| Wylie | e-texts produced with BDRC’s OCR application |
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། ཤཱཀྱ་ཐུབ་པས་གསུངས་པའི་འཇམ་དཔལ་མཚན་བརྗོད་འདི་ལ་ཟབ་པ་ད་རྒྱ་ཆེ་བ་གཉིས་ལས། འདི་རྒྱ་ཆེ་བའི་མན་ངག་གོ།། དོན་བརྒྱད་ལས་འདི་མན་ངག་གི་སའོ།། དེ་ལ་རིམ་གྱིས་པ ་དང་ཅིག་ཅར་བ་ལས་འདི་རིམ་གྱིས་པའི་སའོ།། དེ་ལ་བུམ་པའི་དབང་གི་དུས་སུ།། རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས། དེ་ཡང་། ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན་ཟེར།། དེ་ལ་བརྟེན་ནས་དཀྱིལ་འཁོར་གྱི་ཆོ་ག་བསྟན་ཏེ། སྨོན་འཇུག ་གཉིས་ཀྱིས་སློབ་མ་ལས་ལ་འཇུག་པའི་དུས་སུ། རི་ཡི་ཕུག་གྲམ་ཆུ་འགྲམ་མམ།། ལྷ་ཁང་མཆོད་རྟེན་དབེན་ས་དང་།། དུར་ཁྲོད་གནས་དང་ཤིང་དྲུང་དུ།། དེ་ལ་སོགས་ཏེ་གནས་ཡིད་དུ་འོང་བར། སློབ་དཔོན་བསྟན་བདེ་བ་ལ་འདུག་སྟེ། བསམ ་གཏན་ལཱ་གནས་པར་བྱའོ།། རྒྱུད་ནས། བསམ་གཏན་ཆེན་པོའི་ཏིང་འཛིན་གནས་གསུང་ངོ་།། དེ་ནས་རང་འཇམ་དཔལ་དུ་བསྒོམས་ཡ། ཚད་མེད་པ་བཞི་བསྒོམ། དེའི་རྗེས་ལ། ཨ་ཨཱ་སརྦྦ་ཏ་ཐཱ་ག་ཧྲྀ་ད་ཡ། ཧི་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿབྷ་ག་བཱན ་ཛྙཱ་ན་མུརྟི། བཱ་གཱི་ཤྭ་རཽ། མ་ཧཱ་པ་ཙ་སརྦ་དྷརྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་པས་བདག་དང་སྣང་སྲིད་སྟོང་པར་བསམ། དེའི་ངང་ལས་བདག་གཤིན་རྗེ་གཤེད་དུ་བསྒོམས་ལ། ས་སྣང་བ་ལ་བསླང་བ་དང་། མི་སྣང་བ ་འི་བསྒྲེང་བ་དང་།། བགེགས་བསྐྲད་པ་དང་། ས་སྦྱང་བ་དང་། ས་གཟུང་བའི་དང་། མཆོད་གཏོར་གྱིས་མཉེས་པར་བྱ་བ་དང་། ཀློག་འདོན་བྱ་བ་དང་། སྔོན་འགྲོ་རྣམས་བྱའོ།། དེ་ནས་དཀྱིལ་འཁོར་གྱི་སྟ་གོ་ནི་ནི་བདུད་རྩི་ཆུས་ཆག་ཆག་བཏབ ་ལ། གནམ་ཐིག་གདབ་པ་དང་། ས་ཐིག་གདབ་པ་དང་། ཚོན་བྱིན་གྱིས་བརླབ་པ་དང་། བྲི་བ་ལ་འཇུག་པར་བྱའོ།། དེ་ནས་ལྷ་དང་བུམ་པའི་སྟ་གོན་བྲཱ་སྟེ། བུམ་པ་དཀར་པོ་ནག་པོ་རཱ་རི་སྤངས་པ་ལ་རས་ཁ་ཚར་མ་ཉམས་པ་མང ་ཆིངས་བྱས་ལ་ཕྱག་རྒྱ་ལྷ་ཡང་གདགས།། དེ་ལ་སོགས་པའི་ཡོ་བྱད་རྒྱས་པ་རབ་སོག། དེ་ནི་བུམ་བིའི་སྟ་ཡིན་ནོ།། དེ་ནས་རྣལ་འབྱོར་པ་སྟེ་གོན་ལ་གནས་པར་བྱ་སྟེ། སྦྱོར་ཁྲུས་དང་ལྡན་པར་བྱ།། སྡིག་བཤགས་བྱ་སྐྱབས་འགྲོ་བྱས་ལ། སློབ་དཔོན ་འཇམ་ངོ་པ་ས་ཡོ་ཤེས་སེམས་ད་འཛིན་ལ་གནས་པར་བྱའོ།། དེ་ནི་སློབ་དཔོན་གྱི་སྟ་གོན་ནོ།། སློབ་མའི་སྟ་གོན་ནི་ཕྱིར་ཁྲུས་བྱས་ལ། སྡིག་པ་བཤགས་པ་དང་། སྐྱབས་སུ་འགྲོ་བ་དང་། བར་ཆོད་བསྲུང་བའི་ཕྱིར་སྲུང་སྲུང་གདགས་པ་དང ་དཔའ་བོ་འབྲུ་གསམ་གྱིས་བྱིན་གྱིས་བརླབ་པའོ།། དེ་ནི་སློབ་མིའི་སྟ་གོན་ནོ།། བར་དེར་ཞི་བའི་སྦྱིན་སྲེག་རྒྱས་པར་བྱའོ།། དབང་ཐོབ་པ་དང་མེ་ཐོབ་པ་གཉིས་སུ་ཤེས་པར་བྱའོ།། དབང་ཐོབ་ན་སེམས་བསྒྲེང་བྱ་མི་དགོས། བ་ན་སེམས ་བསྐྱེད་བྱ། གཉིས་པ་ལ་འཇུག། གསུམ་པ་ལ་རྫོགས་པར་བྱའོ།། དེ་ཡང་གསུམ་རིགས་གཅིང་མ་དག་པ་སྟེ་གསུང་། དབང་ཐོབ་པ་ཡིན་ན་བུམ་པ་གཅག་ལ་དབང་བཞི་སྟོན་ཐོག་ཏུ་བསྐུར། བྱིན་བརླབས་བརྟན་པར་བྱ་བའི་ཕྱིར་སྒོ ་ས་ཡིན་དངུལ་ལོ།། དེའི་ཆོ་ག་ནི་དང་པོ་ཁ་ནས་ས་བརླང་སྟེ། ས་བདག་ལྷ་ཀླུ་འཁོར་དང་བཅས་པ་རྣམས།། ས་ཡི་དམིགས་དང་ནེའུ་གསིང་ལུ་མ་རྣམས།། རྫིང་དང་ལྟང་ཀ་སོ་སོའི་གནས་རྣམས་ནས། ས་བདག་ཀླུ་གཉན་སྡེ་དང་འཁོར་དུ ་ས་ཡི་ལྷ་མོ་འཁོར་དང་བཅས་པ་རྣམས།། གནས་འདིར་སྤྱན་འདྲེན་མཆོད་ཀྱིས་གཤེགས་སུ་གསོལ།། དཀྱིལ་འཁོར་ཆེན་པོའི་ས་བསླང་ཕྱིར།། བྱིན་གྱིས་བརླབས་པའི་གཏོར་མ་འདི་བཞེས་ལ།། རིན་ཆེན་གསེར་གྱི་ས་གཞི་བསླང་དུ་གསོལ།། ལག་པ་གཡས ་ས་ལ་བརྡབས་པས། ས་གས་པའི་སེར་གནས་སའི་ལྷ་མོ་རོ་སྟོད་སྙེངས་དེར་བྱུང་ནས། ལག་པ་གཡས་པ་ཁས་ལེན་གྱི་ཕྱག། གཡོན་པ་བུམ་པ་བསྣམས་པ་དེ་ལྟར་བྱོན་པར་བསམ། དེ་ལ་གཏོར་མ་དང་མེ་ཏོག་དྲི་ཞིམ་པོས་མཆོད་ལ། འདོད་པའི ་དོན་ལ་གསོལ་བ་བཏབ་སྟེ། སྔོན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་སྲོང་ལ་བདུད་བཏུལ། ཐོ་རངས་མངོན་པར་རྫོགས་པོར་སངས་རྒྱས་ལ། ཡང་ས་གཞི་རིན་པོ་ཆེ་འདིའི་སྟེང་དུ་མཛད་པ་ལགས་པས། རྣལ་འབྱོར་པ་ཆེ་གེ་མོ་ཞེས་བགྱི་བ་ལ ་སོགས་པ་ཡང་། ཚོགས་གཉིས་བསགས་པའི་རྟེན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཕོ་བྲང་འདེབས་པར་འཚལ་བས་སའི་ལྷ་མོ་འཁོར་དང་བཅས་པས་ས་བདག་ཀླུ་གཉེན་ཀུན། ས་རིན་དུ་རིན་པོ་ཆེས་བརྒྱན་པའི་གཏོར་མ་འདི་བཞེས་ལ། དང ་པོ་དགེ་སྦྱོར་དབུ་བཟུང་བ་ནས། ཐ་མ་རྫོགས་པ་མཐར་ཕྱིན་ཕྱིན་དུ་ས་གནས་འདི་བདག་གི་ཡར་ལགས་པས། ས་འདི་བརྟན་པ་དང་བཀྲ་ཤིས་པར་མཛད་དུ་གསོལ་ལོ་ཞེས་བརྗོད་ལ་གཏོར་མ་སྦྱིན་ནོ།། དེའི་ཆོ་ག་འདི་སྐད་དོ།། ཧཱུཾ་སྐྱོབ་པ ་སངས་རྒྱས་རིན་པོ་ཆེ།། ས་དང་ཕ་རོལ་ཕྱིན་པ་ལས།། ལྷོ་མོ་འཁོར་དང་བཅས་དབང་དུ་གྱུར།། ཤཱཀྱ་ཐུབ་པ་སྐྱོབ་པ་ཡིས།། བདུད་ཀྱི་སྡེ་རྣམས་བཅོམ་པ་ལྟར།། དེ་བཞིན་བདག་གིས་བདུད་རྣམས་གཞོམ།། ཕམ་པར་བྱེད་དེ་དཀྱིལ་འཁོར ་བྷྲཱུཾ། ལྷ་མོ་ད་དེ་ཉིད་དུ་བིམ་པར་བསམ་མོ།། དེ་ནི་ས་བསླང་བའི་ཆོ་གའོ།། དེ་ནས་བདག་ཅིང་འཇམ་དཔལ་དུ་གསལ་བར་བསྒོམས་ལ། དེ་ནས་རྡོ་རྗེ་གསར་དྲིལ་བུ་གསལྔ་ཞིང་།། རྡོ་རྗེ་འགྲོས་ཀྱིས་བསྐོར་ཞོངས་གཞི་གཟུང་ངོ་།། དེ་ནས ་བདག་ཉིད་དཀྱིལ་འཁོར་ཀྱི་དབུས་སུ་བསྡད་དེ། ལས་ཐམས་ཅད་པའི་སྔགས་བརྗོད་ཅིང་སྣང་མིག་ཕྱོགས་བཅུར་བལྟ།། རྡོ་རྗེ་ན་མཁའ་ལ་གསོར་ཞིང་མཚམས་བཅད་དོ།། ང་ནས་དྲི་སྣ་ཚོགས་དང་སྤོས་ཀྱི་ཆུ་སྦྱར་ལ་ལག་ཏུ་ཐོགས་ལ། པུས ་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་འདི་སྐད་དོ།། ཧཱུཾ་བཅོམ་ལྡན་ཡེ་ཤེས་སེམས་དཔའ་ནི། དཀྱིལ་འཁོར་ཀུན་གྱི་བདག་པོ་སྟེ།། སློབ་མ་རྣམས་ལ་བརྩེ་བ་དང་།། དཀྱིལ་འཁོར་ཐིགས་རྗེའི་བདག་ཉིད་ཅན།། དེ་དག་སློབ་མར་བཅས་པ ་དཔང་མགོན་པོ་བདག་ནི་འབྱུང་བར་འཚལ།། ལས་ཐམས་ཅད་པའི་སྔགས་ཀྱི་དྲིའི་ཆུས་བྱུག་གོ།། བདག་གི་ཐུགས་ཀར་ཐིག་སྐུད་ཀྱི་སྣ་གཅིག་གཟུང་།། སློབ་མ་དེ་ཕྱག་ན་རྡོ་རྗེར་གསལ་བཏབ་པ། ཐིས་སྐུད་དེ་ལྟེ་བའི་ཁུང་དུ་གཟུང་ལ། ཧཱུཾ ་མཁའ་གང་བྱའི་བཅོམ་ལྡན་འདས། ཁྱེད་ཀྱིས་སེམས་ཅན་འགྲོ་དོན་མཛད།། ལས་ཐམས་ཅད་པའི་སྔགས་ཀྱིས་ཐིག་གདབ་བོ།། ཐིག་སྐུད་ཀྱི་སྒྲ་ཡིས་བདེ་བར་གཤེགས་པའ་ཐུགས་དམ་བསྐུལ་ནས་སེམས་ཅན་གྱི་དོན་མཛད་པར་བསམ ་མེད་ནི་ས་ཚོན་བྱིན་གྱིས་བརླབ་སྟེ། ཨོཾ་ཧཱུཾ་ས་ཧྲི་ཧ་བྲིས་ལ་རིགས་ལྔའི་དགུག་གཞུག་བྱའོ།། དེ་ཞུ་བས་རིན་པོ་ཆེ་ལྔའི་ཕྱེ་མར་གྱུར་ནས། དེས་བྲིས་ཏེ་གཡོན་པས་ང་ནས་པདྨའི་གདན་ལ་ཨེ་རེ་དགོད། དེ་ལས་ལྷའི་འཕྲོ་དུ་དང་བསྐྱེད་པ ་གཞན་ནས་གསལ་ལོ།། རྒྱུད་ཀྱི་རྒྱལ་པོ་འཇམ་དཔལ་གྱི་དཀྱིལ་འཁོར་གྱི་ཆོ་ག་བླ་མ་སྡོམ་པ་བཟང་པོས་མཛད་པ་རྫོགས་སོ།། ། ད་ནི་སྨོན་འཇུག་གཉིས་དང་ལྡན་པའི་སེམས་བསྐྱེད་བྱ་སྟེ། སློབ་དཔོན་དགོངས་སུ་གསོལ། བདག ་