CLOSE WINDOW

GT989: rigs kyi 'jig rten dbang phyug bsgom pa'i rim pa
Wyliee-texts produced with BDRC’s OCR application

འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལོ།། རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི་རིམ་པ་ནཱི། གནས་དབེན་པར་སྟན་བདེ་བ་ལ་སེམས་དཔའི་སྐྱིལ་ཀྲུངས་སམ་ཇི་ལྟར་བདེ་བ ་འདུག་ལ། སྐྱབས་སུ་འགྲོ་བ་དང་། སྡུག་བསྔལ་པོ་དུ་མས་གདུངས་པའི་སེམས་ཅན་འདི་རྣམས་ཀྱི་དོན་དུ། བདག་གིས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྒྲུབ་སྙམ་དུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་སྔོན་དུ་འགྲོ ་བས། རང་གི་སྙིང་ཁར་པཾ་ལཱས་པདྨ་དམར་པོའི་ལྟེ་བུར་ཨ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཡི་གེ་ཧྲཱིཿའོད་ཟེར་འཕྲོ་བ་དང་བཅས་པ་བསམ། དེ་ལས་འོད་ཟེར་ལུས་ཀྱི་ནང་དུ་ཀུན་ཏུ་འཕྲོས་པསོ།། ལུས་མི་གཙང ་བའི་རྫས་སུམུ་ཅུ་རྩ་གཉིས་ཀྱིས་གང་བྱ། སྙིང་པོ་མེད་པར་བསམ་པ་ལུས་རྫ་སུ་དྲན་པ་དང་། དེ་ལ་བརྟེན་པའི་སེམས་གཟུང་འཛིན་སྣ་ཚོགསུ་སྣང་བ་ངོ་བོས་མ་གྲུབ་པར་བསྡམས་པ་སེམས་རྗེ་སུ་དྲན་པ་དང་། དེ་དག ་ལས་བྱུང་བའི་ཚོར་བ་བདི་སྡུག་བཏང་སྙོམས་ཀྱིས་བསྡུས་པ་རྣམས་རང་བཞིན་གྱིས་མ་གྲུབ་པར་བསམ་པ་ཚོར་བ་རྗེསུ་དྲན་པ་དང་། དེ་རྣམས་ཀྱིས་ཆོས་རང་བཞིན་གྱིས་སྤྲོས་པའི་མཐའ་དང་བྲལ་བར་བསམ་པ་ཆོས་རྗེསུ་དྲན ་པ་རྣམས་བསྒོམ། དེའི་རྗེ་སུ་འོད་ཟེར་རྣམས་པ་སྤུའི་བུཾ་ག་ནས་ཕྱོགས་ཀུན་ཏུ་འཕྲོས་པ། མདུན་གྱི་ན་མཁར་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་སྤྱན་དྲངས། དེ་ལ་ཡང ་དེ་ལ་སྲིད་ཀྱིས་ཕྱག་བྱ། རང་གི་སྙིང་ཁའི་ས་བོན་ལས་འཕྲོས་པའི་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད། དེ་ནས་དཀོན་མཆོག་གསུམ་ལ་བདག་སྟབས་མཆི། སྡིག་པ་ཐམས་ཅད་སོ་སོར ་བཤགས།། འགྲོ་བའི་དགེ་ལ་རྗེས་ཡི་རང་།། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་།། ཞེས་དོན་དྲན་བཞིན་པས་བརྗོད།། དེ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པ་དང་། སྙིང་རྗེ་དང་དགའ་བོ་བཏང་སྙོམས་ཏེ། ཚངས ་པའི་གནས་བཞི་བསྒོམ། དེའི་རྗེ་སུ་ཐུགས་ཀའི་ས་བྱོན་ལོས་འོད་ཟེར་འཕྲོས་པས་མཆོད་བྱའི་ཡུལ་རྣམས་དང་སྣོད་བཅུད་ཀྱིས་བསྡུས་པ་རྣམས་དང་། རང་གྲི་ལུས་ཀྱི་ང་ས་བོན་ལྔ་ཐིམ་པར་བསམ།། དེ་ནས་ས་བོན་གྱི་ཡང ་ནུ་མཁའ་ལ་འཇའ་ཡལ་བ་བཞིན་དུ་བསམ་ལ། ཨོཾ་ཤཱུ་ནྱ་ཏྱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱ་ཧཾ། ཞེས་རིགས་དྲུག་གི་ང་རྒྱལ་བྱ། དེ་ནས་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཁྲོ་བོའི་རྡོ་རྗེ་གདེངས་པ་ཁ ་དོག་ནག་པོ་ལྟེ་བ་ལ་ཧཱུཾ་གིས་མཚན་པར་བསམ། དེ་ལས་འོད་ཟེར་དབང་པོ་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་ཀུན་ཏུ་འཕྲོས་པས་བདུད་དང་བགྲོགས་ལ་སོགས་པ་ཚྭར་བཅུད་ནས། སྐུར་རྡོ་རྗེའི་ས་གཞི་རུ་བཾ་གུར་བླ་རེ་ཡ་ཤ ་ཀྱི་མེ་འབར་བ་དང་བཅས་པར་གྱུར་པར་བསམ། དེའི་ནང་དུ་ཧཱུཾ་ཡོངསུ་གྱུར་པ་ལས་བྱུང་བའི་ཆོས་ཀྱི་འབྱུང་གནས་ཕྱི་དཀར་ལ་ནང་དམར་བ་གདིངས་ཀ་གྱེན་དུ་ཕྱོགས་པ་བསྒོམ། དེའི་ནང་དུ་བཾ་ལས་པདྨ་དམར་པོའི་ལྟེ་བར་ཨཾ་ལས་ཟླ ་བའི་དཀྱིལ་འཁོར་དཀར་པོའི་སྟེང་དུ་ཧྲཱིཿལས་བྱུང་བ་ལྕགས་ཀྱུ་དམར་པོའི་འོད་ཟེར་འཕྲོ་བ་དང་བཅས་པའི་ཧྲཱིཿཡིག་གིས་མཚན་པ་བསམ། དེ་ཡོངསུ་གྱུར་པ་ལས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་ཡུམ་དང ་བཅས་པ་གཉིས་ཀ་འང་སྐུ་མདོག་དམར་པོ། ཞལ་གཅིག་ཕྱག་བཞི་པུ་སྤྱན་གསུམ་པ། ཕྱག་གཡས་ཀྱི་དྲང་པོ་ལྕགས་ཀྱུ་། གཉིས་པ་རིན་པོ་ཆེ་དང་མཆོག་སྦྱིན། གཡོན་གྱི་དང་པོ་ན་ཞག་པ་དང་བཅས་པས ་འཁྱུད་པ། གཉིས་པ་ན་བདྨ་དྲམར་པོ་འཛིན་པ། མུ་ཏིག་དོང་ནོར་བུའི་ཚོགྲོས་ཀྱིས་བརྒྱན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན་སེམས་དཔའི་སྐྱིལ་ཀྲུངས་ཀྱིས་བཞུགས་པ། ཤིན་ཏུ་དགྱེས་པའི་ཉམས་དང་ལྡན ་པ་བསྒོམ། དེ་ནས་ཐུགས་ཀིའི་ས་བོན་ལས་འོད་འཕྲེས་པས། རིགས་ཀྱི་འཇིག་རྟེན་དབང་ཕྱུག་མདུན་གྱི་ནམཁར་སྤྱན་དྲངས། མཆོད་པ་རྣམས་ཀྱིས་མཆོད། ཛཿཧཱུ~ཾ་བཾ་ཧོཿཞེས་པས་རུང་གི་ལུས་དང་གཉིས་སུ ་མེད་པར་བསྟིམ་སླར་ཡང་ཐུགས་ཀར་ཡི་གེ་གསུམ་གྱི་སྔགས་བསམ། དེ་དག་ལས་འོད་ཟེར་འཕྲོས་པས། དབང་གི་ལྷ་སྤྱན་དྲང་མཆོད་པས་མཆོད།། ཨོཾ་སརྦ་ཏཱ་ཐཱ་ག་ཏྲ་ཨ་བྷི་ཥིཉྩ་ཏུ་མཱཾ་ཞེས་དབང་བསྐུར་བར ་གསོལ་བ་གདབ། དེ་བཞིན་གཤེགས་པ་དེ་རྣམས་ཀྱིས་ཡེ་ཤེས་ཀྱི་ཆུས་གང་བའི་བུམ་པས་དབང་བསྐུར་བར་བསམ་ལ། ལྷའི་སྐུ་ལི་དམིགས་པའི་བསམ་གཏན་བྱ། དེ་ལས་སྐྱོ་ན་སྔགས་ཀྱི་བཟླས་པའི་ཐུགས་ཀ་ནས། ་ཧྲཱི་ཧཱུཾཿཛཿཞེས་པའི་སྔགས་ཀྱི་ཕྲེང་བ་ཞལ་ནུས་འཐོན། ཡུམ་གྱི་ཞལ་དུ་ཞུགས་མཁའ་དང་གསང་བའི་རིམ་པ་བཞིན་བརྒྱུད་ནས་ཐུགས་ཀར་ཐིམ་ཞིང་འཁོར་ལ་དམིགས་ནས་སེམས་གཞན་དུ ་མ་འཕྲོ་བར་བཟླས་པར་བྱ། ཐུན་མཚམས་སུ་མཆོད་པ་དང་གཏོར་མ་བཏང་ཞིང་། གནས་སྐབས་ཐམས་ཅད་དུ་ལྷའི་ང་རྒྱལ་དང་མི་འབྲལ་བར་བྱ། རྫོགས་པའི་བསྒོམ་པ་ནི། ལྔ་བཅུ་པ་དང་། དེ་ཉིད་ཀྱི་དོན ་གྲུབ་མ་ཧི་མས་བླངས་པའི་སྒྲུབ་ཐབས་ལས་འབྱུང་བ་བཞིན་ཉམ་སུ་བླང་བར་བྱའོ།། །། དེ་ལྟར་ན་རིང་པོར་མི་ཐོགས་པར་འཇིག་རྟེན་དབང་ཕྱུག་གི་སྐུར་འགྱུར་རོ།། རིགས་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པའི ་རིམ་པ་པཎྜི་ཏ་ཆེན་པོ་བི་མ་ལ་ཤྲཱིའི་ཞལ་སྔ་ནས་འབྱུང་བ་བཞིན་བྲིས་པ་འདི་རྫོགས་སོ།། །། ཀུ་ལ་ལོ་ཀ་ནཱ་ཐཱ་ཡ། འཕགས་པ་སྤྱན་རས་གཟིགས་རིགས་ཀྱི་འཇིག་རྟེན་མགོན་པོའི་རྗེས་གནང་གི་ཆོ་ག་ནི། ་