CLOSE WINDOW

GT976: dpal bcom ldan 'das ral pa gcig pa'i dkyil 'khor gyi 'khor lo'i sgrub thabs
Wyliee-texts produced with BDRC’s OCR application

རྩ་བར་བསྔོ་བ་ཡན་ཆད་གོང་དང་མཐུན།། དེ་ནས་ཡེ་ཤེས་པ་གཤེགསུ་གསོལ། དམ་ཚིག་པ་རང་ལ་བསྡུ། ཡི་གེ་བརྒྱ་པའི་བཤགས་པ་བྱ། བླ་མའི་མཎྜ་ལ་ཡི་དམ་གྱི་ཆོ་ག་འཕྲོ་ལོ་སྔ་བས་བསྒྱུར་བ་རྫོག་སོ།། རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛཱ ་བྷག་པ་མཎྜལ་ཙྪཀྵ་སྭཱ་དྷཱ་ན་ཁོང་སྐད་དུ། དཔལ་བཅོམ་ལྡན་འདས་རལ་པ་གཅིག་པའི་དཀྱིལ་འཁོར་རྗེ་འཁྱེ་པའི་སྒྲུབ་ཐབས།། བཅོམ་ལྡན་འདས་རསྡུ་བ་གཅིག་པ་ལ་ཕྱག་འཚའོ།། ཆོས་སྒྱུ་རླུང་སེམསྣ་བདེ་བ་རྒྱན་འོང་གས་པ་རྣམ། ་མི་རྟོག། འབར་བའི་སྐུ་མཆོག་སྣ་ཚོགས་ཚུལ་འཆང་མཁའ་འདྲ་བ།། ལོངས་སྤྱོད་རྫོགས་སྤྲུལ་ཆོས་བདག་དབྱེར་མེད་རོ་གཅིག་ཚུལ། རལ་པ་གཅིག་འཕྱང་རྡོ་རྗེའི་དཀྱིལ་འཁོར་གཙོ་ལོ་འདུད།། ལྔ་ཕུང་དང་ནི་དྲི་མ་བཞི། ཆེན་པོ་བཞི་དང་སྤྱོད་ཡུམ ་བརྒྱད།། རྣམ་བཞི་ཚ་བ་རྣམ་དག་ལྷ།། ཡེ་ཤེས་འཁོར་ལོ་འདིར་བཤད་བྱ།། ད་ངོ་བོ་ཁོ་ནར་རྣལ་འབྱོར་པས་བླ་མ་མཆོག་ལ་རིམ་གྲོ་ཡོངས་སུ་རྫོགས་པར་བྱས་ཏེ། དེའི་བཀའ་དྲིན་ཐོབ་པས་དཀྱིལ་འཁོར་ཆེན་པོའི་བདག་པོ་ལྔ་སྒྲུབས་འགྲོ་བ་དང་། ་མ་སྨིན་པ་ལ་སོགས་པ་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་གོ་འཕང་བླ་ན་མེད་པར་སེམས་བསྐྱེད་ལ།། སྐུ་གདུང་ཐུགས་ཡེ་ཤེས་རོལྔ་པའི་ནང་དུ་ཆུད་པས་དབོང་བསྐུར་བ་ཡང་དགེ་བར་བཟུང་ནས། རྡོ་རྗེའི་དཀྱིལ་འཁོར་ཆེན་པོའི་དེ་ཁོ་ན་ཉིད་ངེས ་པཔར་འབྱུང་བ་འདི་བསྒོམ་པར་བྱའོ།། ཡིད་དང་རྗེས་སུ་མཐུན་ལམ་བསམ།། དུར་ཁྲོད་དང་ནི་ཤིང་དྲུང་སོགས།། ཡང་ན་བདག་པོའི་ཚུལ་འདྲ་འམ། དངོས་གྲུབ་གནས་ནི་རྒྱུད་ལས་བསྔགས། དེར་བར་ཆད་བསལ་བའི་ཕྱིར་གཏོར་མ་སྦྱིན་པ་སྔོན ་དུ་འགྲོ་བས་བཀའ་བསྒོ་ཞིང་ལྷ་ལ་སོགས་པ་ཡང་དག་པར་མཆོད་སྒྲུབ་པའི་དོན་དུ་གསོལ་བ་གདབ་པར་བྱའོ།། གཞན་ཡང་ཇི་སྙེད་མཆོད་བའི་ཡོ་བྱད་དང་། ཆེ་གའི་ཁྱད་པར་ཐམས་ཅད་ལ་དགོས་པར་རྗེས་རྣམས་ཐམས་ཅད་བས་གས་པ་དང་། ་གནས་ཉེ་བར་བཀོད་པས་དགྱེས་པ་བསྐྱེད་པའི་རྒྱུར་གྱུར་པ་དང་། ཅི་ནས་ཀྱང་བཅོམ་ལྡན་འདས་ཀྱི་མཚན་མ་མ་མཐོང་བར་ཕྱིར་མི་ནུར་འབད་པ་དང་། རྩོན་པ་དྲག་པོས་སྤོ་བར་བྱའོ།། དེ་ནས་སྒྲུབ་པ་དམ་ཚིག་ཅན།། རབ་ཏུ་བདེ་བའི་སྟན་ལ ་བདུག། ཤེལ་ལྟར་དྲངས་པའི་ཡིད་ཀྱིས་སུ།། ཚོགས་རྟེན་དཀྱིལ་འཁོར་དགུག་པར་བྱ། སེ་གོལ་གཏོགས་ནས་ལག་པོ་གཉིས་རྡོ་རྗེའི་ཁུ་ཚུར་བཅིངས་ཏེ། གར་བསྐོར་ནས་མཛུབ་མོ་གཉིས་ལྕགས་ཀྱུ་ལྟར་བྱས་པས་སྨན་དྲང་བ ་ད་མཛུབ་མོ་གཉིས་དང་མཐེའུ་ཆུང་གཉིས་མདུད་དེ་འཁོར་ལོ་ལྟར་བཞག་ལ་གཞུག་པར་བྱའོ།། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་ཤཱི་ཨེ་ཀ་ཛཱ་ཊི་མཎྜལ་ཙཀྲ་མ་ཧཱ་ཀ་རུ་ཎི་ཀ་ཧོ་ས་མ་ཡ་ཛཿས་མ་ཡ་སྟ། ས་མ་ཡ་ཧཱུ~ཾ། ས་མ་ཡ~ཾ་ཧོཿཞེས་བྱ ་བའི་སྔགས་ཀྱིས་སོ།། བདག་གིས་དད་དང་མགོན་པོ་ཡིས།། ཐུགས་རྗེ་དང་ནི་དམ་ཚིག་གིས།། ནམ་མཁའ་ལ་ནི་ཉི་མ་ལྟར།། དཀྱིལ་འཁོར་རྒྱལ་པོ་བྱོན་པར་འགྱུར།། ཇི་སྐད་འཆད་པར་འགྱུར་བའི་མཚན་ཉིད་ཅན་གྱིས་རྟེན་བལྟ་བས ་མི་ངོམས་པའི་རྣམ་པར་བཀོད་པ་རྒྱ་ཆེན་པོ་མདུན་གྱི་ན་མཁའི་ངོས་ལ་བྱོན་པར་བལྟས་ལ་བདག་ཉིད་ཀྱི་སྙིང་ཁུར་ཉི་མ་ལ་གནས་པའི་ཧཱུཾ་མཐིང་ནག་ལས་འཕྲོས་པའི་ཕྱི་དང་ནང་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱིས་མཆོད་པ་ཐམས ་ཅད་ཀྱིས་རབ་ཏུ་མཆོད་ནས་གུས་པ་དྲག་པོས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། ཐོག་མེད་དུས་ནས་དི་རིང་བར།། མི་དགེ་གང་བགྱིས་སོ་སོར་བཤེགས།། འཇོག་རྟེན་འཇིག་རྟེན་འདས་པ་ཡི།། དགེ་བ་ལ་ནི་རྗེས་ཡི་རང་།། ངལ་པ ་གཅིག་མཆོག་ལྷ་དང་སྔགས།། དེ་ཡིས་སྲས་ལ་བདག་སྐྱབས་མཆི།། བདེ་ཆེན་འོད་གསལ་རྣམ་མི་རྟོག། བྱང་ཆུབ་མཆོག་སེམས་སྙིང་རྗེ་གཟུང་།། ཇི་སྲིད་དུས་གསུམ་ཚོགས་བསགས་པ།། དེ་དག་འགྲོ་བའི་དོན་ཕྱིར ་བསྔོར་བདག་སོགས་མགོན་མེད་མགོན་གྱུར་པས།། དངོས་གྲུབ་བགྱི་ཕྱིར་བརྟན་པ་དགོངས།། ཞེས་བརྗོད་པར་བྱའོ།། དེའི་འོག་ཏུ་ཚངས་པའི་གནས་པ་བཞིའི་ལྷག་བྲེའི་བསམ་པ་བརྟན་པོས་བློ་གྲོས་ཡོངས་སུ་སྦྱངས་ལ། ཆོས ་ཐམས་ཅད་རང་བཞིན་གྱིས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་དུ་ཡིད་ལ་བྱའོ།། ཨོཾ་སྭ་བྷཱ་བ་ཤུད་དྷཿསརྦྦ་དྷརྨཱསྭ་བྷཱ་བ་ཤུད་དྷོ་ཧ། དངོས་ཀུན་མ་ལུས་བསྡུས་པའི་སྔགས།། རྟེན་ཅིང་འབྲེལ་བར་འབྱུང་བ་ཆེ།། དེ་ཡི་རང་བཞིན་རང ་བཞིན་མེད།། ན་མཁའ་ལྟ་བུར་མཁས་པས་བསྒོམ།། ཨོཾ་ཨ་སརྦ་དྷརྨྨ་པྲ་ཏཱི་ཏ་ས་མུཏྟ་པ་ཧཱུཾ། ཨོཾ་ཤཱུ་ནཱ་ཏཱ་ཛྙཱཾ་ན་བཛྲ་སྭ་བྷཱ་བ་ཨཊྚ་ཀྲྀ་ཧཾ། ཞེས་བྱ་བ་བརྗོད་དོ།། སྟོང་པ་ཉིད་ཆེན་པོའི་ངང་ལས་རཾ་ལས་བྱུང་བའི་ཉི་མའི ་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ཡིག་ལས་དག་པའི་སྐྱེས་པའི་སྣ་ཚོགས་རྡོ་རྗེ་འབར་བ་ཆེན་པོས་བསམས་ལ། དེ་ལས་འཕྲོས་པའི་འོད་ཟེར་གྱི་ལྕེ་རབ་ཏུ་རྣོན་པོ་འཁྲིགས་པས་རྡོ་རྗེའི་ས་གཞི་དང་། ར་བ་དང་། དྲ་བ་དང་། གུར་དུ་གྲུབ ་བར་བལྟའོ།། དེ་དབུས་ཨཾ་དབྱིབས་ན་མཁའ་དྲི་མ་མེད་ལི། ཨིནྡྲ་བྱི་རུ་དུང་དང་གསེར་མདོག་ཅན། ཡཾ་རཾ་བཾ་ལཾ་གཞུ་དང་མེ་ཐབས་དང་།། ཟླ་རྒྱས་རི་དབྱིབས་དེ་སྣང་རྣམ་པར་ཤེས།། དེ་དག་ཉིད་གནས་ཡོངས་སུ་གྱུར་པ་ནི་དཀྱིལ ་འཁོར་གྱི་འཁོར་ལོ་གྲུ་བཞི་པ་དང་ཀ་བ་བརྒྱད་ཀྱིས་ཉེ་བར་མཛེས་པའོ།། དྲ་བ་དང་དྲ་བ་ཕྱེད་པ་དང་ཏཱ་ར་ན་ལ་སོགས་པས་མཛེས་པར་བྱའོ།། ཨོཾ་བཛྲ་ཤུད་དྷཱཿསརྦ་དྷརྨཱ་བཛྲ་ཤུད་དྡྷོ་ཧཾ། དེའི་དབུས་སུ་བསྒོམ་པར་བྱ་བ་ནི་ཅུང་ཟད་གྱེན ་དུ་འཕངས་པའི་པདྨའི་སྡོང་པོ་ཁ་ཕྱེ་བའི་སྟེང་དུ་གནས་པ་དབང་ཕྱུག་ཆེན་པོ་དང་། ཨུ་མ་དེ་བ་བལྟས་ལ། དེའི་སྟེང་དུ་ཀཱ་ལི་ལས་གྲུབ་པོའི་ཉི་མ་དང་། ཨཱ་ཡཾ་ལས་གྲུབ་པའི་ཟླ་བ་ཁ་སྦྱོར་གྱི་ནང་དུ་ཧཱུཾ་དང་བཾ་གི་ས་བོན་རབ་ཏུ་འཕྲོ་བར ་བསམས་ཏེ། དེ་གྱུར་པ་ལས་རྡོ་རྗེ་གྲི་གུག་དང་ཐོད་པ་སྙིང་པོ་གཉིས་ཉིད་ཀྱིས་མཚན་པར་བལྟ་ཞིང་། ཡང་འོད་ཟེར་ཅན་གྱི་མཛད་པ་ཡོངས་སུ་བསྒྲུབ་པས། བདག་ཉིད་བཅོམ་ལྡན་འདས་མི་བསྐྱོད་པར་རལ་པ་གཅིག་པ་སྐུ་མདོག ་མཐིང་ནག་གཡས་དང་གཡོན་གྱི་ཞབས་བསྐུམ་པ་དང་བརྐྱང་བས་འཇིགས་བྱེད་དང་། དུས་མཚན་མནན་ཅིང་བཎྜིས་པ། ཞལ་གསུམ་དང་ཕྱག་དྲུ་ག་པ། རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཤིན་ཏུ་དབང་དུ་གྱུར་པའི་དབུ་སྐྲ་དམར ་སེར་རལ་པའི་ཐོར་ཅོག་གཅིག་ཏུ་འཕྱང་བ། རྡོ་རྗེ་རལ་པ་གཅིག་མ་དབུ་ཅིག་མཆོག་ཏུ་དགོའ་བས་འཁྱུད་པ། རྡོ་རྗེ་དང་རིན་པོ་ཆེ་དང་། རུས་པ་དང་སྦྲུལ་གྱིས་བརྒྱན་ཅིང་། ཕྱག་རྒྱ་དྲུག་གིས་ཉེ་བར་སྤྲས་པཱ། མི་མགོ་མང་པོའི་ཕྲེང་བའི་དོ ་ཤལ་བརྒྱུད་པ་དང་། ཌ་མ་རུ་དང་།། གཡེར་ཁ་དང་། སིལ་ཁྲོལ་གྱི་རྒྱན་སྦྱངས་པ། ཀེང་རུས་ཀྱི་ཐོད་པ་དང་། ལག་པ་རློན་པ་དང་། ཨུ་དུམ་བ་རའི་མེ་ཏོག་གི་ཕྲེང་བས་དབུ་སྤྲས་པ། གླང་པོ་ཆེའི་ལྤགས་པ་དང་། སྟག་གི་ལྤགས ་པས་གཡོགས་ཤིང་སྨད་དཀྲིས་པ། ཅུང་ཟད་ཁྲོས་པའི་ཆ་བྱད་ཅན། འཇིགས་པར་བྱེད་པའི་གད་མོ་རྒོད་ཅིང་ཞལ་མཆེ་བ་ཅུང་ཟད་གཙིགས་པའི་བར་ནས་མེ་སྟག་རྣམ་པར་འཕྲོ་བ། ཉིད་ཀྱི་སྐུ་ལས་སྐྱེས་པའི་ཡེ་ཤེས ་ཀྱི་དཔུང་ཆེན་པོ་རྣམ་པཱར་འཁྱིལ་བའི་དབུས་ན་གོར་གྱི་རོལ་པས་ཉེ་བར་མཛེས་པའི་བདག་ཉིད་དོ།། གཡས་དཀར་གཡོན་དམར་དབུས་མཐིང་ཞལ་སྤྱན་གསུམ། ཕྱག་དྲུག་གྲི་གུག་ཐོད་པ་རལ་གྲི་དང་། ཨུཏྤ་ལ་འཁོར་ལོ་ཚངས་པའི ་མགོ་བོ་འཛིན།། ཇི་བཞིན་ཞལ་ཕྱག་ཡུམ་ནི་དམར་བའོ།། དེ་ནས་སྙོམས་པར་འཇུག་པའི་སྦྱོར་བ་ལུས་ལྷའི་འཁོར་ལོ་དྲུ་བྱུང་བར་བྱ་སྟེ། ཤར་ལ་སོགས་པའི་ཕྱོགས་ཀྱི་འདབ་མཱ་བཞི་ལ་ལྷུང་བའི་ས་བོན་ནི། ཨ་ཨཱི་ཨུ་ཨེ་ཞེས་བྱ་བ་སྟེ། ་ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་དཀར་པོ་དང་སེར་པོ་དང་དམར་པོ་དང་ལྗང་ཁུའི་ཁ་དོག་ཅན་གྱི་འོད་ཀྱི་སྦྱོར་བར་འཁོར་ལོ་དང་རིན་པོ་ཆེ་དང་པདྨ་དང་རྡོ་རྗེ་རྒྱུ་གྲམ་སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ།། དེ་དག་ཡོངས་སུ ་གྱུར་པ་ནི། རྡོ་རྗེ་འཁོར་ལྷོ་དང་རྡོ་རྗེ་རིན་ཆེན་དང་རྡོ་རྗེ་པདྨོ་དང་། རྡོ་རྗེ་སྣ་ཚོགས་རྣམས་སུ་གྲུབ་པར་བལྟའོ།། དེ་དག་གི་ས་བོན་ནི་རང་གི་ཉེ་བའི་རྒྱུའོ།། སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ།། བྱང་ཤུར་ལ་སོགས་པ་མཚམས་ཀྱི་འདབ་མ ་བཞི་ལ་ནི་ས་བོན་གྱི་འོད་ཟེར་ལས་མངོན་པར་གྲུབ་པའི་དྲི་ཆེན་དང་དྲི་ཆུ་དང་། རཀྟ་དང་། བྱང་ཆུབ་ཀྱི་སེམས་ཡོངས་སུ་དག་པའི་བདག་ཉིད་ཀྱི་བུམ་པ་ཀཱ་པཱ་ལས་མཚན་པ་དག་བལྟའོ།། དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བརྒྱད་ལ ་ཤར་ནས་བརྩམས་པའི་རིམ་གྱིས་ཕྱོགས་བཞིར་ལྷུང་བའི་ས་བོན་ནཱི། ཨཱ་ཨཱི་ཨཱུ་ཨཾ་ཞེས་བྱ་བ་སྟེ། སྔ་མ་བཞིན་དུ་དཀར་པོ་དང་སེར་པོ་དང་། དམར་པོ་དང་། ལྗང་ཁུའི་ཁ་དོག་ཅན་ནོ།། ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་འོད་ཀྱི་སྦྱོར་བས ་སྒྲོན་མ་དང་། རྡོ་རྗེ་དང་། ཞགས་པ་དང་། རལ་གྲི་དང་། སྙིང་པོ་དེ་ཉིད་ཀྱིས་མཚན་པར་གང་གྱུར་པའོ།། དེ་དག་ཡོངས་སུ་གྱུར་པ་ནི་གཏི་མུག་རྡོ་རྗེ་དང་། བག་ཆགས་རྡོ་རྗེ་དང་། འདོད་ཆགས་རྡོ་རྗེ་དང་། ཞེ་སྡང་རྡོ་རྗེ་རྣམས་སུ་གྲུབ་པར ་བལྟའོ།། དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ།། སྐུ་མདོག་ནི་ས་བོན་གྱི་ཁ་དོག་གློ། བྱང་ཤར་ལ་སོགས་པའི་མཚམས་ཀྱི་རྩིབས་བཞིར་ལྷུང་བའི་ས་བོན་ནི། ཨོཾ་ཨོཾ་ཨཾ་ཨཿཞེས་བྱ་བ་སྟེ། ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང ་སེར་པོ་དང་དཀར་པོ་དང་། དམར་པོ་དང་། ལྗང་ཁུའི་ཁ་དོག་ཅན་ནོ།། འོད་ཀྱི་སྦྱོར་བས་རི་རབ་དང་ཟླ་བ་དང་། ཉི་མ་དང་བ་དུན་དང་། སྙིང་པོ་དེ་ཉི་ད་ཀྱིས་མཚན་པར་གང་གྱུར་པའོ།། དེ་དག་ཡོངས་སུ་གྱུར་པས་ནི་བརྟན་པའི་རྡོ་རྗེ་མ ་དང་སྦྱོར་བའི་རྡོ་རྗེ་མ་དང་། འབར་བའི་རྡོ་རྗེ་མ་དང་། སྟོབས་ཀྱི་རྡོ་རྗེ་མ་ཞེས་བྱ་བའི་ལྷ་མོར་མངོན་པར་གྲུབ་པར་བལྟའོ།། དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ།། སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། དཔལ་ལྡན་ལྷ་ཚོགས་འདི་དག ་ཐམས་ཅད་ཀྱང་།། ཉི་ཟླ་དབུགས་བྲལ་གདན་ལ་བརྗིད་པ་དང་།། གཡོན་ཕྱག་བདེ་ཆེན་རོས་གང་ཐོད་པ་འཛིན།། རིན་ཆེན་རུས་པ་སྦྲུལ་རྒྱན་མཚུངས་པ་ཡིན། དེ་བཞིན་དུ་ཁྱམས་ཤར་ལ་སོགས་པ་ཕྱོགས་བཞིར་ལྷུང་བའི་ས་བོན་ནི། ཀ ་ཙ་ཊ་ཏ་ཞེས་པ་སྟེ། དཀར་པོ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོའི་ཁ་དོག་ཅན་ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་འོད་ཀྱི་སྦྱོར་བས་མེ་ལོང་དང་། པི་ཝ་ང་དང་དྲི་མཆོག་དང་། ཞལ་ཟས་སྙིང་པོ་དེ་ཉིད་ཀྱིས་མཚན ་པཔར་གང་གྱུར་པའོ།། དེ་དག་ཡོངས་སུ་གྱུར་པ་ནི་གཟུགས་རྡོ་རྗེ་མ་དང་། སྒྲ་རྡོ་རྗེ་མ་དང་། དྲི་རྡོ་རྗེ་མ་དང་། རོ་རྡོ་རྗེ་མིའི་ལྷ་མོ་རྣམས་མངོན་པར་གྲུབ་པར་བལྟའོ།། དེ་དག་གི་ཕྱག་མཚན་ནི་རང་གི་ཉེ་བའི་རྒྱུའོ།། སྐུ་མཆོག་ནི་ས་བོན་གྱི་ཁ ་དོག་གོ། བྱང་ཤར་ལ་སོགས་པའི་ཁྱམས་ཀྱི་གྲར་ལྷུང་བའི་ས་བོན་ནི། པ་ཡེ་ཤ་ཀྵ་ཞེས་པ་སྟེ། ལྗང་ཁུ་དང་། དཀར་པོ་དང་། སྔོན་པོ་དང་། དམར་པོའི་ཁ་དོག་ཅན། ཉི་མ་དང་ཟླ་བའི་སྦུབས་སུ་ཆུད་ཅིང་། འོད་ཀྱི་སྦྱོར་བ་ནི་བཟའ་དང་། ཆོས་འབྱུང ་དུདང་མཎྜལ་དང་། མར་མེས་མཚན་པར་གང་གྱུར་པའོ།། དེ་དག་ཡོངས་སུ་གྱུར་པ་ནཱི། རེག་བྱ་རྡོ་རྗེ་མ་དང་། ཆོས་རྡོ་རྗེ་མ་དང་། ཞི་རྡོ་རྗེ་མ་དང་། སྣང་བ་རྡོ་རྗེ་མའི་ལྷ་མོ་རྣམས་མངོན་པར་གྲུབ་པར་བལྟའོ།། དེ་དག་གི་ཕྱག་མཚན་ནི་རང་གི ་ཉེ་བའི་རྒྱུའོ།། སྐུ་མདོག་ནི་ས་བོན་གྱི་ཁ་དོག་གོ། དེ་ནས་ཤར་ལ་སོགས་པའི་སྒོ་བཞིར་ཡང་དེ་བཞིན་དུ་བལྟ་བར་བྱ་སྟེ། རི་དཀར་པོ་ལྔས་བྱུང་བའི་ལྕགས་ཀྱུ་ཡོངས་སུ་གྱུར་པས་ནི་རྡོ་རྗེ་ལྕགས་ཀྱུའོ།། རཱ་སར་པོ་ལས་བྱུང་བའི་ཞགས ་བ་ཡོངས་སུ་གྱུར་པས་ན་རྡོ་རྗེ་ཞགས་པའོ།། ལི་དམར་པོ་ལས་བྱུང་བའི་ལྕགས་སྒྲོགས་ཡོངས་སུ་གྱུར་པས་ནི་རྡོ་རྗེ་ལྕགས་སྒྲོག་གོ།། ལཱི་ལྗང་ཁུ་ལས་བྱུང་བའི་དྲིལ་བུ་ཡོངས་སུ་གྱུར་པས་ནི་རྡོ་རྗེ་དྲིལ་བུའོ།། ཁྱམས་གནས་ལྷ་བརྒྱད་པདྨ ་ཟླའི་གདན།། རིན་ཆེན་རུས་བརྒྱན་སྐྱིལ་ཀྲུང་ཕྱག་མཚན་གཅིག། སྒོ་བཞིར་གནས་ནི་ཉི་ཟླ་དབུགས་བྲལ་གདན།། སྦྲུལ་རྒྱན་སྟང་སྟབས་གཡོན་ཕྱུག་ཀ་པཱུ་ལའོ།། དེ་ལྟར་འཁོར་ལོ་ཡོངས་སུ་རྫོགས་པའི་ཁོར་ཡུག་ཆེན་པོ་ལ་ནི་གྲུབ་པའི་དུར་ཁྲོད་བརྒྱད་ཀྱིས ་ཡོངས་སུ་བསྐོར་བ་སྟེ། ཇི་སྐད་དུ། གཏུ་མོ་དྲག་ཚང་ཚིང་དཀྲིགས་པ་དང་། འུར་འུར་འབར་བ་ཁྱབ་པ་དང་།། ཀཽང་རུས་འཇིགས་རུང་ཤར་སོགས་ཀྱི།། ཕྱོགས་སུ་གཡོན་བསྐོར་གྱིས་ལེགས་གནས།། ཧ་ཧ་རྒོད་པ་དབང་ལྡན་དུ།། བྱིན་ཟར་དཔལ་གྱི ་ནགས་ཚིལ་ལོ།། མུན་པ་མེ་བཟད་བདེན་བྲལ་དུ།། རླུང་དུ་ཀཱི་ལི་ཀཱི་ལུར་སྒྲོགས། ཞེས་བྱུང་བ་བཞིན་ནོ།། དེ་དག་རེ་རེར་ཡང་ཤིང་དང་ཕྱོགས་སྐྱོང་དང་ཀླུ་དང་། སྤྲིན་དང་ཞིང་སྐྱོང་དང་། དགྲ་བཅོམ་པ་དང་། གྲུབ་པ་དང་མཁའ་འགྲོ་དང་། མཆོད་རྟེན་དང་། ་མེ་དང་ཆུ་ཆེན་པོ་ལ་སོགས་པ་བརྒྱད་བརྒྱད་ཡོད་པར་བལྟའོ།། དེའི་འོག་བཅོམ་ལྡན་འདས་བདག་དེ་ཆེན་པོ་དེའི་འོག་ཏུ་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་བདོག་ཉིད་དེ་ཉིད་ཤིན་ཏུ་མི་འཕྲོས་པའི་བདེ་བ་བསམ་གྱིས་མི་ཁྱབ་པའི་རོས ་རབ་ཏུ་འཇུངས་པས་ཧ་ཅང་དགའ་བས་མི་བཟང་པའི་ངོ་བོར་མོས་ཤིང་། རིམ་གྱིས་སྟོང་པ་ཉིད་དུ་ཐིམ་པར་གྱུར་ཏེ། བཅོམ་ལྡན་མ་དང་ལྷན་གཅིག་ཏུ་ཞུ་ནས་རབ་ཏུ་དང་བའི་གཟུགས་ཅན་གྱི་ན་དེ་དཀར་བ་དང་། དམར་བའི་རྣམ་པར་གནས་པར ་བསམ་མོ།། དེའི་ཚེ་ཕྱོགས་ཀྱི་འདབ་མ་བཞིར་རྒྱལ་བ་བཞིའི་ཐུགས་ཀ་ལས་ཚད་མེད་བཞིའི་ལྷ་མོ་སྤྲུལ་པས་སེམས་ཅན་གྱི་དོན་དུ་སླར་ལྡང་བར་གསོལ་བ་གདབ་པར་བྱའོ།། འཇིག་རྟེན་མགོན་པོ་བཅོམ་ལྡན་བཞེངས། འགྲོ་བ་ཉོན་མོངས་པ ་ཡོངས་སུ་སྐྱོབས།། སྟོང་པའི་ཏིང་འཛིན་སྤངས་ནས་སུ།། བྱམས་ཆེན་སྐུ་མཆོག་བལྟམས་པར་མཛོད།། ཐུགས་རྗེ་ཆེན་པོ་བཅོམ་ལྡན་བཞེངས།། སེམས་ཅན་སྡུག་བསྔལ་རབ་ཏུ་སྒྲོལ།། ཞི་བའི་མཐའ་ལུས་མི ་གནས་བཱར།། བརྗེ་ཆེན་རྣམ་པར་འཕྲུལ་བར་མཛད།། བདེ་ཆེན་རྒྱལ་པོ་བཅོམ་ལྡན་བཞེངས།། ལུས་ཅན་བདེ་དོན་ཡང་དག་གཟིགས།། ཟག་མེད་དབྱིངས་ཐུགས་མ་གཞོམ་པར།། དགྱེས་ཆེན་ཀུན་ཏུ་སྣང་བར་མཛོད།། གཙོ་ཆེན་རྡོ་རྗེ་བཅོམ ་ལྡན་བཞེངས།། སྐྱེ་བོ་དུབ་པ་མངོན་དགོངས་ལ།། མཐའ་གཅིག་རྒྱུན་ཆད་མི་བཞུགས་པར།། མ་ལུས་འཚལ་བ་སྒྲུབ་ཏུ་གསོལ།། ཞེས་བྱ་བའི་ཀླུས་གཉིད་སད་པ་དང་འདྲ་བར་བྱས་ཏེ།། སླར་ཡང་ས་བོན་གྱི་ཡི་གེ་གཉིས་དང་མཚན་མ ་གཉིས་ལས་བཅོམ་ལྡན་འདས་ཡབ་དང་ཡུམ་མངོན་པར་གྲུབ་པའི་རིམ་པ་སྔར་ཇི་སྐད་སྨོས་པ་བཞིན་དུ་སྤྲུལ་པར་བྱའོ།། གསང་སྔགས་ལས་གྲུབ་འཁོར་ལོ་རྒྱུར་རྒྱལ་བཞིན། ཁྲག་མཐུང་རལ་པ་གཅིག་འཕྱང་ཐུགས་རྗེ་ཡིས།། ་དབྱིངས་ལས་སྐུ་བལྟམས་མཁའ་ལས་ཉི་མ་ལྟར།། མ་ལུས་དོན་གྲུབ་འབར་བ་དེ་རྗེས་བསམ།། དེ་ནས་གཞལ་ཡས་ཁང་དང་ལྷ་རྣམས་ཀྱི་རྣམ་པར་དག་པ་ཁོང་དུ་ཆུད་པར་བྱ་སྟེ།། འདི་སྐད་དུ་མི་མཉམ་མེད་པས་ཟུར་བཞི་ཡིན།། དྲན ་དང་དབང་པོའི་སྒོ་བཞི་ཡིན།། བསམ་གཏན་བཞི་ནི་རྟ་བབས་བཞི།། རྣམ་ཐར་བརྒྱད་ཕྱིར་ཀ་བ་བརྒྱད།། བྱང་ཆུབ་ཡན་ལག་བདུན་དག་ཕྱིར།། དྲ་བ་དང་ནི་དྲ་བ་ཕྱེད།། ཕྱོགས་བཞི་ཚད་མེད་བཞི་ཡིན་ཏེ།། པདྨ་འཁོར་ལོ་ཤེས་རབ་ཐབས།། ་རྣམ་པར་ཤེས་བརྒྱད་ཡོངས་དག་པ།། དེ་ནི་དུར་ཁྲོད་ཆེན་པོ་བརྒྱད།། ཅེས་བྱ་བ་ལྟ་བུ་དཀྱིལ་འཁོར་ཡོངས་སུ་དག་པ་གང་ཡིན་པའོ།། དཀྱིལ་འཁོར་པ་ཡོངས་སུ་དག་པ་ཡང་།། རེ་ཤིག་ཟླ་བ་ནི་མེ་ལོང་ལྟ་བུར་རང་བཞིན་ནོ།། ཉི་མ་ནི་མཉམ ་པ་ཉིད་ཀྱི་རང་བཞིན་ནོ།། ས་བོན་དང་མཚན་མ་ནི་སོ་སོར་ཀུན་ཏུ་རྟོག་པའི་རང་བཞིན་ནོ།། ཡོངས་སུ་གྱུར་པ་ནི་བྱ་བ་གྲུབ་པའི་རང་བཞིན་ནོ།། གཟུགས་བརྙན་ཉེ་བར་རྫོགས་པ་ནི།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་རང་བཞིན་ནོ།། རྣམ་པར ་ཤེས་པའི་ཕུང་པོ་རྣམ་པར་དག་པ་ནི་དཔལ་རྡོ་རྗེ་རལ་པ་གཅིག་པའོ།། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་འཁོར་ལོའོ།། ཚོར་བའི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་རིན་ཆེན་ནོ།། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་པདྨའོ།། འདུ ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་ནི་རྡོ་རྗེ་སྣ་ཚོགས་སོ།། གཏི་མུག་རྣམ་པར་དག་པ་ནི་གཏི་མུག་རྡོ་རྗེའོ།། བག་ལ་ཉལ་རྣམ་པར་དག་པ་ནི་བག་ཆགས་རྡོ་རྗེ་མའོ།། འདོད་ཆགས་རྣམ་པར་དག་པ་ནི་འདོད་ཆགས་རྡོ་རྗེའོ།། ཞེ་སྡང་རྣམ་པར་དག ་པ་ནི་ཞེ་སྡང་རྡོ་རྗེའོ།། སའི་ཁམས་རྣམ་པར་དག་པ་ནི་བརྟན་པའི་རྡོ་རྗེ་མའོ།། ཆུའི་ཁམས་རྣམ་པར་དག་པ་ནི་སྦྱོར་བའི་རྡོ་རྗེ་མའོ།། མེའི་ཁམས་རྣམ་པར་དག་པ་ནི་འབར་བའི་རྡོ་རྗེ་མའོ།། རླུང་གི་ཁམས་རྣམ་པར་དག་པ་ནི་སྟོབས་ཀྱི་རྡོ ་རྗེ་མའོ།། གཟུགས་རྣམ་པར་དག་པ་ནི་གཟུགས་རྡོ་རྗེ་མའོ།། སྒྲ་རྣམ་པར་དག་པ་ནི་སྒྲ་རྡོ་རྗེ་མའོ།། དྲི་རྣམ་པར་དག་པ་ནི་དྲི་རྡོ་རྗེ་མའོ།། རོ་རྣམ་པར་དག་པ་ནི་རོ་རྡོ་རྗེ་མའོ།། རེག་རྣམ་པར་དག་པ་ནི་རེག་རྡོ་རྗེ་མའོ།། ཆོས་རྣམ་པར་དག ་པ་ནི་ཆོས་རྡོ་རྗེ་མའོ།། ཞིང་རྣམ་པར་དག་པ་ནི་ཞིང་རྡོ་རྗེ་མའོ།། སྣང་བ་རྣམ་པ་དག་ནི་སྣང་བ་རྡོ་རྗེ་མའོ།། ཚོར་བ་བདེ་བ་རྣམ་པར་དག་པ་ནི་རྡོ་རྗེ་ལྕགས་ཀྱུའོ།། ཚོར་བ་སྡུག་བསྔལ་རྣམ་པར་དག་པ་ནི་རྡོ་རྗེ ་ཞགས་པའོ།། ཚོར་བ་བཏང་སྙོམས་རྣམ་པར་དག་པ་ནི་ལྕགས་སྒྲོག་གོ།། དེ་དག་གི་བག་ཆགས་རྣམ་པར་དག་པ་ནི་དྲིལ་བུའོ།། འོད་གསལ་བདེ་ཆེན་མི་རྟོགས་རྟག་ཆད་རྣམ་པར་དག། པདྨོ་ཐོད་པ་དབུགས་བྲལ་དབང་ཕྱུག་ཨུ་མའི ་གདན།། དུས་གསུམ་མཐར་ཕྱིནི་སྐྱོབ་དྲུག་ཐབས་དང་ཤེས་དག་ཕྱིར།། ཞལ་གསུམ་ཕྱག་དྲུག་ཕྱག་རྒྱ་དྲུག་ཞབས་བརྐྱང་བསྐུམ་ཉིད་དེ།། དེ་བཞིན་དུ་རྡོ་རྗེ་འཁོར་ལོ་ལ་སོགས་པ་ཉི་ཤུ་རྩ་བཞིའི་དཀྱིལ་འཁོར་བ་ཐམས་ཅད ་ཀྱིས་གདན་དང་ཕྱག་མཚན་ལོ་སོགས་པ་རྣམ་པར་དག་པར་ཡང་ཙོ་རིགས་སུ་རིགས་པར་བྱའོ།། གོང་ཡང་དཀྱིལ་འཁོར་པ་ལ་རྒྱས་གདབ་པའི་ཕྱག་རྒྱ་ལྔ་འམ་དྲུག་ཀྱང་རྣམ་པར་རིག་པར་བྱ་སྟེ། རེ་ཤིག་བླ་མ་དང་ལྷག་པའི་ལྷ ་ལ་ཕྱག་འཚལ་བའི་དོན་དུ་སྤྱི་གཙུག་ཏུ་འཁོར་ལོ་སྟེ། དེ་ནི་མི་བསྐྱོད་པའི་བདག་ཉིད་རྣམ་པར་དག་པའོ།། རྡོ་རྗེ་འཛིན་པའི་བཀའ་བསྒོ་བ་ཉན་པའི་ཕྱིར་རྣ་བ་ལ་རྣ་ཆ་སྟེ།། དྭེ་ནི་འོད་དཔག་མད་ཀྱི་བདག་ཉིད་རྣམ་པར་དག་པའོ།། ་གསོང་སྔགས་ཟབ་མོ་བཟླས་པའི་ཕྱིར་མགུལ་པ་ལ་མགུལ་ངོ་སྟེ། དེ་ནི་རིན་ཆེན་འབྱུང་བའི་བདག་ཉིད་རྣམ་པར་དག་པའོ།། སྲོག་ཆགས་ཐམས་ཅད་ལ་འཚེ་བ་སྤངས་པའི་ལག་པ་ལ་ལག་གདུབ་སྟེ། དེ་ནི་རྣམ་པར་སྣང་མཛད་ཀྱི ་བདག་ཉིད་རྣམ་པར་དག་པའོ།། ཕྱག་རྒྱ་ཉེ་བར་བཀོད་པ་བསྟན་པའི་ཕྱིར་རྐེད་པ་སྐེ་རགས་ཏེ། དེ་ནི་དོན་ཡོད་གྲུབ་པའི་བདག་ཉིད་རྣམ་པར་དག་པའོ།། རང་གིས་ཤེས་རབ་ལྷན་ཅིག་པའི་ཕྱིར་ཚོམ་བུ་སྟེ།། དེ་ནི་རལ་པ་གཅིག་པའི་བདག་ཉིད ་རྣམ་པར་དག་པའོ།། དེ་ནས་གཞོལ་ཡས་ཁང་གི་ཆ་ཉི་ཤུ་རྩ་བཞི་ཤར་གྱི་འདབ་མ་ནས་བརྩམས་ཏེ། བྱང་གི་སྒྲོའི་བར་ཡུལ་ཉི་ཤུ་རྩ་བཞིར་རྣམ་པར་དག་པ་སྦྱར་བར་ཤེས་པར་བྱ་ཞིང་། རང་གི་ལུས་ཀྱི་ཆ་ཉི་ཤུ་རྩ་བཞི་ཡང་ཡུལ ་ཉི་ཤུ་རྩ་བཞིར་རྣམ་པར་དག་པ་ལྷ་དང་སྦྱར་བ་ཡང་རྟོགས་པར་བྱ་སྟེ། དང་པོ་ཁོ་ནར་དེ་ཁོ་ན་ཉིད་ཀྱི་གནས་སྙིང་གི་དབུས་སུ་དཔལ་རྡོ་རྗེ་རལ་གཅིག་པའོ།། ཞེས་པ་འདི་ནི་ཁྱད་པར་རོ།། པུ་ལཱི་ར་མ་ལ་ཡ་མགོ་ལ་རྡོ་རྗེ་འཁོར་ལོ ་ཞེས་པ་ནས། ཛཱ་ལཱན་དྷ་ར་སྤྱི་གཙུག་དང་། ཨཽ་བྷུན་རྣ་བ་གཡས། ཨར་པུ་ཏཱ་སྟེ་གླད་པའི་རྒྱབཱ།། གྲོ་ཏ་བཱ་རི་རྣ་བ་གཡོན།། ར་མཱི་ཤྭ་ར་སྨིན་མའི་དབུས།། དེ་བི་ཀོ་ཊ་མིག་གཉིས་དང་།། མ་ལ་ཝ་ནི་ཕྲག་པ་གཉིས།། ཀ་མ་རུ་ནི་མཚན ་ཁུང་གཉིས།། ཨེ་ཏྲེ་ནུ་མ་གཽ་ཉིས་ཡིན་ནོ།། ཏྲི་ཤི་ཀུ་ནཾ་ལྟེ་བུ་དང་།། ཀོ་སྭ་ལ་ནི་སྟྲྀ་ཡི་རྩ།། ཀ་ལི་ཀ་ནི་ཁ་ཉིད་དེ།། ལམ་བཱ་ཀ་ནི་མེགུལ་པའོ།། ཀཉྫི་སྙིང་གི་རྩེ་མོ་དྲང་།། ཧི་མ་ལ་ཡ་ལངྐ་པ་གཉིས།། པྲེ་ཏེ་པུ་རི་མཚན་མ་དང་། གྲྀ་ཧ་དེ་བ ་གསང་བའི་གནས།། སོ་སོ་རཥྚ་ནི་བརླ་གཉིས།། སུ་བརྞ་དེ་བྱིན་པ་གཉིས།། ནི་ག་ར་ནི་སོར་མོ་རྣམས།། སིན་དྷུ་རྐང་པའི་རྒྱབ་ཏུའོ།། མ་རུ་མཐེ་བོ་རྣམ་གཉིས་ཏེ།། ཀུ་ལུ་ཏ་ནི་པུས་མོ་གཉིས།། རྡོ་རྗེ་དྲིལ་བུ་ཞེས་བྱ་བའི་བར་དུ་གྲངས ་ཇི་ལྟ་བ་བཞིན་དུ་སྦྱར་བར་བྱའོ།། དེ་རྗེས་ཡབ་དང་ཡུམ་རིམ་རྡོ་རྗེ་སྔོན་པོ་དང་།། པདྨ་དམར་པོའི་རྒྱས་གདབ་གོ་ཆ་དྲུག་དྲུག་བཅིང་།། དུང་མདོག་ཧ་ཧི་ཧུ་ཧེ་ཧོ་ཧཾ་ཞེས་དང་། ཁྲག་མདོག་ཨ་ཨི་ཨུ་ཨེ་ཨོ་དདུ་ཨཾ་ཉིད་དོ།། ་དེ་ལ་སྙིང་ཁར་ནི་ཧའོ།། མགོ་བོ་ལ་ནི་ཧི་རོ།། སྤྱི་གཙུག་ཏུ་ཧུའོ།། ཕྲག་པ་གཉིས་ནི་ཧཻའོ།། མིག་གཉིས་ལ་ནི་ཧོའོ།། ཡན་ལག་ཐམས་ཅད་ལ་ནརྀ་ཧཾ་ངོ་།། དེ་བཞིན་དུ་ལྟེ་བར་ནི་ཨའོ།། སྙིང་ཁར་ནི་ཨིའོ།། ཁ་ནི་ཨུའོ།། མགོ་ལ་ནི་ཡེའོ།། ་གཙུག་ཏུ་ཨོའོ།། ཡན་ལག་ཐམས་ཅད་ལ་ནི་ཨོཾ་ངོ་།། དེའི་འོག་ཏུ་དམ་ཚིག་པའི་འཁོར་ལོ་ཡོངས་སུ་རྫོགས་པ་ཉིད་བརྟུལ་ཞུགས་དང་ཆོ་ག་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་བཅུག་པས་ངེས་པར་བརྟན་པར་བྱ་བའི་དོན་དུ། ཡེ་ཤེས་པའི ་འཁོར་ལོ་དྲི་མ་མེད་པ་སྟེ། ཡང་དག་པར་བཞུགས་པར་བྱའོ།། མཛུ་བྷ་མོ་མདུད་བྱས་གུང་མོ་རྩེ་སྤྲད་ཅིང་།། མཐེ་བོང་རྡོ་རྗེ་བརྟན་པོ་རབ་ཏུ་སྦྱར།། སོར་མོ་བཞོག་གདེངས་དཔྲལ་བའི་དབུས་བཞག་ལ།། བསྐོར་ནི་བསྐོར་བས་ཡོངསུ་བསྒྱུར ་བར་བྱ།། གཡོན་བརྐྱང་གཡས་མུནན་གྱེན་དུ་བལྟ།། མོག་སྒྱུར་ཕེཾ་གི་སྒྲ་སྒྲོགས་པས།། ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པའོ།། དཔའ་བོ་རྣལ་འབྱོར་མ་ཚོགས་དགུག། ཅེས་བྱ་བ་འདི་ལྟ་བུས་ཉིད་ཀྱིས་གནས་ནས་དམ་ཚིག ་རྗེས་སུ་དྲན་པས་མདུན་གྱི་ན་མཁའི་ངོས་འདིར་མངོན་པར་བྱོན་པར་འགྱུར་རོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨོཾ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡཻ་ཧཱུཾ། ཐོག་མར་སྐུ་ཁྲུས་གསོལ་བའོ།། ཨོཾ་པཱ་དྷཾ་པྲྀ་ཏཱིཙྪ་སྭཱ་ཧཱ། ཞབས་བསིལ་དབུལ་བའོ།། ཨོཾ་ཨཉྩ་མ་ནཾ་པྲཿ ་ཙྪ་སྭཱ་ཧཱ། ཞབས་བསིལ་བའོ།། ཨོཾ་པདྨ་སཱུརྱ་ཙནྡྲ་མཎྜ་ལ་ས་མ་ཡེ་སྭཱ་ཧཱ། གདན་དབུལ་བའོ།། དེ་ནས་ཐོག་མར་ལུས་ཐམས་ཅད་ཉེ་བར་འདུད་པས་ཕྱག་བྱས་ཏེ། གང་ཞིག་སྣ་ཚོགས་རོ་གཅིག་དབང་པོའི་གཞུ་འདྲ་བ།། ཉོན་མོངས་རྡུལ་བྲལ་བདེ་ཆེན་འོད་། ་གསལ་སྤྲོས་བྲལ་ཞིང་།། ཡེ་ཤེས་རྒྱུནི་འབབ་རྡོ་རྗེའི་དཀྱིལ་འཁོར་ཆེན་འབྱུང་ལ།། གུས་པའི་ཁུར་གྱི་མགྲིན་པ་སྨད་ནས་བདགན་འཚལ། དཽ་ནས་མཆོད་པ་བྱིན་གྱིས་བརླབས་ནས་དབུལ་བར་བྱ་སྟེ། ཨོཾ་བཛྲ་པུཥྤཾ་ཨཿཧཱུཾ། ཨོཾ་བཛྲེ་དྷཱུ་པེ་ཨཿ ་ཧཱུཾ།། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་གན་དྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནེ་བི་དྱེ་ཨཱཿཧཱུཾ། ལན་གསུམ་གྱིས་སོ།། ཁ་དོག་སྣ་ཚོགས་དྲི་ཞིམ་དབྱིབས་མཛེས་མེ་ཏོག་དང་། བདུག་སྤོས་ཨ་ཀ་རུ་དང་སྦྲུལ་གྱི་སྙིང་པོ་དང་། སྣོད་མཛེས་རིན་ཆེན་སྒྲོན ་མི་སྣང་བ་དྲིར་བཅས་དང་། ཆུ་གཙང་དྲི་མཆིག་སྙིང་པོ་སྦྱར་བ་དྲོཔག་མེད་དང་། མདོག་བཟང་རོ་བརྒྱ་ལྡན་པའི་ཞལ་ཟས་མང་པོ་རྣམས།། གུས་བཅས་ཡིད་འོང་ལྷ་མཆོག་ཚོགས་ལ་འབུ་ལ་ལགས་ཀྱིས།། སེམས་ཅན་མ་ལུས་སྲིད ་པའི་གདུང་བ་ཞི་བ་དང་། ཟག་མེད་བདེ་བ་ཆེན་ཡེ་ཤེས་བདུད་རྩིས་མྱོས་པར་མཛོད། ཨོཾ་ན་མོ་བྷ་ག་ཝ་ན་ཨ་ཀ་ཛཱ་ཊི་སརྦ་མཎྜ་ལ་ཙཀྲ་དཻ་པ་ཏ་པུཥྤེ་པུ་ཛ་མེ་གྷ་ས་མ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་པ་ནས། ནཻ་བི་དྱེ་པུ་ཛ་མེ་གྷ་ས་མུ ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ་ཞེས་བྱ་བའི་བར་དུ་སྦྱར་བས་དབུལ་བར་བྱའོ།། པི་ཝང་གླིང་བུ་རྫ་རྔ་རྔ་ཟླུམ་བཞད་མ་དང་།། སྒེག་མོ་གླུ་མ་གར་མ་གཟུགས་མཛེས་རོ་དང་རིག། མཎྜལ་ཆོས་མ་རྒྱན་སོགས་དེ་བཞིན་བཀོད་པ་ནི།། ཟབ་ཅིང་རྒྱ ་ཆེ་རྒྱ་མཚོ་སྤྲིནྡ་འཕྲོ་གཞན་ཡང་མཆོད། ཨོཾ་ཨཱཿབཛྲ་བི་ནཱི་ཧཱུཾ། ཨོཾ་ཨཱཿབཛྲ་བཾ་སེ་ཧཱུཾ། ཨོཾ་ཨཱཿབཛྲ་མུ་རྩེ་ཧཱུཾ། ཨོཾ་ཨཱཿབཛྲ་མྲྀ་ཏཾ་གྲེ་ཧཱུཾ། ཨོཾ་ཨཱཿབཛྲ་ཧ་སྱེ་ཧཱུཾ། ཨོཾ་ཨཱཿབཛྲ་ལཱ་སྱེ་ཧཱུཾ། ཨོཾ་ཨཱཿབཛྲ་གཱི་ཏེ་ཧཱུཾ། ཨོཾ་ཨཱ ་བཛྲ་ཎཾ་རྟེ་ཧཱུཾ། ཨོཾ་ཨཱཿབཛྲ་དཨཱརྱ་ཧཱུཾ། ཨོཾ་ཨཱཿབཛྲ་རཱ་ས་ཧཱུཾ། ཨོཾ་ཨཱཿབཛྲ་པདྨེ་ཧཱུཾ། ཨོཾ་ཨཱཿབཛྲ་མཎྜ་ལ་ཧཱུཾ། ཨོཾ་ཨཱཿབཛྲ་དྷརྨེ་ཧཱུ~ཾ། ཨོཾ་ཨཱཿབཛྲ་སརྦཱ་ལེ་ཀ་རེ་ཧཱུ~ཾ། ཨོཾ་ཨཱཿབཛྲ་སརྦ་པུ་ཛཱ་རྠ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། འདི་ངག་ནི། ་ཕྱིའི་ཡོ་བྱད་ཀྱི་མཆོད་པའི་རིམ་པའོ།། དེ་ནས་རྒུན་འབྲུ་འམ་བུ་རིམ་ཤིང་ལ་སོགས་པ་ལས་བཏུང་བ་བཟང་པོ་སྦྱར་ཏེ། མཆིན་མ་བཟང་པོའི་ཀཱ་པཱ་ལ་གང་བར་བྱས་ནས་སྒྲོན་མ་དང་། བདུད་རྩིའི་རོ་དང་ལྷན་ཅིག་ཏུ་གྱུར་པ་མདུན ་དུ་བཞག་སྟེ་སྣོད་སྦྱངས་ལ། ཨོཾ་ཨཱཿབཛྲ་མ་ཧཱ་ས་མ་ཡ་ཧོ་ཞེས་བྱ་བས་དམ་ཚིག་དྲན་པར་བྱའོ།། མན་ངག་ཇི་བཞིན་པས་ལག་པ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས་ཏེ། གཡས་ཀྱི་མཐེ་བོང་དང་། མཛུབ་མོ་དང་། གུང་མོ་དང་། ་སྲིན་ལག་དང་། མཐེའུ་ཆུང་དང་། ལག་མཐིལ་རྣམས་ལ་གོ་རིམ་གྷོརྱ། ཧ་ཧི་ཧུ་ཧ་ཧོ་ཧཾ། ཞེས་བྱ་བའི་ཡིག་འབྲུ་གནག་ལ་དཀར་བ་དང་། སྔོ་བ་དང་། སེར་བ་དང་། དམར་བ་དང་། ལྟུང་བ་དང་། མཐིང་ཀའི་མདོག་ཅན་ཡབ་ཀྱི་ཐུགས ་ཀའི་ཧཱུཾ་ལས་འཕྲོས་པའི་འོད་ཟེར་རེག་པ་ལས་ཡོངས་སུ་གྱུར་པའི་གཟུགས་ཀུན་ཏུ་འོད་དང་། རྡོ་རྗེ་འཛིན་པ་དང་། ནོར་གྱི་དབྱིག་དང་། འོད་ཟེར་དང་ལས་ཀྱི་བདེ་དང་། འཇིགས་བྱེད་རྒྱལ་པོ་རྣམས། གཡོན་ཟླ་བའི་གདན་ལ ་རྣམ་པར་གནོན་ཅིང་། གཡས་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་མངོན་པར་དགྱེས་པ་རང་གིས་ས་བོན་གྱི་ཁ་དོག་ཅན། འཁོར་ལོ་ལ་སོགས་པ་སངས་རྒྱས་ལྔའི་མཚན་མ་དང་། གྲི་གུག་གིས་གཡས་ཀྱི་ཕྱག་མཚན་པ་དང་། ་ཐམས་ཅད་ཀྱང་གཡོན་ནུ་ཁྲག་གིས་བདུད་རྩིས་རབ་ཏུ་གང་བའི་ཐོད་པ་ཅན་ནོ།། དེ་བཞིན་དུ་གཡོན་གྱི་མཐབ་ལ་སོགས་པར་ཡང་གྲངས་ཇི་ལྟ་བྱས། ཨ་ཨི་ཨུ་ཨེ་ཨོ་ཨཾ་ཞེས་བྱ་བའི་ཡིག་འབྲུ་དམར་བ་ལ། དཀར ་བ་དང་། སྔོ་བ་དང་། སེར་བ་དང་། རབ་ཏུ་དམར་བ་དང་། ལྗང་གུ་དང་། སིན་དྷཱ་རའི་མདོག་ཅན་དང་། ཡུམ་གྱི་ཐུགས་ཀྭའི་བཾ་ལས་འཕྲོས་པའི་འོད་ཟེར་རག་པ་ལས་ཡོངས་སུ་གྱུར་པའི་གཟུགས་རབ་གསལ་མ་དང་། ་རབ་བརྟུན་མེ་དང་། རྒྱུན་ཅན་མྱ་དང་། འོད་འཆང་མ་དང་། ཚོགས་ཅན་མ་དང་། སྐྲག་མཛད་མ་རྣམས། གཡས་ཉི་མའི་གདན་གནོན་ཅིང་། གཡོན་གྱི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་ཡོངས་སུ་དགྱེས་མ། རང་གི་ས ་བྱོན་གྱི་ཁ་དོག་ཅན་འཁོར་ལོ་ལ་སོགས་པ། སངས་རྒྱས་མ་ལྔའི་མཚན་མ་དང་། ཀ་པཱ་ལ་གཡས་ཀྱི་ཕྱག་མཚན་པ། ཐམས་ཅད་ཀྱང་གཡོན་ན་ཁྲོག་གིས་བདུད་རྩིས་རབ་ཏུ་གང་བའི་ཐོད་པ་ཅན་ནོ།། དེ་ནས ་གོ་ཆ་ཆེ་དགྲ་ལ་ཡེ་ཤེས་ཀྱི་\ུ0f7f་ཡང་དག་པར་བཀུག་སྟེ། དམ་ཚིག་ལ་བཅུག་ནས་ཡིད་ལས་བྱུང་བའི་མཆོད་པས་མཆོད་ཅིང་། ཐལ་མོ་མཉམ་པར་སྦྱར་བས་ཕན་ཚུན་རྗེས་སུ་ཞུགས་པ་དང་། དེ་བསྡམས ་པས་ཕན་ཚུན་ཡོངས་སུ་ཐིམ་པར་བལྟའོ།། གླང་ཐིམ་པར་གྱུར་པ་དེ་ཡང་ཧཱུ~ཾ་ཨུ་ཅེས་གླསང་མཐོན་པོས་བོས་པས་སྟོང་པ་ཉིད་དུང་ཐིག་ལེར་མི་གནས་པར་ཡི་གེ་གཉིས་ཀྱིས་གཟུགས་སུ་མངོན་པར ་བལྟ་བར་འགྱུར་རོ།། དེ་ནས་གཡས་ཀྱིས་སྲིན་ལག་གི་དྲིམ་ཚིག་ལ་རེག་ཅིང་། ཆོས་འབྱུང་སྩོལ་བ་བྲི་བར་བྱ་སྟེ། ཟུར་དྲུག་ལ་གོ་ཆའི་ཡི་གེ་དྲུག་བརྗོད་པས་ཡི་གེ་དེ་དྲག་གིས་མཚན་མར་བྱ་བ་དང་། དེའང་གཡོན ་གྱི་མཐིལ་གྱི་སྔར་གྱི་ས་བོན་ཨ་ལས་མངོན་པར་སྐྱེས་པའི་རྒྱུན་བདུད་རྩི་འཛག་པ་ནས་འབྱུང་བའོ།། མཐར་གཡོས་དང་གཡོན་གྱིས་ཡབ་དང་ཡུམ་གྱི་གོ་ཆའི་དཀྱིལ་འཁོར་གྱི་དབུས་སུ་རེག་པས་ཧོ་དང་བཾ་ལྷན་ཅིག་གནས ་པ་ཡང་བལྟས་ལ། སེ་གོལ་གཏོག་སྟེ་ཧ་ཙཱང་མི་རིང་པོའི་སྟེང་གི་མཁར་འཕགས་པར་བཞུགས་སོ།། དེ་རྗེས་གཡས་གཡོན་སྙིང་ཁར་ཟླ་བ་ཉི་མ་དང་། ཆུ་སྐྱེས་དབུས་ནས་སྐུ་གསུང་ཐུགས་བལྟས་མིང་བརྗོད་པས། དཀར་བསིལ ་དམར་ཚ་རབ་ཏུ་སྔོ་འཇམ་འོད་རེག་ཕྱིར། དྲི་མེད་རབ་ཏུ་བཞུ་ལྷ་ཚོགས་སྦྱར་བས་བདུད་རྩི་དབབ།། དེ་ལྟར་འོད་ཀྱིས་སྐུལ་བ་ན། དབུས་ཀྱི་ཡི་གེ་ལཱཾ་ས་གྱེན་དུ་འགྲེང་བཱིའི་ཟེར་གྱི་གོ་ཆ་དང་བཅས་པའི་བཅོམ་ལྡན་འདས ་ཡབ་ཡུམ་སྤྱན་དྲངས་ནས་ན་མཁའིའོ་ཡི་གེ་ལ་བསྟིམས་ཏེ། དེ་མ་ཐག་ཏུ་ལྷ་བཅུ་བཞིའི་བདག་ཉིད་དུ་གྱུར་ནས་སྙོམས་པར་ཞུགས་པ་དང་། ཐམས་ཅད་ཀྱི་སྦྱོར་མཚམས་ནས་ཐིག་ལེ་བདུད་རྩི་རྒྱུན་ལྷུང་བས་དམ་ཚིག་བཞུ་པའི ་ཁུ་བ་བསིལ་ཞིང་རྣམ་པར་དཀར་བ་གྱ་ནོམ་པར་བྱའོ།། རིམ་གྱིས་བདེ་བ་ཆེན་པོའི་ཕྱིར་གོ་ཆ་བཅུ་འོད་ཀྱི་རྣམ་པར་ཞུ་བ་བདག་པོའི་ལ་ཐིམ་པ་དང་། དེ་ཡང་མི་འཕྲོགས་པའི་དགའ་བས་རྣམ་པར་མྱོས་པའི་ཕྱིར་ས་བོན་གྱི་ངོ་མཚར་ཞུ་བ ་བསམ་མོ།། དེ་ནས་བཾ་ཕོ་བརྗོད་པས་བསམ་གྱིས་མི་ཁྱབ་པའི་རོ་ཅན་རྣམ་པ་ཐམས་ཅད་ཕུན་སུམ་ཚོགས་པའི་ཡོན་ཏན་བྱེད་པར་བལྟའོ།། དེ་བཞིན་དུ་ཡི་གེ་དེ་ཡང་རྩ་བའི་ཡི་གེ་ལོ་ཐིམ་ཞིང་དེ་ཡང་འོད་ཀྱི་གོང་བུར་ཞུ་བྲས ་དམ་ཚིག་ལ་ཁྱབ་པར་བསྟིམས་ལ། མ་ལུས་པའི་དཀྱིལ་འཁོར་པ་ཐམས་ཅད་མཉེས་པར་གྱུར་པས་དགྱེས་པའི་རྒྱུར་བྱིན་གྱིས་བརླབས་ཏེ། རྡོ་རྗེ་ཐལ་མོའི་གར་སྦྱར་བ་དང་ལྡན་པས་ཡང་དག་པར་མཆོད་པར་བྱའོ།། འདི་དག་ནི ་ནརླུང་གི་དམ་ཚིག་གིས་མཆོད་པའི་ཆོ་གྲོའོ།། ལྟེ་བའི་དབུས་ལས་བྱུང་བ་ཡིས།། དཔལ་མོ་དང་ནི་སྐུ་ལྡན་མ། དུང་ཅན་མ་དྲོང་བདུད་རྩི་འཛག། དགའ་བྱེད་མྱ་དང་། མྱོས་བྱེད་མ།། ཞིང་སྦྱོང་མ་དང་འོད་ཀྱི་དཔུང་།། སྣ་ཚོགས་གླུ་གར ་མོ་བྱེད།། རྫས་བཅུ་དག་པའི་བདུད་རྩིའི་རྒྱུན།། པདྨའི་སྣོད་ཐོགས་མཆོད་པར་བསམས།། གཙོ་ཆེན་དུར་ཁྲོད་བཅས་དཀྱིལ་འཁོར།། དངོས་དང་བ་དག་པོ་ལས་སྤྲུལ་པའོ།། ཤེས་རབ་ཐབས་ལྡན་སྙོམས་ཞུགས་པས།། ཐིག་མེད ་བདེ་ཆེན་མྱོས་གྱུར་མཆོད།། དགའ་བ་ཆེན་པོ་འོད་སྐྱེད།། ལུས་ཅན་ཀུན་གྱི་སྡུག་བསྔལ་བསལ།། སླར་འདུས་ཆགས་པ་ཆེན་པོའི་རོ།། སར་བར་བྱས་ཏེ་སྙིང་རྗེ་བསྒོ་ང་།། འདི་དག་ནི་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད ་པའི་ཁྱད་པར་རོ།། དེའི་འོག་ཏུ་སྡིག་པ་བཤགས་པ་ལ་སོགས་པ་རང་ཉིད་ཀྱི་འཕྲིན་ལས་ལ་ཉེ་བར་སྦྱར་བར་བྱ་སྟེ། འབྲས་བུ་མི་བཟད་རང་བཞིན་མི་ངག་དཔག་མེད་དང་། བགྱི་བ་མ་ལུག་ཐུབ་པའི ་བཀའ་ལུས་འདས་གྱུར་གང་།། ཟབ་མོ་ལེགས་སྔག་དེ་ཅིག་རྡོ་རྗེའི་རྒྱུ་དྲལ་བ།། རིང་ནས་གང་བསགས་སྡིག་པའི་ཕུང་པོ་དེ་རིང་བཤགས།། དཀྱིལ་འཁོར་བདག་པོ་རྒྱལ་བ་ཡང་ཡུམ་འགྲོ་དོན་བརྩོན།། ལྷ་ཚོགས་སྲས ་མང་དྲིའི་རྗེས་འདུན་འཕྲིན་ལས་བྱེད།། སྔགས་འཆང་རྣམས་ཀྱང་ཉིན་རོ་མཆོད་པའི་ལས་བརྩོན་པ།། མ་ལུས་ངོ་མཚར་བསོད་ནམས་རྒྱ་མཚོ་རྗེས་ཡི་རང་།། ཁྱག་མཐུང་ཡེ་ཤེས་དཀྱིལ་འཁོར་ལྷ་ཚོགས་གསལ་བ་ལཾ།། ཐུགས་རྗེའི ་རྒྱུན་གྱིས་ཟག་མེད་སྙོམས་འཇུག་རོལ་པ་དང་།། འབར་བའི་འོད་བཀྱེ་གསང་སྔགས་རྒྱལ་པོ་བཀའ་བསྒོ་ཞིང་།། བླ་མེད་ལམྲ་སྟོན་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།། སྟོང་པར་བཞུགས་དང་ཧ་ཅང་སིམ་བརྙེས་ཞི་བ་དང་། ་སྒྲུབ་པོ་གང་ཞིག་དམ་ཚིག་མེད་དང་བག་མཱང་ལྔ།། སྔར་མཛད་སྙོམས་མཛད་མི་སྣང་སྟོན་པར་བཞེད་རྣམས་ལ།། གདུང་བས་ཇི་སྲིད་དངོས་གྲུབ་པར་དུ་བརྟན་བཞུགས་གསོལ།། སྐུ་གསུང་རང་བཞིན་རུལ་པ་གཅིག་མཆོག་སྟོན ་པ་དང་།། དེའི་ཉེར་བསྟན་རིམ་གཉིས་བདུད་རྩིའི་རྒྱུན་འདྲའི་ཆོས།། རྗེས་འཇུག་བློ་བཟང་གོ་ཆ་བཟང་ལ་རྟུལ་ཕོད་པ།། མཉམ་མེད་སྐྱབས་མཆོག་རིན་ཆེན་གསུམ་ལ་སྐྱབས་མཆི།། ཤིན་ཏུ་ངོ་མཚར་དེ་ཉིད་སྙིང་པོས ་ཀུན་ཁྱབ་ཀྱང་།། མ་རྟོགས་སྡུག་བསྔལ་རྣམས་མང་སྐྱོན་གྱིས་གཟིངས་པ་ཡི།། མགོན་མེད་གཉེན་ཚོགས་འགྲོ་བ་ན་མཁའ་མཉམ་པའི་ཕྱིར།། ས་གསུམ་དབང་ཕྱུག་རྡོ་རྗེའི་སྐུ་གསུང་ཐུགསུ་ཐོབ་བགྱི།། རྡོ་རྗེ་འཁོར་ལོ ་རིནན་ཚོན་པདྨ་ལས་ཀྱི་རིགས།། ཇི་བཞིན་ཇི་སྙེད་དོམ་ཚིག་སྡོམ་པ་མ་ལུས་བཟུང་།། གང་ཞིག་སྔོན་ཆད་མ་སྨིན་མ་སྒྲོལ་མ་བསྒྲལ་བ།། དེ་ངག་སྨིན་ཅིང་མྱུར་གྲོལ་བསྒྲལ་ཕྱིར་བདག་གིས་འབད་།། ཉི་ཟླའི་སྦྱོར ་པས་མུན་པ་ཟད་འགྱུར་གྲོང་མཆོག་ལམ།། བདུད་རྩི་སྒྲོན་མ་ཆུ་གཏེར་ཡིད་འོང་རིན་པོ་ཆེ།། རྡུལ་མིང་རྡུལ་བྲལ་ཡེ་ཤེས་དབང་ཕྱུག་ཕྱག་རྒྱ་ཆེ།། བིད་ཆེན་པོ་ང་གསིལ་མི་རྟོག་འཕྲུལ་པ་ཐོབ་པར་ཤོག། དེ་རྗེས་གཞན ་ཡང་སྣ་ཚོགས་མཆོད་བྱས་བསྟོད་སྤྲིན་རྒྱ་མཚོ་རབ་བསྟོད་དེ།། དཀྱིལ་འཁོར་གཙོ་ལ་དབང་བསྐུར་ཕྱིན་ནི་གསོལ་བཏབ་རྩེ་གཅིག་ཡིད་ཀྱིས་འདུག། དེ་ནས་དེས་སྤྲུལ་སྙིང་ཁ་ལས་འོངས་བདེ་གཤེགས་ལྔ་བདག ་ལྷ་མོ་ལྔས།། རྣམ་དྲག་ཡེ་ཤེས་བདུད་རྩིའི་རྒྱུན་ཕབ་བདག་ལུས་ངག་ཡིད་དག་པར་བྱ།། རྣམ་པར་འཇོམས་དང་རྣམ་མཚན་བྲལ།། དགའ་དང་མཆོག་དགའ་བྲ་ལ་དྲང་།། ལྷན་ཅིག་སྐྱེས་དགའི་མཚན་ཉིད་དོ།། ་རྒོད་དང་ཕྲ་འཁྱུད་འཁྲིག་པ་དག། རྣམ་པར་དག་ཕྱིར་བུམ་པ་དང་།། གསང་དབང་ཤེས་རབ་བདེ་བ་ཆེ།། དབང་བཞིར་རྒྱལ་པོ་ཐོབ་པར་འགྱུར།། ཐ་མའི་ཐིགས་པས་རིགས་འཇོག་པ།། གཙོ་བོ་མི་བསྐྱོད་རྡོ་རྗེས ་མཚན།། རྡོ་རྗེ་འཁོར་ལོ་ལ་སོགས་བཞི།། འཁོར་ལ་སོགས་བཞི་ཉིད་དོ།། གཏི་མུགུ་རྡོ་རྗེ་སོགས་བཞི་ཡང་།། འཁོར་ལོ་ལ་སོགས་རིམ་བཞིན་ཏེ།། སྦྱོར་བའི་རྡོ་རྗེ་མ་ལཱ་སོགས།། ་མཚམས་བཞིར་བདག་པོའི་རྒྱ་ཉིད་དམ།། ཡང་ན་འཁོར་ལོ་སོ་རིམ་ཉིད།། དེ་བཞིན་གཟུགས་མཛེས་རྡོ་རྗེ་སོ།། འཁོར་ལོ་ལ་སོགས་རིམ་བཞིན་ཏེ།། ཕྱོགས་བཞིར་རེག་བྱ་རྡོ་རྗེ་སྒོ།། གྲངས་བཞིན་རིགས་བཞི་ཉིད་དང་ནི།། ་གཙོ་བོ་འམ་རིམ་དེ་ཉིད་བཞིན་བརྟག། དེ་ནས་མདུན་གྱི་ན་མཁའ་ལ་གནས་པའི་དཀྱིལ་འཁོར་དེ་ཉིད་ཆེར་དགུག་པ་དང་།། བཞུག་པ་དང་། གཅིང་བ་དང་། མཉེས་པར་བྱ་བའི་ཕྱག་རྒྱ་དང་། སྔགས་ཀྱི་རང་གི་དམ་ཚིག་ལ། ་མངོན་པར་གཞུག་པར་བྱའོ།། རྡོ་རྗེ་ཐལ་སྦྱར་མཛུབ་གཉིས་བཀུག། རྡོ་རྗེ་བསྡམས་པ་ཉིད་དང་ནི།། དེ་བཞིན་མཐེ་བོང་གཉིས་ནང་བཅུག། སླར་ཡང་གང་བསྐོར་འདི་ཡི་རྒྱུ།། ཛཿཧཱུཾ་པཽ་མ་ཧོཿདེ་ལྟར་དཔལ་ལྡན་དམ་ཚིག་ཆེ་བཀོད ་ཡེ་ཤེས་མཐུ་ལྡན་རོ་གཅིག་གིས།། སྒྲུབ་པོ་མཁྱེན་རྣམས་ང་རྒྱལ་བརྟན་གནས་དངོས་གྲུབ་མཆོག་ཕྱིར་སླར་ཡང་ནི།། གསང་སྔགས་རྒྱལ་པོ་དོན་ཀུན་སྒྲུབ་བྱེད་ཉི་ཤུ་དྲུག་བཅས་མིག་ལ་མེའི་ཚུལ།། དེ་བཞིན་གང་ཡང་སྔགས ་རིགས་གཞན་བཟླས་རང་རང་དབུས་གནས་འོད་འཕྲོ་བའོ།། ཨོཾ་ཡོ་ག་ཤུདྡྷཿསརྦ་དྷརྨ་ཡོ་ག་ཤུདྡྷ་ཧཾ། དཔལ་ཆེན་དཔའ་མོ་ཆེན་གཉིས་ཐུགས།། འོདམ་སྐྱེས་དམར་དབུས་ཧཱུཾ་དང་བཾ།། ཁ་དོག་སྔོན་པོ་དམར་བསམས ་ལ། དེ་བཞིན་མཐའ་ཉིད་གཉིས་སྔགས་ཀྱིས་བསྐོར།། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏོ་གརྦྷེ་བཛྲཱ་ཏ་ཏཱ་ཛྙཱ་ན་ཛ་ལ་ཧཱུ~ཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿསརྦ་ཏ་ཐཱ་ག་ཏོ་མ་ཏཱི་བཛྲ་ཏ་ཏཱ་པ་ཡ་སྥ་ར་ཎ་བཾ་ཧཱུཾ་ཕཊ་སྭཱ་ཧཱ། བཅོམ་ལྡན་འདས་ཡབ་ཡུམ་གྱི་སྔགསོ།། ་ཨཱཿབཛྲ་ཛྙཱ་ན་ཧཱུཾ་ཕཊ། ཨོཾ་ཨཱཿབཛྲེ་པ་ཡ་ཧཱུཾ་ཕཊ། བཅོམ་ལྡན་འདས་ཡབ་ཡུམ་གྱི་ཉེ་བྱའི་སྙིང་པོའོ།། ཨོཾ་ཨཱཿབཛྲ་ཙཀྲ་ཨ་ཧཱུཾ། ཨོཾ་ཨཱཿབཛྲ་རཏྣ་ཨི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲེ་པདྨ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བཻ་ཤློ་ཨོཾ་ཧཱུཾ་ཕཊ་སཏྭ། ་ཨོཾ་ཨཱཿབིཛྲ་མོ་ཧ་ཨཱ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བ་ར་ཎ་ཨཱི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་རཱ་ག་ཨཱུ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དཱི་ཥ་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ནཱི་རི་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨོཾ་ག་ཨོཾ་ཧཱུཾ་ཕཊ་སྭཱ་ཧཱ། ་ཨོཾ་ཨཱཿབཛྲ་ཛྭ་ལ་ཧཱུ~ཾ་ཕཊི་སྭཱཧཱ། ཨོཾ་ཨཱཿབཛྲཱ་བ་ལ་ཨཿཧཱུཾ་ཕཊ་སྭཱ་ཧཱཿོཾ་ཨཱཿབཛྲཱ་རཱུ་པ་ནི་ཀ་ཧཱུ~ཾ་ཕེ~ཾནྟི་སྭཱཧཱ། ཨོཾ་ཨཱཿབཛྲཱི་ཤཱཌྜྷྱ་ཙཾ་ཧཱུཾ་ཕཊ་སྱཱ་ཧཱུཾ། ཨོཾ་ཨཱ། བཛྲ་གྷནྡྷཊྚ་དྷཱ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲཱ་ར་ས་ཏྭ་ཧཱུཾ་ཕཊ་སྭཱ་ཧཱུཾ། ཨོཾ་སྨྼ;ྻུཾ ་བཛྲ་སྥཪྴ་བ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་དྷརྨ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཾཿབཛྲ་ཁྱེ་ཏྲ་ཤ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱི། བཛྲ་ཨཱ་ལོ་ཀ་ཀྵ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་ཨཱཾ་ཀུ་ཤ་རི་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་བྷཱ་ཤ་རཱྀ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ ་ཨཱཿབཛྲ་བནི་དྷ་ལཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿབཛྲ་གྷཎྜ་ལཱི་ཧཱུ~ཾ་ཕཊ་སྭཱ་ཧཱ། ལྷ་ཉི་ཤུ་རྩ་བཞིའི་སྙིང་པོའི་སྔགསོ།། ཡི་གེ་རེ་རེ་འབུམ་ཕྲག་གང་ཡིན་ཡབ་ཡུམ་མཉེས་བྱེད་ཡིན་བཤང་གཞན།། པདྨ་དང་ནི་འཁོར་ལོའི་ལྷ་དང་ཁྱམས་བཅས ་གོ་རིམས་བཞིན།། འབུམ་ཕྲག་གསུམ་དང་གཉིས་དང་གཅིག་བཟླས་མངོན་སུམ་གཞལ་ཡས་ཁང་།། མཐོང་བ་འམ་རྨི་ལམ་བརྟན་དང་གསལ་སྣང་མཆོག་ཐོབ་ཏིང་འཛིན་མཐུ་གྲུབ་བརྟན་པའི་བལྟས།། ་དམིགས་པས་དུབ་པར་གྱུར་པ་དང་།། རྩེ་གཅིག་བསམ་གཏན་གོ་འཕང་གཉེར།། རིམ་པ་གཞན་ཡང་གོམས་འདོད་པས།། དེ་ནས་རྣམ་པར་མི་རྟོག་བསྒོམ།། སྤྱི་ཡི་སྙིང་ཁ་ལྟེ་བར་ནི།། ཟླ་བ་པདྨ་ཉི་སྟེང་དུ།། ཧཾ་དང་ཧཱུཾ་དང་ཨ ་ཞེས་ཀྱི།། ཡི་གེ་བདེ་གསལ་མི་རྟོག་རྒྱུ།། སྣོད་བཅུད་རླུང་རྒྱུན་བརྟན་གཡོ་མཁའ།། ཉི་མ་ཟླ་བ་སྒྲ་གཅན་འཛིན།། རྨི་ལམ་ན་མཁའི་སྦྱོར་བ་ཡིས།། བློ་ཆེན་རྣལ་འབྱོར་བསྒྲུབ་པར་བྱ།། སྤྲོ་དང་སྡུད་དང་གཟུང་བ་དང་།། དམིགས་བྲལ་དང་ནི ་རྣམ་པར་དག། སྣ་ཚོགས་མངོན་པར་སྤྲུལ་པ་ཡི།། རིམཱཾ་སོགས་བླ་མ་རྒྱས་པར་འཆད།། ཐུན་མཚམས་རྟག་ཏུ་གཏོར་མ་སྔོན་འགྲོ་ཇི་སྙེད་འབྱོར་པའི་ཚོགས་འཁོར་ལོས།། ལེགས་མཆོད་ཐལ་སྦྱར་དངོས་གྲུབ་གསོལ་བཏབ་དམ་ཚིག་མ ་གྱུར་ཀུན་བཟོད་གསོལ།། ། དེ་རྗེས་མདུན་པས་རྡོ་རྗེའི་གྱུར་བསྒྲེ་སོ་གོལ་བརྡབས་པས་ཡེ་ཤེས་ཀྱི།། དཀྱིལ་འཁོར་མཁར་བསྐྱོད་ཤིན་ཏུ་ལེགས་ཤེས་དབུགས་ཕྱུང་མི་སྣང་གྱུར་པར་བསམ།། དེ་ལྟར་སྔགས་པ་བློ་གྲོས་ཅན་བརྟུལ ་ཞུགས་ཟབ་མོ་སྤྱོད་པར་ནུས་པས། ཇི་སྐད་བཤད་པའི་ཆོ་ག་འདི་དག་ཉིན་རེ་བཞིན་ཐུན་གསུམ་གསུམ་བསྙེན་པར་བྱེད་ཅིང་། བླ་མ་དང་ལྷག་པའི་ལྷ་ལ་མངོན་པར་དང་པོ་རྒྱུན་མི་འཆད་པས་སྦྱོར་བར་བྱེད་ན། ངས་ཅི་ནས་ཀྱང་ཐ ་བ་བདུན་ལས་མི་རིང་བར་བཅོམ་ལྡན་འདས་དཀྱིལ་འཁོར་ཆེན་པོའི་ལྷ་ཉི་ཤུ་རྩ་ལྔའི་བདག་ཉིད་ཀྱི་མཚན་མ་གདོན་མི་ཟ་བར་མཐོང་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མི་བྱའོ།། ཇི་སྙེད་འདོད་པའི་དངོས་གྲུབ་དང་ལས་ཐམས་ཅད་ཀྱང ་འགྲུབ་པར་འགྱུ་རོ།། ཏི་ངེ་འཛིན་དང་ཡེ་ཤེས་དང་གཟུངས་ཀྱི་སྒོ་དཔག་ཏུ་མེད་པ་ཡང་མངོན་དུ་འགྱུར་རོ།། སྦྱིན་བདག་དང་སློབ་མའི་ཚོགས་དང་། རྒྱལ་པོ་དང་། བྲམ་ཟེ་ལ་སོགས་པ་ཐམས་ཅད་ཀྱི་རྗེ་དཔོན་ཐོབ་པར་འགྱུར་ཞིང་། སྐྱེ ་པོ་ཐམས་ཅད་ཀྱི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་འགྱུར་ཏེ། མདོར་ན་དེ་ནི་ལྷ་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་སྟོན་པ་ལྟ་བུར་བལྟ་བར་བྱའོ།། དཔལ་ལྡན་བླ་མེད་རྒྱུད་རྒྱལ་པོ་དེ་ཉིད་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་མཛད་མ ་ལུས་པ་ཡི་གཏེར་གང་ཡིན།། སྔགས་འཆང་ཉིད་ཀྱི་ཤིན་ཏུ་བཀའ་བསྒོས་རྡོ་རྗེ་ཅན་དང་ཐོད་ཕྲེང་ཞེས་བྱ་མཁའ་འགྲོ་གཉིས་ཀྱི་རིམ་གསུམ་རྒྱས་བཏ་བོ་སྦས་པ་ནི། མགོན་པོ་དེ་ཉིད་མཐོང་བའི་བློ་མངའ་སྤྱན་གསུམ་ལྡན་པས་གློ་བུར་ཁ ་ཕྱེ་ཁྲག་འཐུང་དཀྱིལ་འཁོར་ལས་བྱུང་བ།། སྤྲོས་མེད་རལྔ་པ་གཅིག་འཆང་ཇི་བཞིན་སྒྲུབ་ཐབས་བདག་གི་ཟླ་མཆོག་གི་སྒྲོན་མེ་ལ་བརྟེན་མཐོང་།། གནས་འདིར་འབད་བྱས་པ་ལས་རྙེད་པ་ཡི།། དགེ་བ་དྲི་མེད་བདག་ལ་གང་ཞིག་ཡོད།། ་དེ་མྱུར་འགྲོ་འདིར་རལ་པ་གཅིག་མ་ཆོག་གི། གོ་འཕང་ཉི་ཤུ་ལྔ་ཡི་བདག་ཉིད་ཤོག། དཔལ་བཅོམ་ལྡན་འདས་རལ་པོ་གཅིག་པའི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲིབ་ཐབས། གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་ཨ་ཛི་ཏ་མི་ཏྲ ་གུཔྟ་སྭ་མཛད་པ་རྫོགས་སྷོ།། །། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏཱ་མི་ཏཱ་ཨཱ་ནནྟ་དང་། དེ་ཉིད་ཀྱི་ཞབས་ཀྱི་པདྨོའི་རྡུལ་ལ་སྤྱི་བོས་རེག་ཅིང་གསུང་གྲི་བདུད་རྩིའི་རེ་མྱང་བ། བོད་ཀྱི་ལོ་ཙཱ་བ་ནུབ ་གནུངས་བྱམས་པ་དཔལ་གྱིས་བསྒྱུར་ཅིང་ཞུས་ཏཾ་གཱ་ཏན་ལ་ཕབ་པའོ།། །། དཔལ་བརྣཾས་རལ་གཅིག་པའི་སྒྲིབ་པ་སློབ་དཔོན་ཙན་མི་མ་སྔས་པཱ་མཛད་པ་འདུག་གོ། རྒྱ་གར་སྐ་དུ། དཔལ་བི་ཅོམ་ལྡན་འོངས་རལ་པ་གཅིག་པའི་སྒྲུབ་ཐབས། རྗེ་བཙུན་རལ་པ་གཅིག་པཾ ་