| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀུ་ལ་ལོ་ཀ་ནཱ་ཐ་སཱ་དྷ་ནཱ་མཱ་ལོ། ནཱ་མ་བློ་སྐད་དུ། རིགས་ཀྱི་འཇིག་རྟེན་མགོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྫ ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ།། རི་བོའི་མཆོག་ལ་རབ་ཏུ་རེག། སྔགས་ཀྱི་གཟུགས་ཀྱི་རབ་ཏུ་ཤར།། དྲི་མེད་འོད་ཟེར་སྣང་བར་མཛད།། རང་བདག་དེ་ཉིད་འཕྲོ་བ་ཡི།། མ་ལུས་རིགས་ཚོགས་རྣམ་པ་ཅན།། སྲིད་པ་ཞི ་མཛད་འཇིག་རྟེན་དབང་།། ན་མཁའ་ཡི་ནི་ཉི་མ་སྟེ།། འོད་ཟེར་རབ་དམར་རྒྱལ་གྱུར་ཅིག། གཉིས་མེད་སྣང་བ་སྔགས་ཀྱི་བདག། ཟབ་ཅིང་རྒྱ་ཆེའི་ཚུལ་དང་ལྡན།། རིགས་དང་རིགས་བྱུང་རྣམ་གྲངས་ཀྱིས།། གདུལ་དཀའ་རྣམས་ནི་རྣམ ་པར་འདུལ།། གང་དེའི་རྗེས་མཆོག་བདག་ཉིད་ཀྱིས།། རེག་ནས་ཁྱབ་བདག་རྣམས་ཀྱིས་གསལ།། མ་ལུ་སེམས་ཅན་ཚོགས་རྣམས་ལ།། རྣམ་པར་དག་པས་ཚིམེ་མཛད་པ།། སྔགས་ཆེནི་སྙིང་པོའི་ཚུལ་འཛིན་པའི།། བླ་མ་དེ་ནི་རྒྱལ ་གྱུར་ཅིག། དཔལ་ལྡན་རྗེ་བཙུན་བྷི་ག་རས།། ཡང་དྲག་བདུད་རྩི་ཚེ་རྟོགས་ནས།། ང་མཁྱེན་རྗེས་རྟོགས་ལྔས་བྱེད་པའི།། གསུང་གིས་ཡོངསྨྲ་ལྡེགས་པས་འགྲོ།། དབུལ་ལྡན་འཇིག་རྟེན་རིགས་དབང་སྨྲས།། དེ་ཉིད་བརྒྱད་ཅུ་རྩ་ལྔ་མཆོག། དེ་དོན ་རྣམ་འགྲེལ་རབ་ཏུ་གས་ལོ།། ང་ཉིད་གསུམ་གྱི་རིམ་པ་སྦྱོར།། རང་གི་རྗེས་རྟོགས་སྣང་བ་ཡིས།། སྒྲུབ་ཐབས་སྣང་བ་བདག་གིས་བརྗོད།། དང་པོར་པེདྨའི་རིགས་དོན་ཤེས།། སློབ་མའི་གང་ཟག་རྣམ་པར་བརྟག། འཇུག ་རྟེན་སྤྱོད་པ་རྣམ་སྤངས་ཤིང་།། སེམས་ཉིད་དག་པས་མཉམ་གཞག་པ།། བླ་མ་དམ་པའི་མན་ངག་ཐོབ།། ཏིང་འཛིན་བདེ་བ་ཕུན་སུམ་ཚོགས།། ཤིན་ཏུ་བདེ་བའི་ངོ་བོ་ཉིད་།། བག་ཆགས་དང་ནི་ཆགས་པ་སྤང ་སྔགས་དང་ཕྱག་རྒྱའི་སྦྱོར་བ་ཤེས།། བརྩེ་བའི་བདུད་རྩིས་ཡོངས་སུ་གང་།། དེ་འདིར་འཇིག་རྟེན་དབང་ཕྱུག་གིས།། ཚུལ་ལྡན་པདྨའི་རིགས་ལས་བྱུང་།། འདི་ཡིས་སྤོབས་པ་རབ་། སྒྲུབ་པ་པོ་ཡི་དབེན་པའི་ཕྱོགས། འམས་ཅན ་རིགས་པབང་བདག་ཉིད་ཀྱི།། མཚུངས་མེད་སྔགས་ནི་བརྩམ་པར་བྱ།། སྔོན་དུ་ཐུགས་ཀར་ཆུ་སྐྱེས་དམར།། ཟླ་བའི་དཀྱིལ་འཁོར་དབུས་སུ་ནི།། ཉིད་ཀྱི་ས་བོན་ལས་བྱུང་བའི།། རིགས་ལྔའི་འོད་ཟེར་རབ་འཕྲོ་བར།། བསྒོམ་བྱ་དེ་འོད་སྣང ་ཡིས།། སྐུ་ལ་སོགས་པ་རྗེས་སུ་དྲན།། དེ་ནས་ཐུགས་པད་ལས་བྱུང་བའི།། བ་སྤུའི་ཁུང་ནས་འོད་འཕྲོས་པས།། འོད་ཟེར་ན་མཁའི་ཁམས་སུ་གནས།། མཐའ་ཡས་རྒྱལ་བ་རྣམ་བལྟ་ཞིང་།། བླ་མ་ཡི་དམ་དཀྱིལ་འཁོར ་དེ་མཚོ་བོ་འོད་ཟེར་ལྷ་རྣམས་ནི།། སྤྲོ་བྱ་དེ་ཡིས་ཀུན་ནས་གང་།། གུས་པས་ཐུལ་མོ་སྦྱར་བར་བྱ།། དཀོན་མཆོག་གསུམ་ལ་བདག་སོགས་ཞེས། ཚིགས་བཅད་དམ་པ་ལན་གསུམ་བརྗོད།། དེ་ནས་སེམས་ཅན་ལ་ཕན་བམ ་གཞམ་ངོན་ངེས་དགའི་སྙིང་རྗེ་དང་།། འགྲོ་རྣམས་བདེ་ཕྱིར་དགའ་བ་དང་། འགྲོ་བའི་སྐྱོན་ལ་བཏང་སྙོམས་སྟེན།། རང་ཉིད་ཕྱི་ནས་འདི་ཀུན་ལ། མཁས་པས་བསམ་པར་མི་བྱའོ།། ཕྱི་རོལ་ཏུ་ནི་དེ་མི་འཐོབ།། སོང ་དང་རྨི་ལམ་ཉམས་མྱོང་ལས།། བག་ཆགས་ས་བོན་འབའ་ཞིག་གིས། འདུ་བྱེད་ཁམས་གསུམ་འགྲོ་བར་བྱེད།། སོ་སོར་སྣང་བ་རྣམ་སྤྱད་ན།། སེམས་ལ་དེ་བཞིན་བསལ་བ་མིན། དེ་ཕྱིར་བདེན་མེད་གྱུར་པ་ཡིས།། ་འགྲོ་བ་འདི་རྣམས་རང་བཞིན་མེད།། སྲིད་གསུམ་ཡནས་ཀྱི་སྒྲིབ་ཀུན་ལས།། ངེས་པར་གྲོལ་བར་བསྒོམ་པར་བྱ།། ཉི་མས་མུན་པ་ངེས་བཅོམ་ལྟར།། དྲི་མེད་ནང་དུ་རྣམ་པར་བལྟ།། བྱང་ཆུབ་སེམས་ནི་གསལ་བྱས་ནས། ་བྱང་ཆུབ་སྐུ་ནི་རབ་ཏུ་འཐོབ།། མ་རིག་ལས་སྐྱེས་ང་རྒྱལ་དང་།། དེ་སྐྱེས་ཕུང་པོ་དེ་བདག་ཉིད།། ཡང་དག་སྤང་བར་བྱ་བའི་ཕྱིར།། གང་ལ་སྔགས་ནི་བརྗོད་པར་བྱ།། མཚམས་སྦྱོར་ལུང་བསྟན་ལས་གསུངས་པའི།། རིགས།། ་དྲུག་པ་ཡི་རང་བཞིན་ཉིད།། ཚིག་དྲུག་པ་ཡོཾ་སྔགས་འདི་ཡིས།། དེ་ནི་བྲི་བར་ཤེས་བྱ་སྟེ།། དང་པོ་འདི་ལ་ཨོཾ་ཞེསཽ་གཅིག། སྟོང་པ་ཉིད་ནི་གཉིས་པ་སྟེ།། གསུམ་པ་ཡེ་ཤེས་ཞེས་གསུངས་ཏེ།། བཞི་པཱ་ལ་ནི་རྡོ་རྗེ་ཞེས།། ་ལྔ་པ་རང་བཞིན་ཉིད་དུ་བཤད།། དྲུག་པ་ང་རྒྱལ་ཉིད་དུ་བརྗོད།། དེ་ནས་བགྲ་ཆགས་ས་བོན་ལས།། སངས་རྒྱས་ཉིད་ཀྱི་འབྲས་བུར་སྒྲུབ།། སྔགས་པས་གཉིས་མེད་ཡིད་དེ་ཡིས།། ཁམས་གསུམ་པོ་ནི་རྟོགས་པར་བྱ།། ་སྒྱུ་མའི་སྤྲུལ་པ་དཔག་མེད་རྣམས།། ཕྱི་རོལ་དུ་ནི་དམིགས་པར་བྱ།། པད་ཉིའི་དཀྱིལ་འཁོར་ས་བོན་ལས།། སྐྱེས་ཤིང་ཁྲོ་བོའི་འོད་ཟེར་འགྱིང་།། བགེགས་ལས་བསྒོ་ཞིང་དེ་ནས་ནི། དེ་ཡི་དབུས་ལ་རྡོ་རྗེའི་གུར།། ནམ ་མཁའི་དབྱིངས་སུ་ཤིན་ཏུ་དཀར།། སྔོན་དུ་ས་བོན་ལས་སྐྱེས་པའི།། ཆུ་སྐྱེས་དམར་པོའི་ཟེ་འབྲུ་བཞིན།། བརྩ་བས་ཆགས་ཤིང་འོང་དམར་གསལ།། རིགས་ཀྱི་འཇིག་རྟེན་དབང་ཕྱུག་བདག། ་གི་ས་བོན་འོད་ལྕགས་ཀྱུས།། རང་ཉིད་བསྒོམ་ཞིང་བསམ་པར་བྱ།། བསྡམ་གཏན་རང་བཞིན་ཡང་དག་ལྡན།། སྐད་ཅིག་ཉིད་ཀྱིས་རྫོགས་བྱང་ཆུབ། གཟུགས་ལས་ཞལ་ནི་གཅིག་གྱུར་པ།། རྡོ་རྗེ་གསུམ་གྱི་ཐབས ་ཐོབ་ཕྱིར། དེ་ཉིད་གསུམ་དང་ཡང་དག་ལྡན། འགྲོ་བ་གསུམ་ཟད་སྙིང་ཁ་མིག། སྔགས་གསུམ་ས་བོན་དགོད་པར་བྱ།། གང་ལས་སྤྱན་ནི་གསུམ་གྱུར་པ། འོད་དཔག་མེད་ཀྱིས་དབུ་རྒྱན་པ།། ཞི་བ་ལ་སོགས ་ལས་མཛད་ཅིང་།། རོལ་པ་ལས་ན་ལྷ་ཡི་མཆོག། བདུད་བཞིའི་དགྲ་ནི་འདུལ་མཛད་ལས།། ཕྱག་ནི་བཞི་ཡིས་རྣམ་པར་བརྒྱན།། དྲམ་ཆོས་བདུད་རྩི་སྦྱིན་པའི་ཕྱིར།། ཕྱུག་ན་རིན་ཆེན་རབ་ཏུ་བརྐྱང་།། གདུག་པ ་འགུགས་ཕྱིར་ཕྱག་གཡས་ན།། པདྨ་ལྕགས་ཀྱུ་གྱེན་དུ་འཕྱར།། པདྨའི་ཕྱག་དང་ཞགས་པས་མཚན།། ཕྱག་རྒྱ་གཅིག་སྦྱིན་རྒྱ་ཡིས་གངབ།། གྲིལ་པོ་ནོར་བུའི་དཔལ་གྱིས་འཁྱུད།། མུ་ཏིག་ནོར་བུས་རྣམ་པར ་བརྒྱན།། རྫོགས་པོའི་བྱང་ཆུབ་བསྟན་པ་ཐོབ།། སེམས་དཔའི་སྐྱིལ་ཀྲུང་ལེགས་པར་བཞུགས།། ཕྱག་རྒྱའི་པདྨོ་མཉམ་སྦྱོར་ལས།། འདོད་ལྷ་དང་མཚུངས་གཟི་བརྗིད་དང་།། སྒེག་པའི་ཉམས་ལས་སྐྱེས་པའི་ཕྱིར།། རྣལ ་འབྱོར་མ་རྣམས་ཐུགས་ནི་དགའ།། དངོས་ཀུན་གཅིག་གི་གཟུགས་ཉིད་ཕྱིར། སསྣ་ཚོགས་གཟུགས་ཀྱི་སྐུ་འཛིན་པ།། ཉོན་མོངས་ཆེན་པོའི་དགྲ་འཇོམས་པའི།། དཔའ་བོའི་དབང་ཕྱུག་འཇིགས་ཆེན་པོ། རྣལ་འབྱོར་མ་རྣམས ་ཡེ་ཤེས་ཆུས།། དབང་བསྐུར་དྲི་ཡི་སྟེང་དུ་གང་།། སྙིང་ཁའི་ས་བོན་ལྕོགས་ཀྱུ་ཡིས།། ཡེ་ཤེས་སེམས་དཔའ་དགུགས་པར་བྱ།། དེ་བཞིན་ཡེ་ཤེས་གཅིག་གནས་པའི།། སྔགས་ཀྱི་དེ་ཉིད་རབ་གསལ་བྱ།། ཕུང་པོ་ཁམས ་དང་སྐྱེ་མཆེད་རྣམས།། རང་བཞིན་བྲལ་ཞིང་མཚན་ཉིད་གཅིག། ཟབ་དང་བརླིང་པའི་བཀོད་པ་རྣམས།། བླ་མའི་ཞལ་གྱིས་བརྗོད་པར་བྱ།། དེར་གྱུར་མཆོག་གི་ངག་གཟུགས་རྣམས།། སྲོག་གི་ཤིང་རྟ་སྟེང་དུ་འགྲོ།། ཀུན་རྫོབ ་དོན་གྱི་བྱ་བྱེད་རྣམས།། ཡི་གེའི་རྣམ་པ་ཉིད་ལས་ཐོབ།། ཧ་ཡིག་མཐའ་ལས་ཚིག་དྲག་བཅས།། རི་གཅིག་གཞན་ནེ་ཧ་ཡུ་དང་།། རྫས་གསུམ་ས་བོན་གསུམ་པོ་ནི།། བརྒྱད་དུ་ལྔ་ལས་བསྡུ་བ་གསུངས།། བསྐྱེད་པའི་རིམ ་པ་འདི་ཡིས་ནི།། རང་ལུས་ལྷ་སྐུའི་བདག་ཉིད་དོ།། ལྷ་དང་སྔགས་དང་དབྱེར་མེད་ཅིང་།། སྔགས་ཀྱི་དེ་ཉིད་བསམ་གཏན་བྱ།། དེ་ཡི་མཐའ་ལ་བདེ་བ་བརྡའི།། གནས་ལ་ལྷའི་སྐུ་རུ་བསྒོམ།། བླ་མའི་མན་དག་བཀའ་སྩལ ་གསུང་།། བདག་གིས་དེ་ཉིད་རྗེ་སུ་མྱོང་།། སྔགས་དང་ཕྱག་རྒྱའི་སྐུ་ལ་འཁྱུད།། དང་པོར་མཚན་ཉིད་དེ་བཞིན་སྒྲུབ།། གཉིས་གསུམ་གཞན་དག་དེ་སྤངས་ནས།། བདེ་ཆེན་དེ་ལ་ཀུན་ཁྱད་འཕགས།། དེ་བཞིན་ལྟེ་བའི་པདེ ་མཐར་ཡང་།། སྐུ་གསུང་ཐུགས་རྣམས་གསལ་བ་ཡིས།། གཟུང་དང་འཛིན་པའི་རྟོག་པ་ཡི།། མཚན་མ་རྣམས་ཀྱིས་མ་མཚན་པ།། དེ་ཐོབ་རོ་གཅིག་ཉམས་མྱོང་གནས།། སྙིང་ཁའི་འཁོར་ལོའི ་དབུས་སུ་འགྲོ།། བསྒོམ་བྱའི་མཆོག་གི་ཕ་རོལ་ཕྱིན།། ཟླ་བ་ཁུ་བྱའི་འོད་རབ་གསལ།། དེ་མཐར་ལོངས་སྤྱོད་རྫོགས་པ་ཐོབ།། གསལ་བར་ཐོབ་པ་ཁུ་བའི་བདག། བདེ་ཆེན་གསུས་སུ་འགྲོ་བར་བྱེད།། ན་མཁའི་ཕྱག ་མཆོག་ལ་བརྟེན། ལྷན་ཅིག་སྐྱེས་ཆེན་གནས་ཞི་བོའི།། རང་གི་ངོས་ནི་ཡང་དག་རིག། ཟག་པ་ཀུན་ལས་རྣམ་པར་གྲོལ།། དཔེར་ན་སྤྲིན་མེད་ན་མཁའ་བཞིན།། དེ་ནས་སྨོན་ལམ་གདབ་བྱ་གང་།། གཞན་གྱི་དོན་དུ་རབ ་ཏུ་གྲགས།། དེའི་རང་བཞིན་ཀུན་རྫོབ་ཀྱི་བཟླས་པར་བྱ།། བདག་མེད་ཆེན་པོ་དེ་ཉིད་མཆོག། ཕུང་པོའི་བུད་ཤིང་ཡང་དགེ་སྲེག། ཆགས་སོགས་ས་བོན་སྦྱིན་སྲེག་བྱ།། ཕྱི་རོལ་ཚོགས་ཀྱང་སྦྱོར་བ་ལས། པདྨའི་ཕྱག་རྒྱ་ན་མཁའ ་ཡིས།། ཕྱག་རྒྱ་རྣམ་རྒྱས་འོད་རབ་གསལ།། འཇིག་རྟེན་དབང་ཕྱུག་སྣང་བ་ནི།། ཤེས་བྱ་སྤྱོད་ལམ་གཏོར་མ་བཏང་།། བདག་གི་དེ་ཉིད་ཅེས་བཤད་པ།། བསྐྱེད་པའི་རིམ་པ་སྦྱོར་བ་ལས།། དེ་ཡི་དེ་ཉིད་གོམས ་བསྟན་ནས།། སྣ་ཚོགས་པ་ཡི་རྐྱེན་ནི་མཐོང་།། འདི་ནི་རིགས་ལྔའི་རྣམ་པ་ཡི།། མངོན་གས་བྱང་ཆུབ་བསྒོམ་པར་བྱ།། རིག་པ་ཉིད་དུ་གསུངས་པའི་ཡང་།། ད་ནི་ལྷ་ཡི་ངོ་ཉིད་བརྗོད།། རིན་ཆེན་ཆེན་པོའི ་ཡོན་ཏན་ཁྱིམ། ཡེ་ཤེས་ཡིད་བཞིན་ནོར་བུ་གསལ།། དཔལ་ལྡན་འཇིག་རྟེན་ནོར་བུ་གསལ།། དཔལ་ལྡན་འཇིག་རྟེན་དབང་ཕྱུག་སྐུ།། འོད་ཟེར་ཁ་དོག་རྣམ་ལྔ་བརྟེན།། ཞི་བའི་དོན་གསུངས་བྱང་ཆུབ་ནི། རྣམ་སྣང་དཀར་པོ་འོད ་དང་ལྡན།། བདག་ཉིད་གསུངས་པ་རང་བཞིན་མེད། གཏི་མུག་ཆེན་པོའི་རིགས་ཀྱི་བདག། དབང་དགུག་དག་ལ་དམར་པོ་སྟེ། འོད་དཔག་མེད་དང་མཚུངས་པའི་འོད།། སེམས་ཅན་དྲང་ཕྱིར་སྙིང་རྗེ་ཅན།། འདོད་ཆགས་ཆེན་པོའི་རིགས ་ཀྱི་བདག། སྔོ་སེར་དམར་བཞི་སྡང་སྟེ།། དོན་ཡོད་གྲུབ་པ་དང་མཚུངས་འབར། བདག་གི་དེ་ཉིད་བྱས་ནས་ནི། རྣམ་པར་ཞེ་སྡང་སྐྱེ་བོ་འགུགས།། སེམས་ཅན་དཽ་ན་ཕྱིར་རྒྱ་ཆེན་ཉིད།། ཕྲག་དོག་ཆེན་པོའི་རིགས་ཀྱི་བདག། བདུད་དགྲ་འཇོམས་པ ་ནག་པོ་སྟེ། མི་བསྐྱོད་པ་ནི་ནམ་མཁའ་གནས།། འཁོར་བའི་རྩ་དོན་སྤྲོ་བ་ཡི།། ཞེ་སྡང་ཆེན་པོའི་རིགས་བདག་ཉིད།། མཐོ་རིས་ལ་སོགས་རེངས་བྱེད་སེར།། རིན་ཆེན་འབྱུང་ལྡན་དང་མཚུངསོ།། ཕྱག་རྒྱ་རྣམས་བརྟེན་གཞན་དོན་གྱིས།། ང་རྒྱལ་ཆེན་པོའི ་རིགས་ཀྱི་བདག། དེ་བཞིན་ཁྱོད་ཀྱིས་དགའ་བ་ཆེ།། ཡེ་ཤེས་ལྔ་ཡི་རྣམ་དབྱེའོ།། དེ་ནི་དགའ་བའི་གཞི་ལ་བྲི།། རིགས་དང་ཁ་དོག་ཉམས་དང་ལྡན།། ཕྱག་མདོག་དབུ་རྒྱན་ཕུན་སུམ་ཚོགས།། སྔོན་བཞིན་མཚན་མ་བསྟན་ལ་བརྟེན།། རིགས་ཀྱི ་འཇིག་རྟེན་དབང་ཕྱུག་བདག། གང་གི་ལས་ཀུན་འདི་ཡིས་སོ།། བརྒྱད་དུ་ལྔ་གསལ་ཁྲི་ཤིང་འབྲས།། རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་སྤྱོད།། དེ་ཕྱིར་གཅིག་ཏུ་བསམ་གཏན་དགའ།། རྣལ་འབྱོར་རོལ་པས་ཀུན་ཏུ་ཆགས།། བླ་མར་གུས་པའི ་འཁུར་གྱིས་བཀུར། ང་ཤེས་དེ་བཞིན་རབྱ་གསལྔ་བྱ།། བླ་མ་དང་ནི་སློབ་མ་དག། གཞན་དུ་དམ་ཚིག་ཉམས་པར་འགྱུར།། འདི་ནཱི་མ་ཧེ་མ་ཞེས་པའོ།། སྒོམ་པ་གོམས་པའི ་གསུང་གིས་བྲི། འདིར་བསྡུས་མཛེས་པར་གྱུར་པ་ཡིས།། བླ་མ་ལས་འོངས་ཐོབ་པ་ཡིས།། རྒྱལ་བའི་ཚུལ་གྱིས་རིགས་དེ་ཉིད།། རང་གིས་རྗེས་མྱོང་གཅིག་ཏུ་རིགས།། འཇིག་རྟེན་མཐའ་དག་དེ ་ཡིས་ནི།། རྫོགས་པའི་བྱང་ཆུབ་མཆོག་ཐོབ་ཤོག། དཔལ་ལྡན་རྗེ་བཙུན་རིགས་ཀྱི་འཇིག་རྟེན་མགྲོན་པོའི་སྒྲུབ་ཐབས་ཀྱི་སྣང་བ་རྗེ་བཙུན་མ་ཧི་མས་མཛད་པ་རྫོགས་སོ།། ་རྒྱ་གར་གྱི་མཁན་པོ་དྷརྨཱ་དྷོ་ར་དང་། ཡར་ལུངས་པ་གྲགས་པ་རྒྱལ་མཚན་གྱིས་དཔལ་ལྡན་ས་སྱའི་གཙུག་ལག་ཁང་དུ་བསྒྱུར་བའོ།། ་