CLOSE WINDOW

GT993: tshe dang ye shes dpag tu med pa'i sgrub thabs
Wyliee-texts produced with BDRC’s OCR application

གེ་བདུན་པའི་སྒྲུབ་ཐུབས།། གརླབས་ལོ་ཙཱ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། ། རྒྱུ་གར་སྐད་དུ། ཨུ་པ་རི་མི་ཏྱཱ་ཡུརྡྷ་ན་སྱཱ་དྷཱ་ནཱ་མ། བོད་སྐད་དུ། ཚྭ་དང་ཡ ་ཤེས་དཔག་ཏུ་མེད་པའི་སྒྲུབ་ཐབས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལོ།། དད་བརྩོན་འགྲོ་རྣམས་བསྒྲལ་འདོད་པ།། བསོད་ནམས་ཚིག་ས་ནི་སྔོན་སོང་བས།། ཚངས་པའི་གནས ་བཞི་བསྒོམ་པར་བྱའོ།། རང་གི་སྙིང་ཁའི་ཧྲཱིཿདམར་ལས།། ཡེ་ཤེས་མེ་འབར་རྣམོ་སྨིན་བསྲེགས།། དེ་རྗེས་རང་སེམས་ཐིག་ལེ་དང་།། ཧྲཱིཿདམར་ཚེག་དྲག་གྱུར་པ་ལས།། རྟ་མཆོག་སྤྱན་གསུམ་ཞལ་བགྲད ་པདབྱུག་པ་སྡིགས་མཛུབ་འབར་འཇིགས་བསྒོམ།། དེ་ཡི་ཐུགས་ཀར་པང་ཟླའི་སྟེང་།། ཧྲཱིཿལས་བཅོམ་ལྡན་ཚེ་དཔག་མེད།། མདོག་དམར་རྒྱན་མཛེས་བུམ་པ་བསྣམས།། ཐུགསོ་ཀཱར་པདདྨ་ཟླའི་སྟེང་དུ ་ཧྲཱིཿ། དེ་ལས་བྷྲཱུཾ་ཆང་འཁོར་ལོ་ནི།། རྩིབས་བརྒྱད་ཡོངས་སུ་གྱུར་པཱ་ལ།། གྲཞལ་ཡས་གྲུ་བཞི་སྒོ་བཞིཔ།། འདབ་བརྒྱད་ཁྱམས་དང་བྱད་ར་དང་།། འདོད་ཡོན་ཕ་གུ་དྲ་ཕྱེད་དང་།། རྟ་བབས་མཆོད་རྟེན་ཡོངས་མཛེས ་པཾ། རྡོ་རྗེ་མེ་རི་དམར་སྨུག་འཁྲུག། དང་ཞིང་ཐོགས་པ་མེད་པ་ཡི།། འོད་ཟེར་ཚོགས་འཁྲུག་བསྒོམ་པར་བྱ།། དེ་ཡང་ཧྲཱིཿལས་ཕོ་བྲང་གི། དབུསུ་སཾ་ཅིག་ཆད་པ་ལས།། མི་འཇིགས་བརྒྱད་དུ་གྱུར་པར་བསྒོམ།། ་དེ་སྟེང་པཾ་ཨ་རཾ་ཆུད་པས།། པད་ཟླ་རྒྱུ་བདུན་དག་ཏུ་འགྱུར།། དེ་ཡི་སྟེང་དུ་ཧྲཱིཿལས་ནཱི།། འོད་འཕྲོས་དོན་བྱས་ཚུར་འདུས་པས།། པདྨ་དམར་པོ་འདབ་ལྔར་གྱུར།། དེ་ལས་བཅོམ་ལྡན་ཚྭ་དཔག་མེད།། མདོག་དམར ་གཞོན་སྒེག་རྒྱན་གྱིས་མཛེས།། འགྲོ་རྣམས་རེ་སྐོང་དཔག་བསམ་ཤིང་།། བུམ་པའི་ཁ་རྒྱན་ཐུགས་ཀར་འཛིན།། འགྱིང་བཅས་འོད་འཁྲུག་སྐྱིལ་ཀྲུང་བཞུགས།། དེ་ཡི་གཡོན་དུ་པཾ་དང་ཨ། གྱུར་པས་ཟླ ་བའི་གདན་སྟོངསུ།། ཨ་ལས་ཡུམ་མཆོག་གོས་དཀར་མོ།། མཚུལ་མདོག་འགྱིང་བཅས་འཛུམ་ཞིང་སྒེག། ཐུགས་ཀར་པདྨ་རཱ་ག་ཡིསོ།། བུམ་པ་ཡོངསུ་འཛིན་པའོ།། ཤར་དུ་པང་ཟླ་ཉི་མ་ཡི།། ་སྟེང་དུ་ཧཱུཾ་ལས་རྡོ་རྗེར་གྱུར།། དེ་ལས་མི་བསྐྱོད་ཚེ་དཔག་མེད།། བྱཾ་ཌཱུརྱ་སྔོན་པོའི་མདོག་འདྲ་བ།། སྐྱིལ་ཀྲུང་དང་བཅས་བུམ་པ་འཛིན།། དེ་ཡི་གཡོན་དུ་པད་ཟླའི་སྟེང་།། ས་ལས་ཡུམ་མཆོག་སངས ་རྒྱས་སྤྱན།། མདོག་དྭཀར་ཕྱག་གཉིས་བུམ~ཾ་པ་བསྣམས།། གཞོན་སྒེག་སྐྱིལ་ཀྲུང་བཞུགས་པའོ།། ལྷོ་རུ་པདྨ་ཉི་སྟེངས་སུ།། སྭ་ལས་རིན་འབྱུང་ཚེ་དཔག་མེད།། གཙོ་མ་གསེར་མདོག་སྐྱིལ་ཀྲུང ་བཞུགས།། བུམ་འཛིན་རིན་ཚོན་རྒྱན་གྱིས་སྤྲས།། གཡོན་དུ་པད་ཟླ་ཏྲཾ་ཉིད་ལས།། བྱུང་བའི་ཡུམ་མཆོག་མཱ་མི་ཀཱི།། ནམ་མཁའི་མདོག་ཅན་འཛུམ་སྒེག་མཛེས།། བུམ་པ་བསྣམས་ཤིང་སྐྱེ་ལོ་ཀྲུང་བཞུགས།། ་ནུབ་དུ་པང་ཟླ་ཉི་མ་ཡཱ།། སྟེང་དུ་བྷྲཱུཾ་ལས་འཁོར་ལོར་གྱུར།། དེ་ལུས་སྣང་མཛད་ཚེ་དཔག་མྱེད།། དྲ། ཞིང་སྐྱིལ་ཀྲུང་བཞུགས་པའོ།། གཡོན་དུ་པད་ཟླ་མཾ་ལས་ནི།། དབྱིངས་ཕྱུག་མ་ནི ་དུད་གི་མདོག། འགྱིང་བཅས་རིན་ཆེན་བརྒྱན་གྱིས་སྤྲིས།། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་ངོ་།། བྱང་དུ་པད་ཟླ་རཾ་ཉི་ཡི།། སྟེང་དུ་ཨ་ལས་རྒྱ་གྲམ་པ། དེ་ལས་དོན་གྲུབ་ཚེ་དཔག་མེད།། མདོག་ལྗང་བུམ་པ་སྐྱིལ་ཀྲུང ་མཛེས།། གཡོན་དུ་པདྨ་ཟླ་བའི་སྟེང་།། ཏྲཱཾ་ལས་དམ་ཚིག་སྒྲོལ་མ་ནི།། སྔོ་ལྗང་སྣ་ཚོགས་རྒྱནྡ་གྱིས་མཛེས།། ཐུགས་ཀར་བུམ་པ་འཛིན་པའོ།། ཤར་ཁྱམས་ཟླ་བའི་གདན་སྟེངས་སུ།། ཧཱུཾ་བཞི་རྡོ་རྗེ་བཞིར་གྱུར ་པས།། རྡོ་རྗེ་རིགས་ཀྱི་སེམས་དཔའ་བཞི།། གཡས་པ་རང་རྟགས་རྡོ་རྗེ་འཛིན།། གཡོན་པ་ཆུ་ཡི་བུམ་པ་འཛིན།། རྒྱ་ནུ་མཛེས་རྡོ་རྗེ་སྐྱིལ་ཀྲུང་བཞུགས།། ལྷོ་ཕྱོགས་པདྨ་ཟླ་བའི་སྟེང་།། ས་ལས་རིན་ཆེན་འབར ་བ་བཞིན།། རིན་ཆེན་རིགས་ཀྱི་སེམས་དཔར་གྱུར།། གཡས་པ་རིན་ཆེན་གཡོན་པ་ན།། ཚེ་ཡི་བུམ་པ་ཐུགས་ཀར་འཛིན།། བཙོ་མཾ་གསེར་འདྲ་སྐྱིལ་ཀྲུང་བཞུགས།། ནུབ་ཏུ་པྱད་ཟླ་ཧྲཱིཿབཞི་ལས།། པདྨ་འདབ ་ལྷུར་གྱུར་པ་ལས།། པདྨའི་སེམས་དཔའ་བཞི་རུ་གྱུར།། ཕྱག་གཡས་རང་རྟགས་པདྨ་བསྣམས།། གཡོན་པ་བུམ་འཛིན་རྒྱན་སྤྲས་ཤིང་།། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའོ།། བྱིང་དུ་གདན་སྟེངས་ཨ ་བ་ནི་ལུས།། རྡོ་རྗེ་རྒྱ་གྲམ་ལས་བྱུང་བའོ།། ལས་ཀྱི་སེམས་དཔའ་བཞི་རུ་གྱུར།། སྔོ་ལྗང་རྒྱ་གྲམ་བུམ་པ་བསྣམས།། གཞོན་སྒེག་མཛེས་ཤིང་སྐྱིལ་ཀྲུང་བཞུགས།། འོད་ཟེར་ཚོགས་ཀྱིས་བསྐོར་བའོ།། ་ཤར་སྒོ་ཛཿདང་ལྕགས་ཀྱུ་ལས།། ལྕགས་ཀྱུ་མ་ནཱི་མུ་ཏིག་མདོག། ལྷོ་སྒོར་ཧཱུ~ཾ་ལས་ཞགས་པཾ་ས་ར།། ནུབ་ཏུ་བཾ་ལས་ལྕགས་སྒྲོག་དམར།། བྱད་དུ་ཧོཿལས་དྲིལ་བུ་ལྗང་།། ལྷ་མེ་དེ་དག་ཐམས་ཅད་ཀྱང་། ་འཁྲིལ་ལྡེམ་གཞོན་སྒེག་རྒྱན་སྤྲས་མཛེས།། ཞལ་ནི་ཕྱིར་གཟིགས་བཞེངས་པའོ།། སྒོ་བཞིར་རྒྱལ་ཆེན་བཞི་ཡང་བསམ།། ཡང་ན་ཕྱི་རོལ་དག་ཏུའོ།། གྲུ་ཆད་བཞི་ལ་མཆོད་པ་ཡི།། ལྷ་མེ་སྤྱི་དང ་མཐུན་པར་བསམ།། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། རང་བཞིན་གནས་ནས་ཡེ་ཤེས་པ།། འདི་བརྗོད་སྤྱན་ནི་དྲང་པར་བྱ།། འདོད་ནས་རང་བཞིན་མཁའ་ལྟར་དག། ཐུགས་རྗེས་འཇའ་ཚོན་སྐུར་སྟོན ་པའི།། བཅོམ་ལྡན་གསུང་མཆོག་ཚེ་དབུག་མེད།། རང་བཞིན་ལྷུན་གྲུབ་གཞལ་ཡས་ནས།། ཏིང་འཛིན་གཟུགས་བརྙན་དམ་པ་འདིར།། འགྲེ་བའི་དེན་ཕྱིར་སྤྱན་འདྲེན་ན།། ཚེ་ཟད་ཚེ་ཉམས་བསལ་མཛད ་ཕྱིར།། གནས་འདི་ཉིད་དུ་གཤེགསུ་གསོལ།། རྡོ་རྗེ་རིན་ཆེན་པདྨ་དང་།། ལས་ཀྱི་རིགས་མཆོག་ཚེ་དཔག་མེད།། རིགས་ཀྱི་ཡུམ་མཆོག་ལྔ་དང་ནི།། མཆོད་པའི་ལྷ་མོ་རྣམ་བཞི་དང་། སེམས་དཔའ་བཅུ་དྲུག ་སྒོ་མར་བཅས།། རང་བཞིན་བདེ་ཆེན་དཀྱིལ་འཁོར་ནས།། ཏིང་འཛིན་གཟུགས་བརྙན་དམ་པ་འདིར།། ཚེ་དང་ལོངས་སྤྱོད་རྒྱས་པ་དང་།། ཐུགས་མཆོག་ཡེ་ཤེས་ཐོབ་བྱའི་ཕྱིར།། གནས་འདི་ཉིད་དུ ་སྤྱན་འདྲེན་གྱི།། བྱིན་གྱིས་བརླ་ཕྱིར་གཤེགསུ་གསོལ།། ཛཿཧཱུཾ་བཾ་ཧོཿས་དགུག་གཞུག་བཅིང་།། མཉེས་པར་གྱུར་ལ་མཆོད་པ་དང་།། བསྟོད་པ་རྒྱས་དང་བསྡུས་པ་བྱ།། སྐུ་གསུང་ཐུགསོ་ནི་བྱོན་གྱིས་བརླག། དེ་ནས ་བྱིབྱེང་རྒོད་རབ་སྤང་སོ་ནས།། མ་ཡེངས་ལྷ་རྣམས་གསལ་བར་བསྒོམ།། དེ་རྗེས་བཟླས་པ་བྱ་བ་ནི།། ལྷ་རྣམས་ཐུགས་ཀའི་བུམྦྷ་པའི་ནང་།། ཧཱུཾཿཧཱུཾ་སྭ་བྷྲཱུཾ་ཨ་ལས་ནི།། རང་རང་སྔགས་ཀྱིས་བསྐོར་བར་བསྒོམ།། ཨོཾ་ཧྲཱིཿབྷྲཱུཾ་བཛྲ་ཛྙཱ་ན ་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཧཱུཾ་བྷྲཱུཾ་བཛྲ་ཛྙཱ་ནཱ་ཨཱ་ཡུཥྚེ་སྭཱ་ཧཱ།། ཨོཾ་སྱཱ་ཛྙཱ་བཛྲ་ཛྙཱ་ན་ཨཱ་ཡུ་ཥྤེ་སཱདྡྷ།། ཨོཾ་བྷྲཱུཾ་བྷྲཱུཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་སྭཱ་ཧཱ། ཨོཾ་ཨཱ་རྒྷཾ་བཛྲ་ཛྙཱ་ན་ཨཱི་ཡུ་ཥེ་སྭཱ་ཧཱ།། དེ་རྣམས་ཡ་བེ་ཡུམ་སྙིང་པོའོ།། ཡུམ་གྱི་བུམ་བཱར་ཨ་པ་རི་མི། ་ཏ་བསམས་ལ་སྔགས་འདིས་བསྐོར།། ཨོཾ་བྷྲཱུ~ཾ་ཨ་པཱ་རཱི་མི་ཏ་ཨཱ་ཡུཾ་ཛྙཱ་ན་སུ་བྷི་ནིཥྛིཏྟ་ཏེ་ཛོ་དྷཱི་ཛཱི་ཡ་སྭཱ་ཧཱ།། ཡུམ་མཆོག་ལྔ་ཡི་སྙིང་པོར་བརྗོད།། ཕྱོགས་བཞིའི་སེམས་དཔའ་བཅུ་དྲུག་གོ།། གཙོ་བོའི་སྔགས ་རྣམས་བསྐོར་བར་བསམ། ཛཿཧཱུཾ་བཾ་ཧོཿོཾཿཔ་རི་མི་ཏ་ཨཱ་ཡུ་ཛྙཱ་ནི་སུ་བཻ་ནིཿསྭཱ་ཧཱ།། སྒོ་མ་བ་ནི་ཡེ་སྙིང་པོའོ།། དེ་ལྟར་བུམ་པའི་སྔགས་རྣམས་ལོ།། དམིགས་ནས་བཟླས་པ་བྱས་པ་ཡིས།། ཡིག་འབྲུ་རྣམས ་ལ་བདུད་རྩིའི་རྒྱུན།། བྱུང་བས་བུམ་པ་ཁེངས་པར་བསམ།། བུམ་ནང་ཡེ་ཤེས་བདུད་རྩིའི་རྒྱུན།། རང་གི་གནས་གསུམ་ཐིམ་པ་ཡིས།། ལུས་ངག་ཡིད་བཞིན་ནང་གདོན་དང་།། སྡིག་སྒྲིབ་དག་ནས་དབྱུང་བཞི་ཐོབ།། འཆི ་མེད་དངོས་གྲུབ་ཐོབ་པར་བསམ།། དེ་ནས་རང་གི་སྔགས་བཟླས་པས།། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱང་།། རང་རང་གསང་སྔགས་ཟློས་པར་བསམ།། རང་སྙིང་ས་བོན་ཤར་སྒོ་ནས།། ལྷ་མོ་དཀར་མོ་ལྕགས་ཀྱུ ་གས།། དཔག་མེད་ཤར་དུ་སྤྲོས་པ་ཡིས།། ནད་གདོན་ཞི་བའི་ལས་བྱས་ནས།། དྲི་ཟའི་ལག་ནས་ཚེ་བཀུག་ལ།། རང་དང་བུམ་པར་བསྟིམ་པར་བྱ།། དེ་བཞིན་ལྷོ་ཡི་ཞགས་པ་མས།། ཚེ་དང་ལོངས་སྤྱོད་རྒྱས་བྱས་ནས།། ་གཤིན་རྗེའི་ལག་ནས་ཚེ་བཀུག་སྟེ།། གོང་བཞིན་དུ་ནི་བསྟིམ་པར་བྱའོ།། ནུབ་ཀྱི་ལྕགས་སྒྲོག་དམར་མོ་ཡིས།། སྲིད་གསུམ་མ་ལུས་དབང་བསྔོས་ཏེ།། ཆུ་ལྷའི་ལག་ནས་ཚེ་བཀུག་ལ།། བསྟིམ་ཞོང་ཀླུ་གདོན་དག ་པར་བསམ།། བྱང་གི་དྲིལ་བུ་དགྱེས་མཛད་མས།། ནད་གདོན་ལོག་འདྲེན་ཚར་བཅད་ནས།། གནོད་སྦྱིན་ལག་ནས་ཚེ་བཀུག་ལ།། གོང་བཞིན་དམིགས་པ་གསལ་བས་བསྟིམ།། ཤར་ཕྱོགས་རྣམ་རྒྱལ་བུམ་པ་ནི། ་རྫས་དང་མགུལ་ཆིངས་ཁ་རྒྱན་བཅས།། ཕྱག་མཚན་བྲིས་ནས་གཞུག་པར་བྱ།། ཕྱི་ནི་བུམ་པའི་རྣམ་པ་ལ།། ནང་གི་གཞལ་ཡས་ཁང་དུ་བསམ།། གོང་བཞིན་བདུད་རྩིས་བུམ་པ་དོ་གང་།། དེ་ཡིས་རང་བཞིན ་ཐམས་ཅད་ཀྱི།། ནད་གདོན་སྡིག་སྒྲིབ་སྤངས་དག་ནས།། འཆི་མེང་དངོས་གྲུབ་ཐོབ་པར་བསམ།། ལས་བུམ་ནཱ་མགྲིན་བསྐྱོང་བ་ཡང་།། བགེགས་ཀྱི་སྟེང་དུ་བཞག་པར་བྱ། ་དེ་ཡིས་གཞན་པར་ཆད་བསྲུང་།། བདུད་རྩི་ད། ར་དམར་ཁྲུས་བྱའོ།། དེ་ལྟར་རང་དོན་གཞན་དོན་ལ།། མ་ཡེངས་བསྐྱེད་རིམ་གསལ་པོ་ཡིས།། ཟླ་བ་གཅིག་ཏུ་སྔགས་བཟླས་ནས།། རྟགས་རྫོགས་ཟླ ་དྲུག་ཞལ་མཐོང་འགྱུར།། དྲི་ཡང་རྒྱུན་དུ་ཉམས་ལེན་ན།། ཁྲོ་དའི་སྐད་ཀྱིས་མ་ནོན་པར།། མདུན་དུ་གཙོ་བོ་ཡབ་ཡུམ་བསྣམ།། གསོལ་བ་བཏབ་ལ་མཆོད་བསྟིད་བྱ།། བུམ་པ་དག་ལ་དམིགས་ནས་ནི།། ་གུས་སྔགས་ཉི་ཤུ་རྩ་གཅིག་བཟླས།། དེ་ཡིས་བདུད་རྩིའི་རྒྱུན་བྱུང་ནས།། རང་གི་སྤྱི་གཙུག་ཐིམ་པ་ཡིས།། ནང་གདོན་སྡིག་སྒྲིབ་སངས་དག་ནས།། བདུད་རྩིས་རོང་ལུས་ཁེངས་པ་ཡིས།། འཆི་མེད ་ཚེ་ཡིས་དངོས་གྲུབ་ཐོབ།། ཚེ་དཔག་མེད་པར་གྱུར་པར་བསམ།། བརྟན་པའི་ཡན་ལགོ་སྔགས་བཟླས་སོ།། དེ་ཡི་ཚེ་ཚད་ཉི་ཟླར་འགྱུར།། ཚེ་ཉམས་ལ་སོགས་སྨོས་ཅི་དགོས།། གསངས་ནས་སྒྲུབ་པ ་རབ་ཏུ་བསྔགས།། དེ་ནས་གསང་སྒྲུབ་བཤད་པར་བྱ།། དཀྱིལ་འཁོར་གོང་དང་འདྲ་བ་ལས།། ཡབ་ལྔ་སྐུ་མདོག་འཚོར་ཞིང་དམར།། སྣ་ཚོགས་རིན་ཆེན་རྒྱན་གྱིས་སྤྲས།། བུམ་པ་ཐོད་པར་བཅས་པ ་འཛིན།། རྡོ་རྗེ་སྐྱིལ་ཀྲུང་བཞུགས་པའོ།། ཡུམ་ལྷ་སྐུ་མདོག་འདྲ་བ་དང་།། གཞོན་སྒེག་རྒྱན་མཛེས་སྐུ་ཤ་རྒྱས།། འཛུམ་ཞིང་ནུ་མ་འབུར་བ་ཡོས།། གཡས་པ་པདྨ་རྡོ་རྗེ་དང་།། རིན་ཆེན་འཁོར་ལྀ། ་རྒྱ་གྲམ་སྟེ།། གཡས་པ་རང་རྟགས་ཕྱག་མཚན་འཛིན།། གཡོན་པ་ཐོད་པ་བདུད་རྩིས་བགང་།། ཡབཾ་ལ་སྟོབ་ཅིང་སྐྱིལ་ཀྲུང་འཁྲིལ།། ཡབ་ཀྱི་འོད་ཟེར་དམར་བའི་མདངས།། ཡབ་ཡུམ་འོད་ཟེར ་ཚོགས་འཁྲུག་ཅིང་།། སྙོམས་འཇུག་ཟག་མེད་བདེ་བ་རྒྱས།། གཉིས་སུ་མེད་པའི་སྦྱོར་མཚམས་ནས།། བྱང་སེམས་དཀར་དམར་བདུད་རྩི་རྒྱུན།། རང་གི་གནས་གསུམ་ཕོག་པ་ཡིས།། ལུས ་ངག་ཡིད་གསུམ་སྡིག་སྒྲིབ་དག། ཐུན་མོང་མ་ཡིན་དབང་བཞི་ཐོབ།། རང་ལུས་ཟག་མེད་བདེ་བ་རྒྱས།། ཡེ་ཤེས་ལུསཽ་ལ་མགོན་པོར་བསྐྱེད།། ཤར་གྱི་ཁྱམསུ་རྡོ་རྗེའི་རིགས།། ཁྲོ་བོ་ཞལ་གཅིག་ཕྱག ་གཉིས་པ།། མདོག་དམར་ཕྱག་གཡས་རྡོ་རྗེ་བསྣམས།། གཡོན་པཱ་རཱ་གླའི་བུམ་པ་འཛིན།། སྤྲུལ་དང་རིན་ཆེན་སྣ་ཚོགས་བརྒྱནོ།། མྱེ་རི་འབར་པོའི་ཀློང་དཀྱིལ་ནས།། གཡས་བསྐུམ་གཡོན ་བརྐྱང་བཞེངས་པའོ།། ཡུ་མོ་ཡང་མདོག་དམར་རྡོ་རྗེ་དང་།། བུམ་པ་འཛིན་ཅིང་ཡབ་ལ་འཁྲིལ།། ཁྲོ་ཞིང་ཅུང་ཟད་སྒེག་པིར་བསམ།། ལྷོ་ཕྱོགས་སུ་ནི་རིན་ཆེན་རིགས།། ཡབ་ཡུམ་གཡས་པ་རིན་པོ་ཆེ། ་གཡོན་པ་ཚེ་ཡི་བུམ་པའོ།། ནུབ་ཕྱོགས་བུདྡྷའི་ཁྲོ་བོ་ནི།། ཡབ་ཡུམ་གཡས་པ་འཁོར་ལོ་སྟེ།། གཡོན་པ་ཚེ་ཡི་བུམ་པའོ།། བྱང་ཕྱོགས་འཕྲིན་ལས་ཁྲོ་བོ་ནི།། ཡབ་ཡུམ་གཡས ་པ་རྒྱ་གྲམ་བསྣམས།། གཡོན་པ་བུམ་པ་འཛིན་པའོ།། དབུས་ཀྱི་སྟེང་དང་འོག་ཏུ་ནི།། ཁྲོ་བོ་ཡབ་ཡུམ་ཕྱག་གཡས་ནི།། པདྨ་འདབ་ལྔ་བསྣམས་པ་སྟེ།། གཡོན་པ་ཚེ་ཡི་བུམ་པའོ།། ཕྱོགས་བཞིར ་ཁྲོ་བོ་གཉིས་གཉིས་བསྒོམ།། རྒྱན་དང་ཆ་ལུགས་སྐུ་མདོག་རྣམས།། ཤར་ཕྱོགས་བཞིན་དུ་བསམ་པར་བྱ།། སྒོ་མ་བཞི་ནི་མདོག་དམར་ཞིང་།། ཞལ་ནཱི་ཕྱིར་གཟིགས་ཁྲོ་མོའོ།། གཙོ་བོ་ལྔ་དང་ཁྲུས ་ཆུ་ཡི།། བུམ་པ་དག་ལ་དམྦྷིག་ས་བྱས་ནསྭ།། གསང་བའི་སྔགས་ནཱི་བཟླས་པར་བྱ།། ཨཱ~ཾ་ཧྲཱིཿཧཱུཾ་སྭ་ཨ་བྷྲཱུཾ་ཛིཿཧཱུཾ་བཾ་ཧོཿ་པ་ར་མི་ཏ་ཨཱ་ཡུཛྙཱ་ན་མ་དྷུ་སིདྡྷི་ཧ་ས་ནི་རི་སྭཱ་ཧཱ།། དེ་སྐད་མ་ཡེངས་བཟླས ་ཡིས།། བུམ་པའི་ཆུ་རྒྱུན་སྤྱི་བོར་ཕོག། སྡིག་སྒྲིབ་དག་ནས་དབང་བཞི་ཐོབ།། དེ་ནས་རང་ཉིད་ཡབ་ཡུམ་དུ།། བསམས་ལ་གསང་བའི་སྡིག་ས་བརྗོད་དོ།། ཤར་དང་བྱང་ཤར་མཚམས་སུ་ནི།། བུམ ་པ་ལྷ་རྣམས་གང་བཞིན་བསམ།། རང་དང་ལྷ་རྣམས་སྔགས་བཟླས་པས།། འཆི་མེད་བདུད་རྩིའི་བུམ་པ་ཁེངས།། རྗེསུ་ཆགས་རྣམས་ཞུ་བའི་ཆུས།། རང་གཞན་ཐམས་ཅད་ཁྲོས་བྱའོ།། དེ་ཡིས་མཆོག ་དང་ཐུན་མོང་གི། དངོས་གྲུབ་ཐམས་ཅད་འབྱུང་བར་འགྱུར།། དེ་ནས་ཁོ་ན་ཉིད་འདི་བསྒྲུབ།། རང་ཉིད་མགོན་པོར་གསལ་བ་ཡི།། གསང་གནས་ཆོས་འབྱུང་གླུ་གསུམ་དུ།། ཧྲཱི་དང ་ལས་མི་འབར་བས།། ཁོང་བའི་རླུང་རྣམས་ཐམས་ཅད་ཁེངས།། སྤྱི་བོའི་ཧཾ་བརྒྱུད་ཞུ་བོ་ལས།། བདེ་ཆེན་བདུད་རྩིའི་ཆུ་རྒྱུན་བབ།། རྩཝ་རྣམས་ཁེངས་པས་བདེ་བ་རྒྱས། དྲོད་དང ་བདེ་བའི་ཁྱད་པར་ཀུན།། སྟེང་འོག་རླུང་གི་གནང་ཤེས་བྱ། རྟ་བདུན་རི་བོང་རྒྱས་བསྟན་ནས། མཐར་ཐུག་ལྷུན་གྲོ་བ་རྣམ་གསུམ་ཐོབ། བཅུ་གསུམ་ས་རྣམས་རྫོགས ་བར་འགྱུར།། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་སྒྲིབ་ཐབས། ཡེ་ཤེས་ཀྱི་མཁའ་འགྲོ ་མ་གྲུབ་པའི་རྒྱལ་མོས་མཛད་པ་རྫོགས་སོ།། ། ་