CLOSE WINDOW

GT966: rdo rje glu'i gdams ngag
Wyliee-texts produced with BDRC’s OCR application

འཁོར་ལོ་སྣ་ཚོགས་འཆང་།། སངས་རྒྱས་ཞབས་ཀྱི་བཀྲ་ཤིས་ཤོག། སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ། བླ་མ་རྣམས་ལ་ཕྱག་འཚལ་ལོ།། ་ཐོག་མར་དགེ་བའི་དོན། སྦྲུལ་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་བཛྲ་ཏིཀྵྞ་རྡོ་རྗེ་རྣོན་པོ་བཅོམ་ལྡན་སྣང་བ་མཐའ་ཡས་སོ།། དུཿཁཙྪེ་ད་མི་མཐུན་པའི་སྡུག་བསྔལ་བཅོད་པ་མི་བསྐྱོད་པའོ།། པྲཛྙཱ་ཛྙཱ་ན་མུརྞྞ་ཡེ། ཤེས་རབ་ཡཽ་ཤས་གཏི ་མུག་སལ་བ་རྣམ་སྣང་ངོ་།། ཛྙཱ་ནཱཾ་ཀཱ་ཡ། ཡེ་ཤེས་ཀྱི་སྐུ་འཕྲིན་ལས་བྱཱ་ད་པ་དོན་ཡོད་གྲུབ་པའོ།། བཱ་གཱི་ཤྭ་ར་ངག་གི་དབང་ཕྱུག་གདུལ་བྱ་ཚིམ་པ། ཨི་ར་པ་ཙ་མུ་སྐྱེས་པའི་དོན་རིན་ཆེན་འབྱུང་ལྡན། ཨོཾ་ཏེ་ཏཱ་ཧཱུཾ་བང་བའི་དོན་རྟོགས། དེ ་ན་ཧཱུཾ་བདེ་བའི་དོན་རྟོགས། ཏེ་ནཱ་ཧཱུཾ་བདེ་བའི་ལམ་རྙེད་ཏཱི་ཏྭེ་ཏེ་ན་ཧཱུཾ་གོ&སཾ་སུ་མེད་པའི་བདེ་བ་ཐོབ་པའོ།། ཡེ་ཏེ་ན་མཿཐེག་ཆེན་མ་ནི་རཾ་བློ་ཡིན་ནོ།། བཪྵ་དུ་དགེ་བྱའི་དོན་ནི། ལོངས་སྒྱུ་ལམ་དུ་བྱིང་པ་རྡོ་རྗེའིརཱི་གྷཱ་ནེ། ཨོཾ་སྐྲྀ་ཏོ་དྷཾ་དེ་ཆོས་ཐམ ་ཅད་རང་བཞིན་སྐྱེ་མིང་ཀྱི་ངོ་བོར་གནས། ཛྙཱ་ན་མུརྟྟིར་ཙཾ། ཡེ་ཤེས་ཀྱི་བདེ་བ་རང་ལ་ཡོད། བུདྡྷོ་བུདྡྷཱ་ནཾ། སངས་རྒྱས་སེམས་ཅན་ཡེ་ནས་གཉིས་སུ་མེད། ཏྱེ་དྷཱི་བིརྟི་ནཱཾ། དུས་གསུམ་གྱི་དོན་བརྗོད་པོ་ལས་འདས་པའི་གནས་ཡིན། བང་པའི་དོན་སྟོ། ་ཏྭེ་ན་ཧཱུཾ། བདེ་བའི་ལམ་རྙེད། ཏེ་ཏྭེ་ཏེ་ན་ཧཱུཾ་ཐབས་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཐོབ་པོ།། མཐར་ཐུག་པའི་དོན་ནི། ཆོས་སྐུ་ལམ་དུ་བྱེད་པ་རྡོ་རྗེའི་གླུ་ནི། ཨོཾ་སརྦ་དྷརྨྨ་ཨཱ་ཨཱ། ཆོས་ཐམས་ཅད་སྐྱེ་བ་མེད་པ ་ཉིད.ོཾ་སརྦ་དྷརྨ་ཨི་ཨཱི་སྐྱེ་བུ་མེད་པ་ཉིད་དུ་སྣང་། ཨོཾ་སརྦ་དྷརྨྨ་ཨུ་ཨཱུ། མ་སྐྱེས་ཆོས་རྣམས་དུས་གསུམ་ཡིད་ཀྱིས་དྲན། ཨོཾ་སརྦ་དྷརྨཱ་ཨེ་ཨཻ། ཆོས་རྣམས་སྐྱེ་མེད་མི་འདའ་དམ་ཚིག་ཉིད། ཨོཾ་སརྦ་དྷརྨཱ་ཨ་ཨོ་ཨཽ། ཆོས་རྣམས ་ཐང་ལོངས་སྤྱོད་མཆོག། ཨོཾ་སརྦ་དྷརྨཱ་ཨཾ། ཆོས་རྣམས་ཐམས་ཅད་འབྲས་བུ་བདེ་བ་ཆེ། ཨོཾ་སརྦ་དྷརྨཱ་ཨུཿཆོས་སྐུ་བདེ་བ་ཆེན་པོ་ཉིད་ཀྱི་དོན། ཨོཾ་ཏེ་ཏེ་ཧཱུཾ་བདེ་བའི་རྟོགས་དེ་ན་ཧཱུཾ། བདེ་བའི་ལམ་རྙེད། ཏེ་ཏེ་ཏེ་ན་ཧཱུཾ་གཉིས་སུ ་མེད་པའི་བདེ་པ་ཐོབ། ཡ་ཏེ་ན་མཿཐེག་ཆེན་མ་ནོར་བ་ཡིན་གླུ་དང་པོ་བུམ་དབང་ཐོབ་པས་བླང་། གླུ་བར་པོ་དེ་གསང་དབང་དང་། ཤེས་རབ་ཡེ་ཤེས་ཐོབ་པས་བླང་།། གླུ་གསུམ་པ་དེ་དབང་བཞི་ཐོབ་པའི་རྣལ་འབྱོར་པ་ཆེན་པོས་བླང ་ངོ་རྡོ་རྗེ་གླུའི་གདམས་ངག་རྫོགས་སོ།། ། ཨོཾ།། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། ཁྲུས་ཀྱི་ཆོ་ག་བྱ་སྟེ། དེ་ཡང་རྒྱུད་ནས། དག་པར་བྱེད་ཅིང་སྡིག་སེལ་བ།། ཞེས་པས། ཁྲུས་ཀྱི་ཆོ་ག་བཤད་དེ། དེ་ལ་གཉིས། ་ཁྲུས་དང་། ནང་གི་ཁྲུས་སོ།། དང་པོ་ཕྱིའི་ཁྲུས་བྱ་སྟེ། ས་གཙང་མེ་ལ་མཎྜལ་བྱས་ལ། དེའི་སྟེང་དུ་བུམ་པ་སྐྱོན་སྤངས་པ་བཞག། རས་ཁ་ཚར་མ་ཉམས་པས་བུམ་པའི་མགུལ་ཆིངས་བྱ།། འབྲས་བུ་ཅན་གྱི་ཤིང་གིས་བུམ་པའི་ཁ་རྒྱན་བྱ་བ་བྱང ་དུ་ཆུ་གཙང་མས་བཀང་ལ། སྙིང་པོ་རྣམས་པ་རྫ་ལྔ། འབྲུའི་སྙིང་པོ་ཏིལ། རྩི་ཐོག་གི་སྙིང་པོ་མར། ཤིང་ཐོག་གི་སྙིང་པོ་པུ་རཱམ། མེ་ཏོག་གི་སྙིང་པོ་སྦྲང་རྩི། ཆུའི་སྙིང་པོ་ལན་ཚྭའོ།། འབྲུ་ལྔ་ལ། ནས། གྲོ། ཏི་ལ། ཁྲེ། འབྲས་སོ།། སྨན་ལྔ་ལ། སྟག ་ཚེར་མ། དབང་པོ་ལག་པ། ཕྱི་མོར། ཤུ་དག། སླེ་ཏྲིས་སོ།། སྤོས་ལྔ་ལ། ཨ་ཀ་རུ། ཙན་དན་དཀར་དམར། ག་པུར། ཛཱ་ཏི། གླུ་རྩིའོ།། དེ་དུད་འགྲོའི་ས་བློན་ཡིན་པར་འདོད། རྫས་དེ་རྣམས་བུམ་པའི་ནང་དུ་བླུགས་ལ། མཎྜལ་སྟེང་དུ་བཞག ་དེ་ནས་རང་འཇམ་དཔལ་དུ་སྐད་ཅིག་གིས་བསྐྱེད་ལ། ལས་ཐམས་ཅད་པའི་སྔགས་ལན་ཅིག་བརྗོད་སྟོང་པར་བསམ་མོ།། དེའི་ངང་ལས་བུམ་པའི་ནང་དུ་བྲུཾ་འཕྲོས་འདུས་པས་ཕྱི་རིན་པོ་ཆེ་གསེར་གྱི་བུམ་པ་ལ། ནང་རིན་པོ་ཆེ་ལྷའི ་