CLOSE WINDOW

GT988: lnga bcu pa'i bshad pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། པཉྩ་ཤི་ཀཱ་ཊི་པི་ནི། བོད་སྐད་དུ། ལྔ་བཅུ་པའི་བཤད་པ།། དཔལ་ལྡན་འཇིག་རྟེན་དབང་ཕྱུག་ལ་ཕྱ་བ་འཚལོ།། གང་གི་སྐྱེ་བ་ལ་སོགས་འགྲོ་རྣམས་སྡུག་བསྔལ་མཐའ་ངག་འདི ་ཡིས་དང་པོར་བཅོམ།། སླར་ཡང་དེ་རིང་དེ་བཞིན་མ་འོངས་རབ་གསལ་འཁོར་ལོ་གསུམ་ལ་ཁྱབ་གྱུར་པ།། ཤེས་རབ་པདྨར་ཤར་བས་ལྷན་ཅིག་སྐྱེས་པའི་དགའ་བོ་རབ་ཏུ་གསལ་གྱུར་པའི།། དྲི་མེད་འཇིག་རྟེན་མགོན ་ལ་ཕྱག་འཚལ་ནས་ནི་ལྷ་བཅུ་པ་ནི་རབ་བཤད་བྱ།། དེ་ནས་འདི་ནི་ཞེས་པ་ལ་སོགས་པའི་དེ་ནས་ཞེས་པའི་སྒྲ་ནི་གཞུང་རྩོམ་པ་སྟེ།། དེའི་མཐར་ཞེས་རིག་པར་བྱའོ།། འདི་ནི་ཞེས་པ་ནི་འཆད་པར་འགྱུར་བའི་རིགས་ཀྱི ་འཇིག་རྟེན་དབང་ཕྱུག་གི་ངོ་བོའི་སྔགས་རབ་ཏུ་བཤད་པར་བྱའོ་ཞེས་འབྲེ་འོ།། དེ་བཞིན་དུ་རྣམ་པ་ནི་སྔགསོ།། མཆོག་ཏུ་ཞེས་པ་ནི་དོན་དམ་པའི་བདེན་པའི་ངོ་བོ་ཉིད་དེ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད།། ་དེ་བཞིན་དུ་གསང་བ་ནི་ཉན་ཐོས་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ།། འཇིག་རྟེན་ཡང་དགེ་རྨོངས་ཞེས་པ་ནི་མུ་སྟེགས་པ་རྣམ་སོ།། དེ་རྣམས་ཡང་དག་རྨོངས་པ་ནི་རང་གི་སྒྲུབ་པའི་མཐའི་སེམས་མེད་པར ་བྱེད་པ་སྟེ། དེའི་ཕྱིར་ཡང་གང་གི་ཡང་དག་རྨོངས་པར་འགྱུར་བ་ནི་དེའི་སེམས་པར་འགྱུར་བའོ།། མཆོག་ནི་ཕུལ་དུ་བྱུང་བ་སྟེ། ངའི་ཡང་དག་རྨོངས་པའོ།། གང་གི་ཕྱིར་རིགས་དང་རིགས་བྱུང་མངོན་བརྗོད་པ་ནི་འཆང ་པར་འགྱུར་བའི་ཕྱིར་གང་ལྔས་མུ་སྟེགས་པའི་གྲུབ་མཐའི་ཕྱིར། རིགས་དང་རིགས་ལས་བྱུང་བའི་རྣམ་པར་བཞག་པ་སྟེ། དེའི་ཕྱིར་མུ་སྟེགས་བྱེད་རྣམས་ཀྱིས་དེའི་ལུགས་ཀྱིས་དེ་བཞིན་དུ ་གདུལ་བྱར་གྱུར་པ་སྣ་ཚོགས་པའི་གདུལ་བྱ་འདུལ་བའི་ལུགས་ནི་དེ་བཞིན་གཤེགས་པ་རྣམས་ཀྱིས། ཡང་དག་པའི་བཞེད་པས་སོ་ཞེས་སོ།། དེའི་ཕྱིར་གང་ལས་མུ་སྟེགས་པ་རྣམས་རིགས་དང་རིགས་ལས་བྱུང ་བའི་སྒྲ་ཐོས་ནས་དེ་ལས་འདིར་བཅོམ་ལྡན་འདས་ལ་དང་པྲ་སྐྱེ་བར་འགྱུར་ཞིང་། ངང་པ་ལས་མན་ངག་ལས་རབ་ཏུ་འཇུག་པར་འགྱུར་ཏེ། བདག་ཉིད་ཆེན་པོའི་ཁྱད་པར་ཡོངསུ་ཤེས་ནས་རང་གི་གྲུབ་པའི་མཐའ ་ལོག་པར་ལྟ་བ་ཡོངས་སྤངས་ཏེ་ཡང་དག་པའི་ཚུལ་བདེ་བར་གཤེགས་པའི་ལམ་ལ་རབ་ཏུ་ཞུགས་པར་གྱུར་ནས་བྱང་ཆུབ་ཆེན་པོའི་ཚོགས་སྩོགས་པར་འགྱུར་ཏེ། དེ་ཉིད་བཅོམ་ལྡན་འདས་ཀྱིས་འདུལ་བའི ་ཐབས་སོ།། དེའི་ཕྱིར་རིགས་དང་རིགས་བྱུང་མངོན་བརྗོད་པས།། འཇིག་རྟེན་ཡང་དག་རྨོངས་པ་ཉིད་ནི་སྔགས་ཏེ། རིགས་ཀྱི་འཇིག་རྟེན་མགོན་པོའི་ངོ་བོ་ཉིད་ཀྱིས་བཤད་པར་བྱའོ་ཞེས་པ་ནི་འབྲེལ་བའོ།། འདི་ནི་དྲང ་བའི་དོན་ནོ།། ད་ནི་ངེས་པའི་དོན་བརྗོད་པར་བྱ་སྟེ། སྔགས་ནི་མནྟྲ་ཞེས་པ་སྟེ་སྐྱོབ་པར་འགྱུར་བའི་ཕྱིར་མནྟ་ཞེས་བརྗོད་དོ།། བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ནི་སྔགས་སོ།། རབ ་བཤད་བྱ་ནི་མངོན་སུམ་དུ་བྱ་བའོ།། དེའི་ཕྱིར་ཡང་ན་ཐིག་ལྕེ་ལྷན་ཅིག་སྐྱེས་པའི་ངོ་བོའོ།། ཨུ་ཐཱའི་ཨ་ཡིག་བཱཅོམ་ལྡན་འདས་མ་ཤེས་རབ་སྟེ། དེའི་ཕྱིར་ཕུལ་དུ་བྱུང་བའི་ཤེས་པ་ནི་ཤེས་རབ་སྟེ། ཤེས ་རབ་འདི་ཡང་ཕུལ་དུ་བྱུང་བའི་ཡེ་ཤེས་བོ་དག་མེད་པའི་ངོ་བོ་རང་བཞིན་མིང་པ་ཞེས་བཤད་ངོ་།། ཡང་ན་ཨའི་ཡི་གེ་ས་ཐམས་ཅད་ཀྱི་སྒོ་ཞེས་བྱའོ།། ཐོ་ཡིག་ནི་བཅོམ་ལྡན་འདས་ཉིད་དེ་ཐབསོ།། ཅིའི་ཕྱིར། ་གསུངས་ན། ཐབས་དེ་ཤེས་རབ་ཀྱི་བདག་ཉིད་ཅེས་བྱ་བའི་དོན་ནོ།། ཐིག་ལ་ཁུ་བའི་ཚུལ་གྱི་ཐབས་ཀྱིས་ངོ་བོ་ཉིད་དོ།། འདིར་ཡང་ལྷན་ཅིག་སྐྱེས་པའི་དགའ་བ་ནི་ཤེས་རབ་ཀྱི་ངོ་བོ་ཉིད་དོ།། འདི་ནི ་ཞེས་པའི་ཨ་ཡིག་ནི་དབང་ཕྱུག་གོ། དམ་བཱ་ཨི་དམ་ཞེས་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་མཚན་ཉིད་དབང་ཕྱུག་སྟེ། དཾ་མཱ་ནི་སྟེར་བར་བྱེད་པའི་ཕྱིར་རོ།། ཨི་དམ་ནི་འདི་ནའོ།། པ་ར་མཽ་ཞེས་པའི་པཾ་ནི ་པུདྨ། དེ་ལས་རྩེ་བར་བྱེད། ར་མྲི་ཀྲ་ཌཱ་ཡཱཾ་ཞེས་པའི་ཁམས་ལས་ཤེས་རབ་ཀྱི་ཆོས་འབྱུང་དུ་རོལ་པའོ།། དེ་ཕྱིར་གསང་བ་ནི་གསང་བའི་འཁོར་ལཱྀ་ལ་གནས་པ་ཉིད།། འཇིག་རྟེན་ཡང་དག་རྨོངས་པ་ཞེས ་བྱའི་འཇིག་རྟེན་སྐྱེ་སྒྲ་ནི་དབང་པོ་རྣམ་སོ།། དེ་རྣམས་ཡང་དག་པར་རྨོངས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཐོབ་པོའི་མཐར་དབང་པོ་རྣམས་འགག་པའི་ཕྱིར་རོ།། མཆོག་ཅེས་པ་ནི་རབ་ཏུའོ།། རིགས་ད ་བྱུང་མངོན་བརྗོད་པསྔ་རིགས་ཀྱི་སྒྲས་འབྱུང་བ་ཆེན་པོ་ལྔར་གྱུར་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོའོ།། དེ་ལས་བྱུང་བའི་ཕྱིར་རིགས་ལས་བྱུང་བའོ།། དེའི་ཕྱིར་རྡོ་རྗེ་དང་པདྨ་སྦྱར་བ་ལས ་སྨྲ་བར་གྱུར་པའི་སྲ་བ་ནི་སའི་ངོ་བྲོར་བྱུང་བའི་རྣམ་པར་སྣང་མཛད་ཉིད།། དེའི་རྗེ་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དུ་ཡང་ཁུ་བའི་ངོ་བོ་ཉིད་ཆུའི་ཁམས་ཀྱི་ངོ་བོ་མི་བསྐྱོད་པའི་ངོ་བོ་ཉིད་དོ།། རྡོ་རྗེ་དང་པདྨ་གཉིས ་པོ་ཡང་དག་པར་སྦྱར་བ་ལས་མེ་སྐྱེ་བར་འགྱུར་ཏེ་ཆགས་པའི་མེ་ལས་སྐྱེས་པའོ།། དེ་ཡང་འོད་དཔག་ཏུ་མེད་པའི་ངོ་བོ་ཉིད།། དེ་ནས་ཤེས་རབ་ཀྱི་ཆོས་འབྱུང་དུ་བྱང་ཆུབ་ཀྱི་སེམས་ཡང་དག་པར་འབབ་པ་དེ་ནི ་རླུང་གི་དབང་ལས་སོ།། རླུང་ཡང་དོན་ཡོད་གྲུབ་པའི་ངོ་བོ་ཉིད།། དེ་ནས་ཡང་ཤིན་ཏུ་དགའ་བའི་མཚན་ཉིད་ཆགས་པ་ཡང་དག་པར་སྐྱེས་པའི་བདེ་བ་ལ་ཆགས་པ་ནི་ནམ་མཁའི་ངོ་བོ་ཉིད་དེ། དེ་ཡང་རིན་ཆེན་དབང ་པོའི་ངོ་བོ་ཉིད་དོ།། དེ་ཉིད་འབྱུང་བ་ཆེན་པོ་ལྷའི་རང་བཞིན་གྱིས་དེ་བཞིན་གཤེགས་པ་རྣམསུ་འགྱུར་བའི་ཕྱིརརོ།། དེའི་རིགས་མངོན་པར་བརྗོད་པའི་སྒྲས་རིགས་ཀྱི་འཇིག་རྟེན་མགོན་པོའི་ངོ་བོ་ལྷན་ཅིག་སྐྱེས ་པའི་དགའ་བའི་རང་བཞིན་བཤད་པར་བྱའོ།། དམ་ཚིག་སྤྱོད་པ་ཞེས་པ་ལ་སོགས་པའི་དམ་ཚིག་ནི་དམ་ཚིགི་ཕྱག་རྒྱའོ།། དེ་ཡིས་ལྷན་ཅིག་སྤྱོད་པ་ནི་སྦྱོར་བའོ།། དེ་རྣམས་དང་ངེས་པར་བྲལ་བ་སྟེ། འདིར་དམ་ཚིག ་གི་ཕྱག་རྒྱ་ནི་ཀུན་རྫོབ་ཀྱི་ངོ་བོ་ཉིད་དོ།། འདིར་དོན་པའི་བདེན་པའི་ངོ་བོ་ཉིད་ཕྱག་རྒྱ་ཆེན་མོ་དེ་ཁོ་ན་ཉིད་གཟུང་བའི་ཕྱིརོ།། བྱ་བ་དུས་ཞེས་པ་ལ་སོགས་པའི་བྱ་བ་ནི་བྱེད་པ་པོ་དང་། དུས་ནི་དུས་ཚོད་དེ་དག་ལས་རྣམ ་པར་གྲོལ་བ་ཉིད་ནི་དོན་དམ་པའི་བདེན་པའོ།། དེ་ཉིད་སུམ་ལྡན་ཡང་དག་ལྷ་ཞེས་པའི་དེ་ཉིད་གསུམ་ནི་སྔགས་ཀྱི་དེ་ཉིད་དང་། བདོག་གི་དེ་ཉིད་དང་། ལྷའི་དེ་ཉིད་དེ། དེ་རྣམས་དང་ཡང་དག་པ་ནི་རྩིའི་འཁོར་ལོ་ཐམས་ཅད་དུ ་ཐིག་ལེ་རོལ་པ་སྟེ། དེ་བུ་ཐ་ཡཾ་ཞེས་པའི་ཁམས་ལས་འཇིག་རྟེན་དབང་པོ་རྣམས་ལ་ཁྱབ་པའོ།། མགོན་ནི་འཇིག་རྟེན་མགོན་ནོ།། འགྲོ་བ་ནི་ལུས་ངག་ཡིད་ཀྱི་ངོ་བོ་ཉིད་དབང་དུ་བྱེད་པ་སྟེ། བདག་པོ་ནི་འགྲོ་བའི་བདག་པོའོ།། འདོད ་པའི་དབང་ཕྱུག་ཅེས་བྱ་བ་ལ་སོགས་པའི་འདོད་པ་རྣམས་ནི་གཟུགས་ལ་སོགས་པའི་ཡུལ་ལྔའི་རང་བཞིན་དེ་བཞིན་གཤེགས་པའི་བདག་པོ་ཉིད་ཀྱིས་ཁྱབ་པའི་ཕྱིར།། དབང་ཕྱུག་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས་བདེ ་བ་དམ་པར་བྱེད་པའི་ཕྱིར་འདོད་པའི་ལྷའོ།། མཐོང་དང་མ་མཐོང་འབྲས་རབ་སྟེར་ཞེས་པའི་མཐོང་བ་ནི་འདིའི་འབྲས་བུའོ།། མ་མཐོང་བ་ནི་འཇིག་རྟེན་ཕ་རོལ་ཏེ། གཉིས་ཀའི་འབྲས་བུ་རབ་ཏུ་སྟེརོ་བའི་ཕྱིརརོ།། དེའི་བདས་པོ་ནི་བཅོམ ་ལྡན་འདས་སོ།། སྔགས་ནི་བླ་མའི་ཞལ་ལ་གནས་ཞེས་པ་ནི་བླ་མའི་ཞལ་ལས་བླང་བར་བྱ་སྟེ། ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དེ་པོ་ཏི་ལ་སོགས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། བླ་མའི་ཞལ་ནས་བླང ་བར་བྱའོ་ཞེས་པའི་དོན་ཏོ།། ད་ནི་སྔགས་རབ་ཏུ་བཤད་པར་བྱ་སྟེ། དྲག་ཆེན་ཞེས་པ་ལ་སོགས་པའི་དྲག་ཆེན་གྱི་སྒྲས་ཧ་ཡིག་ཏུ་བརྗོད་པར་བྱ་སྟེ། ཧེ་རུ་ཀའི་ཨཥྚ་དགོད་པའི་ངོ་བོ་ཉིད་ཀྱི་ཧའི་ཡི་གེའོ།། འཇིགས ་བྱེད་ལུས་ཀྱི་སྒྲས་ར་ཡིག་གོ།། ལྔ་པོའི་ཐིག་ལེའི་སྒྲས་ཨཱི་ཡིའོ།། རྣམ་སྤྱོད་དང་པོ་ཡང་དག་ལྡན་ནི་དེ་ལ་པོ་ཏིའི་རིམ་པ་ནི་ཨཿཞེས་པ་ནི་རྣམ་པར་གཅོད་པའོ།། དེའི་དང་པོ་ནི་ཐིག་ལེའོ།། དེ་དང་ཡང་དག་ལྡན་པ་ནི་ཧྲིའོ།། བླ་མ་བརྒྱུད་པའི་རིམ ་པས་རྣམ་པར་བཅད་པ་ནི་ཀ་ཡི་གོ། དེའི་དང་པོ་ནི་ཆོ་ག་དྲགོ། དེ་དང་ཡང་དང་པོར་ལྡན་པ་ནི་ཧྲཱིཿཞེས་སོ།། ཆེན་པོ་ལྔ་པའི་ལྔ་པ་ནི་མ་ཧཱའི་སྒྲས་ཧཱ་ཡིགོ།། ལྔ་པའི་སྒྲས་དབྱངས་རྣམས་ཀྱི་ལྔ་པ་ཨུ་ཡིག་སྟེ། དེ་དང་ལྡན་པའོ།། ལྔ་པ་གཉིས་པའི ་པུའི་སྒྲས་སྡེ་པ་ལྔ་པའི་ལྔ་པ་མ་ཡིག་སྟེ་དེ་དང་ལྡན་པ་ནི་ཧཱུཾ་སྟཱ་ཧྲིཿཧཱུཾ་གཉིས་སོ།། ལྕེ་གཉིས་ཀྱི་སྒྲས་ཡོན་ཏན་ཉིས་འགྱུར་ཛ་ཡིག་སྟེ་ཛྷ་རྩེག་དང་། ཡན་ལག་མེད་གཉིས་ཀྱི་སྒྲས་ཐིག་ལེ་སྟེ། དེ་དག་གི་ཐིག་ལེ་གཉིས།། ་དེ་དང་ལྷན་ཅིག་ཏུ་གནས་པ་ནི་ཛྫཿཆོ་གྲ་དྲག་དང་བཅས་པཱ་ཞེས་པའི་དོན་ནོ།། དེའི་ཕྱིར་ཧྲིཿཧཱུཾ་ཛྷཻཾཿདེ་ཉིད་གསུམ་གྱི་སྔགས་ཀྱི་ཡི་གེའི་རང་བཞིན་ཞེས་པའི་དོན་ནོ།། དེ་ཉིད་ཆོ་ག་བཞིན་དུ་འབུམ་དུ་བཟླས་པར་བྱ་སྟེ། ཆོ་ག ་འདི་ཡིས་ནི་ཇི་ལྟར་ན་ཡི་གེ་རྣམས་ཀྱི་བསྡུ་བ་ལས་ཡི་གེ་རྣམས་ཀྱི་གྲངས་འབུམ་ཕྲག་གསུམ་གྱི་གྲངས་ཀྱི་སྔགས་བཟླས་པར་བྱའོ།། འདི་ནི་རྗེ་སུ་དྲན་བྱས་ནས། ཞེས་པ་ལ་སོགས་པའི་འདི་ནི་འདི་དེ་ཉིད་དེ་རིགས་ཀྱི ་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་རྗེསུ་དྲན་པའོ།། སྔགས་པས་ཞེས་པ་ནི་སྒྲུབ་པ་པོའོ།། གཙང་ངས་ཡང་ནི་མི་གཙང་ཡང་རུང་སྟེའོ།། ལྷ་བཞིན་མཐོང་བ་ལྷ་མོ་སྟེ་ཞེས་པ་ནི་ལྷའི་བུ་མོ་རྣམས་ཀྱིས་འདོད ་བའི་ལྷ་བཞིན་དུ་མཐོང་བཞིན་ཤིན་ཏུ་མཛེས་པ་རྣམ་པ་ཉིད་དེ་དབང་བྱེད་པའི་གཙོ་བོའི་ཕྱིར་གྱི་སྔགསོ།། འདི་ནི་དེ་བཞིན་ཞེས་པ་ལ་སོགས་པ་འདི་ནི་དེ་བཞིན་སྔོན་དུ་གསུངས་པའི་སྔགས་ཀྱི་མགོན་པོ་ལ་བྱ་བ་འཁྲུལ ་པ་ལ་སོགས་པའི་མཚན་ཉིད་བླང་བར་མི་བྱའོ།། སྒྲུབ་པའང་མེད་ནི་སྤྱོད་པའི་བརྟུལ་ཞུགས་ལ་སོགས་པའོ།། མཆོད་དང་མེ་ལ་སྦྱིན་སྲེག་མེད་ཅེས་པ་ནི་དེ་རྣམས་ཐམས་ཅད་དེ་རྣམས་ཀྱི་གནས་སྐབས ་ཀུན་རྫོབ་ཀྱི་ངོ་བོ་ཉིད་ཀྱི་ཕྱིརརོ།། འདིར་དོན་དམ་པའི་བདེན་པའི་བདག་ཉིད་ཀྱི་ཕྱིར་རོ།། དེ་ཉིད་ཀྱི་ཆོ་གའི་སྔགས་ཀྱི་སྒྲུབ་ཐབས་ཀྱི་གནས་སྐབས་ཀྱི་རྣལ་འབྱོར་པསོ།། མཆོག་ནི་རབ་པོ།། བསམ ་གཏན་ཡང་དག་སྤྱད་པར་བྱ་བ་ནི་སྒྲིབ་པ་དང་བྲལ་མཚུངས་པའི་སྒྲིབ་པ་ནི་ཉོན་མོངས་པ་སྟེ། དེ་དང་བྲལ་བའི་གནས་སྐབས་དང་མཚུངས་པའི་དེ་ལྡན་པ་ནི་རྣལ་འབྱོར་ཅན་ནོ།། རྣལ་འབྱོར་སྟན་དང་ཡང ་ངག་ལྡན་ནི་རྣལ་འབྱོར་དང་སྟན་ཐ་དད་པ་སྟེ། དེ་ལ་རྣལ་འབྱོར་ནི་དབང་པོ་རྣམས་ཐམས་ཅད་རོ་གཅིག་ཏུ་བྱེད་པའོ།། སྟན་ནི་བརྗོད་པར་བྱེ་བའི་བཀོད་པ་སྟེ། དེ་ཡང་མ་འོངས་པ་ན་འཆད་པར་འགྱུར་བ ་དེ་དང་ལྡན་པའོ།། དུས་ནི་འདས་པ་དང་མ་འོངས་པ་ལ་སོགས་པའོ།། ཚོད་ནི་སྔ་དྲོ་ལ་སོགས་པའི་ཐུན་ཆོད་དང་བྲལ་བཱའོ།། རྩེ་གཅིག་སེམས་ནི་གཉིས་སུ་མེད་པའི་སེམསོ།། ་ཡང་ན་མི་གཡོ་བའོ།། གཡོ་བ་མྱད་ནི་མི་བརྟན་པ་དང་བྲལ་བའོ།། དེ་ལྟ་བུར་གྱུར་པའི་རྣལ་འབྱོར་པས་མཆོག་གི་བསམ་གཏན་བྱའོ་ཞེས་བཱ་ནི་རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པཱ་ལས་སྔགས་ཀྱི་དེ ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་དང་པོའོ།། ། ད་ནི་བདག་གི་དེ་ཁོ་ན་ཉིད་བརྩམ་པར་བྱ་སྟེ། སྙིང་ཁའི་འཁོར་ལོའི་ནོང་སོན་པའི་ཞེས་པ་ལ་སོགས་པ་ལ་འདིར་དང་པོར་ཐིག་ལེའི་རྣལ་འབྱོར ་གྱི་རིམ་པས་གཏུམ་མོ་སྒོམ་པའི་རྣལ་འབྱོར་བརྗོད་པར་བྱ་སྟེ། དང་པོར་རེ་ཤིག་ལྟེ་བ་སྤྲུལ་པའི་འཁོར་ལོ་ཁ་དོག་སེར་པོའི་ཆུ་སྐྱེས་འདམ་མ་དྲུག་ཅུ་རྩཝ་བཞིའོ།། དེའི་དབུས་སུ་ཟླ་ཕྱེད་ཐིག་ལེས་བརྒྱན་པའི ་དབྱངས་དང་པོ་ཨ་ཡི་གོ། ཤྭར་ལ་སོགསོ་བའི་འདབ་མཽ་བརྒྱད་པོ་རྣམས་ལ་མ་ཨ་ཀ་ཙ་ཊི་ཏཱ་པ་ཡ་ཤ་རྣམས་ལ་ཟླ་ཕྱེད་ཐིག་ལས་བརྒྱན་པའོ།། དེའི་ཕྱི་རོལ་གྱི་དབང་ལྡན་ལ་སོགས་པའི་འདབ་མ་རྣམས ་ལྀ་ཨ་ཡིག་ལ་སོགས་པའི་དབྱངས་བཅུ་དྲུག་དང་། ཀ་ཡོག་ལ་སོགས་པའི་གསལ་བྱེད་སུམ་ཅུ་སོ་བཞི་དང་ཅུང་ཟད་དང་གསལ་པོའི་ཊ་ཌྷ་ད་དྷ་ཡ་ལྀ་རྣམསོ།། དེ་བཞིན་རྩ་བཞི་རྣམས་ལ་སྦྱར་བར ་བྱའོ།། སྙིང་ཁའི་ཆུ་སྐྱེས་ཁ་དོག་དཀར་པོ་འདབ་མ་བརྒྱད་པའོ།། དེའི་དབུས་སུ་ཧཱུཾ་ཡིག་མགོ་ཐུར་དུ་བསྟན་པའོ།། ཤྭརརྱ་ལ་སོགས་པའི་འདབ་མ་བཞི་ལ་ཨ་ཨི་ཨུ་ཨེ་དབྱངས་ཡི་གྲ་བས་པ་རྣམས་ལ་ཟླ་ཕྱེད ་ཐིག་ལས་བརྒྱན་པ་འོ།། དབང་ལྡན་ལ་སོགས་པའི་འདབ་མ་བཞི་ལ་རིམ་པ་ཇི་ལྟ་བ་བཞིན་དུ་ས་ལ་སོགས་པའི་ངོ་བོ་ལྷ་མོ་བཞིའི་རང་བཞིན་ཡ་ར་ལ་ཝ་རྣམས་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ།། མགྲོན ་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཆུ་སྐྱེས་དམར་པོ་འདབ་མ་བཅུ་དྲུག་པའོ།། དེའི་དབུས་སུ་མགོ་ཐུར་དུ་བསྟན་པའི་ཨོ་ཡི་གོ། ཤར་ལཱ་སོགས་པའི་འདབ་མ་བཞི་ལ་རིམ་པ་བཞིན་དུ་ཨཱ་ཨཱི་ཨཱ་ཨཻའི་དབྱངས་རིང་པོ ་བཞི་ལ་ཟླ་ཕྱེད་ཐིག་ལས་བོ་རྒྱན་པའོ།། དབང་ལྡན་ལ་སོགས་འདབ་མ་བཞི་པོ་དེ་བཞིན་དུ་ཡ་ར་ལ་ཝ་ལ་རྣམས་སོ།། སྨིན་མའི་དབུས་སུ་ཆུ་སྐྱེས་འདྲབ་མ་ལ་སུམ་ཅུ་སོ་གཉིས་པ་ཁ་དོ་པཱ་སྣ་ཚོགས ་པའོ།། དེའི་ཊཱི་འབྲུ་ལ་མགོ་ཐུར་དུ་བསྟན་པའི་ཧཱུཾ་ཡིག་གོ།། ཤར་ལ་སོགས་པའི་འདབ་མ་རྣམས་ལ་རེ་རེ་སྤངས་ནས་དབྱངས་ཡིག་བཅུ་དྲུག་ལེ་ཟློ་ཕྱེད་ཐིག་ལས་བརྒྱན་པའོ།། དེ་ལ་སྤྲུལ་པའི་འཁོར་ལོ་ལ ་གང་དབྱངས་ཡིག་དང་པོ་ལ་ཨཾ་ཡིག་དབྱུག་པའི་རྣམ་པ་སྟེ། དེ་ཉིས་གཏུམ་མོ་འབར་བ་ཞེས་བརྗོད་དེ། དེས་དེ་བཞིན་དུ་པདྨའི་དར་པོའི་སྐུད་པ་བཞིན་དུ་ཤིན་ཏུ་ཕྲ་བ་སྟེང་དུ་འགྲོ་བས་ཧཱུཾ་དང་ཨོཾ་ཡིག་དམ ་ཆོས་དང་ལོངས་སྤྱོད་དུ་སོང་ནས་ཐིག་ལས་གཉིས་གཞུ་སྟེ་བདེ་བ་ཆེན་པོའི་འཁོར་ལོ་རེ་སོང་ནས་ཧཾ་ཡིག་གི་ཐིག་ལེ་བཞུ་སྟེ། དེ་ནས་ཧཾ་ཡིག་ཐིག་ལེ་བཞུ་བས་ཡང་སྐྲའི་རྩེ་མོ་བརྒྱ་སྟོང་གི་ཆའི ་འོད་ཟེར་གྱིས་ཁྱབ་པས་ཨ་ཡིག་གི་རང་བཞིན་གཏུམ་མོ་འབར་བའི་ཐིག་ལེ་ལ་རབ་ཏུ་ཞུགས་ཏེ། ཕྱི་ནས་དེ་ཡང་གཏུམ་མོ་ཡིས།། དེ་ཡང་ཐིག་ལེ་སྔོན་བཞིན་དུ་བཞིན་དུ་བསྒྲུབ་པར་བྱའོ།། འདིར་དེ་བཞིན་དུ་ཕྲ་མོའི ་རྣལ་འབྱོར་དུ་འགྱུར་ཏེ། དེ་བཞིན་དུ་ཡང་ལྟེ་བའི་སོར་བཞི་ཙུམ་སྤངྐ་ནས་འོག་ནཱ་འོད་ཟེར་སྟོང་དུ་བདུད་རྩིའི་ཐིག་ལྡེ་སྦྱོར་བྱར་འགྱུར་བའི་གནས་ལས་ཐིག་ལེ་གཡོ་བ་ཙམ་གྱིས་ཡང་ཐིག། ལེ་འཛིན་པ་ནི་ཕྲ་མོའི་རྣལ་འབྱོར་རོ།། ་དེ་དེ་བཞིན་དུ་ཐིག་ལ་དང་ཕྲ་མོའི་རྣལ་འབྱོར་ངག་གང་གཏུམ་མོ་འབར་བ་དེ་བཞིན་དུ་བརྗོད་པར་བྱ་སྟེ། སྙིབ་ཁའི་འཁོར་ལོའི་ནང་དུ་བསྟན་པ་སྙིང་ཁར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་གཉིས་ཀའི་དམ་པའི་བདེ་བ་འཛིན་པར ་པར་འགྱུར་པ་སྤྲུལ་པའི་འཁོར་ལོ་མཚན་བཟང་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམ་པར་དག་པ་ཉི་མ་དང་ཟླ་བའི་རང་བཞིན་ཐབས་དང་ཤེས་རབ་ཀྱི་བདག་ཉིད་ཀཱ་ཡིག་ལ་སོགས་པ་ཧ་ཡིག་གི་མཐར་ཐུག ་པའི་གསལ་བྱེད་སུམ་ཅུ་སོ་བཞི་ཌ་ཌྷ་དྷ་ཡ་ར་ལ་རྣམས་དང་ཡང་དག་པར་ལྡན་པ་གསལ་བྱེད་པོ་ནི་བཅུ་ཐབས་དང་ཤེས་རབ་ཀྱི་དབྱེ་བས་ཡོན་ཏན་ཉིས་འགྱུར་དུ་བྱས་པས་བརྒྱད་ཅུའི་གྲངས་གསལ་བྱེད་དང་། ཨ་ཡིག་ལ་སོགས ་པ་ཨཿཡིག་གི་མཐར་ཐུག་དབྱངས་ཡིག་བཅུ་དྲུག་ཐབས་དང་ཤེས་རབ་ཡང་དག་པར་སྦྱོར་བས་ཡོན་ཏན་ཉིས་འགྱུར་སུམ་ཅུ་སྔོ་གཉིས་ཀྱི་བདག་ཉིད་གཉིས་ཀའི་སྒྲས་ཕྲེང་བ་གཉིས་ཀྱི་དབུས་སུ་རླུང་གྲི་ལས་ཀྱི་བངས་ཏྭ་ཨ ་ཡིག་གི་རང་བཞིན་གཏུམ་མོའི་མེ་འབར་བཱི་ཕ་རོལ་ཕ་རོལ་རྣམ་པར་འགྲོ་ཞེས་པའི་ཕ་རོལ་ནི་དེ་བཞིན་དུ་འབར་བྱར་སྤྲུལ་པའི་འཁོར་ལོའི་ནང་དུ་སོན་པར་གྱུར་པ། དེ་ལས་བཞེངས་ཏེ་ཆོས་ཀྱི་འཁོར་ལོ་ཐོབ་སྟེ།། ་དེར་གྱུར་ནས་དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ་རང་བཞིན་མྱེད་པར་བྱེད་དོ།། དེ་ལས་བཞེངས་ཏྲེ་ལོངས་སྤྱོད་ཀྱི་འཁོར་ལྷོ་དེར་སོང་སྟེ།། ཡུལྔ་རྣམས་ཟོས་ནས་སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་བསྲེགས ་ཏེ། དེའི་རྗེས་ལ་རིམ་པ་འདིས་ཕ་རོལ་ནི་བྱེད་པ་ཆེན་པོའི་འཁོར་ལོ་རབ་ཏུ་བརྐྱང་སྟེ་དེར་སྟོང་ནས་ཧཾ་ཡིག་དེ་བསྲེགས་ནས་རང་བཞིན་མེད་པར་བྱེད་ཅི་ང་རཱི་བོང་འཛིན་པ་འཇུག་པར་བྱའོ།། རིམ་པ་འདི་གཏུམ་མོའི ་རྣལ་འབྱོར་ཞེས་བརྗོད་དོ།། དེ་སྐད་དུ་ཡང་ཀྱི་རྡོ་རྗེ་ལས་གསུངས་ཏེ། ལྟེ་བཱར་ག་ཏུ་མོ་སྦར་བཱ་ཡིས།། དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། ཞེས་པ་དེ་ཉིད་དེ་བཞིན་དུ་དེ་གཏུམ་མོའི་རང་བཞིན་བསྟན་པ་སྟེ་རྣམ་པར ་འགྲོ་བ་ཉིད་དོ།། དེ་བཞིན་དུ་གཞན་དུ་རྣམ་པར་འགྲོ་བའོ།། དེ་ཉིད་གཏུམ་མོའི་བདེ་བ་ཆེན་པོའི་འཁོར་ལོ་ནས། འོག་ཏུ་སྤྲུལ་པའི་འཁོར་ལོ་རྣམ་པར་འབབ་པའོ།། དེ་ལ་སྤྲུལ་པའི་འཁོར་ལོ་ཨ་ཡིག་གི་རྣམ་པའི་ཐིག་ལེ ་ལ་རབ་ཏུ་ཞུགས་ནས་སླར་ཡང་ཐིག་ལེ་དེ་ཡང་མི་སྣང་བར་ནང་དུ་ཐིམ་སྟེ། སླར་ཡང་རླུང་གི་ལས་ཀྱིས་བསྐུལ་ནས་རྣམ་པར་ལངས་ཏེ་ཡང་སྔོན་བཞིན་དུ་བྱ་བའོ།། དེ་ཉིད་གཞན་དང་གཞན་དུ ་སྟེ། དབྱེ་བ་གཉིས་སུ་གྱུར་པ་སྟེང་དུ་འགྲོ་བ་དང་འོག་ཏུ་འབབ་པའི་མཚན་ཉིད་ཀྱི་དབྱེ་བ་གཉིས་འགྲོའོ།། དེ་ལ་རྣམ་པ་དེ་ཉིད་ཀྱིས་རདྲ་བཞིན་མེད་པའི་མཚན་ཉིད་གཏུམ་མེའི་རྣལ་འབྱོར་པར་ཤེས་པ་རུ་ཧཱ་ས་ནཱས། རྡོ་རྗེ ་སེམས་དཔའི་གློ་འཕང་གི་ངོ་བོ་ཉིད་ཐོབ་པར་འགྱུར་རོ།། ཐམས་ཅད་དུ་འགྲོ་བ་ཞེས་པོ་ནི་ཁྱབ་པའི་ཕྱིརརོ།། གཞན་ཡང་དེ་ཅིའི་ཕྱིར་ན་མི་གཡོ་བ་ཞེས་པ་ལ་སོགས་པའི་དེ་ལ་གཏུམ་མོ་སྟེ་གཉིསུ་མེད་པའི་ཤེས་པའི་ལུང་བཞིན ་ནི་ཡང་དག་པའི་ཤེས་པ་ཞེས་བརྗོད་དོ།། འཛག་པ་མེད་པའི་དགའ་བའི་ཡུལ་ནི་མི་འཇིག་སྟེ་མི་གཡོ་གློ་དེ་ཉིད་ཀྱི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དཀའ་བ་ཞེས་པའི་དོན་ནོ།། དེའི་ཡུལ་དེ་བཞིན་དུ་གསུངས་ཏེ། སྔོན་དུ ་གསུངས་པའི་རིམ་པས་ཆགས་པ་ཆེན་པོའི་མེས་གཏུམ་མོ་རབ་ཏུ་གསྔལ་བ་ཤཪྵ་ནས། བདེ་བ་ཆེན་པོའི་འཁོར་ལོར་སོང་སྡེ་ཐོག་ལེ་ཞུ་ནས་མི་འཛག་པ་ཉིད་བཞི་པའི་སྐད་ཅིག་གི་རང་བཞིན་ལྷན་ཅིག་སྐྱེས་པའི ་དགའ་བ་ཐོབ་པར་འགྱུར་རོ།། དེའི་ཕྱིར་དེ་ཉིད་རིག་པས་ལྷན་ཅིག་སྐྱེས་པའི་མཚན་ཉིད་ལ་རང་བཞིན་གྱི་སེམས་གཉིསུ་སྣང་བའི་ཚུལ་ལ་རྗེ་སུ་རྟོགས་པས་གཉིསུ་མེད་པའི་ཡེ་ཤེས་རྟོགས་པ་ཞེས་པའི་དོན་ནོ།། དེ་བཞིན་དུ ་བཞི་བྱའི་སྐྱེད་ཅིག་ལྷན་ཅིག་སྐྱེས་པའི་བདེ་བའི་ཡུལ་རྣལ་འབྱོར་པས་རིག་པར་བྱ་བ་ནི་གོམས་པར་བྱ་བའོ།། དམ་པའི་བདེ་འདོད་ཕྱིར་ནི་ལྷན་ཅིག་སྐྱེས་པའི་བདེ་བ་འདོད་པ་ཞེས་པའི་དོན་ནོ།། རྣལ་འབྱོར་པས་ཡང ་དེ་ནི་རྟོག་སོ་ཤིང་འཇུག་པར་བྱེད་པ་ནི་དེ་འདིར་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གཉིས་མེད་པའི་རྟོགས་པ་ནི་ཁོང་དུ་ཆུད་པོའོ།། དེའི་འཇོག་པ་མངོན་སུམ་དུ་བྱེད་པའོ།། དེ་བཞིན་དུ་དེའི་རང་བཞིན་གང་ལ་དེ ་ཡིས་རྟོགས་པ་འཇུག་པ་རྣལ་འབྱོར་པས་འདིར་གྲོམས་པར་བྱའོ།། དེ་བཞིན་དུ་ལྷག་པར་རྟོགས་པའི་བདག་གི་དེ་ཉིད་ཀྱི་རྣལ་འབྱེར་པའི་བསྔགས་པ་གསུངསཱི་ཏེ། དེའི་ངོ་བོ་ཞེས་པ་ལ་སོགས་པའི་དེ་སེམས ་དགའ་བའི་ཡུལ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་སྤྱོད་ཡུལ་ལོ།། སེམས་ནི་ཡང་དག་པར་རིག་པའོ།། གང་གི་ཚེ་དེའི་དྲོ་བོ་རྡེགོས་ཉིད་འཇུག་པར་འགྱུར་བ་ནི་དེའི་ཚེ་གཉིས་སུ་མྱེད་པའི་ངོ་བོ་འཇུག་པར་འགྱུརརོ།། ་རྣམ་པ་དེ་ལྟ་བུའི་སེམས་རྣལ་འབྱོར་པ་གང་གིས་མ་ངོན་སུམ་དུ་བྱས་པ་དེའི་ཚེ་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། ཚིག་དང་བཅས་པ་སྟེ་ཚིག་ཙམ་གྱིས་དེ་བཞིན་དུ་བྱེད་དོ་ཞེས་པའི་དོན་ཏེ་འདིར་ཐེ་ངམ ་མེད་པ་ཞེས་པའི་དོན་ནོ།། བསམོ་གཏན་ཞེས་པ་ལ་སོགས་པ་ནི་སྔོན་དུ་གསུངས་པའི་བསམ་གཏོན། རྣལ་འབྱོར་ཡང་དག་ལྡན་ནི་བསམ་གཏན་རང་བསམ་གཏན་པའི་མཚན་ཉིད་བསམ་གཏན་གྱི་སྦྱོར་བ་རྒྱ ་འབྲས་བུར་གྱུར་པའི་སྙིང་རྗེ་དང་ཤེས་དག་གཅིག་པ་ཉིད་དོ་ཞེས་པའི་དོན་ནོ།། དེ་དག་དང་ཡང་དག་ལྡན་ནི་དེ་དང་བཅས་པའི་རྣལ་འབྱོར་པའོ།། གཞན་ཡང་ཅིའི་ཕྱིར་ན་དགོད་པར་བྱ་བ་ནི ་བྱེད་པ་སྟེ། སེམས་ལ་དགོད་པ་སྟེ་གང་གིས་མི་གཡེང་བའི་གོ་འཕང་ལ་གནས་པ་ཉིད་དོ།། དེའི་ཕྱིར་གནས་པ་ནི་གཡོ་བ་མེད་པའི་སེམས་སོ།། བློ་ལྡན་ནི་བློ་གྲོས་གང་ཞིག་དགེ་བའི་བློ་དང་ལྡན་པ་ཞེས་པའི་དོན ་ནོ།། དེ་ལྟ་བུའི་རྣལ་འབྱོར་པས་ས་སྟེངས་ས་འོག་བསྒྲུབ་པར་བྱ་བ་ནི་མཐོ་རིས་ས་སྟེངས་ས་འོག་ཐ་ད་བསྒྲུབ་པར་བྱའོ་ཞེས་པའི་དོན་ནོ།། འདིར་མཐོ་རིས་དངོས་སུ་བཟུང་བ་མེད་ཀྱང་ས་སྟེངས་ས་འོག་གཟུང་བས་དེ་བཞིན་དུ ་མཐོ་རིས་ཀྱང་ཤུགས་ལ་ཤེས་པར་བྱའོ།། འགྲོ་བ་ཀུན་ངག་གི་རང་བཞིན་བསྒྲུབ་པ་ནི་རྣམ་པར་རྟོག་པ་ཙམ་བསྒྲུབ་པར་བྱའོ།། ཞེས་པའི་དོན་ནོ།། ད་ནི་ལྷན་ཅིག་སྐྱེས་པའི་དགའ་བྱའི་རང་བཞིན་འཇིག་རྟེན་དབང ་ཕྱུག་གི་གོ་འཕང་ཐོབ་པའི་ཚིགས་སུ་བཅད་པ་གཉིས་གསུངས་ཏེ། ལྟེ་བ་ཞེས་པཱ་ལ་སོགས་པ་ལ། དེ་རྣལ་འབྱོར་པྲཱྀས་དེ་བཞིན་ཉིད་རབ་ཏུ་དགོད་པས་བྱས་ནི་འཇིག་རྟེན་མགོན་པའི་སྐུར་གྱུར་ཏེ། ཨེ་པཱཾ་ཞེས ་པ་ནི་འཆད་པར་འགྱུར་བ་ཡིའོ།། ཡང་ནི་དེ་བཞིན་ཞེས་པའི་ཨེ་ཡིག་ནི་པདྨ། བ~ཾ་ཡིག་ནི་རྡོ་རྗེ་རབ་ཏུ་དགོད་པ་སྟེ། གོང་གི་ཚེ་ཐབས་དང་ཤེས་རབ་སྙོམས་པར་འཇུག་པར་བྱེད་པ་དེའི་ཚེ་དེའི་རྣལ་འབྱོར་པས་འཇིག ་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཐོབ་པར་འགྱུརརོ།། ལྟེ་བའི་དབུ་སུ་པདྨ་ཆེན་པོ་ནི་ལྟེ་བར་འདབ་མ་དྲུག་ཅུ་རྩ་བཞི་ནི་པདྨ་ཆེན་པོའོ།། དེའི་དེ་བཞིན་དུ་པདྨའི་ན་མཁའི་ནང་ནི་ཟེ་འབྲུའི་མཐའོ།། དེ་ལ་གང་གི་ཚེ་གཏུམ་མོ་འབར ་བས་ཐིག་ལེ་ཞུ་བར་འགྱུར་རོ།། ཇི་ལྟར་རྣམ་གསུམ་པ་ཞེ་ན། འགྲོ་བའི་རྣམ་པ་གསུམ་སྟེ། དེ་ལ་གང་གི་ཚེ་གཡོ་བར་འགྱུར་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་འགྲོའོ།། གང་གི་ཚེ་འཛག་པར་འགྱུར་བ་ན་སྙིང ་སྙིང་ཁའི་འཁོར་ལོ་ཐོབ་པར་འགྱུར་རོ།། གང་གི་ཚེ་མི་འཛག་པར་གྱུར་པ་ན་ལྟེ་བའི་འཁོར་ལོ་ཐོབ་པར་འགྱུར་རོ།། དེ་བཞིན་རྣམ་གསུམ་ནི་རྣམ་པ་གསུམ་འགྲོ་བས་ན་མཁའི་ནང་དུ་སོང་བའི་ཐིག་ལེའོ།། དེ་བཞིན་རྣམ་པ་འདིས ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་གྱི་ཐིག་ལེ་ནི་པདྨའི་ཕྱག་རྒྱ་ཡང་དག་ལྡན་པའོ།། དེ་ལ་པདྨའི་ཕྱག་རྒྱ་ནི་འཇིག་རྟེན་ལྔས་འདས་པའི་ཡེ་ཤེས་དང་ཐབསུ་གྱུར་པ་བ~ཾ་དང་། ཨེ་ཡིག་གི་རྣམ་པ་ཤེས་རབ་ཀྱི ་པདྨའི།། ཧཱུ~ཾ་ཡིག་གི་ལྷག་མར་གླནས་པ་ནི་ཐབས་ཏེ་རྡོ་རྗེའི་མོར་སོན་བྱས་འདི་ཟེར་རྣམ་པར་གསྔལ་པོ་ནི་དགའ་བ་ཆེན་པོའི་ཆ་གང་ཡིན་རྒྱས་གདབ་སྟེ། རང་གིས་མངོན་སུམ་དུ་བྱས་པའོ།། དེའི་པདྨ་ནི་ཕྱག་རྒྱ་ཞེས ་བརྗོད་དོ།། ཤེས་རབ་ཀྱི་རང་བཞིན་ནི་དེ་བཞིན་དུ།། ཡང་རྡོ་རྗེ་ཉི་མ་རེག་འོད་ཀྱིས།། རབ་པང་རྒྱ་ཡིས་གདབ་པ་ཡིས།། པདྨར་བད་ཆེན་མ་ཤེས་ནི། པདྨའི་ཕྱག་རྒྱར་ཤེས་པར་བྱ།། གཞན་ཡང་བསྒྲུབ་བྱ་སྒྲུབ་ཐབས ་ཡང་དག་སྦྱོར།། གང་དེ་བསྙེན་པ་ཞེས་བརྗོད་དོ།། རྡོ་རྗེ་པདྨ་མཉམ་སྦྱོར་བ།། ཉེ་བར་སྒྲུབ་པ་ཞེས་བྱར་བརྗོད།། བསྐྱོད་པར་གསུངས་པ་སྒྲུབ་པ་སྟེ།། ཧཱུ~ཾ་ཕཊ་ཡཾ་གེ་ཡང་དག་ལྡན།། རང་བཞིན ་ཤིན་ཏུ་ཞི་བདེ་བ།། སྒྲུབ་པ་ཆེན་པོ་ཞེས་བརྗོད་དོ།། འོད་གསལ་གྱི་ཤེས་པའི་ཐབསུ་གྱུར་པ་སྒྲིབ་པ་དང་བྲལ་བའི་བདག་ཉིད་བ~ཾ་ཡིག་རྡོ་རྗེ་ནོར་བུ་བདེ་བ་ཆེན་པོའི་ཆ་གང་གིས་རྒྱས་གདབ་པ་ནི་མངོན་སུམ་དུ་བྱས་པའོ།། ། ་དེ་ན་མཁའི་ཕྱག་རྒྱ་ཞེས་བརྗོད་པ་དེ་དེའི་བདག་ཉིད་དོ།། གཞན་ཡང་རྡོ་རྗེ་རྩེ་མོར་རྫོགས།། གང་གིས་བདེ་ཆེན་རི་བོང་འཛིན།། ཤར་ནས་བང་བ་རྒྱ་ཡིས་པ་དང་།། ན་མཁའ་ཕྱག་རྒྱར་ཤེས་པར་བྱ།། དེ་བཞིན་དུ ་བསྡུས་པའི་དོན་ནི།། པདྨའི་ཕྱག་ནི་པདྨ་སྡེ་ཤེས་རབ་པོ།། ན་མཁའི་ཕྱག་ནི་རྡོ་རྗེ་སྟེ་ཐབས་སོ།། དེ་ཡང་འདིར་པདྨའི་ཕྱག་རྒྱ་ནི་ལྟེ་བར་རྣམ་པར་གནས་པའི་ཨ་ཡིག་གི་རང་བཞི་ནོ།། ན་མཁའི་ཕྱག་རྒྱའི་རང་བཞིན་ཡང ་ཐབས་ཏེ། ཧཱུཾ་ཡིག་གི་རང་བཞིན་སྙིང་ཁིའི་འཁོར་ལོ་དེས་ཀྱང་ཤེས་རབ་སྙོམས་པར་ཞུགས་པ་སྟེ། ཡང་དག་པར་སྦྱོར་བ་ཞེས་བཤད་དོ།། དེའི་ཕྱིར་པདྨའི་ཕྱག་རྒྱ་ཡང་དག་ལྡན།། དེ་བཞིན་ན་མཁའི་ཕྱག་རྒྱས་གདབ། ་ཅེས་པ་ཐབས་དང་ཤེས་རབ་ཀྱིས་བདག་ཉིད་དུ་གསུངས་ཏེ། སྲོག་འབབ་པའི་ཚད་ཀྱིས་ནི། དེ་བཞིན་དུ་གང་གིསོ་ཐིག་ལེ་འགུགས་པ་དེ་ནི་སྲོག་རབ་ཏུ་འབབ་པ་ཡིསོ།། ཅིའི་ཕྱིར་ཞེ་ན། གནས་གཉིས་གོམས་པར ་བྱས་པ་ཡིས་ཞེས་ཏེ། ལན་གཉིས་ནི་གཉིསུ་དབུགས་འབྱུང་བ་དང་རྔུབ་པའི་ངོ་བོ་ཉིད་ཅེས་པའི་དོན་ནོ།། དེ་ལྟ་བུའི་རིམ་པས་རྣལ་འབྱོར་པསཱ་ཨེ་ཡིག་དང་པོ་རབ་ཏུ་དགོད་པར་བྱའོ།། དེས་འཇིག ་རྟེན་མགོན་པོའི་སྐུ་རུ་འགྱུར་ཏེ། རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོ་ཉིད་ཐོབ་པ་ཞེས་པའི་དོན་ནོ།། གཞན་དུ་ཞེས་པ་ལ་སོགས་པ་ནི་འདིར་གསུངས་པའི་རིམ་པ་ལས་འདས་ཏེ་བཟླས་པ ་བྱེད་ཅིང་རྣམ་པ་སྣ་ཚོགས་པའི་ལས་སྤྱད་ཀྱང་སྐྱེས་བུ་དེ་ནི་ནམ་མཁའ་ལ་ཁུ་ཚུར་བསྣུན་པ་དང་སྤྱན་སྟོང་འཇོམས་པར་བྱེདའོ།། དཔེར་ན་ན་མྱ་ཁ་ལ་ཁུ་ཚུར་བསྣན་པ་དང་སྤུན་སྟོང་བརྡུངས་ཀྱང་དགོས་པ་མེད ་དེ་བཞིན་དུ། འདིར་ཡང་སྔོན་དུ་ག་སུངས་པོའི་རིམ་པ་འདས་ཏེ་བཟླས་པ་ལཱ་སོགས་པ་བྱེད་པ་བཞིནོ།། ཆོ་ག་བཞིན་དུ་ཞེས་པ་ལ་སོགས་པའི་ཆོ་ག་དང་ལྡན་པའི་བསམ་གཏན་གྱི་རྣལ་འབྱོར་པ ་ལས་གྲང་དང་གང་བྱེད་པ་སྟེ། རྒྱུན་མི་འཆང་པར་བྱེད་པའི་ལས་ནི་ཡིད་ཀྱིས་འདོད་པ་སྟེ། དེ་ནི་མྱུར་དུ་འགྲུབ་པར་བྱེང་པར་ཐེ་ཚོམ་མེད་དོ།། འདྲི་ནི་པདྨ་འབར་བ་ལས་བྱུང་བའི་རིགས་ཀྱི ་འཇིག་རྟེན་དབང་ཕྱུག་གི་ལྔ་བཅུ་པའི་བདག་གི་དེ་ཁོ་ན་ཉིད་ཀྱི་ལེའུའི་རྣམ་པར་འགྲེལ་པ་སྟེ་གཉིས་པའོ།། །། ད་ནི་ལྷའི་དེ་ཁོ་ན་ཉིད་བཤད་པར་བྱའོ།། དང་པོར་བཅོམ ་ལྡན་འདས་ཀྱི་སྒྲུབ་ཐབས་བཤུད་པ་ནི་ཚིགས་སུ་བཅད་བུ་བཞི་པའི་སྒོ་ནས་བཅོམ་ལྡན་འདས་ཀྱི་ངོ་བོ་བཤད་པར་བྱ་སྟེ། རང་བཞིན་བསམ་གཏན་བསྡུས་པ་ཡིས་ཞེས་བྱ་བ་ལ་སོགས ་པ་ལ། དེ་ལ་དྲང་པོ་རེ་ཤིག་གང་གི་ཚེ་སྒྲུབ་པ་པོའི་རྣལ་འབྱོར་པས་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་རྩོམ་པར་བྱེད་པ་དེའི་ཚེ་རང་གི་སྙིང་ཁུར་པཾ་ཡིག་ལས་སྐྱེས་པའི་པདྨ་ལས་ཨ་ཡི་ག་ཡོངསུ་གྱུར་པ ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ།། དེའི་སྟེང་དུ་བཅོམ་ལྡན་འདས་ཀྱི་ས་བོན་གྱི་ཡི་གེ་ཧྲཱིཿབསྒོམ་པར་བྱའོ།། དེ་ལས་འོད་ཟེར་འཕྲོས་ཏེ་འོད་ཟེར་གྱི་ཚོགས་ཀྱི་སོ་རང་གི་ལུས་རབ་ཏུ་གསལ་བར་བྱས་ནས ་རྗེསུ་དྲན་པ་བཞི་བསྒོམ་པར་བྱའོ།། དེ་ནས་སླར་ཡུང་དེ་བཞིན་དུ་འོད་ཟེར་གྱི་ཚོགས་ཀྱིས་སེན་གྱི་ཁམས་ཐམས་ཅད་རྣམ་པ་སྣ་ཚོགས་པའི་སྡུག་བསྔལ་གྱིས་མནར་བར་བལྟས་ནས། དེ་ལ་སེམས་ཅན་གྱི་ཁམས་རྣམས ་སྡུག་བསྔལ་དེ་ལས་ཉེ་བར་བསྒྲལ་ཏེ་བསོད་ནམས་ཀྱི་ཚོགས་འཕེལ་བར་བྱ་བའི་ཕྱིར་ན་མཁའི་དཀྱིལ་ཐམས་ཅད་རང་གི་ཡི་དམ་གྱི་ལྷ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངསུ་གང་བར་བསྒོམས་ཏེ། སླར ་ཡང་ས་བོན་གྱི་ཡི་གེའི་འོད་ཟེར་རྣམས་ཀྱིས་མེ་ཏོག་མ་ལ་སོགས་པའི་ལྷ་མོ་རྣམོས་སྤྲོས་ནས་ལྷའི་ཚོགས་ལ་མཆོད་པ་བྱས་ལ། སླར་ཡང་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ལ་སོགས་པའི་ཚིགསུ་བཅང་བ་བརྗོད་པར ་བྱའོ།། ཡང་དེའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་དེས་ལྷའི་ཚོགས་བཀུག་ནས་ས་བོན་གྱི་ཡི་གེ་ལ་ཞུགས་པར་བསྒོམ་པར་བྱའོ།། དེ་བཞིན་དུ་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱང་དེའི་འོད་ཟེར་གྱིས་སྦྱངས་ཏེ་སངས་རྒྱས་ཉིད ་ལ་བཀོད་ནས་སངས་རྒྱས་ཀྱི་གཟུགས་ཀྱིས་ཡང་སེམས་ཅན་གྱི་ཁམས་ཐམས་ཅད་ས་བོན་གྱི་ཡི་གེ་ལ་རབ་ཏུ་ཞུགས་པར་བསྒོམ་པར་བྱའོ།། རང་གི་ལུས་ཀྱང་ངོ་།། ར་ཡིག་ཀྱང་ཧ་ཡིག་དང་ཨཱི་ཡིག་དང་ཐིག་ལེ་རྣམས་ཀྱང་ཕྱི་མ་ཕྱི ་མའི་ནང་དུ་ཞུགས་པར་བསྒོམ་པར་བྱའོ།། དེ་ཡང་དང་པོའི་ཐིག་ལེའི་ནང་དུ་རབ་ཏུ་ཞུགས་པར་བསྒོམས་ནས་ཐིག་ལེ་དེ་ཡང་མི་དམིགས་པར་བྱའོ།། དེ་ནས་དེ་བཞིན་དུ་ཤཱུ་ནྱ་ཏཱ་ས་བརྟན་པར་བྱེད་པའི་སྔགས་འདི་བརྗོད་པར་བྱ་སྟེ། རིགས ་དྲུག་གི་བདག་ཉིད་ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ནཽ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་ཧཾ་ཞེས་པའི་ཨོཾ་ནི་རྣམ་པར་སྣང་མཛད་དོ།། ཤཱུ་ནྱ་ཏཱ་ཞེས་པ་ནི་རིན་འབྱུང་ལྡན་ནོ།། ཛྙཱ་ན་ཞེས་པ་ནི་མི་བསྐྱེད་པའོ།། བཛྲ་ཞོས་པ་ནི་འོད་དཔག་མེད་དོ།། སྭ་བྷཱ་ཝ་ཨཏྨ་ཀ ་ཞེས་པ་ནི་དོན་ཡོད་གྲུབ་པའོ།། ཨ་ཧཾ་ཞེས་པ་ནི་དྲུག་པ་རྡོ་རྗེ་སེམས་དཔའོ།། དེ་ཉིད་བསྡུས་པའི་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་དང་སྤོ་བར་བལྟ་བའོ།། བསྡུ་བ་ཞེས་པ་ནི་དོན་དམ་པའི་བདེན་པ་སྟེ་དེ་ཉིད་ཤེས་རབ་ཏུ་བརྗོད་དོ།། སྤྲོ་བ་ནི ་ཀུན་རྫོབ་ཀྱི་བདེན་པ་སྟེ་ཐབས་སོ།། དེའི་དོན་དམ་པའི་བདེན་པ་འབའ་ཞིག་ནི་གཞན་དོན་རྫོགས་པར་འགྱུར་བ་མ་ཡིན་ཏེ། དོན་དམ་པའི་བདེན་པའི་མཐར་སངས་རྒྱས་ཉིད་ཐོབ་པར་འགྱུརརོ།། དེ་ལྟར་ན་གཞན་གྱི་དོན ་ཡོངས་སུ་རྫོགས་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད་སྤྲོ་བར་བལྟ་བར་བྱའོ།། དེའི་ཕྱིར་ཐབས་དང་ཤེས་རབ་ཀྱི་བདག་ཉིད། དེ་ཉིད་ཀྱིས་ཐམས་ཅད་འགྲུབ་པར་འགྱུར།། དེ་ལ་དང་པོར ་ཡིག་ཡོངསུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཧཱུཾ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་པ། དེ་ལས་འོད་ཟེར་རྡོ་རྗེའི་གཟུགས་ཀྱིས་འཕྲོས་ཏེ་དེ་ལས་འོད་ཟེར་འབར་བས་རྡོ་རྗེའི་ས་གཞི་དང་རྡོ་རྗེའི་གུར་རྣམས ་བསྒོམ་པར་བྱའོ།། དེའི་དབུས་སུ་ཧཱུ~ཾ་ཡིག་ཡོངས་སུ་གྱུར་པ་ལས་ཆོས་ཐམས་ཅད་རང་བཞིན་མེད་པར་བསྒོམས་ལ་ཕྱི་ནས་ཆོས་འབྱུང་དཀར་པོ་བསྒོམ་པར་བྱ་སྟེ། དཀར་པོ་ཉིད་ནི་ཤིན་ཏུ་རྣམ་པར་དག་པའི་ཆོས་ཀྱི་དབྱིངས ་ཉིད་དོ།། དེའི་སྟེང་དུ་པཾ་ཡིགེ་ཡོངསུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའོ།། དེའི་སྟེང་དུ་ཨོཾ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ།། དེའི་སྟེང་དུ་ཧྲཱིཿཧཱུཾ་ཛཿཞེས་པའི་ཡི་གེ་གསུམ་ཡོངསུ་གྱུར་པ། ལས ་ལྕགས་ཀྱུ། དེ་ཡོངསུ་གྱུར་པ་ལས་རང་ཉིད་དཔལ་ལྡན་རིགས་ཀྱི་བུ་འཇིག་རྟེན་དབང་ཕྱུག་གི་ངོ་བོར་བསྒོམ་པར་བྱའོ་ཞེས་པ་ནི་འབྲེལ་པའོ།། རང་བཞིན་བསམ་གཏན་བཅས་པ་ཡིས་ནི་གནས་ཀྱི་དོན་ཐམས་ཅད ་ཀྱི་གང་གི་རང་བཞིན་མེད་པ་ཞེས་བཤད་དོ།། དེའི་བསམ་གཏན་ནི་དྷཱ་ཙནྟ་ཡཾ་ཞེས་པའི་ཁམས་ལས་དེ་དང་བཅས་པའི་བསམ་གཏན་དུ་བལྟ་ཞིང་ལྡན་པ་ཞེས་པའི་དོན་ནོ།། ཛ་ཏི་མཚལ་གྱིས་འོད་ཟེར་མཚུངས་ཞེས་པའི ་ཛ་ཏི་དང་མཱཚྭ་ལ་ཞེས་པ་ནི་ཚོན་གྱི་བྱེ་བྲག་གོ། དེ་དང་མཚུངས་པའི་འོད་ཟེར་དམར་པོ་ཞེས་པའི་དོན་ནོ།། ཊེ་འབྲུ་ལེ་བརྒན་རྩི་དང་འདྲ་བ་ནི་འོད་འབར་ཞིང་སིནྡྷུ་རཱ་ལྟར་དམར་བ་སྟེ་གནྡྷི་བཽ་ལི་ཁྲི་ལྟར་དམར་བའོ།། འདིར། ་ཡང་གཙོ་བོ་ནི་ཡང་འོད་དཔག་ཏུ་མེད་པ་སྟེ་དེ་དང་བཅས་པའོ།། གཞན་ཡང་སྔགས་ཀྱི་གཟུགས་ཀྱི་ནི་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་དང་ལྷ་ཉིད་དབྱེར་མེད་པའོ།། ལྷའི་ལྷ་ནི་ལྷ་རྣམས་ཀྱི་བདག་པོར ་གྱུར་པའི་ཕྱིར་ལྷའི་ལྷའོ།། སྐད་ཅིག་གིས་མངོན་པར་བྱང་ཆུབ་པའི་ཕྱིར་ཞལ་གཅིག་པའོ།། ཕྱག་བཞི་ནི་བདུད་བཞི་ལས་རྣམ་པར་རྒྱལ་བའོ།། མཁའ་པད་ཟླ་བའི་གདན་ལ་བཞུགས་ཞེས་པ་ནི་སྔོན་དུ་བཤད ་པའི་ཆོས་འབྱུང་པདྨ་ཟླ་བའི་གདན་ལ་བཞུགས་པའོ།། ཞུགས་པ་ལྕགས་ཀྱུ་བསྣམས་པ་ནི་གདུལ་བའི་སྐྱེ་བོ་རྣམས་འཛིན་པའི་ཕྱིར་ཞགས་པ་དང་། གདུག་པ་ཅན་རྣམས་འགུགས་པའི་ཕྱིར་ལྕགས་ཀྱུ་བསྣམས ་བའོ།། ཁྱབ་བདག་ནི་དབང་ཕྱུག་ལ་སོགས་པ་གཙོ་བོ་ཡོན་ཏན་སྦྱོར་བའོ།། མཆོག་སྦྱིན་ཕྱག་རྒྱ་ནི་ནོར་བུ་སྟེ། ཕྱག་རབ་ཏུ་བརྐྱང་ན་གཞན་གྱི་དོན་གྱི་ཕྱིར་ནོར་བུ་དང་བཅས་པའི་ཕྱག་གིས་ཆུ་སྐྱེས་ཞེས་པའི ་དོན་ནོ།། ཡང་དག་རོལ་པ་ཉིད་ནི་སྒེག་པའི་ཉམས་གཙོ་བོའི་ཕྱིར་ཏེ་སྒྲོག་པ་དང་བཅས་པ་ཞེས་པོའི་དོན་ནོ།། མུ་ཏིགོ་ནོར་བུས་རྣམ་པར་བརྒྱན་ནི་རང་བཞིན་དྲི་མ་མེད་པའི་ཕྱིར་ནོར་བུས་རྣམ་པར་བ་རྒྱན་པའོ།། ་ཐམས་ཅད་ལ་རབ་ཏུ་འགྲོ་བ་སྟེར་བའི་ཕྱིར་མུ་ཏིག་གིས་རྣམ་པར་བརྒྱན་པའོ།། པདྨའི་ཕྱག་ནི་པདྨའི་ཕྱག་རྒྱ་དང་བཅས་ཡང་དག་པར་ལྡན་པའི་ཕྱིར།། ཡང་ན་པདྨ་བཞིན་དུ་སེམས་ཅན་གྱི་དོན་ལ ་འཁོར་བའི་ནང་དུ་གནས་ཀྱང་འཁོར་བྱའི་སྐྱོན་གྱིས་མ་གོས་པའི་ཕྱིརརོ།། པདྨའི་ཕྱག་རྒྱ་ནི་ཕྱག་གཡོན་པདྨས་བརྒྱན་པ་ཞེས་པོའི་དོན་ནོ།། སྐུ་གསུང་ཐུགས་རྣམ་པར་དག་པའི་ཕྱིར་སྤྱན་གསུམ་མོ།། གདུལ་བྱ་སྣ ་ཚོགས་འདུལ་བར་དགོངས་པས་སྣ་ཚོགས་པའི་ཚུལ་འཛིན་པ་ནི་སྣ་ཚོགས་སྐུའོ།། འོད་ཟེར་སྟོང་ལྡན་བཞིན་དུ་མ་རིག་པའི་མུན་པ་སེལ་བར་བྱེད་པས་གཟི་བརྗིད་ཆེན་པོ་སྟེ་འོད་གསལ་ཆེན་པོ་ཞེས་པའི་དོན་ནོ།། གདུག ་པ་ཅན་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་བོའི་དབང་ཕྱུག། འགྲོ་བ་རྣམས་ཀྱི་བདག་པོའི་ཕྱིར་འགྲོ་བའི་མགོན་ནོ།། རྣལ་འབྱོར་མ་རྣམས་ཐུགས་དགྱེས་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་ཀྱིས ་རྣལ་འབྱོར་མ་རྣམས་ཀྱི་ཡིད་ཚིམ་པར་བྱེད་པ་ཞེས་པའི་དོན་ནོ།། སྔགས་རྣམས་ཀུན་ལྔ་ཞེས་པ་ནི་སྔགས་ཐམས་ཅད་ཀྱི་གནས་སུ་གྱུར་པ་ཞེས་པའི་དོན་ནོ།། རྣམ་པ་དེ་ལྟ་བུས་བཅོམ་ལྡན་འདས་རིགས ་ཀྱི་འཇིག་རྟེན་དབང་ཕྱུག་བསྒོམ་པར་བྱའོ།། དངོས་གྲུབ་ཐམས་ཅད་རབ་སྟེར་བ་ནི་ཕྱག་རྒྱ་རབ་ཏུ་སྟེར་བ་ཞེས་བྱ་བའི་དོན་ནོ།། རྣམ་པ་དེ་ལྟ་བུའི་དམ་ཚིག་སེམས་དཔའི་ངོ་བོར་བསྒོམས་ནས། སླར་ཡང ་ནམ་མཁའི་མཐིལ་དུ་རྣམ་པ་དེ་ལྟ་བུ་ཉིད་ཀྱིས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་ངོ་བོར་བསྒོམ་པར་བྱའོ།། དེ་ལྟ་བུའི་ཡེ་ཤེས་སེམས་དཔའ་ཛཿཧཱུ~ཾ་བོ་ཧཱུ~ཾཿཞེས་པའི་ཡི་གེ་རྣམ་པ་བཞིས་དགུག་པ་དང་། ་གཞུག་པ་དང་། བཅིང་བ་དང་། མཉེས་པ་རྣམས་དམ་ཚིག་སེམས་དབུའི་ནང་དུ་བྱའོ།། སླར་ཡང་ཡེ་ཤེས་སེམས་དཔའི་ཐུགས་ཀར་པདྨ་དང་ཟླ་བ་ལ་ཧྲཱིཿཡིག་གི་ས་བོན་ཏིང་ངེ་འཛིན་སེམས་དཔའི་ངོ་བོར་བསྒོམས་པར་བྱའོ།། དེའི ་ས་བོན་གྱི་འོད་ཟེར་གྱི་ན་མཁའི་མཐིལ་དུ་དེ་བཞིན་གཤེགས་པ་ལྷ་མོའི་ཚོགས་བསམ་པར་བྱའོ།། དེ་རྣམས་ལ་རྣལ་འབྱོར་པས་དབང་བསྐུར་བར་གསོལ་བ་གདབ་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཨ་བྷི་ཥིཉྩ་ཏུ་མོ། ཕྱི་ནས་དེ་བཞིན ་གཤེགས་པ་དང་ལྷ་མོའི་ཚོགསུ་བཅས་པས་དབང་བསྐུར་བར་བསམས་ཏེ། ཨོཾ་སརྦ་ཏ་ཐཱ་གཱ་ཏ་ཨ་བྷི་ཥེ་ཀཱ་ས་མ་ཡ་ཤྲི་ཡེ་ཧཱུ~ཾ་ཞེས་པའི་སྔགས་བརྗོད་པར་བྱའོ།། དེ་ལྟ་བུའི་བསམ་གཏན་བྱས་ཏེ་སྔགས ་བཟླས་པར་བྱའོ།། འདི་ནི་མདོར་བསྡུས་པའི་སྒྲུའི་ཐབས་ཀྱི་རིམ་པའོ།། དེ་ལྟ་བུའི་རྣམ་པས་སྔོན་དུ་གསུངས་པའི་བཅོམ་ལྡན་འདས་བསྒོམ་པར་བྱའོ།། གང་དང་གང་གིས་ཞེས་པ་ལ་སོགས་པ ་ནི་སྒྲུབ་པ་པོའི་རྣལ་འབྱོར་པ་གང་གིས་གང་བསྒོམ་པའི་བསམ་པས་རྣལ་འབྱོར་གོམས་པ་སྟེ། བཅོམ་ལྡན་འདས་ཀྱི་རྣལ་འབྱོར་རྫོགས་པར་བསྒོམ་པར་བྱའོ།། དེ་དང་དེའི་བསམ་པའི་དབང་གིས་དེ་བཅོམ ་ལྡན་འདས་དེའི་རང་བཞིན་ཏེ་དེའི་ངོ་བོ་ཉིད་དུ་འགྱུར་ཏེ་ཡིད་བཞིན་ནོར་བུ་མཆོག་ལྟ་བུའོ།། དྲ་ནི་ཞི་བ་ལ་སོགས་པའི་ལས་ཀྱི་རྗེསུ་འབྱུངས་ནས་བཅོམ་ལྡན་འདས་བསྒོམ་པ ་བརྗོད་པར་བྱ་སྟེ། ལྷ་ནི་དཀར་པོས་ཞི་རབ་སྟེར།། དེ་བཞིན་དྲག་ནི་རབ་སང་བྱེད་ཅེས་པ་སྟེ།། གང་གི་ཚེ་རྣལ་འབྱོར་པས་ཞི་བའི་ལས་འགའ་ཞིག་བྱེད་ན། དེའི་ཚེ་དེས་བཅོམ་ལྡན་འདས་སྐུ་མདོག་དཀར ་པོ་བསྒོམ་པར་བྱ་སྟེ། བཅོམ་ལྡན་འདས་སྐུ་མདོག་དཀར་པོ་ཞི་བ་རབ་ཏུ་སྟེར་པོའི་ཕྱིརརོ།། འདིར་བསྒོམ་པའི་རིམ་པོས་ནི་ཞི་བའི་ལས་བྱེད་པའི་སྐབས་རྣལ་འབྱོར་པ་ཞལ་བྱང་དུ་ཕྱོགས་ཏེ་བསྒོམ་པར་བྱའོ།། དེ་ལ ་དང་པོར་ཝ་ཡི་གོ་དཀར་པོ་ཡོངསུ་གྱུར་པ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བསྒོམ་པར་བྱའོ།། དེའི་བདག་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ་རྣམ་པར་སྣང་མཛོད་ལྟ་བུ་རྣམ་པར་སྣང་མཛད་ཀྱིས ་དབུ་བརྒྱན་པ་བསྒོམས་པར་བྱའོ།། དེ་ལ་ཡང་ཡེ་ཤེས་སེམས་དཔའི་ངོ་བོའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རང་བཞིན་གཞན་བསྒོམ་པར་བྱའོ།། ཡེ་ཤེས་སེམས་དཔའི་དྲིའི་ཐུགས་ཀར་པདྨ་དང་ཟླ ་བ་ལ་བསྒྲུབ་བྱའི་ལུས་བཀུག་སྟེ། ཉོན་མོངས་པ་རྣམས་ཐིམ་པར་བསམ་མོ།། དེའི་རྗེས་ལ་ཡེ་ཤེས་སེམས་དཔའི་ཐུགས་ཀའི་ཟླ་བ་ལ་ཡི་གེ་གཽསུམ་གྱི་རང་བཞིན་གྱི་སྔགས་ཀྱི་ཕྲེང་བ་བཞེངས་ཏེ་བདུད་རྩི ་རྒྱུན་འབབ་པར་བྱེད་པས་བསྒྲུབ་པར་བྱེད་པས་བསྒྲུབ་བྱའི་ལུས་ལ་དམིགས་ཤིང་སྣང་བར་བྱས་ཏེ། རང་གོ་ལུས་ལས་འོད་ཟེར་རྣམ་པར་འཕྲོས་ཏེ་རྩེ་མོའི་ཆ་ལས་དཔག་ཏུ་མེད་པའི་ལྷ་མོའི་ཚོགསུ་གྱུར་ནས། བདུད་རྩིས། ་ཡོངསུ་གང་བའི་བུམ་པ་ཕྱག་ན་བསྣམས་པས། བསྒྲུབ་བྱ་ལ་མངོན་པར་དབང་བསྐུར་ཏེ། དེ་བཞིན་དུ་རྒྱན་དུ་གྱུར་པའི་ལྷ་མོ་དང་སྙོམས་པར་ཞུགས་པའི་བདག་པོ་ཐབས་དང་ཤེས་རབ་སྙོམས་པར་ཞུགས་པ་ལས་ཡང་དག་པར ་བྱང་ཆུབ་པའི་བྱང་ཆུབ་ཀྱི་སེམས་ཀྱི་རྒྱུན་གྱིས་ཀྱང་དབང་བསྐུར་ཞིང་ཉེས་པ་རྣམས་ཉེ་བར་ཞི་བར་བྱའོ།། ཞེས་པ་ནི་ཞི་བའི་ལས་ཀྱི་ཆོ་གའོ།། དེའི་རྗེ་སུ་དག་རབ་ཏུ་སད་པར་བྱེད་པ་ནི་ཤེས་པར་བྱ་སྟེ། ངག་རབ་ཏུ་སད་པ་ནི་ཞལ་དང ་ཕྱག་དང་སྐུ་མདོག་དང་དབྱིབས་ལ་སོགས་པ་ཐམས་ཅད་སྔ་མ་བཞིན་དུའོ།། འོན་ཀྱང་རང་གི་སེམས་ཐོག་མ་མེད་པའི་མ་རིག་པའི་བག་ཆགས་ཀྱི་མི་ཤེས་པས་རབ་ཏུ་བཅིངས་པའི་བདག་དང་བདག་གིར་འཛིན་པས་ཟིན་པའི་སེམས ་ཉིད་ཀྱི་ཉོན་མོངས་པ་མ་ལུས་པ་ཉེ་བར་ཞི་བ་རབ་ཏུ་སྟེར་བ་རྣམ་པར་སྣང་མཛད་པཱ་ཥ་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོར་བསྒོམ་པར་བྱའོ།། དེའི་ངག་རབ་ཏུ་སད་པར་འགྱུར་རོ།། དེ་ཉིད་ཞི་བའི་ལས་དང་། ངག་རབ་ཏུ་སད་པ་ལས ་བྱཅོཾམྱེ་ལྡན་འདས་སྒྲ་མདོག་དཀར་པོ་བསྒོམ་པར་བྱའོ།། ད་ནི་དབང་དང་དགུག་པའི་ཆོ་ག་སྟེ། དབང་དང་དགུག་པའི་དེ་ཉིད་ལ་སྐུ་མདོག་དམར་པོ་རྣམ་པར་བསམ་པར་བྱ་སྟེ། དེ་ནི་དབང་དང་དགུག་པའི་ལས་ལ་བཅོམ་ལྡན་འདས ་སྐུ་མདོག་དམར་པོ་བསྒོམ་ཞིང་ཞལ་དང་ཕྱག་མཚན་ལ་སོགས་པ་སྔོན་མ་བཞིན་དུའོ།། འདིར་བསྒོམ་པའི་རིམ་པ་ནི་རྣལ་འབྱོར་པས་ཞལ་ནུབ་ཏུ་མངོན་པར་ཕྱོགས་ཏེ། ཡ་ཡིག་ཡོངསུ་གྱུར ་པ་ལས་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པ་སྒེག་པའི་ཉམས་གཙོ་བོར་མཛད་པའི་རང་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རྣམ་པར་བསྒོམས་ཏེ། ཕྱི་ནས་རང་གྲི་སྙིང་ཁའི་ཧྲཱིཿཡི་ག ་ཡོངསུ་གྱུར་པ་ལས་ཧཱུཾ་ལས་བྱུང་བའི་པདྨའི་སྡོང་བུ་ལས་འོད་ཟེར་གྱི་སྐུད་པ་དང་བཅས་པ་འབྱུང་བའི་འདབ་མ་བརྒྱད་པའི་པདྨ་དམར་པོ་བསམ་པར་བྱིའོ།། འདབ་མ་སོ་སོ་ལས་ས་བོན་གྱི་ཡི་གེ་དམར་པོ་གསུམ་སྟེ ་ཧྲཱིཿཧཱུཾ་ཛྫཿརྣམས་བསམ་ཞིང་གེ་སར་བཀོད་པའི་ཟེ་འབྲུ་ལ་ཧྲཱིཿཡིག་གཉིས་ཀྱིས་རྣམ་པར་བརྟེན་པའི་བཅོམ་ལྡན་འདས་ཀྱི་ཡི་གྲི་གསུམ་གྱི་སྔགས་རྣམ་པར་བསྒོམས་ཏེ། དེའི་སྔགས་ལས་འོད་ཟེར་དམར་པོས་མྱོས ་པར་བྱེད་པས་རླུང་གི་དཀྱིལ་འཁོར་བསྐྱོད་དེ། ཕྱོགས་ཀྱི་འཁོར་ལོ་ཐམས་ཅད་ཁྱབ་ནས་བསྒྲུབ་བྱའི་གན་སུ་ཞུགས་ཏེ་བསྒྲུབ་བྱའི་ལུས་འདོད་པས་ཕ་རོལ་གྱི་དབང་དུ་འགྱུར་ཞིང་མྱོས་པར་བྱས་པ་མདུན་དུ་བལྟ་བར་བྱ ་སྟེ། ཞགས་པས་མགུལ་བ་བཅིངས་ཤིང་སྙིང་ཁའི་པདྨ་ལྕགས་ཀྱུས་ཕུག་སྟེ་། བྷ་གའི་པདྨར་དེ་བཞིན་དུ་འདོད་པའི་མཚོན་གྱིས་བསྣུན་པས་འཁྲུགས་ཤིང་རབ་ཏུ་མྱོས་པ་རྣམ་པར་བསམ་མོ།། དེ་ནས་ཕྱིས་དེའི ་སྙིང་ཁའི་ཆུ་སྐྱེས་ཀྱི་ཟེ་འབྲུ་ལ་ཧྲཱིཿཡིག་གཉིས་ཀྱི་རྣམ་པར་རྟེན་པའི་མིང་གི་ཡི་གེ་བླངས་ཏེ་ཕྱིས་རང་གི་མགུལ་པ་ལ་བཅིངས་པར་བསམ་པར་བྱའོ།། སླར་ཡང་རང་གི་སྙིང་ཁའི་པདྨའི་ཟེ་འབྲུ་གནས་པའི་ཟླ ་བ་ལ་གནས་པའི་ཧཱུཾ་ཡིག་ལས་འོད་ཟེར་གྱི་དྲ་བ་དམར་པོ་སྲོག་གི་རླུང་གིས་བདས་ཏེ་འདབ་མོ་ལ་གནས་པའི་ཡི་གེ་གསུམ་གྱི་རང་བཞིན་གྱི་སྔགས་ཀྱང་སྟེང་དུ་སོང་སྟེ། གང་གི་སྣ་བུག་གཡས་པའི་ལམ་ནས ་འཐོན་ནས་མྱོས་པའི་སྙིང་ཁའི་པདྨའི་ཟེ་འབྲུར་གནས་པའི་མིང་གི་ཡི་གེ་བཀུག་སྟེ་བསྒྲུབ་བྱའི་སྣ་བུག་གཡོན་གྱི་བུ་གྲའི་ལམ་ནས་བྱུང་སྟེ་མིང་ལེ་ཤིན་ཏུ་ཁྱུད་ནས་དེའི་སེམས་དང་རང་གི་སེམས་ལྷན་ཅིག་ཏུ་བྱའོ།། ་རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པའི་འདི་ནི་དབང་གི་རབ་ཏུ་སྦྱོར་བའོ།། དགུག་པའི་རབ་ཏུ་སྦྱོར་བ་ཡང་འདི་ཉིད་དོ།། ད་ནི་བསྐྲད་པའི་རབ་ཏུ་སྦྱོར་བ་གསུངས་ཏེ། དུ་བ་དམར་པོའི་ཞེས་པ་ལ་སོགས་པ་ནི ་བསྐྲད་པའི་དུས་སུ་དུ་བ་དམར་པོའི་ཁ་དོག་གི་བཅོམ་ལྡན་འངས་བསྒོམ་པར་བྱའོ།། རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པའི་ཞེས་པ་ནི་རླུང་གི་དཀྱིལ་འཁོར་གྱིས་བསྐོར་ཞེས་པའི་དོན་ནོ།། ཆོ་ག་འདི་ལྟ ་བུའི་བཅོམ་ལྡན་འདས་ཀྱིས་དགྲ་བོ་རྣམས་སྐྲོད་པར་བྱེད་དེ་འདིར་ཐེ་ཚོམ་མེད་པར་བྱེད་པར་འགྱུརརོ།། དགྲ་བོ་རྣམས་སྐྲོད་པར་བྱེད་པའི་འདིར་བསྒོམ་པའི་རིམ་པའི་ནི་རྣལ་འབྱོར་པས་ཉི་མ་གུང་གི་དུས་སུ་ཁ་ལྷོར་མངོན ་པར་ཕྱོགས་ཏེ་དུ་བ་དམར་པོའི་མདོག་ཅན་དོན་ཡོད་གྲུབ་པ་ལྟ་བུ་སེར་སྣའི་རིགས་དོན་ཡོད་གྲུབ་པས་དབུ་བརྒྱན་པ་རླུང་གི་དཀྱིལ་འཁོར་གྱིས་དཀྲིས་པ་བདག་ཉིད་རིགས་ཀྱི་འཇིག་རྟེན་དབང ་ཕྱུག་གི་སྐུར་བསྒོམ་པར་བྱའོ།། ཕྱག་མཚན་ལ་སྩོགས་པ་རྣམས་སྔ་མ་བཞིན་ནོ།། བསྒྲུབ་བྱ་ཡང་རྔ་མོའི་སྟེང་དུ། གནས་པ་ལ་རཱང་གི་འོད་ཟེར་དུ་བ་དམར་པོའི་འདོན་ཝཱ་སུ་ཤིག་ངྒཱ་སྤྱོད་པ་བསས་ཀྱིའོ།། ངག་ཉིད་ཀྱང་དུ་བ་སུ་ནོ་བདོག་ཅན་མ ་བླམཚན་གྱི་མཚོན་བཟུང་བར་བསྒོམ་མོ།། དེ་བཞིན་དུ་བསྒོམས་པས་དགྲ་བོ་རྣམས་ངེས་པར་སྐྲོད་པར་འགྱུར་ཏེ། འདིར་ཐེ་ཚོམ་མེད་དོ།། ད་ནི་རྣམ་པར་ཞེ་སྡང་བའི་རབ་ཏུ་སྦྱོར་བ་གསུངས་ཏེ། དུ་བ་དངུལ་གཟུགས་དམར ་བ་ནི། རྣམ་པར་ཞེ་སྡང་ལ་ངེས་སྦྱར་ཞེས་པའི་དུ་བ་དངུལ་གཟུགས་དམར་པོའི་མདོག་ནི་དྲི་མ་ཐག་ཏུ་གསུངས་པའི་དོན་ཡོད་གྲུབ་པས་དབུ་བརྒྱན་པའོ།། སྔོན་དུ་གསུངས་པའི་ཞལ་དང་ཕྱག་མཚན་དང་ལྡན་པའོ།། ་རང་གི་སྙིང་ཁ་ནས་བསྐུལ་ཏེ་ཞོ་སྡང་རྣམ་པར་དག་པ་དུ་བ་དངུལ་གཟུགས་དམར་པོའི་འོད་ཟེར་གྱིས་ཞེ་སྡང་ཡང་དག་པར་བསྐྱེད་དེ། བསྒྲུབ་བྱ་མ་ཧེ་དང་རྟའི་སྙིང་དུ་གནས་ཏེ་ཕན་ཚུན་དུག་དང་མཚོན་ཆསེ་འཐབ ་ཅིང་ཁྲོ་བོའི་སེམས་དང་བཅས་པར་བསམ་པར་བྱའོ།། དེ་ལྟ་བུ་ཉིད་དུ་བསྒོམ་ཞིང་རྣལ་འབྱོར་པར་དུ་བ་དངུལ་གཟུགས་དམར་པོའི་འཇིག་རྟེ་ན་དབང་ཕྱུག་གི་རྣམ་པར་བྱས་ཏེ། དགེ་བོ་རྣམ་པར་ཞེ་སྡང་ངེས་པར ་སྦྱོསྦྱོར་བར་འགྱུར་ཏེ། འདི་ནི་ཐེ་ཚོམ་མེད་དེ།། ད་ནི་གདུག་པ་ཅན་གྱི་སེམས་ཅན་རྣམས་སོ་སོར་བསད་པ་དང་རིངས་བྱའི་རབ་ཏུ་སྦྱོར་བ་གཉིས་གསུངས་ཏེ། གསད་པ་ལ་ནི་ཁ་དོགུ་གནག། རེངས་པ་ལ་ནི ་སེར་པོར་ཤེས་ཞེས་པ་ལ་སོགས་པའི་གསང་པ་ལ་སྐུ་མདོག་ནག་པོར་བསྒོམ་པར་བྱའོ།། རེངས་པ་ལ་ནི་སེར་པོར་བསྒོམ་པར་བྱའོ།། འདིར་བསྒོམ་པའི་རིམ་པ་ནི་རྣལ་འབྱོར་པས་ཁ་ལྷོར་ཕྱོགས་ཏེ། རང་ཉིད་མི ་བསྐྱོད་པ་བཞིན་དུ་སྐུ་མདོག་ནག་པོ་མི་བསྐྱོད་པས་དབུ་བརྒྱན་པ། སྔོན་དུ་གསུངས་པའི་ཕྱག་མཚནྡ་ལྔ་སོགས་པ་དང་ལྡན་པོའི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་སྐུར་བསྒོམ་པར་བྱའོ།། ཕྱི་ནས་བསྒྲུབ་བྱ་ཡང ་ཡཾ་ཡིག་ཡོངས་གྱུར་པ་ལས་དུ་བའི་མདོག་གཞུའི་དབྱིབས་ཅན་རླུང་གི་དཀྱིལ་འཁོར་ལ་གནས་པའི་རཾ་ཡིག་ཡོངསུ་གྱུར་པ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་ལ་གནས་པར་བསམ་པར་བྱའོ།། རླུང་གི ་སྙིང་ཁའི་པདྨའི་ཟེ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཧྲཱིཿཧཱུཾ་ཛྫཿཞེས་པའི་ཡི་གེ་གསུམ་གྱི་སྔགས་ཀྱི་བདག་ཉིད་ལྕགས་ཀྱུས་བསྒྲུབ་བྱའི་ལུས་ངག་ཡིད་གསུམ་གྱི་བསྲུང་བ་བླངས་ཏེ། དྲིའི་ནང་དུ་སོང་ནས ་ཡི་དམ་གྱི་ལྷ་དང་ཡེ་ཤེས་སེམས་དཔའ་ལ་གསོལ་བ་གདབ་པར་བྱའོ།། ནམ་མཁའི་མཐིལ་དུ་བྱོན་པའི་དེ་བཞིན་གཤེགས་པ་རྣམས་ལ་ཡོང་གསོལ་བ་བཏབ་ནས། དེ་རྣམས་ཀྱི་མདུན་དུ་སྡིག་པ་བཤགས ་པར་བྱ་སྟེ། འདི་ནི་དཀོན་མཆོག་གསུམ་ལ་གནོད་པར་བྱེད་པའི་སེམས་ཀྱིས་དམྱལ་བ་ལ་སོགས་པར་འགྲོ་བར་འགྱུར་བྲ་ལས་བཟློགས་པའི་ཕྱིར། དེ་བཞིན་དུ་སྨོན་ལམ་གདབ་སྟེ། ་དེ་ལྟ་བུའི་ངོ་བོ་ཉིད་ཀྱི་སྙིང་རྗེ་བསྐྱེད་པར་བྱའོ།། དེའི་ཕྱིར་ཡང་སྙིང་རྗེ་དམན་པས་འགྲུབ་མི་འགྱུར་ཞེསོ།། དེ་ནས་སྔོན་དུ་གནང་བ་ཐོབ་ནས་ཡེ་ཤེས་པའི་དེ་བཞིན་གཤེགས་པའི་གཏི་མུག་རྡོ་རྗེ་ལ་སོགས་པའི་ལྷ ་རྣམས་རང་རང་གི་འཁོར་ལོ་ལ་སོགས་པའི་ཕྱག་མཚན་དང་ལྡན་པས་སྒྲུབ་བྱའི་ལུས་མར་ན་ག་གིས་བྱུགས་པ་ལྟེ་བུ་རབ་ཏུ་གཡོ་བ་ལས་བསྲུངས་པ་ལ་སོགས་འཐོན་པར་བས་མོ།། ཇི་སྲིད་བསྒྲུབ་བྱའི་སྦྱོར་བ ་ཡང་དག་པར་སྦྱོར་བ་བྱེད་པར་འགྱུར་ཏེ། ཕྱི་ནས་བསྒྲུབ་བྱའི་བློ་དང་ཤེས་པ་མར་མཽ་གཡོ་བ་མེད་པ་བཞིན་དུ་བསམ་མོ།། མཁའ་པད་ཟླ་བའི་སྟེང་དུ་ཧཱུ~ཾ་ཡིག་ལས་སྐྱེས་པའི་ལྕགས་ཀྱུ་ཡོངསུ་གྱུར་པ་ལས་དེ་ཉིད་དུ་དེའི ་བློ་དང་ཤེས་པ་རིགས་ཀྱི་འཇིག་རྟེན་དབང་ཕྱུ་གོ་སྐུ་མདོག་ནག་པོར་གྱུར་ནས་རླུང་གིས་བསྐྱོད་ནས་བདྲི་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་འདས་ནས་དེ་བཞིན་གཤེགས་པ་རྣམས་རྒྱལ་ཚབ་ཏུ་དབང་བསྐུར ་བར་བསམ་པར་བྱའོ།། འདི་ནི་མན་ངག་གི་རིམ་པ་འོ།། དེ་བཞིན་དུ་བྱས་ན་སྡིག་པར་མི་འགྱུར་ཏེ། སྙིང་རྗེ་སྔོན་དུ་འགྲོ་བའི་ཕྱིརརོ།། གཞན་དུ་ནི་སྡིག་པར་འགྱུར་རོ།། འདི་ནི་གསད་པའི་རབ་ཏུ་སྦྱོར་བའོ།། རེངས ་བུ་ལ་ནི་སེར་པོར་ཤེས་ཞེས་པ་ནི་མདོར་བསྟན་པ་སྟེ། རྒྱས་པར་བཤད་པ་ནི་ཚིགསུ་བཅད་པ་གཞན་གྱིས་བཤད་དེ། རེངས་པར་བྱ་བ་སེར་པོ་ཉིད་ལས་གཙོ་བོར་ཕྱིར་རྒོལ་བའི་ངག་རེངས་པར་བྱེད་པའི་ལསུ ་བརྗོད་དོ།། ལུག་གི་སྟེང་ཞེས་པ་ལ་སོགས་པའི་ལུག་ནི་དུད་འགྲོ་སྟེ། རྣལ་འབྱོར་པས་སྟེང་དུ་ཞོན་པའོ།། རྣལ་འབྱོར་པས་དེ་བཞིན་དུ་བསྒོམ་པར་བྱའོ།། ཡང་ནི་བསྒྲུབ་བྱའི་སྟེང་དུ་ལུག་གིས་ཞོན་པ་བཞིན་དུ ་ཡང་དག་པར་གནས་པའོ།། རྐན་གྱི་བར་དུ་རྣམ་ཕུག་ནས་ཞེས་པ་ནི་རིགས་ཀྱི་འཇིག་རྟེན་དབང་ཕྱུག་སེར་པོར་བསྒོམ་ཤིང་ལུག་གྲི་སྟེང་དུ་གནས་ནས་ལྕགས་ཀྱུས་བསྒྲུབ་བྱའི་རྐན་ཕུག་ནས་ཞེས་པ་ནི་དེའི་ཕྱིར་ཐམས ་ཅད་བསྒྲུབ་བྱ་ལ་ཉེ་བར་མཚོན་པ་སྟེ། སྲིད་པ་གསུམ་དུ་གང་གནས་པ་ཞེས་པ་ནི་ཐམས་ཅད་རྨོངས་པར་བྱེད་པའོ།། འདི་ནི་རེསཾ་པའི་རབ་ཏུ་སྦྱོར་བའོ།། གཞན་དག་རྨོ་ས་པས་ཅི་ཞིག་བྱ།། དོན་མང་ཚིག་ནི་རབ་འདུས ་པ། ཞེ་ས་པ་ནི་དོན་མང་པོ་ཚིག་ཉུང་ཤས་ལ་འདུས་པ་ཞེས་པའི་དོན་ནོ།། འཇིག་རྟེན་གསུམ་དུ་གང་གནས་པའི།། ལས་རྣམས་ཡོན་ཏན་བརྒྱད་དང་ལྡན་པའོ།། དེ་ལ་ཡོན་ཏན་བརྒྱད་ནི་ཡང་དག་པའི་ལྟ་བ་དང་། 2ཚེ ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་འཛིན་དང་། ངག་དང་། ལས་ཀྱི་མཐའ་དང་། ཡང་དག་པའི་རྟོག་པ་ཞེས་པ་རྣམས་ཏེ། འདིར་འཕགས་པའི་ལམ་ཡན་ལག་བརྒྱད་པོ་ཞི་བ་ཞེསོ།། ཡོན་ཏན་བརྒྱད་དང་ལྡན ་པའི་གཞན་ཡང་གསུངས་པ་དང་མ་གསུངས་པའི་ལས་རྣམས་རྒྱུད་གཞན་རྣམས་ལས་ཉེ་བར་སྤྱོད་པ་སྟེ། རྒྱུད་གཞན་རྣམསུ་ཇི་ལྟར་ཉེ་བར་སྤྱོད་པའི་རབ་ཏུ་སྦྱོར་བའི་ལས་རྣམས་གལ་ཏེ་རང་བཞིན་བསམ ་གཏན་སྦྱོར་བ་ཡིས་ཏེ། ཆོ་ག་ཇི་ལྟ་བ་བཞིན་བྱས་པས་འདིར་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ།། གང་ཞིག་ལྷོ་ནི་ནམ་མཁའ་མཚུངས་ཞེས་པ་ལ་སོགས་པའི་དངོས་པོ་ལས་རེ་ཤིག་བཅོམ་ལྡན་འདས་ན་མཁའ་དང ་མཚུངས་པའོ།། ཁ་དོག་དབྱེ་བས་སླར་ཡང་གཞན་དུ་ཐ་དད་པས།། འཇིག་རྟེན་གསུམ་ན་གང་སྤྱོད་པའི།། ལས་རྣམས་ཐམས་ཅད་བྱ་བའོ།། སྐལ་བཟང་བྱེད་པའི་ཞེས་བྱ་བ་ལ་སོགས་པ་ནི་འདིར་རེ་ཤིག་ཡི་གེ་གསུམ་གྱི ་རང་བཞིན་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་ངོ་བོའི་སྔགས་ཀྱིས་སྐལ་པ་བཟང་པོ་ཅན་དུ་འགྱུར་རོ།། འདོད་པའི་གཞན་དབང་བསྒྲུབ་བྱའི་སྙིང་ཁའི་ཆུ་སྐྱེས་དབུས་སུ་སོན་པའོ།། དེའི་ཕྱིར་བསྒྲུབ་བྱའི་སྙིང་ཁའི་ཆུ་སྐྱེས ་སྦྱོར་བས་འདིར་རང་ཉིད་རིགས་ཀྱི་འཇིག་རྟེན་དབང་ཕྱུག་གི་རང་བཞིན་ཡེ་ཤེས་སེམས་དཔའི་ངོ་བོར་འདོད་པས་གཟིར་ཏེ། བསྒྲུབ་བྱ་འི་སྙིང་ཁའི་ཆུ་སྐྱེས་ལས་རབ་ཏུ་ཞུགས་པའི་སྦྱོར་བས་དབང་བཽ་ལ་སོགས་པ་ཡང་དག ་པོར་བསྒྲུབ་པར་བྱེད་དོ་ཞེས་པའི་དོན་ནོ།། ད་ནི་དེ་ཁོ་ན་ཉིད་ཀྱི་ཆོ་གས་གསང་སྔགས་ཀྱི་མགོན་པོ་གང་དུ་གནས་པ་ཞེས་གསུངས་ཏེ། ཡི་གེ་གསུམ་དང་བཅས་པ་ཞེས་པ་ལ་སོགསོ་འདིར་སྔགས་ནི་ཡི་གེ་གསུམ་བཅས་པ ་སྟེ། ཡི་གེ་གསུམ་གྱི་རང་བཞིན་ཞེས་པའི་དོན་ནོ།། ལྷ་ནི་དེ་ལྟ་བུ་ཀྲི་ཏཱ་ཡཾ་ཞེས་པའི་ཁམས་ལས་རྩའི་འཁོར་ལོ་ཐམས་ཅད་དུ་ཐིག་ལེའི་གཟུགས་ཉིད་ཀྱིས་རྣམ་པར་རོལ་པའོ།། སྟེང་དུ་འགྲོ་བ་གསུམ་དང་ལྡན་པའི་གསུམ་ནི ་ཐུགས་དང་གསུང་དང་སྐུའི་འཁོར་ལོ་རྣམས་སུ་དྲིས་རོ་གཅིག་ཏུ་གྱུར་པ་ནི་སྟེང་དུ་འགྲོ་བའོ།། དེ་དང་ལྡན་པ་ནི་བཅས་པ་ཞེས་པའི་དོན་ནོ།། ཡང་ནཱ་རླུང་གི་དེ་ཉིད་ཀྱི་རིམ་པ་གཞུག་པ་དང་དབྱུང་བའི་ངོ་བོ་ཉིན་མཚན་དུ ་བཟླས་པ་ནི་སྟེང་དུ་འགྲོ་བ་གསུམ་ལྡན་པའོ།། དེ་ལྟར་ཡང་རླུང་ནི། ཨོཾ་ཡིག་གིས་ནི་རབ་ཏུ་གཞུག། ཨཱཿཡིག་སྔགས་ཀྱི་དབུས་གནས་དེས།། ཧཱུ~ཾ་ཡིག་སྔགས་ཀྱིས་དབྱུང་བྱས་ནས།། བཟླས་བྱ་མཆུ་དང་རྐན་སྦྱོར་མིན་ཞེས ་སོ།། ལས་གསུམ་བྱེད་པ་ནི་དེ་ཁོ་ན་ཉིད་གསུམ་མངོན་སུམ་དུ་བྱེད་པའི་མཚན་ཉིད་ནི་ལས་བྱེད་པ་སྟེ། རྟག་ཏུ་རྒྱན་མི་འཆད་པ་ཉིད་དོ།། རྣལ་འབྱོར་མ་རྣམས་ཞལ་ལོ་གནས་ནི་བདེ་བའི་བདག་ཉིད་ཐིག་ལེ་དེ་ཉིད་པ ་འཇུག་པར་བྱེད་པའི་ཕྱིར་རོ།། དེའི་ཕྱིར་རྣལ་འབྱོར་མ་རྣམས་ཀྱིས་ཞལ་ནི་ཆོས་འབྱུང་གི་བདག་ཉིད་དུ་གནས་སོ།། དེ་བཞིན་དུ་དཔལ་བདེ་མཆོག་གི་རྒྱུད་ལས་ཀྱང་གསུངས་ཏེ། རྣལ་འབྱོར་མ་རྣམས་ཀུན་རྫོབ ་སྤྱོད།། མཁས་པ་ཡི་ནི་མཆོད་པ་འོས།། རང་ཉིད་ཡང་དག་མདུན་ཕྱོགས་ནས།། རྣལ་འབོར་བ་ཡིས་ནོར་ཀུན་དཔལ།། ཞེས་སོ།། ཡང་ན་རྣལ་འབྱོར་ནི་འཇིག་རྟེན་ལས་འདས་པའི་ཏིང་འཛིན་ཐོབ་ཏེ ་གང་རང་གི་བདེ་བ་ལྔ་ཞུགས་པ་དེ་རྩཝ་གསུམ་ཅུ་རྩ་གཉིས་པོ་དེ་རྣམས་ཀྱི་ཞལ་ལ་གནས་པ་སྟེ། མཐའ་གཉིས་ཀྱི་རྩེ་མོར་གནས་ཤིང་རིགས་པ་བརྟན་པར་གྱུར་པའོ།། དེ་བཞིན་དུ ་ཡང་རྣལ་འབྱོར་མ་ནི་དེ་རྣམས་རྩ་གསུམ་ཅུ་རྩ་གཉིས་རྣམས་སྤྱི་བོ་ལས་སྐྱེས་པར་ཤེས་པར་བྱ་སྟེ། དེ་རྣམས་ཡང་དག་པར་བསྐུལ་བས་ཡེ་ཤེས་ནི་མཆོག་ཏུ་དགའ་བའི་ངོ་བོ་ཉིད་དོ།། རྣམ་པ་གསུམ་ནི ་འགུགས་པར་བྱེད་ཅེས་པ་ལ་སོགས་པ་ནི་རྣལ་འབྱོར་པས་གོང་གི་ཚེ་ཐོག་ལེའི་རྣལ་འབྱོར་ལོ་གོམས་པར་བྱས་པས། དེའི་ཚེ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་ཐིག་ལེའོ།། མཛེས་པ་ནི་ཡང་དག ་པར་རྫོགས་པའི་བྱང་ཆུབ་ཐོབ་པའི་ཕྱིར།། པདྨ་ཟུང་དང་ལྡན་པ་ནི་སྤྲུལ་པ་དང་བདེ་བ་ཆེན་པོའི་པདྨར་གྱུར་པ་སྟེ། འགྲོ་བ་དང་འོང་བའི་ཚུལ་ཉིད་ཀྱིས་སོ།། དེ་ལྟ་བུའི་རྣམ་གསུམ་འགུགས་པར་བྱེད་དེ ་གསུམ་གྱུར་པའི་དབང་ལས་དེ་ག་ཡོ་བར་འགྱུར་བ་ནི་བདེ་བ་ཆེན་པོའི་འཁོར་ལོ་ལས་འཛག་པའོ།། དེའི་རྗེ་སུ་འཇིག་པར་གྱུར་པ་ནི་སྙིང་ཁའི་འཁོར་ལོར་བབས་པའོ།། དེའི་རྗེསུ་མི་འཛག་པར་གྱུ ་ནི་སྤྲུལ་པའི་འཁོར་ལོར་གྱུར་པའོ།། དེའི་ཚེ་དབུ་མར་མར་མ་གཡོ་པ་མེད་པ་བཞིན་དུ་གནས་པར་འགྱུར་རོ།། དེ་བཞིན་དུ་རྣལ་འབྱོར་པས་ཀྱང་རྟག་ཏུ་སྦྱོར་བ་ནི་རྣམ་པ་དེ་ལྟ་བུས་རྟག་ཏུ་གཅིག་ཏུ་གནས་པ་སྟེ ་རྟག་ཏུ་རྒྱུན་མྱི་འཆད་པའོ།། མཱར་མེ་རླུང་གིས་མ་བསྐྱོད་པ་བཞིན་དུ་རབ་ཏུ་གནས་པ་ཐོབ་པར་འགྱུར་རོ་ཞེས་པའི་དོན་ནོ།། སྔོན་གསུངས་ཞེས་པ་ལ་སོགས་པ་ནི་སྔོན་དུ་བཤད་པའི་ལྷའི་ལྷ་དབང་པོའི་ངོ་བོར་སྒྲུབ་པ་པོ་སྐྱེ ་རེངས་དམར་པོ་དང་མཚུངས་པའི་འོད་དུ་བསྒོམ་མོ།། ཐབས་ཤེས་རབ་གཉིས་རྣམ་པར་དགུ་པས་མཚན་མོ་ཕྱེད་ཀྱི་དུས་སུ་སྟེ། སྲིད་པ་དང་མྱ་ངན་ལས་འདས་པ་དག་གི་དབུས་སུ་གནས་པའོ།། དེ་ལྟ་བུའི་རྣལ ་འབྱོར་ནི་སྔོན་དུ་གསུངས་པའོ།། ཡང་ནི་ཨེ་ཡིག་དང་བཾ་ཡིག་གི་མཚན་ཉིད་རྣལ་འབྱོར་ཡང་དག་པརཽ་སྤྱོད་པའོ།། ད་ནི་དཀོན་མཆོག་གཽསུམ་ལ་གནོད་པ་བྱེད་པ་རྣམས། དེའི་གཟུགས་འཛིན་དེ་ཞེས་པ་ལ་སོགས ་པས་སླར་བཤངྒ་དེ།། སྔོན་དུ་གསུངས་པའི་བཅོམ་ལྡན་འདས་སྐུ་མདོག་ནག་པོའི་རང་བཞིན་དུ་སྒྲུབ་པོའི་ལུས་འཛིན་པའོ།། དེ་ལྟ་བུའི་ཆོ་གས་སྒྲུབ་པ་པོ་གང་གིས་དེ་བཞིན་ལྷ་ནི་བཅོམ་ལྡན་འདས་ཏེ་ཞུགས ་ལྕགས་ཀྱུ་འཛིན་པས་བསྒྲུབ་བྱའི་ལུས་ལ་སྤྱོད་པར་བྱེད་པ་ནི་ཡང་དག་པར་བླང་བར་བྱ་ཞེས་པ་འི་དོན་ནོ།། འདིར་བཅོམ་ལྡན་འདས་གང་ཞགས་པ་དང་ལྕགས་ཀྱུ་འཛིན་པ་ཉིད་ཀྱིས་འོད་ཟེར་ཆེན་པོ་ཉིད་ཀྱིས ་སོ།། དེ་བླ་མའི་ཞལ་ལ་རྣམ་པར་གནས་ནི་བླ་མའི་ཞལ་ལས་བླང་བར་བྱ་ཞེས་པའི་དོན་ནོ།། འདིར་གསུངས་པ་ནི་སྔོན་དུ་གསུངས་པའི་ཞགས་པས་བཅིངས་པ་ལ་སོགས་པ་དང་། ལྕགས་ཀྱུས ་ཀྱང་གང་དབུག་པ་སྟེ། དེ་བླ་མའི་ཞལ་ལས་རྡོགས་པར་བྱའོ།། ཞེས་པའི་དོན་ནོ།། དེ་བསྒྲུབ་བྱའི་ལུས་ལ་གཞན་ཅི་འདུན་ཞགས་པས་ཡང་དག་པར་བཀུག་ཅིང་ལྕགས་ཀྱུས ་བསྣུན་པས། གཞན་ཡང་རྣམ་པར་མྱོས་པི་ནི་རྣམ་པར་འཁྲུགས་པས་ཞེས་པའི་དོན་ནོ།། འཇིགས་པ་དང་བཅས་པའི་བྷཻ་རི་ལོས་དམྦཱར་ནི་སྲས་པ་ཁྲོ་གྱུར་ཏེ། ཡང་ནས་ཡང་དུ་བརྒྱལ་བར་འགྱུར་ཏེ་སྒྲོ་དགུ་རྣམས་སུ་བསྐྲུན ་བས་ཁྲག་མང་དུ་འ་བབ་པ་ཞེས་པའི་དོན་ནོ།། དེ་བཞིན་དུ་སྔོན་དུ་མདོར་བསྟན་པའི་རྗེ་སུ་འབྲངས་ནས་འདི་ནི་རྒྱས་པར་བཤད་པའི་རིམ་པ་སྟེ། དཀོན་མཆོག་གསུམ་ལཾ་གོནོད་པར་བྱེད་པ་གསང་པོའི་རིམ་པའོ།། ་གཞན་དུ་བཤད་པའི་གས་འི་འི་ནི་བསྒྲུབ་བྱའི་ལུས་ལས་བྱང་ཆུབ་ཀྱི་སེམས་ཡང་དག་པར་བྱེད་པ་སྟེ། ཞགས་པས་འགུགས་པ་དང་ལྡན་པ་ནི་ལྟེ་བའི་འཁོར་ལོ་ལ་གནས་པའི་ཨོཾ་ཡི་གོ་ཡོངསུ་གྱུར་པོ་ལས་གཏུམ ་མྱོ་འབར་བའི་གཟུགས་ནོ་ཞུག་ས་པས་འགུགས་པ་སྟེ། སྟེང་དུ་སོང་ནས་བདེ་བོ་ཆེན་པོའི་འཁོར་ལོ་གནས་པོའི་མགོ་ཐུར་དུ་བསྟན་པའི་ཧཱུཾ་ཡིག་གི་གཟུགས་ལ་ལྕགས་ཀྱུས་བསྣན་པའོ།། རྣམ་པར ་མྱོས་པའི་ཞེས་པ་ནི་རང་གི་གནས་ནས་འབབ་པ་སྟེ། བདེ་བ་ཆེན་པོའི་འཁོར་ལོ་ལས་ཞེས་པའི་དོན་ནོ།། ལུས་དམར་ནི་ལྷན་ཅིག་སྐྱེས་པའི་དགའ་བའི་ངོ་བོ་ཉིད་དོ།། ཡིད་དང་ཡིང་དུ་བརྒྱལ་བ་ནི་འབྱོར། ་ལོ་ལས་འཁོར་ལྷོའི་མཐར་འབབ་པའོ།། ཁྲག་འབབ་པ་ནི་བདེ་བ་ཆེན་པོ་དཔག་ཏུ་མེད་པའོ།། སྒོ་དགུ་རྣམསུ་བསྣུན་པ་ནི་ཆོས་ཀྱི་འཁོར་ལོར་གྱུར་པའི་ལྷ་མོ་བཞི་དང་དེ་བཞིན་གཤེགས་པ་ལྔའི་རིགས་སྒོར་བསྣུན་པས ་སྤྲུལ་པའི་འཁོར་ལོའི་ནང་དུ་འབབ་པའོ།། འདིར་ཡང་བྱང་ཆུབ་སེམས་ཀྱི་ཐིག་ལེ་མི་ལྷུང་ཞིང་སྟེང་དུ་འདྲེན་པར་བྱེད་པོའི་མཚན་ཉིད་ཡིན་པ་ནི་གཟི་བརྗིད་ཆེན་པོའོ།། སྔོན་དུ་གསུངས་པའི་ཞགས་པ་ལྕགས་ཀྱུས་འཛིན་པ་དག་གིས ་དེ་ཐམས་ཅད་ལ་གཟི་བརྗིད་ཆེན་པོ་ཉིད་དོ།། བླ་མའི་ཞལོ་ལ་གནས་ནི་སྙིང་ཁའི་འཁོར་ལོ་དྲང་སྤྲུལ་པའི་འཁོར་ལོ་སྟྭ~ཾ། འཁོར་ལོ་གཉིས་ཀྱི་བར་དུ་གནས་པ་ཞེས་པའི་དོན་ནོ།། ད་ནི་སྔགས་ཀྱིས་ཕན་པར་བྱེད་པ་སྲོག་བཞིན ་བསྲུང་བར་བྱ་བ་ཚིགསུ་བཅད་པ་དྲུག་གིས་གསུངས་ཏེ། སྒྲིབ་པ་དང་བྲལ་མཚུངས་པའི་ཞེས་བྱའི་ལ་སོགས་པ་ནི་སྒྲུབ་པ་པོས་དང་པོར་རྭ་ཤིག་སྒྲིབ་པ་དང་བྲལ་མཚུངས་པ་ནི་སྒྲིབ་ལས་ངེས་པར་གྲོལ་བའོ།། རང་ལུས ་རྣམ་པར་བལྟ་བར་བྱ་ནི་དྭེ་རང་ལུས་ལ་བལྟ་བར་སྟྭཾ། དྲི་ལ་སྒྲིབ་པ་དང་བྲལ་མཚུངས་པའོ།། ལུས་ཀྱི་དབུས་སུ་རབ་ཏུ་ཞེས་པའི་སྔགས་ནི་ཧྲཱིཿཡིག་དམར་པོ་ཞེས་ཏེ། དེ་ཉིད་དང་པོའི་ཡི་གེའི་རང་བཞིན་ཡི་གྲེའི་དབང་བར ་ཤེས་པར་བྱའོ།། དེ་བཞིན་དུ་འབྱེར་བའི་དབྱིབས་ནི་མར་མེ་འབར་བ་དང་། མེ་ལྟ་བུས་ཞེས་པའི་དོན་དོ།། གཞན་ཡང་ཁ་དོག་དམར་པོ་ནི་པདྨའི་གཟུགས་འཛིན་པའོ།། རང་གི་ཞལ་གྱི་ནང་ནས་འབྱོན་ཏེ་ཁའི་སྦྱོར་རོལ་ནི ་བསྒྲུབ་བྱའི་ཁའི་སྒོ་སྟེ་བསྒྲུབ་བྱའི་ཁའི་སྒྲོ་རུ་ཞེས་པའི་དོན་ནོ།། དེ་ལ་མངོན་འདོད་རོལ་པ་སྟེ་བསྒྲུབ་བྱའི་ཁའི་སྒོར་ཡོངསུ་འཁོར་བ་ཞེས་པའི་དོན་ནོ།། ཕྱི་ནུས་དེ་ཉིད་ཡི་གེ་རྣམས་བསྒྲུབ་བྱའི་ཁར་ཐིམ ་ནས་ཇི་སྲིད་བསྒྲུབ་བྱའི་སྙིང་ཁའི་ཆུ་སྐྱེས་ལ་ཐིམ་པར་བསམ་པར་བྱའོ།། ཕྱི་ནས་དེའི་མཐར་སྙིང་ཁར་ཅུང་ཟད་གནས་པ་ཐམས་ཅད་དེའི་མཐར་ཞེས་པ་ནི་དང་པོའི་ཡི་གེའི་མཐར་ནི་ཧཱུ~ཾ་ཡིག་གོ།། དེ་ཉིད་ཀྱི་གཟུགས་ཀྱིས་དེ ་ཡང་རབ་ཏུ་ཞུགས་ཏེ་བསྒྲུབ་བྱའི་སྙིང་ཁར་གང་ཅུང་ཟད་གནས་པ་ཐམས་ཅད་ཕྲོགས་ཏེ། དེ་ཡང་མེར་མེར་པོའི་རང་བཞིན་དཀར་དམར་གྱི་རང་བཞིན་སྒྲོལ་མའི་གཟུགས་ག་བུར་གྱི་རྣམ་པ་དེ་ཉིད་དེ། ཡིད་འཕྲོག་པཱ་ཐམས ་ཅད་དེས་ཀྱང་ཡི་གེ་བླང་བར་བྱ་བ་ལེན་པ་ཞེས་པའི་དོན་ནོ།། ཕྱི་ནས་གང་བསྒྲུབ་བྱའི་ལུས་སྟོང་པར་བྱ་སྟེ། དེའི་ཚེ་ཛྙཱ་ཞེས་པའི་ཡི་གསུམ་པ་འི་ཡི་གེས་རླུང་གིས་ལོ་མ་གཡོ་བ་ལྟར་བྱས་ཏེ། རང་གི་ཁྱིམ་ནི་རང་གི ་ལུས་འཐིམ་ནས་ལུས་བསྒྲུབ་བྱའི་ལུས་དང་ངོ་བོ་གཅིག་ཏུ་གྱུར་པར་བསྒོམ་པར་བྱའོ།། དེ་ལྟ་བུའི་རྣམ་པ་འདིས་ལྷའི་ལྷ་ནི་བཅོམ་ལྡན་འདས་རིགས་ཀྱི་འཇིག་རྟེན་དབང་ཕྱུག་ཞུག་བདུན་དུ་བསྒྲུབ་པར་བྱས་པས་དེའི ་དོར་དང་བཅས་པའི་སྐྱེ་བོ་ཐམས་ཅད་ཀྱིས་བྲན་བྱེད་པར་འགྱུར་རོ།། འཚོ་བ་དང་ནི་ནོར་གྱིས་ཀྱང་།། ས་སྟེང་འཇིག་རྟེན་སླར་ཅི་སྨོས།། འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་བཞིན་ཐེ་ཚོམ་མེད་པ་ཞེས་པའི་དོན་ནོ།། ད་ནི ་འདིའི་སྔགས་ཀྱི་དབང་དུ་བྱ་བའི་ཡུལ་གྱི་རྣམ་པར་དབྱེ་བ་ཚིགསུ་བཅད་པ་གཉིས་ཀྱིས་གསུངསོ།། རང་དབང་མེད་རྣམས་ཞེས་པ་ལ་སོགས་པའི་འདིར་སྔགས་ཀྱི་དབང་པོ་ནི་རྒྱལ་པོ་སྟེ། སྒྲུབ་པ་པོས་འདིས ་རང་དབང་མེད་པ་ནི་གཞན་གྱིས་གཟུངས་པའི་བུད་མེད་ལྀ་རབ་ཏུ་སྦྱར་བར་མི་བྱའོ།། རྒྱལ་སྲིད་སྒྲུབ་པ་མཆོག་ནི་ངེས་པ་སྟེ། འདིར་སྔགས་ཀྱི་རྒྱལ་པོ་བཟླས་པར་བྱའོ།། ཞེས་པོའི་དོན་ནོ།། བསྒྲུབ་པ་པོ་གང ་གིས་སླར་ཡང་གཞན་དུ་སྟེ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་སྒྲུབ་པ་ནི་འདོད་པས་ལོང་ཞིང་འདོད་པ་ལ་ན་ལ་ཏེ། དེས་དེ་བཞིན་དུ་དབང་བྱས་པས་ལྷུང་བར་འགྱུར་ཏེ་སྡིག་པར་འགྱུར་རོ་ཞེས་པའི་དོན་ནོ།། རྒྱུ་གང་གི ་ཕྱིར་ན་དེ་གཞན་གྱིས་ཡོངསུ་བཟུང་བའི་བུད་མེད་བསྒྲུབས་ན་འོང་མི་ནུས་པའི་ཕྱིར་དེའི་སྐད་ཅིག་ལ་འཆི་བར་འགྱུར་ཏེ་དེ་མྱ་མཐོང་བའི་ཕྱིར།། གལ་ཏེ་ལྷའི་བུ་མོ་ཡིན་ཡང་འདིར་ཐེ་ཚོམ་མེདོ་ཞེས་པ་ནི་ལྷའི ་བུ་མོ་ཡང་ངེས་པར་འོང་བར་འགྱུརརོ།། ཞེས་པའི་དོན་ནོ།། རིགས་ཀྱི་འཇིག་རྟེན་མགོན་པོའི་ལྔ་བཅུ་པ་ལས་ལྷའི་དེ་ཁོ་ན་ཉིད་རིམ་པོར་ཕྱེ་བ་སྟེ་གསུམ་པའོ།། །། ཡང་དག་སྲུང་ཞེས ་པ་ལ་སོགས་པ་ནི་དེ་རྣལ་འབྱོར་པས་དམ་ཚིག་སྤྱོད་པ་དམན་པས་འདྲེན་པའི་སྔགས་ཉིད་བཟླས་པར་བྱའོ།། སྦ་ཞིང་སྲོག་བཞིན་བསྲུང་བར་བྱ་སྟེ། འདིར་སྔགས་ནི་འཇིག་རྟེན་དབང་ཕྱུག་གི་སྙིང་པོའོ།། ་མཆོག་ནི་ཕུལ་དུ་བྱུང་བའོ།། གཅིག་པུ་གྲོགས་དང་བྲལ་བྱས་ཏེ་ཞེས་པ་ལ་སོགས་པ་ནི་དེ་རྣལ་འབྱོར་པས་གང་གི་ཚེ་སྔགས་ཟློས་པར་བྱེད་པ་དེའི་ཚེ་གཅིག་པུ་ནི་གནས་ཀྱི་དོན་ཐཾད་དེ་ལ་ཆགས་པ་སྤངས་པའོ། ་འབུམ་དུ་བཟླས་ནི་འབུམ་ཕྲག་གསུམ་གྱི་གྲངས་ཀྱི་སྔགས་བཟླས་པར་བྱའོ།། དེ་ཡང་འཁོར་ལོ་གསུམ་སྟེ་སྐུ་གསུང་ཐུགས་ཀྱི་མཚན་ཉིད་དོ།། བདེ་གཤེགས་མངོན་སུམྦ་ཞེས་པ་ནི་སྐུ་གསུང་ཐུགས་མངོན་སུམ་དུ ་བྱེད་པར་འགྱུར་རོ་ཞེས་པའི་དྲོན་ནོ།། དཱ་ནི་སྔགས་བཟླས་པའི་འབྲས་བུའི་བདག་ཉིད་ཆེན་པོའི་གསུངས་ཏེ། འཇིག་རྟེན་ཐམས་ཅང་འབྱིན་པ་དང་ཞེས་པ་ལ་སོགས་པ་ནི་གང་སྔོན་དུ་གསུངས་པའི་ཆོས་གསང ་སྔགས་བཟླས་པ་དང་ལྡན་པའི་རྣལ་འབྱོར་པ་དེས་འཇིག་རྟེན་ཐམས་ཅད་སྐད་ཅིག་ཙམ་ལ་དེ་བཞིན་དུ་འབྱིན་པར་བྱེད་པ་དང་སྐད་ཅིག་ཙོམ་ལ་དེ་བཞིན་དུ་སྡུད་པར་བྱེད། ཡང་ནས་ཡང་དུ་འབྱིན་པ་དང་སྡུད་པར་བྱེད ་པའི་ནུས་པ་དང་ལྡན་པ་ཞེས་པའི་དོན་ནོ།། ན་མཁའི་གོ་འཕང་འགྲོ་ཞེས་པ་ནཱི་ན་མཁའ་ལ་འགྲོ་བར་བྱེད་པ་ནི་ཕྱག་ན་རྡོ་རྗེ་ལ་སོགས་པ་སྟེ་རྫུ་འཕྲུལ་དང་ལྡན་པའོ།། དེ་རྣམས་ཀྱི་གོ་འོཕང་ནི་དེ་དག་གྲི་གོནས ་སུ་འགྲོ་བ་སྟེ་སྒྲིབ་པ་བྲལ་བའི་གནསུ་འགྲོ་བ་ཞེས་བྱ་བའི་དོན་ཏེ། དྲན་པས་འདི་ལ་ཐེ་ཚོམ་མེད་པའོ།། ད་ནི་ཕ་རོལ་གྱི་གྲོང་དུ་འཇུག་པ་བཤད་པར་བྱ་སྟེ། སེམས་དང་སེམས་མེད་སྦྱོར་བ་ཞེས་པ་ལ་སོགས་པ ་ནི་སེམས་ནི་རྣལ་འབྱོར་པའི་ཤེས་པའོ།། ལུས་སྐྱེས་ནི་ལུས་ལས་སྐྱེས་པའི་འབྱུང་བ་ཆེན་པོར་གྱུར་པ་རྣམས་འཇུག་པར་བྱེད་དོ།། གང་ལ་སེམས་མེད་པའི་ལུས་སོ།། སྦྱོར་བ་ནི་འཇུག་པའོ།། སེམས ་ནི་རྣལ་འབྱོར་པའི་ཤེས་པ་སེམས་མེད་པའི་རོའི་ལུས་རྣོ་ལ་ཡང་དག་པར་ཐིམ་པའོ།། ལུས་སྐྱེས་མང་པོ་རྣམས་ལ་རབ་ཏུ་ཞུགས་ནསམྦ་ནི་སེམས་ལས་ངེས་པ་མཐོང་སྟེ། རོའི་ལུས་ལ་སེམས་དེ་བཞིན་དུ་འདིར ་སེམས་དང་བཅས་པ་སྟེ། ངེས་པར་མཐོང་བ་ནི་རོ་དེ་ལ་ངེས་པར་མཐོང་བར་འགྱུ་རོ་ཞེས་པའི་དྲོན་ནོ།། འདིར་ཚོགས་པའི་དོན་ནི་སེམས་ཅན་ཐམས་ཅད་ཀྱི་སྲོག་གི་གཟུགས་སེམས་ཀྱི་རྟེན་དུ་གྱུར་པ་དེ་ཉིད ་རིམ་པས་ཕ་རོལ་གྱི་གྲོང་ལ་འཇུག་པའི་དུས་སུ་རྣལ་འབྱོར་སྟེང་དུ་བླང་བར་བྱ་སྟེ། ཇི་སྲིད་ལྟེ་བའི་འོག་ནས་དེ་ཡང་སྟེང་དུ་མགྲིན་པའི་ཕྱོགས་ཀྱི་མཐར་ཐུག་པ་བཀའ་ནས་སྣའི་བུ་ག་ནས་འཐོན་ཏེ་རོ་མཉམ་པའི ་ལས་ལ་ཡང་དག་པར་ཞུགས་པར་བྱའོ།། ཇི་སྲིད་རོའི་ལུས་གཡོ་བ་སྟེ། སྤེལ་བ་བཞིན་དུའོ།། ཅིའི་ཕྱིར་ཡང་རབ་ཏུ་གཡོ་བ་ནི་སླར་ཡང་དེ་ལས་རོའི་ལུས་ལ་མྱུར་དུ་སྲོག་ཚུལ་དགུག་པར་བྱའོ།། དེ་བཞིན ་དུ་ཕ་རོལ་གྱི་གྲོང་དུ་འཇུག་པ་ལ་གོ་མོས་པར་བྱའོ།། །། ད་ནི་སྔགས་ཀྱི་བདག་ཉིད་ཀྱི་ཆེ་བ་བཤད་པར་བྱ་སྟེ། ནང་བཅས་ཞེས་བྱ་བ་ལ་སོགས་པ་ནི་ནད་དང་ལྡན་པའོ།། ནོད་མེད་ནི་ནད་ལས ་ངེས་པར་གྲོལྔ་པར་བྱེད་པའོ།། དེ་བཞིན་དུ་ནད་མེད་པ་ཡང་ནང་དང་བཅས་པར་བྱེད་དོ།། དེ་བཞིན་དུ་སྔགས་ཀྱི་རྒྱལ་པོའི་དབང་པོ་སུ་བྱེད་དེ། ཞུགས་པ་ལྕགས་ཀྱུས་འཛིན་པ་ཞེས ་པ་འདིའི་ཞུགས་པ་ལྕགས་ཀྱུས་འཛིན་པའི་ཚིག་བརླིང་བ་ནི་སྐྱོན་བཤད་ཟིན་ཏོ།། གཞན་དུ་ཞེས་པ་ལྀ་སོགས་པ་ནི་རང་བཞིན་གྱི་སྦྱོར་བ་སྔོན་དུ་གསུངས་པའི་ཆོ་གྲ་མ་ཡིན་པ་གང་གི་ལས་ཀྱི་རྗེསུ་འབྲངས་ནས ་སྒྲུབ་པ་དེ་ནི་གཞན་དུ་སྟེ་བྱིས་པ་རྨོངས་པས་ཟླ་བ་འཛིན་པར་འདོད་པ་དང་འདྲའོ།། གསུམ་གསུམ་ཞེས་བྱ་བ་ལ་སོགས་པ་ནི་སྒྲུབ་པ་པོ་གང་གིས་འཇིག་རྟེན་མགོན་པོའི་སྐུ་གསུམ་གསུམ་དུ་རིག་པ་སྟེ། གསུམ ་ནི་རྣམ་པ་གསུམ་སྟེ། དེ་ལས་དེ་ཉིད་གསུམ་ནི་སྔགས་ཀྱི་དེ་ཉིད་དང་། བདག་གི་དེ་ཉིད་དང་། ལྷའི་དེ་ཉིད་དོ།། གཞན་ཡང་གསུམ་ནི་སྐུ་གསུམ་སྟེ། ཆོས་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའོ།། ་གཞན་ཡང་གསུམ་ནི་ཡི་གེ་རྣམ་པ་གསུམ།། དེ་བཞིན་དུ་གསུམ་གསུམ་དུ་རིག་པར་བྱའོ།། གནས་སྐབས་གསུམ་ནི་ཞི་བ་དང་། གཉིསུ་མེད་པ་དང་། ལམ་རྣམ་པར་སྦྱང་བའི་ཡེ་ཤེས་ཀྱི་སྐབས་སོ།། དེ ་བཞིན་དུ་སྐུ་གསུམ་དང་གནས་སྐབས་གསུམ་ནི་འཇིག་རྟེན་མགོན་པོའི་གོ་འཕང་སྟེ། འཇིག་རྟེན་མགོན་པོའི་རང་བཞིན་དུ་སྒྲུབ་པ་པོ་གང་གིས་ཤེས་པ་དེས་ངེས་པར་འཇིག་རྟེན་མགོན་པོའི་གོ་འཕང་དུ་འགྲོའོ། ་xxx། xxx།། ་