CLOSE WINDOW

GT985: dpal kha sarbA Na yab yum gyi sgrub thabs
Wyliee-texts produced with BDRC’s OCR application

རྣལ་འབྱོར་གྱི་དབང་ག་ཆེན་པོ་མོ་ཛོག་དེ་ཉིད་ཀྱི་སྟན་སྦྱར་གནུབས་ལོ་ཙྪ་བ་བྱམས་པའི་དཔལ་གྱིས་བསྒྱུར་བའོ།། རྒྱ་གུར་སྐད་དུ། བྷྲཱུཾ་ཁ་སརྦཱ་ཛཱ་མོ་ཏྟི་སཱདྷཱ་ནི། བོད་སྐད་དུ། དཔལ་ཁ་སིརྦྦ་ཎ་ཡོ་ཡུམ་གྱི་སྒྲུབ་པས ་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚ་ལོ།། གང་ཞིག་སྤྱན་རས་གཟིགས་དབང་ཡུག།། ཐུགས་རྡོའི་དབྱིངས་ལས་སྐུ་བཞེངས་པ། ཡེ་ཤེས་ལྷ་མོ་དམར་མོ་སྐྲག། དཔའ་མོ་ཉིད་ལ་ཕྱག་འཚལོ།། དེ་ལ་སྒྲུབ་པོ་དམ་ཚིག་ཅན། ་གསང་སྔགས་རྒྱལ་པོ་ལ་མོས་པསོ།། དུར་ཁྲོད་དམར་པོའི་དབུས་སུ་ནཾ། ཆོ་ག་རྣམ་གསུམ་བསྒོམ་པར་བྱ།། རེ་ཤི་གོ་སྐྱབས་སུ་འགྲོ་བ་དང་།། སེམས་བསྐྱེད་ཁྱད་པར་ཅན་བསྐྱེད་ནསོ།། དམ་ཚིག་རྣམ་ལྔའི་མཆོད་པ་དང ་ལྡན་པས།། མེ་ཏོག་དམར་པོའི་མཎྜལ་བ་ཤྩམྦ་སྟེ།། བསམ་གཏན་བསྐྱོད་པའི་ཕྱག་རྒྱ་བཅས་ལ།། ཐོག་མར་སྔགས་འདི་བཟླས་པར་བྱའོ།། ཨོཾ་ཨཿབིགྷྣ་ཏ་ཀྲིཏྟ་ཧཱུཾ་ཕཊ།། འབུམ་ཕྲག་གསུམ་གྱིས་བགེགས ་བསྐྱེད་པར་འགྱུརརོ།། དེ་ནས་བདག་མོད་ཆེན་མོ་ཡི།། ངང་ལས་སྐྱེས་གྱུར་ལྷ་མོ་འམ།། ཡང་ནཱ་ལྟེ་དབུས་སྤྲུལ་པའི་ནང་།། ཆོས་འབྱུང་པདྨོ་མི་རོལ་འོ།། བཾ་ལ་ས་མངོན་གྱུར་དམར་མོ་དཔའ།། བཅུ་དྲུག་ན་ཚོད་ཤིན་ཏུ ་སྒེག། ཅུང་ཟད་ཁྲོ་བའི་ཞལ་བཞད་དམ།། གྲི་གུག་ཐོད་འཛིན་ཁཾ་ཊྭཱཾ་བསྣམས།། མགོ་བོའི་ཕྲེང་བའི་དོ་ཤལ་བ་རྒྱན།། གཡོན་བསྐུམ་གཡས་རྒྱང་དབང་ཕྱུག་དང་།། ཨུ་མའི་ནུ་མ་མཉམ་བརྫིས་མཛད།། ཤིན་ཏུ་འོད་གསལ ་འཛགས་པ་ཡི།། མི་རུས་རྡོ་རྗེའི་ཕྲེང་བས་སྤྲས།། དྲིལ་བུ་གཡེར་ཀའི་སྒྲ་སྒྲོགས་པའོ།། སྐྲ་གྲོལ་གཅར་བུ་བདེ་བའི་ཉམས།། རྡོར་ཕྲེང་རྡོ་རྗེ་ཟུར་ཕུད་ལྡན།། གཡུང་དྲུང་འཁྱིལ་པས་སྨིན་མཚམས་བརྒྱན།། སྔགས་གསུམ ་གྱིས་བཀང་བྷ་གའོ།། དེ་སྙིང་པདྨོ་དམར་དབུས་སུ།། ཡེ་ཤེས་རྡོ་རྗེ་ཕྱག་རྒྱས་འཛིན།། བཾ་ཞེས་བྱ་བ་རྣམ་ཤེས་ཁྱིམ།། རྣམ་རྟོག་བསྡུས་དང་མི་རྟོག་གྲོལ།། གོ་རིམ་ཇི་བཞིན་ཇི་གནས་དང་།། ལྷག་མཐོང་རྣལ་འབྱོར་བསྒོམ་པ ་བྱད། དེ་ཚེ་དམིགས་པ་རང་དགའ་དང་།། འཆིང་བ་ཞི་བས་བདེ་ཆེན་རྙེད།། འོད་ཟེར་གཞུ་བའི་སྦྱོར་བ་ཡིས།། སྣང་བ་ཐིམ་དང་སེམས་ཅན་ཐིམ།། ལུས་ཐིམ་སྲོག་ཐིམ་ན་མཁའ་ཡི།། རྣལ་འབྱོར་ཉི་ཟླ་ཐུང་དུ་འཇུག ་