CLOSE WINDOW

GT975: bla ma'i maN+Dala yi dam gyi cho ga
Wyliee-texts produced with BDRC’s OCR application

སོ།། མེ་ཏོག་ལུག་རུ་དང་། གུ་གུལ་དཀར་པོ་དང་། དཀར་གསུམ་མདུར་གསུམ་དང་ནུས་དང་འབྲུ་སྣ་ལྔའི་སྦྱིན་སྲེག་ལནྡ་བརྒྱ་རྩ་བརྒྱད་བྷས་ནཱ་ལྷའི་ལོངས་སྤྱོད་དང་མཉམ་པར་འགྱུར་རོ།། ཐོ་རངས་བྱ་བ་ཅན་པོ་སྔགས་མོ་སྔགས་ཟློས་པ ་ཡིན། ཆུ་སྦྱིན་ཡང་ནས་ཡང་དུ་བཏང་ན་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་ནོ།། དེ་ཡང་འདོད་པའི་དོན་གྲུབ་རིམ་པ་སྟེ་གསུང་ངོ་།། འདི་ནི་རིན་པོ་ཆེ་གཏེར་གྱི་སྒྲུབ་པའོ།། རྒྱུད་ལས། ཡིད་བཞིན་ནོར་བུ་ཆེན་པོ་འཆང་གསུང་ངོ་།། ཐུན་མོང་གི་དངོས་གྲུབ ་སྒྲུབ་པའི་ཐབས་ཀྱི་མན་ངག། སློབ་དཔོན་སྡོམ་པོ་བཟང་པོས་མཛད་པ་རྫོགས་སོ།། ། དམ་པ་རྣམས་ལ་ཕྱག་འཚལ་ལོ།། དེ་ནས་མཎྜལ་དབུལ་ཏེ། མཎྜལ་ཚང་དང་ལྡན་པ་ལ། བའི་རྣམ་ལྔ་བྱུགས་ལ་བཛྲ་རེ་ཁེ་ཧཱུ~ཾ་ཞེས་པས་དྲི་ཞིམ ་པོའི་འདེ་གྷྲ་བྱས་ལ་བྱུག་པ་བྷྲྀ། ཨོཾ་ཧཾ་མདྷྭེ་མྨེ་རཱུ་བ་ཡེ་ན་མཿོཾ་ཡཿགྲཱ་ཛྙཱ་ར་ཏ་ནཱ་ཡ་ན་མཿོཾ་ར་བུ་རུ་ཁ་རནཱ་ཡ་ན་མཿོ་ལ་སྟྲཱི་རཏྣཱ་ཡ་ནཱ་མྱཱཿོཾ་ཝཱ་ཤྩ་རཱཏྣ་ཡ་ན་མཱཿོཾ་ཡཿཁྱཱཊྚཱ་རཏྣ་ཡཱ་ནཱ་མཿ་ར་མ་ཎི་རཏྣ་ཡ་ན་མཿ~ཾ་ཝཱཿསརྦ་ནཾ་དྷྲྀདྦྷ ་ཡ་ན་མཿོཾ་ལྀ་ཙཀྲ་རཏྣ་ཡ་ནཱ་མཿདེ་ལྟར་མེ་ཏོག་ཚོམ་བུ་དགུ་དགུར་བྱའོ།། པཾ་པདྨ་མཾཎྜ་ལ། མ་སཱུརྱ་མཎྜལ། ཨ་ཙནྡྲ་མཎྜལ་ཞེས་གང་ནི་དབུལ་ལོ།། གང་ནེ་རྀའི་སྟེང་དུ་ཙནྡྷི་པ་ལ་སོགས་པའི་བླ་མ་རྣམས་སྤྱན་དྲངས་ལ། དེ་ལ་ཕྱག་བྱ་སྟེ། སངས ་རྒྱས་ཐམས་ཅད་འདུས་པའི་སྐུ།། རྡོ་རྗེ་འཛིན་པའི་ངོ་བོ་ཉིད།། དཀོན་མཆོག་གསུམ་གྱི་རྩ་བ་སྟེ།། བླ་མ་རྣམས་ལ་ཕྱག་འཚལོ།། དེ་ནས་བསྐོར་བ་བྱ། དེ་ནས་མཆོད་པ་བྱ་སྟེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད ་མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་དགྲ་ཆེ་བ།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། མཆོད་པ་ཆེན་པོ་ཁྲོ་བ་ཆེ། ཁྲོ་བ་ཆེན་པོ་སྒྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ་ཐམས་ཅད་སེལ་བར་བྱེད།། འདོད་པ་ཆེན་པོ ་བདེ་བ་ཆེ།། དགའ་བ་ཆེན་པོ་མགུ་བ་ཆེ།། ཨོཾ་བཛྲ་པུཥྤེ་ཧཱུཾ། ཨོཾ་བཛྲ་དྷཱུ་བེ་ཧཱུཾ། ཨོཾ་བཛྲ་ཨཱ་ལོ་ཀཾཀ~ཾ་ཧཱུཾ། ཨོཾ་བཛྲ་གནྡྷ་དྷེ་ཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུཾ། ཨོཾ་བཛྲ་ཤུབྷཱ་ཧཱུཾ། དེ་ནས་སྡིག་པ་བཤགས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།། མྱ་ངན་ལས་མི་འདའ་བར་གསོལ ་བ་གདབ།། དེ་ནས་དགེ་བའི་རྩ་བ་བསྔོའོ།། དེ་ནས་ཡི་དམ་གྱི་མཎྜལ་དབུལ་ཏེ། མཎྜ་ལེ་ཚད་དང་ལྡན་པ་ལྔ་དྲིའི་ལྡེ་གུ་བྱུག་པར་བྱ། ཨོཾ་བཛྲ་རེ་ཁེ་ཧཱུཾ། ཨོཾ་བུདྡྷ་མེཉྫུ་ཤྲཱི་ན་མཿམས་ན་མ་ཛྲ་ཧྭཱ་ཧཱུ~ཾ་ནས་ཨོཾ་བཛྲཱ་པདྨ་ཧཱུཾ་ན་མཿོཾ་བཛྲ་ཀརྨ་ཧཱུཾ་ན་མཿབཾ་པདྨ ་མཎྜལ།། མ་སཱུརྱ་མཎྜ་ལ།། ཨ་ཙནྡྲ་མ་ཎྜ་ལ། དེ་ལ་ཡེ་ཤེས་སེམས་དཔའ་དགུག་གཞུག་བྱ། དེ་ནས་ཕྱག་བྱཱ་སྟེ། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཉིད། གཞའ་ཚོན་ན་མཁའི་དབྱེར་མེད་ཀྱང་།། རྣམ་སྣང་མི་བསྐྱོད་རིན་ཆེན་འབྱུང་།། སྣང་མཐའ་དོན་ཡོད་གྲུབ་པ ་ལའི་ལུས་ངག་གུས་པས་ཕྱག་འཚལོ།། གཞོན་ནུའི་སྐུ་ལུས་འཆང་བ་པོ།། ཡེ་ཤེས་སྒྲོན་མེས་རབ་བརྒྱན་ཅིང་།། འཇིག་རྟེན་གསུམ་གྱི་མུན་སེལ་བའི།། འཇམ་དཔལ་དབྱིངས་ལ་ཕྱག་འཚལོ།། མཆོད་པ་གོང་དང་མཐུན་སྡིག་པ་བཤགས་ནས་དགེ་པའི ་རྩ་བར་བསྔོ་བ་ཡན་ཆད་གོང་དང་མཐུན།། དེ་ནས་ཡེ་ཤེས་པ་གཤེགསུ་གསོལ། དམ་ཚིག་པ་རང་ལ་བསྡུ། ཡི་གེ་བརྒྱ་པའི་བཤགས་པ་བྱ། བླ་མའི་མཎྜ་ལ་ཡི་དམ་གྱི་ཆོ་ག་འཕྲོ་ལོ་སྔ་བས་བསྒྱུར་བ་རྫོག་སོ།། རྒྱ་གར་སྐད་དུ། ཤྲཱི་ཨེ་ཀ་ཛཱ ་