CLOSE WINDOW

GT980: dpal ral gcig ma'i sgrub thabs
Wyliee-texts produced with BDRC’s OCR application

ནས་མཛད་པ་རྫོག་སོ།། ། རྒྱ་གརདྷ་སྐད་དུ། ཤྲཱི་ཨ~ཾ་ཀ་ཛ~ཾ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། དཔལ་རལ་གཅིག་མའི་སྒྲུབ་ཐབས།། ཇོ་མོ་བྱིན་བརླབས་ཅན་ལ་ཕྱག་འཚ་ལོ།། དྲན་པ་ཙམ་གྱིས་སེམས་ཅན་རྣམས།། ་ང་འཕེལ་ཞིང་བར་ཆད་ཞི།། དགྲ་རྣམས་འདུལ་ཞིང་བྱང་ཆུབ་ཉི།། རལ་གཅིག་མ་ལ་ཕྱག་འཚ་ལོ།། སེམས་ཅན་ཉོན་མོངས་བསོད་ནམས་ཆུང་། འཁོར་བར་ཡུན་རིང་གནས་པ་ལ།། མཆོག་དང་ཐུན་མོངས་ཐོབ་བྱའི་ཕྱིར། ་ཇོ་མོའི་སྒྲུབ་ཐབས་བརྩམ་པར་བྱ།། དུར་ཁྲོད་ལ་སོགས་ཉམ་ང་བར།། མི་རོའི་སྟན་ལ་རབ་འདུག་ནས།། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས།། དངོས་སམ་ཡང་ན་ཡིད་ཀྱིས་ཀྱང་།། ཡན་ལག་བདུན་ནམ་རྣམ་བཞི ་བསྒོམ།། སྟོང་པའི་ངང་ལུས་པ་དྨའི་གདམ།། རོ་དང་ཉི་མོ་ཟླ་བ་ལ།། སྐད་ཅིག་དྲན་པ་ཙམ་གྱིས་ཀྱང་།། དཔལ་ལྡན་ཆེན་མོ་སྐུ་མདོག་གནག། ཞལ་གཅིག་མ་ལ་ཕྱག་བཞི་པ།། གྲཡས་གཉིས་རལྟ་གྲི་གུག་དང་།། གཡོན་པ་ཨུཏྤལ ་ཐོད་པ་རྣམས།། རལ་པ་སེར་པོའི་ཐོར་གཙུག་དང་།། འཕྱང་བའི་ཚུལ་ལ་རྣམ་པར་བརྒྱན།། སྤྱན་གསུམ་ཞལ་ནི་མཆེ་བ་གཙིགས།། འཛུམ་པའི་མདངས་དང་ལྡན་པའོ།། སྟག་གི་ཤམ་ཐབས་བྱས་པའི་ཞབས།། གཡས་པ་བསྐུམ་ནས ་གཡོན་པ་བརྐྱང་།། སེམས་དཔའི་སྐྱིལ་ཀྲུང་གར་གྱིས་གར་གྱིས་བཞུགས།། སྦྲུལ་དང་ཐོད་པའོ་རྒྱན་ལ་སོགས།། དུར་ཁྲོད་ཆུས་ཀྱི་བརྒྱན་པར་བསྒོམ།། ཡུལ་གསུམ་སྐུ་གསུང་ཐུགས་ཀྱི་དབང་།། ཕྱི་ནང་གསང་བའི་ཚུལ་དུ་ཡང་།། སྐད ་གཎྜཱིག་ཉིད་ལྔ་དབང་བསྐུར་བྱ།། དེ་ལྟ་བུའི་སྦྱོར་བ་ལ། བག་ཙམ་སྐྱོང་བར་གྱུར་པ་ན།། རིག་པར་འདི་ཡང་བརྗོད་པར་བྱ།། ཧཱུཾ་ཏྲཱུཾ་ཧཱུཾ་ཕཊ། མཚན་དང་ལྡན་པའི་ཐོད་པ་འམ། ཡང་ན་ཅི་ཡང་རུང་བའི་སྨོད།། ཤ་ལྔ་བདུད་རྩི་ལ་སོགས་པའི།། ་བ་ལཾ་བརྒྱན་གྱིས་མཆོད་པོ་བྱ། རྩེ་བོའི་སྔགས་ཀྱི་བསྟོད་པ་འདིས། གདངས་དང་ལྡན་པར་བསྟོད་པར་བྱ།། བྲྀ་ཏ་ནི་ནི་ཌ་ལཾ་ཨ་རོ་པ་ཏི། གྷི་ཏ་བྷཻ་ཏེ་གྷར་ཨང་ཏ་ཧཱ་ས་ན་འོང་། སྲ་ཡ་ཧཱུཾ་ཁཊྚ་གྷཱ་ནི་ལ་བ་ག་ལེ་ཛ་ཏྲི་ཛུ་ཏྲ་ཨུ་གྷཱ་ནི་བྷ་བ ་ར་ག་ཏི་ག་པུ་ཛྙཱ་ད་ཏཱཾ། ནས་ས་ཀ་པ་ལ། ཀི་ཏི་རཛུ་གུ་ཏཾ་ཧཾ་ཨུཏྟ་ཏཱ་ར་ཡེ་སཾ།། ཐལ་ཆེན་ཁྲག་དང་སྦྱར་བ་ཡི།། དཀྱིལ་འཁོར་དག་ཀྱང་རྟག་ཏུ་དབུལ།། ཟབ་མོའི་དོན་ཡང་བསྒོམ་པར་བྱ།། དེ་ལྟེ་བུའི་སྦྱོར་བ་ཡིས།། མྲྀ་ཡི་རོ་འམ ་དུར་ཁྲོད་དྲམ།། གཙུག་ལག་ཁང་ངམ་ཡི་དམ་དུ།། ལུས་ངག་ཡིད་གསུམ་འབད་པ་ཡིས།། ཞག་གཅིག་བདུན་བདུན་དང་རྩ་གཅིག། གསུམ་ལོ་གཅིག་གིས་འགྲུབ་པར་འགྱུར།། ཞོལ་གྱི་དཀྱིལ་འཁོར་བསྟན་ནས་ནི།། གང་ལྟར ་འདོད་པ་དྲི་བ་གྱིས།། དེ་ལྟ་བུ་ཡི་ལུང་བསྟན་ནས།། དངོས་གྲུབ་རྣམ་པ་གཉིས་ཀྱང་ཐོབ། ཐུན་མོང་ཚྭ་རིང་ནང་མེད་ཅིང་།། ཡོ་བྱད་དང་ནི་རིགས་བརྒྱུད་འཕེལ།། ཀུན་གྱིས་ལྟ་བའི་འོསུ་འགྱུར།། མཆོག་ནི་བྱང་ཆུབ་ཐེ་ཚོམ་མེད།། ་དཔལ་ལྡན་ཆེན་མོ་གྲུབ་ནས་ཀྱང་། གདུག་པའི་གནོད་སྦྱིན་རྣམ་པ་གཉིས།། དྲག་པོའི་ཤུགས་ཀྱིས་འཕྲིན་ལས་བྱེད།། གཡས་ནཱི་ཀཱ་ལ་ནག་པོ་ནི།། རལ་པ་ཁམ་ནག་གྱོན་དུ་བརྫེས།། སྦྲུལ་དང་ཐོང་བའི་རྒྱན་དང་བཅས།། དར་ནག་གོས ་ཀྱི་ལའུ་ཅན།། ཞབས་ལ་སག་སྟི་ཡུ་ཐུད་གོན།། སྦྲུལ་ནག་བཅུས་པའི་སྐེ་རགས་བྱས།། གཡས་པ་རལ་གྲི་ཀླང་ལ་བསྐོར།། གཡོན་པ་ཨུཏྤལ་དཀར་པོ་རྣམས།། མཆེ་གཙིགས་ཏོག་ཏོག་སྐན་སྒྲ་ཅན།། གཽ་ཡོནྡ་ན་བྷི་ཀ་ལ་དམར་པོ།། རལ ་པ་གསིགས་པས་ས་གཞི་ཁེངས།། ཁྲོ་གཉེར་དཔྲལ་བར་བཞིན་བསྡུས་པའི།། ལེབ་རྒན་དམར་པོ་སྐུ་ལ་གསོལ།། རྐང་པ་བརྡེབ་ཅིང་གདུག་པ་འདུལ།། གྲི་གུག་གཡས་པ་ཐོད་པ་གཡོན།། ཞལ་ནས་དྲག་པོའི་ངན་སྔགས་སྒྲོགས།། ཨ ་