| Wylie | e-texts produced with BDRC’s OCR application |
དེ་འཇམ་དཔལ་གྱི་ཐུགས་ཀར་འཕང་ངོ་།། དེ་ནས་བྱང་བུ་མར་མེ་ལ་བསྲེག།། ཐ་མ་ལ་ཚ་ཚ་གདབ།། ཚེ་འདས་པའི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་གདབ་བོ།། སྡོམ་པ་བཟུང་བློས་མཛད་པ་འབྱོ་ལོ་ཙཱ་བ་དྷརྨཱ་བྷིས་བསྒྱུར ་བ་རོའི་རབ་གནས་ཆོ་ག་རྫོགས་སོ།། ། ས་མ་ཡ།། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། ཤྲཱི་བ་ལཱ་ཕ་ནི་གདགས་པ་རོ་བསྲེག་པ། མཎྜལ་དྲུག་གི་ཆོ་ག་ཏུ། དེ་ནས་རོ་ཁང་བུར་བཅུག་ལ། ས ་ཐམས་ཅད་པའི་སྔགས་ཀྱིས་དེ་ལ་སྔགས་སམ། ཡུངས་ཀར་ལ་བསྔགས་ཏེ་མི་དམིགས་པར་བསམ། དེ་ལ་དང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ། བདག་གི་ཐུགས་ཀའི་ཨ་ལས་འཕྲོས་པས་འགྲོ་བ་རིས་དྲུག་གི་སྒྲིབ ་པ་སྦྱང་བར་བསམ་མོ་དེ་ནས་མེ་བཅུག་ལ་ཞི་བའི་སྦྱིན་བསྲེག་བྱ།། དེ་ནས་མཆོད་པ་དབུལ་འདུས་དང་འཇམ་དཔལ་གྱི་བསྟོད་པ་བྱ།། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ། རོ་སྒེག་པའི་ཆོ་གླུ་སློབ་དཔོན་སྡོམ་པ་བཟང ་བོལ་མཛད་པ་རྫོགས་སྷོ།། འཇམ་དཔལ་ཡེ་ཤེས་སེམམ་ལ་ཕྱག་འཚལ་ལོ།། དེ་ནས་ཚ་ཚ་གདབ་པ་ནི། རུས་པ་ལ་ལོས་ཐམས་ཅད་པའི་སྔགས་ཀྱིས་བྲབ་བོ།། དེ་ནས་ལག་པ་རྡོ་རྗེ་རྩེ་གསུམ་པར་ཕྱག་རྒྱ་བཅེས་ལ་ལས ་ཐམས་ཅད་བའི་སྔགས་ཀྱིས་བྱིན་གྱིས་བརླབ།། ས་རིན་པོ་ཆེ་སྣ་ལྔའི་ཕྱེ་མར་བསོམ། དེ་ལ་དྲི་སྣ་ཚོགས་པ་སྦྱར་བའི་ཆུས་སྤྲས་ཤིང་བརྡུང་ངོ་།། དེ་ལ་རིན་པོ་ཆེ་ཡང་བདར་རོ།། དེ་ནས་འཇིམ་པའི་གོང་བུ་ལ་རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ ་རེག་གེ་བྱས་ལ་ལས་ཐམས་ཅད་པའི་སྔགས་ལན་ཉི་ཤུ་རྩ་གཅིག་བཟླས་ལ་རིན་པོ་ཆེའི་གོང་བུར་གྱུར་པར་བསམ། ལས་ཐམས་ཅད་པའི་སྔགས་ཀུན་ལ་སྦྱར་རོ།། འབྲི་འབི་ཐབས། སྐུ་པར་ཤེས་རབ། འདེབས་པ་ཐམས་ཅད་ཐབས་ཤེས་རབ ་ཟུང་དུ་འབྲེལ། འབི་འབི་ཟབ་པ། སྐུ་བར་རྒྱན་ཆ་བ། འབི་འབི་ཆོས་སྐུ། སྐུར་གྱུར་པ་ལོངས་སྐུ། འོད་ཟེར་གྱི་འཕྲོ་འདུ་བྱེད་པ་སྦྲུལ་སྐུའི་དོན་ནོ།། ཚ་ཚེ་གདབ་པའི་རིམ་པ་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ། ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། ད་ནི་རབ་ཏུ་གནས་པ་བྱ་སྟེ། དཀྱིལ་འཁོར་བྲིས་ལ་མཚན་རྣམས་ད་ཀྱིལ་འཁོར་ལ་བཀོད་ལ། སྐུའི་རབ་གནས་རྣམ་སྣང་ལ་བསྟིམ། གསུང་གི་རབ་གནས་སྣང་བ་མཐའ་ཡས ་ལ་བསྟིམ།། ཐུགས་ཀྱི་རབ་གནས་མི་བསྐྱོད་པ་ལ་བསྟིམ་པར་བྱའོ།། གྲོང་ལྟར་ཚོ་ཚ་བཏབ་ནས་མཆོད་རྟེན་གྱི་མངའ་གསོལ་ཏེ། མཆོད་པ་རྣམས་གཞུང་བཞིན་དུ་བསམས་ལ། དང་པོ་སྤྱན་དྲང་སྟེ། ཡེ་ཤེས་རང་སྣང་སངས་རྒྱས ་ཀུན་གྱི་གནས། འཁོར་ལོ་ཐིག་མ་ཐིག་བཞི་བང་རིམ་ནྡན། གནས་བཞིའི་དབྱིབས་ཚུལ་སྒོ་བཞི་སྒོ་རྩེགས་ལྡན། རང་བཞིན་ལྷུན་གྲུབ་མཆོད་རྟེན་བརྒྱད་པོ་གཤེགས་སུ་གསོལ། བཅོམ་ལྡནི་སྤྲུལ་སྐུ་མཛད་པ་ལས་བྱུང་བའི།། ལྷ་ལས ་བབས་པའི་མཆོད་རྟེན་གཤེགས་སུ་གསོལ། པདྨ་ཅན་གྱི་མཆོད་རྟེན་གཤེགས་སུ་གསོལ། བྱང་ཆུབ་ཆེན་པོའི་མཆོད་རྟེན་གཤེགས་སུ་གསོལ། ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་གཤེགས་སུ་གསོ་ལ། རང་བཞིན་མཆོད་རྟེན་གཤེགས་སུ ་