར། ་རྡོ་རྗེ་ཅན་བདགུ་ཆེ་གྲེ་ཞེས།། དཀྱིལ་འཁོར་དམ་པ་བཞེངས་སུ་གསོལ།། རྗེསུ་བརྩེ་བར་ཉེར་དགོངས་ནས།། སང་ནུབ་དགྱེས་པར་འབྱོན་པར་འཚལ།། དེ་ནས་ཕྱི་ནང་མཆོད་པས ་མཆོད།། དཀྱིལ་འཁོར་ལྷག་པར་གནས་པའོ།། རིན་ཆེན་རྒྱུ་ལས་བྱུང་བ་ཡིས།། ལྷོ་ཆེན་མགྲིན་པཱ་རིང་བ་དང་།། མཆུ་འཕྱང་ནག་པོ་ར་རིང་བ་དང་།། མཆུ་འཕྱང་ནག་པོར་རི་མྱེད།། ལྷ་གྲངས་མཉམ་པ་ལས ་བུམ་དང་།། རང་རང་ཕྱག་མཚན་རྫོགས་པར་བྱ།། ཧ་སྭ་དེ་བ་གསེར་དངུལ་དང་།། མུ་ཏིག་མུ་མེན་བྱི་རུ་གཞུག། ནས་ཏིལ་གྲོ་སྲན་མུད་ཀ་དང་།། ག་པུར་ཛེ་ཏི་གུར་གུམ་མཆོག། ཙན་དནྡེ་གཉིས་དང་ཨ་ཀླ ་རུ། མར་དང་བུ་རམོ་སྦྲང་རྩི་དང་།། ལན་ཚོ་རྣམས་ཀྱིས་ལྟོ་བ་དགང་།། ཁ་ཚར་མ་ཉམས་རས་ཟུངས་ཀྱིས།། མགྲིན་པར་རབ་ཏུ་བརྒྱན་པ་དང་།། ཁ་རྒྱན་ཀུ་ཤ་འབྲས་བུ་ཅན།། སྣ་ཚོགས་པདྨ་རས་ཀྱི ་སྟེང་།། ཡང་ན་ཀུ་ཤའི་གདན་ལ་བཞུགས།། བྷྲཱུཾ་ལས་བསྐྱེད་པའི་གཞལ་ཡས་ཁང་།། ཆུ་སྐྱེས་ཉི་ཟླའི་གདན་སྟེངསུ།། ལྷ་རྣམས་རྫོགས་པའི་བསྐྱེད་པ་དང་།། སྔགས་བཟླས་ཡེ་ཤེས་བདུད་རྩི་རྒྱུན།། བུམ་པ ་གང་བར་བསམ་པ་དང་།། ལྷ་རྣམས་རང་རང་བསྟོད་པ་བྱ།། ལས་བུམ་རྟ་མགྲིན་བསྐྱེད་པ་དང་།། སྔགས་བཟླས་བར་ཆད་བསྲུང་བར་དང་།། ཤ་ལྔ་བདུད་རྩིའི་གཏོར་མས་མཆོད།། འདོད་པའི་དོན་ལ ་གསོལ་བ་གུང་བ།། སློའུ་མ་ལྷག་པར་གནས་པ་ཡང་།། སྙིམ་པ་མེ་ཏོག་དང་བཅས་བྱ།། སྐྱེ་རྒས་ན་འཆི་ན་ཀྭ་ཡཱི།། ཆུ་སྦྱིན་ལ་སོགས་འཇིགས་རུང་བ།། སྲེད་པའི་མཚོ་ལས་བདག་སྒྲོལ་མཛོད།། ་དགའ་ཆེན་ཁྱོད་བདག་སྟོན་པ་པོ།། སློབ་དཔོན་ཁྱོད་ནི་དགོངསུ་གསོལ།། བྱང་ཆུབ་ཆེན་པོར་ཚུལ་བསྟན་པའི།། མགོན་པོ་ཆེན་པོ་བདག་འཚུལོ།། དམ་ཚིག་དེ་ནི་བདག་ལ་གསོལ།། སངས་རྒྱས་ཆོས་དང ་དགེ་འདུན་ཏེ།། སྐྱབས་གསུམ་དེ་ནི་བདག་ལ་གསོལ།། ཐར་པ་ཆེན་པོའི་གྲོང་མཆོག་ཏུ།། མགོན་པོ་བདག་ནི་འཇུག་པར་འཚལ།། འོད་ཀྱིས་བུར་བྱས་སྡིག་པ་སྦྱངས།། བུ་ཚུར་ཐེག་པ་ཆེན་པོ་པ།། ་ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ།། གསུང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བསྟན་པར་བྱ།། སྐུ་གསུང་ཐུགས་ཀྱིས་རྡོ་རྗེ་ཅན།། སངས་རྒྱས་དུས་གསུམ་འབྱུང་བ་རྣམས།། རྡོ་རྗེ་གསང་སྔགས ་རོབ་བསྒོམ་པུས།། ཡེ་ཤེས་མཉམ་མེད་ཡང་དག་བརྙེས།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། དཔུང་ཚོན་དག་ཀྱང་དེ་ཡིས་བཅོམ།། དེ་བས་ཀུན་ཁྱེན་ཐོབ་བྱའི་ཕྱིར།། བུ་ཡིས་བློ་གྲོས་འདི་གྱིས་ཤིག། དེ་ནས ་རྡོ་རྗེ་སློབ་དཔོན་གྱིས།། སྡིག་པ་བཤགས་པ་ལ་སོགས་ཀུན།། སྔོན་དུ་འགྲོ་བའི་ཆོ་ག་བྱ།། ཚེ་དཔག་མེད་པཱ་བདག་ལ་དགོངས།། མ་ལུས་བཞུགས་པའི་བདེ་གཤེགས་རྣམས།། འདི་ཉིད་ནས་གཟུངས ་ས་བརྒྱད་པར།། བླ་མེད་བདག་ལ་གཟིགས་པར་མཛོད།། དམ་ཚིག་སྡོམ་པ་བཟུང་བ་ནི།། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་ན་མེད་པའི་དཀོན་མཆོག་གསུམ། ་སངས་རྒྱས་རྣལ་འབྱོར་སྡོམ་པ་ནི།། ཡང་དག་ཉིད་དུ་བཟུང་བར་བྱ།། རྡོ་རྗེ་རིགས་མཆོགྲ་ཆེན་པོ་ལ།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་།། ཡང་དྲག་ཉིད་དུ་བཟུང་བར་བྱ།། སློབ་དཔོན་དག་ཀྱང་བཟུང ་བཱར་བགྱི།། རིན་ཚོན་རིགས་མཆོག་ཆེན་པོ་ཡིས།། དམ་ཚིག་ཡིད་དུ་འོང་བ་ལ།། ཉིན་རེ་བཞིན་དུ་ལནྡ་དྲུག་ཏུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཚོན་པོ་ལས་བྱུང་བའི།། པདྨའི ་རིགས་ཆེན་དག་པ་ལ།། ཕྱི་དང་གསང་བའི་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་བཟུང་བར་བྱ།། ལཾས་སྐྱེ་རིགས་མཆོག་ཆེན་པོ་ལ།། སྡོམ་པ་ཐམས་ཅད་ལྡན་པར་ནི།། སྲུང་དག་ཉིད་དུ ་བཟུང་བར་བགྱི།། མཆོད་པོའི་ལས་ཀྱང་ཅི་ནུས་བགྱི།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་།། དགེ་བའི་ཆོས་ནི་སྡུད་པ་དང་།། སེམས་ཅན་དོན་བྱེང་ཚུལ་ཁྲིམས་གསུམ།། བདག་གིས་བརྟན་པོར ་བཟུང་བར་བགྱི།། གཉིསུ་མེད་པའི་ཚངས་སྤྱོད་དང་།། རང་གི་དམ་ཚིག་བསྲུང་བར་བགྱི།། བདག་གི་དགེ་བའི་ལས་ཀྱིས་ནི།། སངས་རྒྱས་མྱུར་དུ་བསྒྲུབ་བྱ་སྟེ།། སེམས་ཅན་འཁོར་བའི་རྒྱ་མཚོ ་ལྷལྟསྣ།། བླ་མེད་ཀན་སུ་སྒུལ་བར་བགྱི།། གུས་པས་ལན་གསུམ་བརྗོད་པར་བྱ།། ཡུལ་ཁཱ་མགྲིན་པ་སྙིང་ཁུ་རུ།། དྭིའི་ཐིག་ལེ་གསུམ་བྱས་ཏེ།། རྟ་བདུན་ཆུ་སྐྱེས་འཁོར་ལོའི་སྟེ།། ཐུགས་གསུང་སྐྲ ་ཡི་སྙིང་པོས་བརྒྱན།། རིགས་ཀྱི་ལྷ་ལས་འོད་འཕྱོས་པ།། ཡེ་ཤེས་གཉིསུ་མེད་པར་བསྟིམ།། ཆུ་གཉིས་སྔོན་དུ་འགྲོ་བས་མཆོད།། དོང་ནས་བཟུང་ནས་བུ་ཁྱོད་ཀྱིས།། འཁོར་བའི་ཉེས་པས་མ་གོས ་པར།། མཆོད་པ་ཀུན་དང་ལྡན་པར་ནི།། བུ་ཡིས་གྲོས་འདི་གྱིས་ཤིག། ཨ་ཤཱཏྠ་དང་པ་ལ་ཤཾ། ཨུ་དུཾ་ཝཱ་ར་ལ་སོགས་པ།། བཅུ་གཉིས་སོར་གྱི་ཚད་ཙམོཾ་ལ།། རྩེ་མོར་མེ་ཏོག་གིས་བརྒྱན་ནས།། ་མཎྜལ་འདབ་བརྒྱད་རྣམ་ལྔས་བྱུག། ཤར་བལྟས་དབུས་སུ་དོར་བ་ནི།། པདྨའི་ཕྱག་དང་བཅས་པ།། སྟེང་དུ་མིཚིག་གི་དངོས་གྲུབ་ཡིན།། ཕྱོགསུ་ཕྲིན་ལས་གྲུབ་པ་དང་།། ཐུར་བལྟས་ས་འོག་འགྲུབ་པ ་ཡིན།། མཚམ་སུ་འཛིན་ཏེ་དངོས་གྲུབ་པོ།། ད་ནས་སྐྱོར་ཆུ་སྦྱིན་པ་ནི།། ཨཽ་ཧྲཱིཿབྲི་ཤུདྡྷ་དྷརྨ་སརྦ་པཱ་པཽ་ཙཨཱརྱ་བི་ཤོ་དྷ་ཡཱ་བི་ཀལླ་ཨ་པ་ན་ཡཾ་ཧཱུ~ཾ། ཞེས་པས་སྒོ་གསུམ་དག་སྦྱངས་ནས།། སྐུད་པ་དམར་པོ ་སུམ་སྒྲིལ་ལ།། རྟ་མགྲིན་སྔགས་ཀྱིས་བཅིང་བར་བྱ།། ཀུ་ཤཾ་གཙང་མ་སྔས་དང་སྟན།། མ་ནོར་སེང་གེའི་ཉལ་སྤངས་བཞིན།། ཐུབ་པས་ཏིང་འཛིན་འགྲུབ་པ་ལྟར།། མཚན་མ་གང་བྱུང་བརྗོད་པས ་བྱད། བཟང་ན་དངོས་གྲུབ་སྤྲོ་བ་བསྐྱེད།། ངན་ན་སྦྱིན་བསྲེག་གིས་ནི་བཟློག། ཟབ་ཅིང་རྒྱ་ཆེའི་ཆོས་བཤད་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག། ཨུ་དུམ་ཝཱ་རའི་མེ་ཏོག་བཞིན།། བརྒྱ་ལམ ་ན་ནི་རེས་འགའ་ཞིག། འབྱུང་ངམ་ཡང་ན་མི་འབྱུང་སྲིད།། གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ།། དེ་བས་ཀྱང་ནི་དཀོན་པ་སྟེ།། བླ་མུ་རྡོ་རྗེ་ཅན་མཆོད་ལ།། ནང་པར་ལངས་ཏེ་དཀྱིལ་འཁོར་ལ།། ན་མཁར ་བཏེག་ཏེ་ཐིག་གདབ་སྟེ།། བུ་མོ་གཙང་མ་སྡོམ་ལྡན་གྱིས།། རས་བྲལ་ལས་བྱུང་བཀལ་པོ་དང་།། ཡེ་ཤེས་ལྔ་འམ་སྐུ་གསུང་ཐུགས།། ཨོཾ་ཨ་ནྱོ་ནཱ་ནུ་ག་ཏ་སརྦ་དྷརྨཱ་བརྗོད་ནས་བསྒྲིལ་བར་བྱ་བ་ནི།། པདྨ་སྣོད་དུ ་གཞུག་ནས་ཀྱང་།། མི་འཆི་ལྔ་ཡིས་སྤངས་བྱས་ལ།། བློ་ལྡན་ཡེ་ཤེས་པ་སྟིམ་བྱས་ནས།། ན་མཁར་ཡེ་ཤེས་ཇི་ཛེས་གང་གི། སྒོ་ཡི་བཅུ་གཉིས་ཆ་དང་ལྡན།། སྲིད་ཀྱང་ཁང་པ་ཉེས་འགྱུར་ལ།། ཆིངས་པའི ་ལས་ཐིག་དྲངས་པ་ལ།། ཨོཾ་བཛྲ་སཱུ་ཏྲ་ས་མོ་ས་མ་ཏི་ཀྲ་མ་ཧཱུཾ། ཚངས་དང་ཟུར་ཐིག་ལ་སོགས་པ།། བསྟན་བཅོས་མཐོང་ཞིང་བློ་ལྡན་དེས།། ཆ་ནི་གང་ཡིན་རྣམ་པར་དབྱེ།། གལ་ཏེ་ཉེས་པའི་འབྲས་བུ་ནི།། ་ཆང་ན་ཟླ་མའི་སྲོག་པོ་ཞིང་།། དམིན་ལྷག་ནད་ཀྱིས་བཏབ་པར་འགྱུར།། ཕྱོགས་འཁྲུལ་སློབ་མ་རྨོངས་པར་འགྱུར།། བློ་ལྡན་ཉིས་པ་མེད་པར་བྱ།། གྲུ་བཞི་སྒོ་བོ་ནི་རྟ་བབས་བཅས།། དྲ་བ་དྲ་བ་ཕྱེད ་བས་བརྒྱན།། ཉི་ཟླ་དྲི་ལྟ་བུ་གཡེར་ཁས་སྤྲས།། ཕོ་བྲང་ཆུ་སྐྱེས་རིམ་པ་གཉིས།། མུ་ཁྱུད་པདྨའི་ཕྲེང་བ་དང་།། ཁྱམས་དང་ཕྱི་རོལ་པད་ར་དང་།། རྡོ་རྗེ་མ་རི་ལ་སོགས་པ།། རྣམ་པ་མ་ལུས་རྫོགས་པར་བྱ།། རིན་ཆེན་ལྔ་དང ་འབྲུ་ཕྱེད་འམ།། པདྨའི་སྣོད་དུ་སོ་སོར་བཞག། སྲ་བོན་བྲིས་ལྔ་ཡེ་ཤེས་བསྟིམ།། སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ།། སྔོན་པོ་སེར་པོ་དཀར་པོ་ལྗང་།། དམར་པོ་འདི་ནི་ནང་དུ་འདོད།། གཡས་བསྐོར་རྒྱུན་མ་ཆད་པེར ་བྲི།། དབང་ལྡན་མཚམས་སུ་དྲང་བ་བྱ།། པདྨའི་སྣོད་ཀྱིས་སྟེང་ནས་བཀུབ།། འདི་ནི་ཆོས་དབྱིངས་དྲག་པོ་སྟེ།། སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད།། བཅོམ་ལྡན་མགོན་པོ་ཚེ་དཔག་མེད།། ཚོན་གྱི་ལས་ནི་ཡང་དག ་བརྩམ།། མེ་ཏོག་དོར་ལ་མཚན་མ་བརྟག། ཤར་སྔོ་ལྷོ་སེར་ནུབ་དཀར་པོ།། བྱང་ཕྱོགས་ཨིནྡྲ་ནཱི་ལའི་མདོག། པདྨ་ལྷ་སྣམ་དམར་པོའོ།། དེ་ལྷོར་རྫོགས་པའི་དཀྱིལ་འཁོར་དུ།། ཁྲུས་བྱས་དྲི་ཞིམ་ལུས་བྱུག་ནས།། ་གོས་བཟང་བརྒྱན་ལ་ལན་གསུམ་བསྐོར།། ཚེ་དཔག་མེད་བྱའི་ང་རྒྱལ་གྱིས།། ཤར་གྱི་སྒོ་ནིས་ནང་དུ་ཞུགས།། ཡིད་ཀྱིས་སྒོ་བཞི་དབྱེ་བར་བསམ།། ཨོཾ་བཛྲ་མུརྦྦ་ཊ། ས་མ་ཡ་པྲ་བེ་ཤ་ཡ་ཧཱུཾ། ནམ་རྒྱལ་ལ་སོགས ་བུམ་པ་རྣམས།། གནས་དང་གོ་རིམ་བཞིན་དུ་དགོད།། སྣ་ཚོགས་གོས་དང་རྒྱན་ཕྲེང་སོགས།། མཆོད་པའི་རྫས་ཀྱིས་ལེགས་པར་བརྒྱན།། དཀྱིལ་འཁོར་ལྷ་རྣམས་རྫོགས་པར་བསྐྱེད།། ཡེ་ཤེས་བསྒོམ་ལ་མཆོད ་བསྟོད་བྱ།། ཚོགས་ཀྱི་འཁོར་ལོས་ཚིམ་པ་དང་།། བར་ཆང་ཞི་ཕྱིར་ཤར་ཕྱོགས་སུ།། ཞི་བའི་སྦྱིན་སྲེག་བྱ་བ་དང་། སློབ་མའི་ཆོ་ག་ཇི་ལྟ་བར།། སློབ་དཔོན་བདག་ཉིད་དབང་དང ་ལྡན། ཤར་གྱི་ཕྱོགས་ནས་འཇོག་པ་དང་།། དེ་ནུས་སློབ་མ་གཞུག་པའི་ཕྱིར།། ཁྲུས་བྱས་བགོགས་དང་སྡིག་པ་སྤྱང་།། གདོང་པ་རས་ཀྱིས་བཀབ་ནས་ནི།། བུ་ཁྱོད་སུ་ཡིན་ཅི་ལ་དགའ།། བདུག་ནི ་བསྐལ་བཟང་རིགས་ཡིན་ནོ།། སངས་རྒྱས་ཀུན་གྱི་རང་བཞིན་སྐུ།། སློབ་དཔོན་ལ་ནི་སྐྱབས་སུ་མཆི།། གཙོ་བོ་ལྷ་མོར་བཅས་པ་ཡིས།། ལྷ་རྣམས་ལ་ཡང་ཕྱག་འཚོལོ།། ཐར་པ་ཆེན་པོའི་གྲོང ་མཆོག་ཏུ།། མགོན་པོས་བདག་ནི་གཞུག་ཏུ་གསོལ།། དེ་ནས་ཚིག་འདིས་གསོལ་བ་གདབ།། དེ་བཞིན་གཤེགས་པ་ཀུན་གྱི་གནས།། ཚེ་དཔག་མེད་པའི་གྲོང་ཁྱེར་མཆོག། སྙིང་པོའི་དཀྱིལ་འཁོར་འདི་རུ ་ནི། བདག་གིས་སློབ་མ་གཞུག་པར་བྱ།། ཨོཾ་ཨ་ཁཾ་བཱི་ར་ཧཱུཾ། མེ་ཏོག་ཕྲེང་བ་གཏང་པ་དང་།། དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ཏེ། ཨོཾ་ན་མྱ་ཏེ་ཧཱུཾ། ཨོཾ་ན་མོ་མི་ཧཱུཾ། ན་མོ་ན་མ་ཧཱུཾ་སྭཱ་ཧཱ། ཤར་ནས ་ཞུགས་ནས་ལྷོ་ནུས་དབང་།། ནུབ་ནས་ཆོས་བཤང་བྱས་ནས་ནི།། ཕྲིན་ལས་སྒྲུབ་པ་ལ་སོགས་པའི།། དོན་དུ་གསོལ་པ་གདབ་པ་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་རྨཱ་ཛོ་པ་ཐཱ་ན་ཡཱ་ཏི་མ་ནོ།། ནི་རྱཱ ་མཱིཿསརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་དྷི་ཏིཥྛ་སྭ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛཱ་བྷི་ཤེ་ཀ་ཏྲདྷཱ་ནཱཾ་ནཱིརྱ་ཏཱ་ཡཱ་མི། སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣཱ་བི་ཥིཉྩཱ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བ་ར་དྷ་ན་ཡཱདྷཱ་ནྟི་ནིནྱ་ཏཱ་ཡཱ ་མིཌྷེསརྦ་ཏཱ་ཐཱཾ་ག་ཏྲ་བཛྲ་དྷརྨྨ་པྲ་ཝཾརྞྞ་ཡཱ་ནཾ། སཱརྦ་ཏ་ཐཱི་ག་པཱུ་ཛཾ་ཀཱརྨྨ་ནཾ། ཨངྒནཱཾ་ནརྱཱ་ཏཱ་ཡེ་མཱི། སརྦ་ཏ་ཐཱ་གཱ་ཏ་བཛྲ་ཀརྨཱ་ཀུ་རུཾ་མཾ།། དམ་ཚིག་སྡོམ་པ་སྦྱིན་པ་དང་།། རྣལ་འབྷྲྀར་དུ་ནི་སམྦ ་བསྐྱེད་དོ།། ཨོཾ་སརྦ་ཡོ་ག་ཙི་ཏོཏྶཱ་ཏ་ཡི་མི། རྡོ་རྗེ་སྙིང་ཁར་བཞག།། ཨོཾ་སུ་ར་ཏེ་ས་མ་ཡ་སྟེ། སིདྡྷི་བཛྲ་ཡ་ཐ་སུ་ཁཾ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅངྒ་དང་། ཚེ་དཔག་མེད་ཀྱི་དངོས་གྲུབ ་ཐོག།། དངོས་གྲུབ་གཞན་ལྷ་ཅི་སྨྲོས།། དཀྱིལ་འཁོར་མ་ཞུགས་མི་སླའོ།། དམ་ཚིག་ཉམས་པར་གྱུར་ཏ་རེ།། འདི་ནི་དོམ་ཚིག་རྡོ་རྗེ་སྟེ།། གལ་ཏེ་ཁྱོད་ཀྱིས་སྨྲས་གྱུར་ན།། དམ་ཚིག་ཆེན ་པོའི་རྡོ་རྗེ་ཡིས།། རང་གི་མགོ་བོ་འགས་པར་འགྱུར།། ཚེ་དཔག་མེད་པ་དང་ཁྱོད་ཀྱི།། སྙིང་ལ་དེ་རིང་ཡང་དག་ཞུགས།། གལ་ཏེ་ཚུལ་འདི་སྨྲས་ནུ་ནི།། དཽ་མུ་ཐག་ཏུ་དྲལ་ཏེ་གཤེགས།། འདི་ནི ་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་སྲེག་པར་བྱེད།། དམ་ཚིགས་བསྲུངས་ན་དངོས་གྲུབ་རྣམས།། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། བཛྲེ་ཐ་ཀ་ཨོཾ་ཨཱཿཧཱུཾ། དེ་ནས་བརྩམས་ནས་བུ ་ཁྱོད་ཀྱི།། ཚེ་དཔག་མེད་པ་ང་ཡིན་གྱིས།། ཁྱོད་ཀྱིས་ང་ལ་བརྙས་པ་དང་།། མི་བདེ་མ་སྤངས་དུས་བྱས་ནས།། དམྱལ་བར་ལྟུང་བར་གྱུར་ཏ་རེ།། དེ་ནས་སློབ་མའི་གཙོ་བོ་ཡི ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། བྱདག་ལྔ་བྱིནྡ་གྱིས་རློབས་མཛོད་ལ།། ཚེ་དབྱུག་མེད་པ་དབབ་པར་མཛོད།། རྐང་མཐིལ་རླུང་གི་དཀྱིལ་འཁོར་ཛྷཻཾ།། སྙིང་ཁུར་ལཱྀ་ལས་སའི་དཀྱིལ ་འཁོར།། མགྲིན་པར་བཾ་ལྔས་ཆུའི་དཀྱིལ་འཁོར།། སྤྱི་བོ་ཡཱཾ་ལས་རླུང་དང་ཧཾ།། དེའི་སྤྱི་བོར་ཚེ་དཔག་མེད།། ཡབ་ཡུམ་འོད་ཀྱི་རང་བཞི་ནི་ནི།། གར་བྱེད་སྐུ་ལུས་ཡེ་ཤེས་ཀྱི།། བདུད་རྩི་ས ་ནས་སྐུ་ལ་ཐིམ།། ཟུག་མེད་བདེ་བས་གང་བྱར་སྒོམ།། ཨོཾ་ཧྲཱིཿབྷྱཱཾ་བཛྲི་ཛྙཱ་ན་ཨཱ་ཡུ་ཤེ་ཡ་བེ་ཤ་ཡ་ཨ་བྷེ་ཤ་ཡ་ཨ། སྟྭཾ་བྷ་ཡ། ར་ར་རཱ་ཙ་ལེ་ཧཱུཾ་ཨོ་ཧཱཿཛྙེ་ཞེས་བརྗོད་རོལ་མོའི་སྒྲ་དང་ནི། ་གྲུ་གུལ་ཟླ་མཚན་ཐོད་པ་རུ།། དུར་ཁྲོད་སོལ་བའི་མེ་ཡིས་བསྲེང།། བབ་གྱུར་ཟླ་བའི་དཀྱིལ་འཁོར་དུ།། ཨཱཿལས་གསུང་གི་བདུད་རྩི་བསམ།། བྷྲཱུཾ་ཧྲཱིཿབཛྲ་དགེ་དང་ལ་སོགས་པ།། སྨོས ་ཤིག་རྡོ་རྗེ་ཅན་གྱི་རིགས།། ཏིཥྛ་བཛྲ་བརྟན་པར་བྱའོ།། ཚེ་དཔག་མེད་པའི་དཀྱིལ་འཁོར་དུ།། རིགས་པའི་མེ་ཏོག་འདི་དོར་བས།། སྔོན་ཚེ་ཡེ་ཤེས་མཉེས་པའི་ལྷ།། གང་ཡིན་དེ་ལ་འབབ་པར ་ཤོག། པྲ་ཏཱིཙྪ་བཛྲ་ཧོཿབྱེ་བྲག་དང་དངོས་གྲུབ་བརྟན་པར་བྱ།། པྲ་ཏི་གྲཱིདྡྷ་ས་མི་མྱཾ་སཏྭ་མཧཱ་བ་ལ།། སློབ་མའི་མགོ་ལ་བཅིང་བར་བྱ།། ཚེ་དཔག་མེད་པ་དེང་ཁྱོད་ཀྱི།། མིག་འབྱེད་པར་ནི་བརྩོན་པར ་མཛད།། ཕྱེ་བས་ཐམས་ཅད་མཐོང་བར་འགྱུར།། རྡོ་རྗེའི་མིག་ནི་བླ་ན་མེད།། ཨོཾ་བཛྲ་ནཻ་ཏཱ་ཡ་ཧ་ར་བ་ཏ་ལི་ཧྲཱིཿདཀྱིལ་འཁོར་བཟང་པོ་འདི་ལ་ལྟོས།། ད་ནི་དད་པ་རབ་ཏུ་བསྐྱེད།། ཁྱོད་ནི་ཚེ ་དཔག་མེད་དུ་བསྐྱེད།། སྔགས་དང་ཕྱག་རྒྱ་ས་བྱིན་གྱིས་བརླབ།། འགྲོ་དོན་ཕུན་ཚོགས་དངོས་གྲུབ་ཀྱང་།། ཐམས་ཅད་ཁྱོད་ལ་མངོན་དུ་འགྱུར།། དངོས་གྲུབ་ཐོབ་ཅིང་དམ་ཚིག་སྲུངས།། གསང ་སྔགས་ལ་ཡང་བརྩོན་པར་གྱིས།། རིམ་གྱིས་རྣམ་པར་དག་པ་བསྟན།། དེ་ནས་སློབ་མ་དང་ལྡན་དེས།། བླ་མའི་ཞབས་ལ་ཕྱག་འཚལ་ནས།། ཡོན་མཆོག་དམ་པ་འབུལ་བ་དང་།། དབང་བསྐུར་དོན་དུ་གསོལ ་གད་དྲ།། བཅོམ་ལྡན་མགོན་པོ་ཆེ་དཔག་མེད།། ཡབ་ཡུམ་གཉིས་མེད་བདེ་ཆེན་སྐུ།། འཆི་མེད་བདུད་རྩིའི་ཆུ་རྒྱུན་གྱིས།། དབང་བསྐུར་བ་ནི་བདུག་ལ་གསོལ།། ལན་གསུམ་བརྗོད་ནས་ཤར་ཕྱོགས་སུ།། པདྨ་འདབ ་བརྒྱད་ཁྲི་ལ་འདུག། རྣམ་རྒྱལ་བུམ་པ་ལ་སོགས་ནས།། ཆུ་རྣམས་དུང་ཆོས་བུམ་པ་ར་བསྡུས།། རྡོ་རྗེའི་གླུ་དེ་ང་རོལ་མོའི་སྒྲ།། རིགས་ལྔ་རིག་མའི་ལྷ་མོ་དང་།། བྱང་ཆུབ་སེམས་དཔའ་བགྲོ་ཤིས་བརྗོད།། ཁྲོ་བོ་རྣམས ་ཀྱིས་བགེགས་བསྲུང་ངོ་།། གསུང་གསུམ་དམ་ཚིག་ལས་བྱུང་བའི།། ཡེ་ཤེས་བདུད་རྩིའི་དྲི་མ་མེད།། ལྷ་ཡི་ཆུ་ནི་དག་པ་ཡིས།། མི་བསྐྱོད་རྡོ་རྗེ་དབང་བསྐུརོ།། ་ཨོཾ་བཛྲཱ་དྷྲི་ཏིཥྛ་ཛཱ་དྷཱུ་བྷྲཱུཾ་ཥིཉྩ་ཧཱུཾ། གསེར་ལྔ་སོགས་པའི་དབུ་རྒྱུན་ལ།། རིན་འབྱུང་བ་སྐྱེད་ཅིང་ཡེ་ཤེས་བསྒྲིམ།། དང་བྱུངས་བངས་ལ་ཆོ་ག་འདི་བརྗོད།། ཐོར་ཚུགས་ཅོད་བྱིན་གྱིས་བ་རྒྱུན་པ། ་སངས་རྒྱས་ཀུན་གྱིས་རབ་བསྔགས་པའི།། རིན་ཆེན་དབུ་རྒྱན་དམ་པ་དང་།། དར་དཔྱངས་དབང་བསྐུར་སྦྱིན་པརོ་བྱ།། ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊཱ་བྷི་ཥིཉྩ་མཱཾ།། རཱིན་ཚན་ལ་སོགས ་རྡོ་རྗེ་ལྔ།། སྣང་བ་མཐའ་ཡས་བསྐྱེད་ཅིང་བསྟིམ།། སངས་རྒྱས་ཀུན་གྱིས་རྡོ་རྗེའི་དབང་།། ད་རིང་ཁྱེད་ལ་བསྐུར་བར་བྱ།། སངས་རྒྱས་ཀུན་དུ་རབ་བསྒྲུབ་ཕྱིར།། རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུང་།། ཨོཾ ་བདྡྷ་དྷི་བ་ཏི་སྟྭཾ།། ཨཱ་བྷི་ཥིཉྩ་མཾ་དྲིལ་བུ་དོན་གྲུབ་བསྐྱེད་བྱས་ལ།། ཡེ་ཤེས་བསྟིམ་ལ་ཚིག་འདི་བརྗོད།། ཐབས་དང་ཤེས་རབ་ལྡན་པ་ཡི།། འགྲོ་དོན་མཉམ་མེད་བྱེད་པ་ཡི།། མཆོད་པའི་ཕྲིན ་རྫོགས་བྱེད་པའི།། དྲིལ་བུ་ལས་ཀྱི་དབང་བསྐུར་རོ།། ཨོཾ་ཨ་དྷི་པ་ཏ་ཡེ་ཨ་བྷི་ཥིཉྩ་མཾ།། སློབ་མེ་ཨོཾ་ལས་རྣམ་སྣང་བསྐྱེད།། ཡེ་ཤེས་སྤྱན་དྲངས་གཉིསུ་མེད།། རྡོ་རྗེ་མིང་གི་དབང་བསྐུར ་བྱས།། བྱང་ཆུབ་སྙིང་པོའི་བར་དུ་ནི།། ཅིས་ཀྱང་གཞོམ་པར་མི་ནུས་པའི།། རྡོ་རྗེའི་མིང་དུ་རབ་ཏུ་གྲགས།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་བྷི་ཥེ་ཀ་ཏ་མཾ།། ཆུ་དང་ཅོད་པན་རྡོ་རྗེ་དང་།། དྲིལ་བུ་དང་ནི་མིང་གི་དབང་།། ་རིགས་པ་ཡི་ནི་དབང་ལྔའོ།། ཉོན་མོངས་ལྔ་ནི་རྣམ་དག་པས།། དབང་བསྐུར་ལྔ་ནི་ཐོབ་པ་ཡིན།། མ་རིག་པ་ལས་འདས་ནས་ཀྱང་།། ཡེ་ཤེས་ལྔ་ནི་རིམས་ཀྱིས་ཐོབ།། དེ་ནས་སྤྱི་བོ་མགྲིན་པ་དང་།། ་སྙིང་ཁ་ལྟེ་བ་གསང་གནས་རྣམས།། འཁོར་ལོ་ལྔ་ཡིས་གནས་ཉིད་དུ།། རིགས་ལྔ་ཚེ་དཔག་མེད་རྣམས་ཀྱིས།། དབང་བསྐུར་ལྷ་རྣམས་ཡབ་ཡུམ་སྟེ།། འཆི་མེད་བྱང་ཆུབ་སེམས་སུ་གྱུར།། རྩ་གསུ ་འཁོར་ལོ་ལྔ་རྣམས་གང་།། བྱང་ཆུབ་སེམས་ཀྱི་དབང་བསྐུརོ།། འཆི་མེད་རྡོ་རྗེའི་ལུས་སུ་གྱུར།། རྡོ་རྗེ་སེམས་དཔའི་སྐུ་རུ་བསྒོམ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་སེམས་དཔའི་ཕྱག་ན་འདུག ་ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། རྡོ་རྗེ་སེམས་དཔའི་བྱརྟུལ་ཞུགས་བརྟན།། ཨོཾ་སརྦ་ཏ་བྷཱ་གི་དཱ་སིདྡྷི་བཛྲཱི་ས་མ་ཡ་ཏིཥྞཱི་ཥ་ཏྭཱཾ་དྷཱ་ར་ཡཱ་མི་བཛྲ་སཏྭཱ་ཧི་ཧི་ཧཱུཾ་ཧཱུཾ། ཐོག་མཐའ་མེད་པའི་སེམས་དཔའ་ནི།། ་རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་སྙེམས་ཚུལ་བདག་པོ་འི་བདག། དཔལ་མཆོག་དང་པོའི་སྐྱེས་བུའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། ཤེས་རབ ་དབྱངས་ཀྱི་རྗེས་འགྲོར་བཤུང་།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད།། སྲིད་པ་ངོ་བོ་ཉིད་ཀྱིས་དག། ངོ་བོ་ཉིད་ཀྱིས་དངོས་བྲལ་བྱས།། རང ་བཞིན་དག་པའི་སེམས་དཔའ་ནི།། མཆོག་གི་སྲེད་པ་བྱེད་པར་འགྱུར།། མཚན་མ་མེད་པར་འགྲོ་བའི་དོན།། གང་དག་བདག་གིས་བྱེད་ནུས་པས།། ཕྱིར་མི་ལྡོག་པ་དབང་བསྐུར་ཆེ།། དཔའ་བོ་ཆེན་པོ ་བདག་ལ་གསོལ།། ཤར་དུ་སེང་གེའི་ཁྲི་ལ་འདུག། སྟེང་དུ་གྲདུགས་དཀར་ཕྱུབ་ནས་ཀྱང་།། རྣམ་རྒྱ་ལྟ་བུམ་པས་དཔུང་བསྐུར་ཏེ།། དབང་པོསྐུར་རྡོ་རྗེ་ཆེན་པོ་ལ།། ཁམས་གསུམ་པ་ཡིས་ཕྱག་བྱས་ཏེ། ་སངས་རྒྱས་ཀུན་གྱི་གསུང་གསུམ་གྱི།། གནས་ལས་བྱུང་བ་སྦྱིན་པར་བྱ།། ཨོཾ་བཛྲཱ་བྷི་ཥཾ་ཀ་ཏྲ་བྷཱི་ཥཱིཉྩོ་མཾ།། དྲིལ་བུ་གླེགས་བམ་ལག་ཏུ་གཏང་།། ཕྲིན་ལས་ཐོགས་པ་མེད་པ་རྣམས།། བུ་ཡཱཾས་གཞན་དོན ་བླ་མེད་བྱོས།། ཁྱོད་ནི་རྡོ་རྗེ་སློབ་དཔོན་ཡིན།། ཆོས་ཀྱིས་རྒྱལ་ཕྱིར་དཔོང་བསྐུརོ།། ལྷ་ཡི་སྙིང་པོ་ལནི་གསུམ་བརྗོད།། མེ་ཏོག་ཕྲེང་བ་སྤྱི་བོར་བཞག། བཅོམ་ལྡན་བདག་གིས་གཟུང་འགས་ཀྱིས།། བདག ་ལ་ཉེ་བོར་མཛད་དུ་གསོལ།། བཅོམ་ལྡན་བདག་གིས་སྦྱིན་ལོགས་ཀྱིས།། འདི་ལ་འཕོ་བར་མཛད་དུ་གསོལ།། འཇིག་རྟེན་ཁམས་ནི་མ་ལྟས་དྲང་བའི་ཕྱིར།། ཆགས་པ་མེད་པའི་བསམ་པ་ཡིས།། ཇི་ལྟར ་གདུལ་བྱ་སྣ་ཚོགས་ལྔ།། ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས།། དེ་བཞིན་རིགས་ཀྱིས་གང་འདུལ་བ།། ཁྱོད་ཀྱི་ཕྲིན་ལས་མཆོག་ཡིན་ནོ།། དེང་ནས་གཟུང་ནས་བུ་ཁྱོད་ཀྱི།། ཧཱུ~ཾ་རྒྱལ་དབང་དང་བསད་པ་དང་།། ་དགུག་དང་བཅིང་དང་བསྲེག་པ་དང་།། བསྲུང་དང་དབྱེ་བ་ལ་སོགས་པ།། ཕྲིན་ལས་སྣ་ཚོགས་གྲུབ་པར་གྱིས།། རལ་གྲི་མུག་སྨན་ས་འོག་དང་།། མཆིལ་ལྷམ་དེ་བཞིན་རྀ་ལུ་སྐྱེ།། མི་སྣང་བཅུད་ལེན་མཁའ་ལ་སྤྱོད།། ་ཐུན་མོང་དངོས་གྲུབ་མ་ལུས་པ།། དེ་དག་ཁྱོད་ཀྱིས་གྲུབ་པར་བྱ།། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས།། འཇིག་རྟེན་རབ་རིབ་སིལ་བ་ལྟར།། བུ་ཁྱོད་ཀྱི་ནི་མི་ཤེས་པའི།། རབ་རབ་རྒྱལ་བ་རྣམས་ཀྱིས་བསལ།། ཨོཾ་བཛྲ་ནཻ ་ཏཱ་པ་ཧ་རྱ་བ་ཊ་ལྀ་ཧྲཱིཿཆོས་རྣམས་གཟུགས་བརྙན་ལྟེ་བུ་སྟེ།། དག་ཅིང་གསལ་ལ་དྲི་མ་མེད།། གཟུང་དུ་མེད་ཅིང་བརྗོད་དུ་མེད།། ཆོས་རྣམས་དེ་ལྟར་ཤེས་པར་གྱིས།། ཧོཿཡིས་མདའ་གཞུ་ཕྱོགས་བཞིར་འཕངས།། ་མིཚན་མོ་གནས་ཁིང་དབེན་པ་རུ།། བཞིན་བཟངས་མིག་ཡངས་ལང་ཚོར་ལྡན།། ལུས་ལ་དྲི་ཡིས་བྱུགས་བྱས་ཏེ།། རྩེ་དང་རྒོད་པ་ལ་སོགས་པས།། ཐབས་དང་ཤེས་རབ་གཉིས་ཕ་བོ་སྟེ།། ནོར་བུ་བྱང་ཆུབ་སེམས ་ལྷུང་བས།། ཉ་ཕྱིས་དུང་ཆོས་ལ་སོགས་སུ།། དཱིར་བཅས་སྐྱོབ་མའི་ཁ་རུ་ནི།། མཐེ་བོ་སྦྱིན་ལག་དག་གི་སོ་སྦྱིན།། ཨ་ཧོ་སུ་ཁས་དེ་བཏུང་ངོ་།། ཟག་མེད་བདེ་ཚན་ལུས་ལ་རྒྱས།། རྡོ་རྗེ་དེ་ཡིས་ཉོན་མོངས་འཇོམས། ་མཚན་ལྡན་ཤེས་རབ་རང་བཞིན་ཏེ།། ལྷ་མོ་འདི་ནི་ཕྱག་རྒྱ་ཆེ།། མཐའ་ཡས་བདེ་བ་སྦྱིན་པ་མོ།། རྣམ་པ་ཀུན་དུ་ཕྱག་རྒྱ་ལོང་།། པུ་ཡིས་བླ་མེད་མཆོད་པར་བགྱིས།། ཡོལ་བས ་བར་ཆད་སྙོམས་འཇུག་གིས།། སྒྲུབ་དང་བསླབ་པའི་སྦྱོར་བ་ཡིས།། མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར།། ལྟོས་ཅིག་ལྟོས་ཅི་ག་སེམས་ལ་ལྟོས།། སེམས་ཉིད་ཅིར་ཡང་གྲུབ་པ་མེད།། གསལ་གཞག ་དགུག་སྒྲུབ་གང་ཡང་མེད།། འདིས་ནི་རང་རིག་ཡེ་ཤེས་ཡིན།། བླ་མ་སྤྲུལ་པའི་སྐུར་བྱས་ཏེ།། ཆོས་གོས་བཟུང་ལ་ལུང་བསྟན་བྱ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་པའི་མཐའ་ནི་གྲུབ ་པའི་ཕྱིར།། སྲིད་པའི་ངན་འགྲོ་ཉིད་ལས་བཏོན།། འདི་ནི་ངས་ཁྱོད་ལུང་བསྟན་ཡིན།། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མ་སྟྭཾ་བྷུར་བྷུ་བ་སྲྀ།། ཁམས་གསུམ་པ་ཡི་རྐྱལ་སྲིད་ཆེ།། རྒྱལ་བའི་བདག་པོར་བརྟན ་པ་དང་།། དེས་ནི་བདུད་ལས་རྣམ་རྒྱལ་ཞིང་།། གྲོང་ཁྱེར་མཆོག་ཏུ་ཞུགས་པ་ཡིན།། དང་བདག་སྐྱེ་བ་འབྲས་བུར་བཅས།། དེ་རིང་སངས་རྒྱས་སྲས་སུ་སྐྱེས།། སངས་རྒྱས་སྲས་སུ་དུ་གྱུར་ཏོ།། ་དང་གླང་པོ་མ་ཧེ་དང་།། བུ་དང་ཆུང་མ་ལ་སོགས་དབྱིག། ཕྱག་བྱེ་བླ་མ་དམ་པ་ལ།། མ་ཞོན་སེམས་ཀྱིས་འབུལ་བར་བྱ།། དཀྱིལ་འཁོར་ལྷ་ཚོགས་མཆོད་བྱས་ཏེ།། ཚོགས་ཀྱི་རྣལ ་འབྱོར་ཚི་མ་བྱས་ནས།། བཀྲ་ཤིས་བརྗོད་ཅིང་སྨོན་ལམ་གདབ།། དགེ་བའི་རྩ་བར་བསྔོ་བ་དང་།། རོལ་མོའི་སྒྲ་དང་བཅས་པ་ཡིས།། རྡུལ་ཚོན་ཆུ་བོ་ཆུན་པོར་དོང་།། དྲི་བཟང་གིས ་ནི་ཐོག་ཕྱིས་ཏེ།། ལྷག་ཚད་བསྐད་ཕྱིར་སྦྱིན་བསྲེག་བྱ།། ཆོ་ག་བཟང་པོ་ཡོངས་བཟུང་འདི།། རྩ་རྒྱུད་ལེའུ་འབུམ་པ་དང་།། བཤད་རྒྱུད་འོད་ཟེར་དྲ་བ་ལ།། བརྟེན་ནས ་གྲུབ་པོའི་རྒྱུ་ལ་མྱོས་མཛད།། དེ་ཡི་དགེ་བ་གང་ཡོད་པ། རླིག་སྟ་དྲུག་སྣམསྟེ་ཅན་མ་ལུས་དེ། ཚེ་དབུག་མེད་པའི་ལམ་ཞུགས་ནས། ངོ་ས ་འབྲས་བུ་མྱུར་ཐོབ་ཤོག། བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པའི་དཀྱིལ་འཁོར་གྱི་ཆོ་ག་བཟང་པོ་ཡོངས་བཟུང་ཞེས་བྱ་བ་རྫོགས་སྷོ།། ་རྒྱ་གར་གྱི་པིཎྜི་ཏ་ཟླ་བ་བཟང་པོ་དང་། བོད་ཀྱི་ལོ་ཙཱ་བ་གླན་དང་མ་ཚུལ་ཁྲིམས་ཀྱིས་བསྒྱུར་ཞིང་ཞུས་ཏེ་དག་པར་བྱས་སོ།། ་