| Wylie | e-texts produced with BDRC’s OCR application |
དེ་ནས་རང་འཇམ་དཔལ་དུ་སྐད་ཅིག་གིས་བསྐྱེད་ལ། ལས་ཐམས་ཅད་པའི་སྔགས་ལན་ཅིག་བརྗོད་སྟོང་པར་བསམ་མོ།། དེའི་ངང་ལས་བུམ་པའི་ནང་དུ་བྲུཾ་འཕྲོས་འདུས་པས་ཕྱི་རིན་པོ་ཆེ་གསེར་གྱི་བུམ་པ་ལ། ནང་རིན་པོ་ཆེ་ལྷའི ་གཞལ་ཡས་ཁང་ཕྱི་ནས་བལྟས་ན་ནང་གསལ།། ནང་ནས་བལྟས་ན་ཕྱི་གསལ་བ། ཅིག་ཏུ་བསྒོམ། བུམ་པའི་ཁར་པདྨ་འདབ་བརྒྱད་པ་ཅིག་བསམ། རྒྱུད་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་གསུང་ངོ་།། དེ་ལ་ཛཿཧཱུཾ་བ ་ཧོཿས་ལ་ཨ་ལས་འཇམ་དཔལ་བསྒོམ། རྒྱུད་ལས། རྫོགས་པའི་སངས་རྒྱས་ཨ་ལས་བྱུང་གསུང་ངོ་།། དེ་ལ་ཛཿཧཱུ~ཾ་བཾ་ཧོཿས་ཡེ་ཤེས་པ་དགུག་གཞུག་བྱ། ལས་ཐམས་ཅད་པའི་སྔགས་བཟླས་པས། འཇམ་དཔལ་གྱིས ་གསང་བ་ནས་བདུད་རྩི་ཆུ་རྒྱུན་བྱུང་ནས་བུམ་པ་ཁེངས་པར་བསམ་མོ།། ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་འོད་དུ་ཞུ་ནས་ཁྲུས་ཆུ་དང་འདྲེས་པར་བསམ་མོ།། ནང་ཟབ་མོ་སྔགས་ཀྱི་ཁྲུས་ནི། འཇམ་དཔལ་དུ་སྐད ་