CLOSE WINDOW

GT978: dpal bcom ldan 'das ral pa gcig ma'i sgrub thabs
Wyliee-texts produced with BDRC’s OCR application

རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་མཱི་ཏྲྀ་དང་། གནུབས་ལོ་ཙཱ་བ་མཻ་ཏྲི་ཤྲཱིས་བསྒྱུར་བའོ།། ། རྒྱ་གརྱ་སྐད་དུ། ཤྲཱི་བྷ་ག་ཝཱ་ནྡེ་ཀ་ཛཱ་ཊཱི་སཱ་དྷཱ་ནཱཾ། བོད་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཙཱི་ག་མའི་སྒྲུབ ་ཐབས། རྗེ་བཙུན་རལ་པ་གཅིག་མ་ལ་ཕྱག་འཚལ་ལོ།། ཤིན་ཏུ་ག་སང་བའི་རྟོག་པ་ལས།། རྣལ་འབྱོར་པ་ལ་ཕན་བྱེད་པ།། བླ་མའི་དྲིན་ཐོབ་དགའ་བའི་མཐས།། རལ་གཅིག་འཕྱང་སྒྲུབ་ཐབས་བྲི།། རབ་ཏུ་བསྔག ་པའི་གནས་སུ་ནི།། བློ་མཆོག་སྒྲུབ་པ་པོ་ཡིད་ཐུལ།། དམ་ཚིག་ཆེ་དང་རབ་ལྡན་པས།། དང་པོ་སྟོང་ཉིད་བསྒོམ་པར་བྱ།། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨ་སྭ་བྷཱ་བ་ཤུདྡྷོ་ཧཾ། དེ་རྡོ་རྗེས་འཁོར་ལོ་བཅིང་བྱས་ལ།། སྣ་ཚོགས ་