| Wylie | e-texts produced with BDRC’s OCR application |
ལྷ་བ་སྐྱུག་པ་ཞིག་བསྒོམ་མོ།། དེ་ལ་ཨོཾ་ཧཱུཾ་ཧྲཱིཿཞེས་བརྗོད་པས་ལས་ཀྱི་རླུང་བསྐྱེད་པས་བསོད་ནམས་ཀྱི་མེ་སྦྱར་བས་དམ་ཚིག་གི་བདུད་རྩི་དྲོས་ཡེ་ཤེས་ཀྱི་བདུད་རྩིར་གྱུར། ལས་ཐམས་ཅད་པའི་སྔགས་ཀྱི་མཇུག་ལག་ཎཱ་ཙཀྲ་ཨི་དཾ་བ ་མི་གྲྀ་ཧཱ་གྲྀཧྞ་ཁཱ་ཧི་ཁཱ་ཧི་ཞེས་ལྡན་གསུམ་གྱིས་བླ་མ་དམ་པ་རྣམས་དང་ཡི་དམ་གྱི་ལྷ་ཚོགས་རྣམས་དང་། རྡོ་རྗེ་མཁའ་འགྲོ་མའི་ཚོགས་རྣམས་དང་། ཆོས་སྐྱོང་བའི་སྲུངས་མ་ཐུགས་ངམ་ཅན་རྣམས་ཕྱིའི་མཆོད་པ་ནང་གི་མཆོད་པ། ་གསང་བའི་མཆོད་པར་བཞེས་ཤིག། བག་ཆགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་རྒྱུ་དང་འབྲས་བུ་ནས་ཞི་བར་མཛད་དུ་གསོལ་ལོ་ཞེས་བརྗོད་ལ་གཏོར་མ་གཏང་། དེ་ནས་ཆོས་ཀྱི་སྦྱིན་པ་བཏང་། གཏོར་མའི་ཆོ་ག་རྫོགས་སོ།། ་ཨཱི།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། སྔགས་པ་མཚན་ཉིད་དང་ལྡན་པ་ཡིས་ཞིག་བདུན་རོ་རབ་གནས་བྱ་སྟེ། དེ་ཡང་། དྲན་སོང་ཐམས་ཅད་རྣམ་སྦྱོང་བ། མགོན་པོ་སེམས་ཅན་ཀུན་གྱི་མཆོག་གསུང་ངོ་།། ཤི་བ་སྦྱང་བ་བསྟན་ཏེ། ་དཀྱིལ་འཁོར་ཆོ་ག་རྫོགས་བྱ་སྟེ། ཞི་བའི་དཀྱིལ་འཁོར་སྟེང་དུ་བྱ། ཁྲོ་བོ་དེ་ལ་འོག་ཏུ་བྱའོ།། ཐིག་གདབ་ཚོན་གྱི་ཆོ་ག་བྱ། དཀྱིལ་འཁོར་དབུས་སུ་བུམ་པ་གཙང་མ་ལ་རས་ཁ་ཚར་མ་ཉམས་པས་མགུལ་ཆིངས་བྱ། དེར་སྙིང་པོ་ལྔ ་དང་། འབྲུ་ལྔ་དང་། སྨན་ལྔ་དང་། ཆུ་གཙང་མས་དགང་། དཀྱིལ་འཁོར་གྱི་ཟུར་བཞར་མདའ་བཞི་ལ་དར་སྣ་བཞི་བཏགས་ལ་བཞག། གཤིན་བུམ་མགུལ་ཆིངས་སྔོན་པོར་བྱས་ལ་བཞག་གོ།། དེ་ནས་དྲི་མ་བཅའ་སྟེ། དྲི་མ་ལ་མཚན་བྱེང ་