| Wylie | e-texts produced with BDRC’s OCR application |
རིམ་པ་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་འབྱུང་བ་བཞིན་བྲིས་པ་འདི་རྫོགས་སོ།། །། ཀུ་ལ་ལོ་ཀ་ནཱ་ཐཱ་ཡ། འཕགས་པ་སྤྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པོའི་རྗེས་གནང་གི་ཆོ་ག་ནི། ་གནས་དབེན་པར་མཎྜལ་འདབ་མ་བརྒྱད་བྱུཀྐུ་ལ། དེའི་དབུས་སུ་མཚན་ཉིད་དང་ལྡན་པའི་བུམ་པ་བཤམས་ལ། གཞན་ཡང་ཇི་ལྟར་འབྱོར་པའི་ཡོ་བྱད་ལྟ་གོན་བྱས་ནས། སློབ་དཔོན་བདག་ཉིད་ཀྱིས་རྣལ་འབྱོར ་རྣམས་རྫོགས་པར་བསྒོམ་སྟེ། སྔགས་ཅི་རིགས་པར་བཟླས་ལ། དེའི་རྗེས་ལ་བུམ་པ་ཆོ་ག་བཞིན་དུ་ལྷར་སྐྱེད་ལ། མཆོད་བསྟོད་བཟླས་པ་རྣམས་རྫོགས་པར་བྱའོ།། དེ་ནས་སློབ་མ་ཁྲུས་བྱས་ནས། ཕྱག་དང ་མཎྜལ་ཕུལ་ནས། དེ་ནས་དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། ཞེས་པ་ལ་སོགས་པས་གསོལ་བ་བཏབ་ནས། བུ་ཚུར་ཐེག་པ་ཆེན་པོ། ཞེས་པ་ལ་སོགས་པའི་སྔགས་ཀྱིས་ཐེག་པ་ལ་སྤྲོ་བ་བསྐྱེད་ནས། ་དཀོན་མཆོག་གསུམ་ལ་བདག་སྐྱབས་མཱཆི། ཞེས་བྱ་ལ་སོགས་པ་སྡིག་པ་བཤགས་པ་དང་། ཇི་ལྟར་དུས་གསུམ་མགོན་པོ་རྣམས། ཞེས་པ་ལ་སོགས་པས་རིགས་ལྔའི་ཁྱད་པར་གྱི་སྡོམ་པ་སྦྱིན ་པ་དང་། དེ་རྣམས་མི་མ་ཉམས་པར་བྱ་བའི་ཕྱིར། ཕན་ཡོན་དང་། ཉེས་དམིགས་དང་། མནའི་ཆུ་དང་། རྡོ་རྗེ་སློབ་དཔོན་གྱི་བཀའ་མཉན་པའི་སྒོ་ནས་དམ་ལ་བཞག། སྒྲུབ་པའི་ཐབས་ལྔར་སློབ་མ་ལྕེར་བསྐྱོད ་ལ། ཨོཾ་ཨཱཿཧཱུཾ་གིས་སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཡེ་ཤེས་པ་གཞུག་པ་དང་། བུམ་པའི་ཆུས་དབང་བསྐུར་བ་རྣམས་བྱས་ནས། གསང་སྔགས་འབྲུ་གསུམ་སྙན་ནས་བརྒྱུད། བཀའ་དྲིན་གྱི་ལན ་མཆོད་པ་དང་། བསྙེན་བཀུར་ཚུལ་བཞིན་དུ་བྱེད་དུ་གཞུག། དགེ་བའི་རྩེ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོའོ།། སློབ་མས། བླ་མ་ལ་ཡོན་ཕུལ་ཏེ། ཙ་རུའི་བཟའ་བ་ལ་ལོངས་སྤྱད། ལྷག་མའི ་བར་རྫོགས་པ་དང་། བསྔོ་བ་དང་། བཟོད་གསོལ་དང་། གཤེགསུ་གསོལ་བ་རྣམས་ཆོ་ག་བཞིན་བྱའོ།། དེ་ནས་ལས་ཀྱི་རྗེས་སུ་མངོན་པར་བསྡུས་ཏེ། བདག་ཉིད་སྤྱོད་ལམ་གྱི་རྣལ་འབྱོར ་གྱིས་གནས་པར་བྱའོ།། ཀུ་ལ་ལོ་ཀ་ནཱ་ཐའི་བྱིན་བརླབས་དང་རྗེས་གནང་བྱ་བའི་རིམ་པ་ཁ་ཆེའི་པཎྜིཏཱ་བི་མ་ལཱ་ཤྲཱིའི་ཞལ་སྔ་ནས་བྲིས ་པ་རྫོགས་སྷོ།། ། སངས་རྒྱས་ལྔ་ཡི་རྣམ་དག་པའོ།། མ་རིག་པ་ཡི་རིམ་པ་ལས། ་དབང་བསྐུར་བྱེད་པའི་རིམ་པ་ཡིས།། ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར།། ཞེས་རྡོ་རྗེ་ཕྲེང་པོ་ལས་གསུངས་པས། མ་རིག་པ་ལྔ་བསལ་ནས་རིག་པ་ཡེ་ཤེས་ལྔ ་རྟོགས་པར་བྱེད་པས་ན་རིག་པའི་དབང་ངོ་།། ལོ་ཙྪ་བ་བློ་བརྟན་གྱིས་བསྒྱུར་བའོ།། ་