CLOSE WINDOW

GT965: skyabs 'gro sems bskyed dbang bzhi'i gdams pa
Wyliee-texts produced with BDRC’s OCR application

གཞན་ནས་གསལ་ལོ།། རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བླ་མ་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ། ད་ནི་སྨོན་འཇུག་གཉིས་དང་ལྡན་པའི་སེམས་བསྐྱེད་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག ་མིང་འདི་ཞེས་བགྱི་བ་སྐྱེ་བ་ནས་ད་ལྟར་ལུས་འདི་བླངས་པ་ཚུན་ཆད་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བ་རྣམས། བླ་མ་དཀོན་མཆོག་ཡི་དམ་མཁའ་འགྲོའི་སྤྱན་སྔར་མཐོལ་ལོ་བཤག་སོ།། ་ད་ནི་སྐྱབས་སུ་འགྲོ་བ་སྟེ།། བདག་མིང་འདི་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ལ་སྐྱབས་སུ་མཆིའོ།། ཆོས་ལ་སྐྱབས་སུ་མཆིའོ།། དགེ་འདུན་ལ་སྐྱབས་སུ་མཆིའོ།། ད་ནི་སྡོམ་པ་བཟུང ་སྟེ། བླ་མ་དཀོན་མཆོག་གི་སྤྱན་སྔར། སངས་རྒྱས་རྣལ་འབྱོར་སྡོམ་པ་ལ། ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། དགེ་པའི་ཆོས་ནི་སྡུད་པ་དང་། སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ།། བདག་གིས་རྟག་པར་གཟུང་བར་བགྱི།། དེ་ནི་སྨོན ་བའི་སེམས་བསྐྱེད་དོ།། ད་ནི་འཇུག་པར་བྱ་སྟེ། དང་པོར་བཤགས་པ་བྱ་སྟེ། བླ་མ་ཡི་དམ་མཁའ་འགྲོ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་ཐོག་མ་མེད་པ་ནས་ད་ལྟའི་ལུས་འདི་བླངས་པ་ཡན་ཆད ་དུ་མི་དགེ་བའི་ལས་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། གཞན་བགྱིད་པ་ལ་རྗེས་སུ་ཡི་རང་བ་རྣམས། བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ་བཤགས་སོ།། བདོག་མིང་འདི་ཞེས་བགྱི་བ་སྙིང་པོ་བྱང་ཆུབ་ལ་ཐུག་གི་བར་དུ ་བླ་མུ་ལ་སྐྱབས་སུ་མཆིའོ།། ཡི་དམ་ལ་སྐྱབས་སུ་མཆིའོ།། མཁའ་འགྲོ་ལ་སྐྱབས་སུ་མཆིའོ།། ད་ནི་སྡོམ་པ་བཟུང་བར་བྱ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་ཏེ།། བླ་མ་ཡི་དམ་མཁའ་འགྲོ་གསུམ།། དེང་ནས་བརྩམས་ཏེ་གཟུང ་བར་བགྱི།། ནམ་དུ་ཡང་ནི་མི་གཏོང་ངོ་།། རྡོ་རྗེ་རིགས་མཆོག་ཆེན་པོ་ཡསི།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་།། ཡང་དག་ཉིད་དུ་གཟུང་བར་བགྱི།། སློབ་དཔོན་དག་ཀྱང་གཟུང་བར་བགྱི།། རིན་ཆེན་རིགས་མཆོག་ཆེན་པོ་ཡིས།། དམ་ཚིག་ཡིད་དུ ་འོང་བ་ལ།། ཉིན་རི་བཞིན་དུ་དུས་དྲུག་དུ།། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན།། བྱང་ཆུབ་ཆེན་པོ་ལས་བྱུང་བའི།། པདྨའི་རིགས་ཚོན་དག་པ་ལ།། ཕྱི་ནང་གསང་བ་ཐེག་པ་གསུམ།། དམ་པའི་ཆོས་ཀྱང་གཟུང་བར་བགྱི།། ལས་ཀྱི་རིགས་མཆོག་ཆེན་པོ ་ཡིས་སྡོམ་པ་ཐམས་ཅད་ལྡན་པར་ནི།། ཡང་དག་ཉིད་དུ་གཟུང་པོར་བགྱི།། མཆོད་པའི་ལས་ཀྱང་ཅི་ནུས་བགྱི།། བྱང་ཆུབ་སེམས་ནི་བླ་ན་མེད།། དམ་པ་བདག་གིས་བསྐྱེད་པར་བགྱི།། སེམས་ཅན་རྣམས་ཀྱི་དོན་གྱི་ཕྱིར།། བདག་གིས ་སྡོམ་པ་མེ་ལུས་བཟུང་།། མ་གྲོལ་བ་རྣམས་བདག་གིས་དགྲོལ།། མ་བསྒྲལ་བ་རྣམས་བདག་གིས་བསྒྲལ།། དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་།། སེམས་ཅན་མྱ་ངན་འདས་ལ་དགོད།། ཅེས་འཇུག་གོ།། ནུབ་དང་པོ་ལ་སྨོན་འཇུག་གི ་སེམས་བསྐྱེད་དོ།། སོ་ཤིང་དོར་ལ་རང་རེའི་རྨི་ལམ་བརྟག་གོ། དེ་ནས་དབང་བསྐུར་བར་བྱ་སྟེ། དཀྱིལ་འཁོར་སྒྲུབ་པའི་དུས་སུ་བཟླས་པ་བྱ་བ་ནི། ཨོཾ་བཱ་གཱི་ཤྭ་རི་མུཾ། ཨོཾ་བཛྲ་ཏིཀྵ་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མུརྟ་ཡ། དྷཱི་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་བཙ ་ནཱ་ཡ་ཏྭེ་ནཱ་མུཿ་ཨཱ་སརྦ་ཏཱ་ཐཱ་ལ་སོགས་པ་ལས་ཐམས་ཅད་པའི་བསྙེན་པ་རྫོགས་པར་བྱའོ།། ནུབ་གཉིས་པ་ལ་བྱང་ཆུབ་ལམ་དུ་དྲང་བ་ནི། མིག་རས་ཀྱིས་བཀབ་ལ་ལག་ཏུ་མེ་ཏོག་ཐོགས་ལ། སྒོའི་ཕྱི་ལོགས་སུ་བཞག་ལ། སློབ་དཔོན་ཉིད་ཀྱིས་འདི ་སྙིང་བརྗོད་དོ།། སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད།། ངང་དང་མོས་པ་ཙི་ལ་དགའ་ཞེས་ལན་གསུམ་བརྗོད་པསོ།། སློབ་མས་འདི་སྐད་བརྗོད་དོ།། བདག་ཅག་འཁོར་པཱ་ལས་བསྒྲལ་ཕྱིར།། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན།། སྲིད་པའི་འཁོར་ལོ་གནས ་སྦྱོང་བ།། དེ་རིང་བཤད་པའི་རིན་ཆེན་གྱིས།། གཙོ་བོས་བདག་ལ་བཀའ་དྲིན་གསོལ་ཞེས་ལན་ནོ།། ཡང་སློབ་དཔོན་གྱིས། མ་རིག་རྨོངས་པའི་བུ་མཆོག་ཁྱོད།། རྡོ་རྗེ་བྱང་ལམ་དྲངོས་ནས་ནི།། གསང་བའི་དཀྱིལ་འཁོར་བསྟན་པར་བྱ།། བླ་མེད་བྱང ་ཚུབ་ལམ་ནས་དྲང་བར་བྱའོ།། བཛྲ་ཀུ་ཤ་ཛཿཞེས་བརྗོད་པས་ལས་ཐམས་ཅད་པའི་སྔགས་ཀྱིས་བགེགས་བསྐྲད་དོ།། དེ་ནས་ལས་ཀྱི་སློབ་དཔོན་ལག་ཏུ་རྡོ་རྗེ་གཏད་ལ། ལག་པ་ནས་དྲངས་ནས་གྲལ་སོ་སོར་བྱའོ།། རང་གི་གདོང་གཡོགས ་བྱས་ལ་བཞག་གོ།། ཡང་སློབ་དཔོན་ཁོང་རང་གྲིས།། སྐལ་ལྡན་རིགས་ཀྱི་བུ་མཆོག་ཁྱེད།། ལས་དང་སྤྱོད་པ་ཅི་ལ་དགའ། བྱས་པས། ཡང་སློབ་མས། བདག་ནི་སྐལ་ལྡན་བདེ་ཆེན་ལ། འཕགས་པ་འཇམ་དཔལ་དངོས་གྲུབ་གསོལ། ཞེས་སོ།། དེ་ནས ་མེ་ཏོག་ལག་ཏུ་ཐོགས་ལ། ཐལ་མོ་སྦྱར་ལ་འདི་སྐད་བརྗོད་དོ།། བྱང་ཆུབ་རྡོ་རྗེ་འཇམ་དཔལ་ལ།། རིན་ཆེན་མེ་ཏོག་དམ་པ་འབུལ།། བདག་ཀྱང་འཇམ་དཔལ་སྐུར་གྱུར་ཅིག། འཇམ་དཔལ་སྐུ་ཡི་རྡོ་རྗེ་གསོལ།། པྲ་ཏཱིཙྪ་ཧོ་ཞེས་མེ་ཏོག་དབུལ་ལོ།། མེ་ཏོག་ལྷ ་ལ་ཚུང་ན་དེས་ཆོག་གོ།། མ་ཚུང་ན་ལན་གསུམ་བསྒྱུར་རོ།། དེ་ཡང་མ་ཚུད་ན་ལས་ཐམས་ཅད་བསྐུར་རོ།། དེ་ནས་སློབ་དཔོན་གྱིས་འདི་སྐད་བརྗོད་དོ།། དེ་རིང་དད་པའི་ཤུགས་ཀྱིས་ནི།། དཀྱིལ་འཁོར་དམ་པ་བསྟན་པར་བྱ། ་སྔགས་དང་ཕྱག་རྒྱ་བྱིན་གྱིས་བརླབས།། དམ་ཚིག་མཆོག་ཏུ་གྱུར་པར་བྱེད།། བཛྲ་ཙཀྵུ་པྲ་བེ་ཤྲ་ཕཊ། ཅེས་མིག་དབྱེའོ།། དེ་ནས་དབང་བསྐུར་ཏེ། དང་པོ་བུམ་པའི་དབང་བསྐུར་ཏེ་བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་བུམ་པ ་འོད་དུ་ཞུ་བ་ལས་དེ་འཁོར་ལོར་གྱུར།། འཁོར་ལོ་འོད་དུ་ཞུ། ཧཱུ~ཾ་དུ་གྱུར། དེ་ལ་རྡོ་རྗེ་མི་བསྐྱོད་པའི་དབང་ངོ་།། དེ་སྤྱིད་པོའི་ཐོག་ཏུ་བཞག་ལ་མཆོད་པ་དབུལ་ཏེ། མཆོད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བ ་བྱེད། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུནྡ་གྱི་སྒྲ་ཆེ་བཾ།། མཆོད་པ་ཆེན་པོ་གཏི་མུག་ཆེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། མཆོད་པ་ཆེན་པོ་ཁྲོ་བོ་ཆེ།། ཁྲོ་བ་ཆེན་པོ་སྒྲ་ཆེ་བ།། མཆོད་པ་ཆེན་པོ་ཆགས་པ་ཆེ།། ཆགས་པ ་ཐོཐམས་ཅད་སེལ་བར་བྱེད།། ཨོཾ་བཛྲ་པུཥྤེ་ཧཱུཾ། དྷཱུ་བཾ། ཨཱི་ལོ་ཀེ། གཱན་དྷེ། ནེ་ཝི་ཏྱེ། ཤབྡེ། ཧཱུ~ཾ། ཨོཾ་བཛྲེ་ཏིཀྵ་དུཿཁེཙྪེ་དཱ། པྲདྡྷི་ཛྙཱ་ན་མུརྟ་ཡེ་ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ། ཨཾ ་སྠི་ཏོ་ཧྲི་ཏི། ཛྙཱ་ན་མུརྟོ་ར་ཧཾ་བུདྡྷོ་བུདྡྷཱ་ནི་ཨེ་ཨཱ་སརྦ་ཏ་ཐཱ་ག་ཏ་ལ་སོགས་པ་ལས་ཐམས་ཅད་པའི་སྔགས་བཏིང་། དི་ནི་བུམ་དེབང་བསྐུར་རོ།། དེ་ནས་དབུ་རྐྱེན་དང་ཅོད་པན་གྱི་དབང་བསྐུར་ཏེ། དབུ་རྒྱན་དང་ཅོད་པན་མདུན་དུ་བཞག་ལ། ་དས་གོ་ཐུགས་གནས་འོ་དོག་སྟྱ་འབྱོས་ཏེ།། དཱབུ་རྒྱན་དང་སྟོང་པན་འོད་དུ་བུ། རློན་པ་ཆེའི་སུལ་སྲུངས་པ་ཅིག་ཏུ་གྱུར།། ན་པ་ཆེ་འོད་དུ་རྒྱུ་བས། རིན་ནེནྡྷ་ཡང་ལྡན་པཔ་ད།། སློབ་མའི་མུག་ལ་སྐྱོན་ལ། ནང་གི་མཆོད་པ་ས་མཆད་དོ།། དེ་ནས་རྡོ་རྗེ ་དབང་བསྐུར་ཏེ་རྡོ་རྗེ་ལས་འོད་འབྲོས་པས་རྡོ་རྗེ་འོད་དུ་ཞུ་ནུས་པདྨ་དམར་བི་གཅིག་ཏུ་གྱུར། པདྨཱ་དེ་ནུ་བཱས་ཨཾ་དུཾ་གྷུར། ཨོཾ་བྷུ་བས་སྣང་ཧཱུཾ་མཐའ་ཡས་ཀྱིས་དེབངྒེ་བསྒྱུར་རོ།། དེ་སློབ་མའི་ལག་ཏུ་བཞག་བྱས་མཆོད་བསྟོང་གོང་བནྠི་དུ་བྱཱ་། ་ནས་དྲིལ་བུའི་དབང་བསྐུར་ཏེ། སྒྲིབ་དཔོན་གྱི་མདུན་དུ་དྲིལ་བུ་བཞིག་ལ་ཐུགས་ཀ་ནས་འདི་འཕྲོས་པས་དྲིལ་བུ་ཐུ། བྷུ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར། ཟླ་བའི་དཀྱིལ་འཁོར་དུ་ཧ་ཅིག་ཏུ་གྱུར། དི་ལས་དོན་ཡོད་གྲུབ་པའི་དབང་ངོ་།། དྲིལ་བུ་སློ ་མའི་ལག་ཏུ་བཞག་ལ་མཆོད་བསྟོད་གོང་བཞིན་དུ་བྱའོ།། ། དེ་ནས་མིང་གི་དབང་བསྐུར་ཏེ། སློབ་དཔོན་གྱི་ཕྱག་གཡས་པའི་སྟེང་དུ་ཐུགས་ཀ་ནས་ཨ་དེ་འོད་དུ་ཞུ་ཟླ་བའི་དཀྱིལ་འཁོར་གཅིག་ཏུ་གྱུར། ཟླ་བ་འོད་དུ་ཁུ་ཨོཾ་དུ ་གྲུང་དེ་ལས་རྣམ་པར་སྣང་མཛད་ཀྱི་དབང་ངོ་།། སྐྱོབ་དཔོན་གྱི་ཕྱུག་སློབ་མའི་སྤྱི་བོའི་སྟེང་དུ་བེ་ནག་སྟེ། མཆོད་བསྟོད་གོང་བུཞིན་དུ་བྱའོ།། དེ་ལྟར་དབང་བསྐུར་བ་ནི་ཕུང་པོ་ནི་རིགས་ལྔའི་སངས་རྒྱས་ཀྱི། ཡེ་ཤེས་ལྔའི་དབང་པོའི ་བིཙོ་ངེས་ནི་བུམ་པའི་དབང་ངོ་།། གསང་བའི་དབང་ནི། བདག་སྒོའི་རྣལ་འབྱོར་དྲི་བྱས་ལ། དེའི་སྤྱི་གཙུག་ཏུ་བླ་མ་བསྒོམ།། དེའི་སྤྱི་གཙུག་ཏུ་གཽ་ཤིན་རྗེ་གཤི་ང་ཡབ་ཡུམ་བསྒྲིམ། དེར་སྤྱི་གཙུག་ཏུ་དུས་གསུམ་གྱི་བདེ་བར་གཤེགས ་པ་རྣམས་བསྒོམ་མོ།། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས། གཤིན་རྗེ་གཤེང་ཡབ་ཡུམ་ལ་ཐིམ་པར་བསམ། གཤིན་རྗེ་གཤེད་ཡབ་ཡུམ་སྙོམས་པར་ཞུགས་བྱང་ཆུབ་ཀྱི་སེམས ་ལ་བབས་ནས། བླ་མ་ཡབ་ཡུམ་ལ་ཐིམ་པར་བསམ། བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་དེ་དག་གི་ལམ་དུ་ཞུགས་ནས་ལྕེ་སྟངས་སུ་སྦྱར་ལ། ཨརྒྷ་དྲང་བསྲེས་ལ་སློབ་མའི་ལྕེ་སྟེངས་སུ་བཞག་ལ་སློབ་མེའི་ངག་སྐྱོན ་དག་པར་བསམ། དེ་མགྲིན་པར། དེ་སྙིང་ཁར། དེ་ལྟེ་བ་པདེ་རིམ་གྱིས་ཡར་དྲངས་པས་ངག་གི་ལོམ་དུ་ཞུགས། སྣ་བུག་གཡས་སུ་ཞུགས་ཏེ། གཡོན་དུ་ཞུགས། ངག་གི་རླུང་ནི་འགྲོ་འོང་བཟླས་པ་བྱས་པས་སྒྲ་ངོས་གཟུང་མེད་པས་ངག ་སྒྲ་གྲག་སྟོང་དུ་འགྲོ་སྟེ་ཇི་སྤྲད་ངོ་།། ཤེས་རབ་ཡེ་ཤེས་ཀྱི་དབང་ནི། རྣལ་འབྱོར་པ་གཡས་སུ་གཞག། རྣལ་འབྱོར་མ་གཡོན་དུ་བཞག། དེ་ནས་སློབ་དཔོན་གྱིས་རྡོ་རྗེ་དང་དྲིལ་བུ་མདུན་དུ་བཞག་ལེ། གཤིན་རྗེ་གཤེད་ཡབ་ཡུམ་དུ་བསྐྱེད་དོ།། རྡོ་རྗེ ་དེ་ལ་བདག་གི་ཐུགས་ཀ་ནས་འོད་ཟེར་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། སླར་འདུས་པས་ཡི་གེ་ཧཱུཾ་གཅིག་ཏུ་གྱུར། ཧཱུཾ་འོད་དུ་ཞུ་བ་ལས་འཇམ་དཔལ་གཤིན་རྗེ་གཤེད་སྐུ་མདོག་ནག་པོ་ཞལ་གཅིག ་ཕྱག་གཉིས་པ། གཡས་དབྱུག་ཐོ། གཡོན་སྡིགས་མཛུབ་དང་ཞགས་པ་བཅས་པ། གླང་ཆེན་སྟོད་གཡོགས། ཞིང་ཆེན་གཡང་གཞི་སྟག་གི་ཤམ་ཐབས་དང་། སྦྲུལ་གྱི་ཆུན་པོ་དང་ཐོད་པའི་ཕྲེང་བ་དང་། དུར་ཁྲོད་ཀྱི་ཆེས་ཅན་དུ་བསྐྱེད་ལ ་སློབ་མའི་ཐུགས་ཀར་བཞག་ལ། ཡེ་ཤེས་སེམས་དཔའ་གུག་གཞུག་བྱའོ།། དེ་ནས་རྡོ་རྗེ་དེ་སློབ་མའི་ལག་ཏུ་གཏང་ཐབས་ཀྱི་རང་བཞིན་དུ་དབང་བསྐུར་རོ།། རྡོ་རྗེ་ལ་བདག་གི་ཐུགས་ཀ་ནས་འོད་འཕྲོས་པས་དྲིལ་བུ་འོད་དུ་ཞུ། དྲིལ་བུའི་འོད་ཟེར་གྱིས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ། ཚུར་འདུས་པས་ཡི་གེ་ཨ་ཅིག་ཏུ་གྱུར། ཨ་དེ་འོད་དུ་ཞུ་བ་ལས་རྡོ་ཛྷཻཾ་ཕག་མོ་སྐུ་མདོག་དམར་མོ།། གཡས་གྲི་གུག། གཡོན་ཐོད་པ་བསྣམས་པ་གཅིག་ཏུ་བསྐྱེད་པ་སློབ ་མའི་སྤྱི་བོ་ཐོག་ཏུ་བཞག་ལ་ཡེ་ཤེས་དགུག་གཞུག་བྱའོ།། དེ་ནས་མོའི་ལག་པ་གཡོན་དུ་བཞག། དྲངོས་ཀྱི་རིགས་མ་མེད་ན་དྲིལ་བུའི་འོད་ཀྱི་རིག་མར་བསྒོམ་མོ།། དེ་ལྟར་ཤེས་རབ་ཀྱི་རིམ་པར་དབང་བསྐུར་རོ།། དེ་ནས་སློབ་དཔོན་གྱིས ་མཁའོ་གསང་བྱིན་གྱིས་བརླབ། སློབ་དཔོན་གྱིས་གསོང་བའི་གནས་ནས་ཧཱུཾ་ཅིག་འཕྲོས་པས་སློབ་མའི་གསང་བར་ཐིམ།། རྡོ་རྗེ་རྩི་ལྔ་པ་ཕྱེད་མ་ཅིག་ཏུ་གྱུར། རྡོ་རྗེའི་བུམ་པར་ཨོཾ་གྱིས་མཐུན་པ་ཅིག་ཏུ་གྱུར་པར་བསྒོམ། ཡུམ་གྷི་མཁའ ་གསང་བྱིན་གྱིས་བརླབ་སྟེ། བདག་གི་ཡུམ་གྱི་མཁའ་ལས་མ་དམར་མོ་ཅིག་འཕྲོས་པས་སློབ་མའི་ཡུམ་གྱི་གསང་བར་ཐཱ་མི། མ་དེ་ཞུ་བ་ལས་པདྨ་འདབ་མ་བརྒྱད་ཟེ་འབྲུ་དང་བཅས་པ་ཅིག་བསྒོམ། དེ་ནས་སློབ་དཔོན་གྱིས་ཧཱུཾ་ཞེས་བརྗོད ་པས་རྡོ་རྗེ་བསྐུལ། ཨེ་ཤིས་དྲིལ་བུ་བསྐུལ། ཨ་ཨཱ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲྀཿབྷ་ག་བཱན། ཛྙཱ་ན་མུརྟི་བཱ་གཱི་ཤྭ་རཾ། མ་ཧཱ་པ་ཙི། སརྦ་དྷརྨཱ་ག་ག་ན། ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨཱ་དྷཱ་ཏུ་ཛྙཱ་ན་གརྦྷེ་ཨཿཞེས་པས་སྐད་ཅིག་མ་ལ ་བསྐྱེད་དེ། བདེ་བ་ངོས་གཟུང་ངོ་།། དེ་ནི་བདེ་བ་བསྐུར་བའི་རིམ་པའོ།། །། དབང་གི་དོན་ལམ་དུ་བསླང་བ་ནི། དེའི་དུས་ལྔས་མ་གཡོས་པར་ཡབ་ཡུམ་གཉིས་ཀྱིས་བསྲུབས་པས་རླུང་མེའི་དྲོད་ཅན་གྱི་མེ་ལྕེ་ཨ་བ་དྷུ ་ཏཱི་ན་ཡར་ཞུགས་ཏེ། སྤྱི་བོ་གཙུག་ཏོར་གྱི་ཞུ་བ་ལས། ཀླད་རྒྱས་འདེབས་པའི་འཁོར་ལོའི་རྩ་བ་འདབ་མ་སུམ་ཅུ་རྩ་གཉིས་སྒྲོལ།། དེ་ལ་བདུད་རྩི་བྱང་ཆུབ་ཀྱི་སེམས་བབས་ཏེ་དགའ་བའོ།། བྱང་ཆུབ་ཀྱི་སེམས་དྲི་མགྲིན་པ་ལོངས་སྤྱོད ་འཁོར་ལོར་བསྒྲིལ་བས་རྩ་འདབ་མ་བཅུ་དྲུག་གྲོལ་ཏེ་མཆོག་དགའ། དེ་ཆོས་ཀྱི་འཁོར་ལོར་བསྐྱིལ་བས་རྩ་འདབ་བརྒྱད་གྲོལ་ཏེ་དགའ་བྲལ། དེ་ལྟོ་བ་སྤྲུལ་པའི་དཀྱིལ་འཁོར་དུ་བབས་རྩ་འོང་བ་དྲུག་ཅུ་རྩ་བཞི་གྲོལ་ཏེ། དེ་ལྷན་ཅིག་སྐྱེས ་པའི་དགའ་བའོ།། དེ་ལ་བླ་ནས་སུ་འཕངས་ཏེ་ཧཱ་ཧེ་ཞེས་པས་ལྟེ་བ་ནས་སྙིང་ཁར་དྲང་། ཧཱི་ཧི་ཞེས་པོས་སྙིང་ཁ་ནས་མགྲིན་པར་དྲང་། ཧཱུཾ་ཧཱུཾ་ཞེས་པས་མགྲིན་པ་ནས་ཀླད་པ་བདེ་ཆེན་དུ་དྲངས་པས་གཙུག་ཏེ་ར་ཆེན་པོའི་ཧཾ་ལས་སྤུར་ལེན་ལ་སྦུར ་འདུས་པའམ། ཁབ་ལེན་ལ་ལྕགས་འདུས་པ་བཞིན་དུ་ཁུབས་ཀྱིས་འདུས་སོ།། དེ་ལ་སེང་གེ་རྣམ་པར་རོལ་གྱིས་ཁྱབ་པར་བསྒོམ་མེ།། དེ་ལྟར་ཡང་དྲང་མ་དབང་བྱེད་ཡིན་པ་དེ་སྟོང་གི་ཉི་མས་ངོས་ཟིན་པར་བྱའོ།། ། དབང་བཞི ་པ་ནི་བཞི་པར་མིང་བཏགས་ཀྱང་གསུམ་པ་ལས་བསྐུར་བར་མི་འདོད་དོ།། གོང་མའི་ཉམས་དེ་སེམས་ཉིད་ལ་ངོ་སྤྱོད་པ་ལ་བཞི་ལས་ཤེས་ཟེར་རོ།། དེ་ལ་བཞི་པ་དབོང་གིས་པོ་སྤྱད་དེ། གདམས་ངག་ངོ་སྤྱད་ཀྱིས་སེམས་ངེས་ཐུང་ཤིག་བྱཱ། དར་ཅིག ་ལོན་པ་དང་། དེ་ཀ་རང་ཡིན་བྱས་ལ། ལག་པ་ན་མཁའ་ལ་ཡུག་བྱས་ལ། བཞི་པ་བདེ་བའི་དོན་ནོ།། ཕྱག་རྒྱ་ཆེན་པོའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་གཟུགས་དང་ཁྭ་དོག་ཏུ་མ་གྲུབ་པས་ན་མཁའ་ལ་ངོ་སྤྱད་དོ།། གསུམ་པའི་ཉམས་དེ་ངོས་གཟུང་དང་བྲལ་བས ་གཞོན་ནུ་མའི་བདེ་བ་ཉམས་སུ་མྱོང་དུ་ཡོད་པ་ལ་དབང་པོ་མངོན་སུམ་དུ་བསྟན་དུ་མེད། དེ་ཀ་ལ་ངོ་སྤྲད་པས་དབང་བཞི་པོའི་གདམས་ངག་གོ།། ལྟ་སྟངས་བཞིས་རིག་པ་སྤྲོས་དང་བྲལ་བར་ངོ་སྤྲད་དོ།། བུམ་པའི་དབང་གིས་དུས་སུ་རིགས་ལྔའི་དཀྲ ་ཤིཤེས་གསོལ་ཞིང་དབང་བསྐུར།། གསང་དབང་མན་ཆོད་དབང་བཞི་པ་རྫོགས་ནས་བཀྲ་ཤིས་ཀྱི་དབང་བསྐུར་ཏེ་དངོས་གྲུབ་བླང་ངོ་།། བཀྲ་ཤིས་གསོལ་བ་ནི། རྒྱུད་ལས། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པ་བཀྲ་ཤིས་སྟན་གྲགས་པག ་དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། ཞེས་སོ།། རྫས་ལ་བརྟེན་པའི་བཀྲ་ཤིས་ཀྱི་སྟོན་མོ་ནརྀ། འབྲང་རྒྱས་དང་། མར་དང་། ཐུད་དང་།། ཞོ་དང་། མངར་གསུམ་དང་། ཁུར་བ་དང་། ལ་ཕུག་དང་། ཟས་སྣ་མང་དུ་ཐིགས་ལ་རིགས་ལྔའི་བཀྲ་ཤིས་པ ་ཏེ། བཀྲ་ཤོས་དམ་པ་ཆོས་དབྱིངས་བསྐྱོད་པ་མེད་མོད་ཀྱང་།། རྒྱལ་བ་རིགས་ལྷའི་བཀྲ་ཤིས་བདེ་ལགས་ཤོག། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། དབུས་ཕྱོགས་སངས་རྒྱས་རིགས་ཀྱི་ཞིང་ཁམས་ནས། ་སྤྲོསྤོས་དང་བྲལ་བའི་བཀྲ་ཤིས་གང་ལགས་པ།། བཀྲ་ཤིས་དམ་པ་དེས་ཀྱང་དང་འདིར་བདེ་ལེགས་ཤོག། བཀྲ་ཤིས་འགྲེ། ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་ཞིང་ཁམས་ནས། རྡོ་རྗེ་རིགས་ཀྱི་བཀྲ་ཤིས་སྐྱེ་མཚོ་མེད།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ ་ལེགས་ཤོག། བཀྲ་ཤིས་ཀུན་གྱིས་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། ལྷོ་ཕྱོགས་རིན་ཆེན་རིགས་ཀྱི་ཞིང་ཁམས་ནས།། རིན་ཆེན་རིགས་ཀྱི་བཀྲ་ཤིས་དགོས་འདྲེང་འབྱུང་།། བཀྲ་ཤིས་ངམ་པ་དེས་ཀྱང་དང ་འདིར་བདེ་ལེགས་ཤོག། བཀྲ་ཤིས་ཀུན་གྱིས་བཀྲ་ཤྲིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དག། ནུབ་ཕྱོགས་པདྨ་རིགས་ཀྱི་ཞིང་ཁམས་ནས། སྐྱོན་མེད་པདྨ་ལྟ་བུའི་བཀྲ་ཤིས་ངེས།། བཀྲ་ཤིས་དམ་པ་དེས་ཀྱང་དང་འདིར་བདེ་ལགས ་ཤོག། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དག། བྱང་ཕྱོགས་ལས་ཀྱི་རིགས་ཀྱི་ཞིང་ཁམས་ནས།། ལས་རྣམས་གྲུབ་པའི་བཀྲ་ཤིསཾ་གང་ལགས་པ།། བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག། ་ཨོཾ་བུདྡྷ་ཀ་ལ་ཤ་ཨཱཾ་བྷི་ཥིཉྩ་ཨཱཾ། ཨོཾ་བཛྲ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་རཏྣ་ཀ་ལ་ཤ་ཨོཾ་བྷི་ཥིཉྩ་ཏཱཾ། ཨོཾ་པདྨ་ཀཱ་ལ་ཤྲ་ཨ་བྷི་ཥིཉྩ་ཧྲིཿ། ཨོཾ་ཀརྨ་ཀ་ལ་ཤ་ཨ་བྷི་ཥཱཉྩ་ཨཿ། ལོངས་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པྲ་རྒྱལ་པྲ ་རིགས་ལྔའི་བཀྲ་ཤིས་པ་དེ་བཞིན་དུ། བདག་ཅག་དཔོན་སླེབ་བཀྲ་ཤིས་པར་གྱུར་ཅིག། བཀྲ་ཤིས་རྫས་བརྒྱད་ཀྱི་བཀྲ་ཤིས་ནི།། བཀྲ་ཤིས་ཀུན་གྱི་བཀྲ་ཤཾས་པ།། ཆོས་ཀྱི་རྒྱལ་མཚན་ལགས་པར་འཛུགས།། སངས་རྒྱས་སྐུ་ཡི་བཀྲ་ཤིས ་ཤོག་ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན།། བུདྡྷ་གསུང་གི་བཀྲ་ཤིས་ཤེག། འོད་བཟང་འབར་བ་དཔལ་གྱི་བའུ།། བུདྡྷ་ཐུགས་ཀྱི་བཀྲ་ཤིས་ཤོག། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས།། བུདྡྷ་ད་བུ་ཡི་བཀྲ་ཤིས་ཤོག། སྤྱན་ལྔ་ཆགས་པ་མེད་པ་འཆང ་བུདྡྷ་སྤྱན་གྱི་བཀྲ་ཤིས་ཤོག། བུམ་པ་བཟང་པོ་ཆེ་བའི་མཆོག། བུདྡྷ་མགུལ་གྱི་བཀྲ་ཤིས་ཤོག། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ།། བུདྡྷ་ལྗགས་ཀྱི་བཀྲ་ཤིས་ཤོག། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ། སྤྲུལ་པའི ་འཁོར་ལོ་སྣ་ཚོགས་འཆང་།། སངས་རྒྱས་ཞབས་ཀྱི་བཀྲ་ཤིས་ཤོག། སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ་སློབ་དཔོན་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ། བླ་མ་རྣམས་ལ་ཕྱག་འཚལ་ལོ།། ་