CLOSE WINDOW

GT969: bdun tshigs kyi cho ga
Wyliee-texts produced with BDRC’s OCR application

ལྷ་བ་སྐྱུག་པ་ཞིག་བསྒོམ་མོ།། དེ་ལ་ཨོཾ་ཧཱུཾ་ཧྲཱིཿཞེས་བརྗོད་པས་ལས་ཀྱི་རླུང་བསྐྱེད་པས་བསོད་ནམས་ཀྱི་མེ་སྦྱར་བས་དམ་ཚིག་གི་བདུད་རྩི་དྲོས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ལས་ཐམས་ཅད་པའི་སྔགས་ཀྱི་མཇུག་ལག་ཎཱ་ཙཀྲ་ཨི་དཾ་བ ་མི་གྲྀ་ཧཱ་གྲྀཧྞ་ཁཱ་ཧི་ཁཱ་ཧི་ཞེས་ལྡན་གསུམ་གྱིས་བླ་མ་དམ་པ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་དང་། རྡོ་རྗེ་མཁའ་འགྲོ་མའི་ཚོགས་རྣམས་དང་། ཆོས་སྐྱོང་བའི་སྲུངས་མ་ཐུགས་ངམ་ཅན་རྣམས་ཕྱིའི་མཆོད་པ་ནང་གི་མཆོད་པ། ་གསང་བའི་མཆོད་པར་བཞེས་ཤིག། བག་ཆགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་རྒྱུ་དང་འབྲས་བུ་ནས་ཞི་བར་མཛད་དུ་གསོལ་ལོ་ཞེས་བརྗོད་ལ་གཏོར་མ་གཏང་། དེ་ནས་ཆོས་ཀྱི་སྦྱིན་པ་བཏང་། གཏོར་མའི་ཆོ་ག་རྫོགས་སོ།། ་ཨཱི།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། སྔགས་པ་མཚན་ཉིད་དང་ལྡན་པ་ཡིས་ཞིག་བདུན་རོ་རབ་གནས་བྱ་སྟེ། དེ་ཡང་། དྲན་སོང་ཐམས་ཅད་རྣམ་སྦྱོང་བ། མགོན་པོ་སེམས་ཅན་ཀུན་གྱི་མཆོག་གསུང་ངོ་།། ཤི་བ་སྦྱང་བ་བསྟན་ཏེ། ་དཀྱིལ་འཁོར་ཆོ་ག་རྫོགས་བྱ་སྟེ། ཞི་བའི་དཀྱིལ་འཁོར་སྟེང་དུ་བྱ། ཁྲོ་བོ་དེ་ལ་འོག་ཏུ་བྱའོ།། ཐིག་གདབ་ཚོན་གྱི་ཆོ་ག་བྱ། དཀྱིལ་འཁོར་དབུས་སུ་བུམ་པ་གཙང་མ་ལ་རས་ཁ་ཚར་མ་ཉམས་པས་མགུལ་ཆིངས་བྱ། དེར་སྙིང་པོ་ལྔ ་དང་། འབྲུ་ལྔ་དང་། སྨན་ལྔ་དང་། ཆུ་གཙང་མས་དགང་། དཀྱིལ་འཁོར་གྱི་ཟུར་བཞར་མདའ་བཞི་ལ་དར་སྣ་བཞི་བཏགས་ལ་བཞག། གཤིན་བུམ་མགུལ་ཆིངས་སྔོན་པོར་བྱས་ལ་བཞག་གོ།། དེ་ནས་དྲི་མ་བཅའ་སྟེ། དྲི་མ་ལ་མཚན་བྱེང ་བཏགས་ལ། གདུགས་དང་དར་སྣ་དང་མེ་ལོང་བཏགས་ལ་བཞུག་གོ།། དེ་ནས་བགེགས་བསྐྲད་པ་ནི། ལས་ཐམས་ཅད་པའི་སྔགས་བཟླས་ཤིང་ཡུངས་ཀར་ཕྱོགས་བཞིར་གཏོར་རོ།། དེ་ནས་བགེགས་མཐོ་བ་རྣམས་ལ ་ཕྱིའི་གཏོར་མ་གཏང་ལ་བདེན་པ་བདར་ཏེ་འདི་སྐད་དོ།། ཚེ་འདས་པའི་བླ་འདི་རྒྱལ་པོ་འམ། མ་མོ་འམ། བཙན་ནམ། བདུད་དམ། རྨུ་འམ། ཀླུ་འམ། ས་བདག་གམ། ཐེ་བྲང་ལ་སོགས་ཏེ། གང་གི་ལག་ན་ཡོད་ཀྱང་རུང་སྟེ། ཁྱེད་ལ་བླུད་གཏོར ་རིན་པོ་ཆེས་བརྒྱན་པ་འདི་འབུལ་གྱིས། འདི་བཞེས་ལ་གསོན་གྱི་ཚེ་ལ་མ་གནོད།། གཤིན་གྱི་བླ་མ་བཅང་བར་རྣལ་འབྱོར་པའི་བཀའ་ལ་ཉོན་ཅིག། དེ་སྐད་བྱས་ལ་ལས་རྒྱུ་འབྲས་ཀྱི་ཆོས་བཤད་ལ། གཏོར་མ་སྔགས་དྲུག་ཕྱག་རྒྱ ་དྲུག་གིས་བྱིན་གྱིས་བརླབ་བོ།། བགེགས་དམའ་བ་རྣམས་ལ་ཕོ་ཉ་དགྱེས། རྡོ་རྗེའི་ལེའུ་གདོན། ཡུངས་ཀར་གཏོར་རོ།། དེ་ལྟར་བྱས་ལ་དྲི་མ་ལ་བླ་ཡང་ཡང་དགུག་གོ།། དེ་ནས་ཏིལ་ལ་སྡིག་པའི་གཟུགས་བྱས་ལ་ཚེ་འདས་ཀྱི་སྡིག་པ ་འདི་ལ་བསྟིམ། དེ་ནས་ཞི་བའི་སྦྱིན་བསྲེག་བྱ། དུས་གསུམ་དུ་མཆོད་པ་དང་གཏོར་མ་ཆ་གསུམ་བཏང་ངོ་།། དུག་སྦྱང་བ་ནི་དེ་ཡང་དོག་པར་བྱེད་ཅིང་སྡིག་སེལ་བ་ཞེས་སོ།། ཁྲུས་ཆོ་ག་བཤད་དེ། བུམ་པའི་ནང་དུ་ཆུ་དང་སྨན་དང་། སྤོས་ལྔ་ལ ་སོགས་པ་བླུགས་ལ། བུམ་པའི་ཁར་པདྨ་འདབ་མ་པ་བརྒྱད་པ་དཀར་པོ་ཅིག་བསམ་ལ། རྒྱུད་ལས་དཔལ་ལྡན་སངས་རྒྱས་པདྨ་སྒྱུས་ཞེས་སོ།། དེའི་སྟེང་དུ་ཨ་ལས་འཇམ་དཔལ་ཡེ་ཤེས་སེམས་དཔའ་བསྒོམ་མོ།། རྒྱུད་ལས། རྫོགས ་པའི་སངས་རྒྱས་ཨཱ་ལས་བྱུང་གསུང་ངོ་།། དེ་ལ་ཛཿཧཱུཾ་བཾ་ཧོཿས་ཡེ་ཤེས་པ་དགུག་གཞུག་བྱ། ལས་ཐམས་ཅད་པའི་སྔགས་བཟླས། འཇམ་དཔལ་གྱིས་གསང་གནས་ནས་བདུད་རྩིའི་ཆུ་རྒྱུན་བྱུང་ནས་བུམ་པ་དཀར་མེར་གྱིས་ཁེངས་པར་བསམ་མོ།། ་དེ་དེ་ན་ས་ཁྲུས་བྱ་སྟེ། མེ་ལོང་ནང་དུ་མཚན་བྱང་གསལ་བར་བྱས་ཡ། ཨ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ།། འདི་དག་འཇིག་རྟེན་དུག་གསུམ་སྟེ།། སངས་རྒྱས་བདེན་པས་དུག་མི་མངའ།། སངས་རྒྱས་བདེན་པས་དུག་བཅོམ་མོ།། ཆོས་དང ་དགེ་འདུན་ཡང་དེ་བཞིན་དུ་སྦྱར་རོ།། ས་ནི་དུག་གི་ཕ་ཡིན་ཏེ། ས་ནི་དུག་གི་མ་ཡང་ཡིན། བདེན་པའི་བདེན་ཚིག་འདི་བརྗོད་པས། ཚེ་འདས་དུག་ནི་དུག་མེད་ཤོག། ལས་ཐམས་ཅད་པའི་སྔགས་ཀྱིས་ཁྲུས་གསུམ་དུ་བྱའོ།། ཞག་བདུན་པའི ་ཐ་མ་ལ་ཕྱིར་མི་ལྡོག་པར་བྱ་བའི་ཕྱིར། བུམ་པས་དབང་བསྐུར་ལ། ཕྱོགས་བཤིར་ཕྱིན་ལྔ་འདི་སྐད་དོ།། ཚེ་འདས་ཉོན་མོངས་སྙིང་རེ་རྗེ།། གལ་ཏཾ་ལས་ཀྱིས་དབང་བཙན་ནས།། ཤར་གྱི་ཕྱོགས་སུ་སྐྱེ་སྲིད་དོ།། ཤར་གྱི་ཕྱོགས་སུ་སྐྱེས་པ་ན།། ་དེ་ན་སྐྱོབ་པའི་མགྲིན་པོ་བཞུགས།། མགོན་པོའི་མིང་ནི་རྣམ་སྣང་མཛོད།། མགོན་པོའི་མིང་ནཱི་ཡུལ་འཁོར་སྲུང་།། སངས་རྒྱས་དེ་ལ་ཕྱག་འཚལ་ལོ།། མགོན་པོ་དེ་ལ་སྐྱབས་སོང་ཅིག། དེས་ཕྱོགས་འོག་མ་གསུམ་འདྲིའོ།། ལྷོར་རོན་འབྱུང ་མགོན་པོའི་མིང་ནི་འཕགས་སྐྱེས་པོ།། ནུབ་སྣང་བ་མཐའ་ཡས།། མགོན་པོའི་མིང་ནི་སྤྱན་མི་བཟང་།། བྱང་སངས་རྒྱས་དོན་ཡོད་གྲུབ་པ།། མགོན་པོའི་མིང་ནི་རྣམ་ཐོས་སྲས།། དེ་ནས་ཚེ་ལས་འདས་པའི་རིགས་པ་ཨ་དཀར་པོར་བསམ། ཨ ་དེ་འཇམ་དཔལ་གྱི་ཐུགས་ཀར་འཕང་ངོ་།། དེ་ནས་བྱང་བུ་མར་མེ་ལ་བསྲེག།། ཐ་མ་ལ་ཚ་ཚ་གདབ།། ཚེ་འདས་པའི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་གདབ་བོ།། སྡོམ་པ་བཟུང་བློས་མཛད་པ་འབྱོ་ལོ་ཙཱ་བ་དྷརྨཱ་བྷིས་བསྒྱུར ་བ་རོའི་རབ་གནས་ཆོ་ག་རྫོགས་སོ།། ། ས་མ་ཡ།། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། ཤྲཱི་བ་ལཱ་ཕ་ནི་གདགས་པ་རོ་བསྲེག་པ། མཎྜལ་དྲུག་གི་ཆོ་ག་ཏུ། དེ་ནས་རོ་ཁང་བུར་བཅུག་ལ། ས ་