CLOSE WINDOW

GT955: sangs rgyas kyi byang chub bsam gtan dug sel bar byed pa'i mar me zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ས་མཱ་ཏི་བུདྡྷི་པཱི་ཥ་གཱ་ཏ་བི་དྷི་དཱི་པཾ་ནཱ་མ། བོད་སྐད་དུ། སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་དུག་སེལ་བར་བྱེད་པའི་མར་མེ་ཞེས་བྱ་བ། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལ་ཕྱག ་འཚལ་མོ།། གང་གིས་དམ་པའི་ཞབས་ཀྱི་པདྨ་ལ།། ཡུན་རིངས་བཏུད་པའི་མཐུ་ནི་གཟི་བརྗིད་ལྡན།། གང་ཞིག་རྒྱུ་དེ་ལ་བཙན་ཐོབས་འཇུག་བྱེད་པ།། ཤེས་རབ་མིག་དང་མི་ལྡན་མཉམ་ངར་རྒྱུག། གདུང་པོ་གཅོད ་བྱེད་རྒྱུ་ནི་སེམས་དཔའི་ཤེས་རབ་སྟེ།། ཐམས་ཅད་ཐེག་ཆེན་ལམ་དུ་འཇུག་པའི་རིགས།། རབ་ཏུ་བྱེད་པའི་ལམ་དུ་མ་ཞུགས་པའི།། བསམ་གཏན་པ་ནི་ནགས་ཀྲུང་བུང་བ་བཞིན།། རིག་པའི་གནས་ལྔ་རྒལ་ཏེ་ཚར་གཅོད་གང་།། ་གཞུང་ལུགས་མི་ལྡན་པས་ནི་དོན་མ་རྙེད།། ཚོགས་རྒྱས་པ་ཡིས་རབ་ཏུ་ང་རྒྱལ་བ།། རྒྱལ་བའི་སྒོ་བ་བཞིན་དུ་བདེ་བླག་བྲལ།། ཡེ་ཤེས་དྲུག་གི་ཡུལ་ལ་མི་ཞུགས་ན།། ཡིད་ནི་ངང་ཚུལ་དྲན་པས་རྒྱ་ཚར་མིན།། རྟོགས ་དང་ཉམས་སུ་མྱོང་བའི་མཐའ་བྲལ་བས།། བརྟན་དང་གོམས་པ་མ་རྙེད་དུ་ཏ་ལ་འདྲ།། ཆོས་རྣམས་རྣམ་པར་དག་པའི་ཡེ་ཤེས་ནི།། གསེར་ལ་རྩིས་བསྒྱུར་རྒྱན་དུ་བྱས་པ་བཞིན།། གང་ཞིག་འབྲེལ་མེད་ཏིང་འཛིན་གང ་བསྒོམ་པ།། ཐམས་ཅད་མཁྱེན་པར་མི་རུང་སངས་རྒྱས་མིན།། བསྐྱེད་པའི་རིམ་ལ་གནས་ན་རྫོགས་རིམ་མཆོག། དེ་ཡང་སྙིང་པོ་སྦྱངས་ནསགཅོག་འགྱུར་བ།། རྣམ་པའི་མཆོག་དང་ལྡན་པའི་བདེ་ཆེན་དེ།། ཡིད ་བཞིན་ནོར་བུ་གཙུག་ཏུ་བཏགས་པ་བཞིན།། བསྐྱེད་པའི་རིམ་པ་གཅེས་སྤྲས་མཛོད་འཛིན་ནུ།། ལྷ་ཡི་བག་ཆགས་ཉིད་ཀྱིས་གྲོལྔ་མི་འགྱུར།། དེ་བཞིན་ནུང་དང་ཟབ་མོའང་དེ་ཡིན་ཏེ། གླང་ཆེན་མིག་སྲུང་ཟུག་རྔུར ་གྱུར་པ་བཞིན།། ལྡོག་པ་གཅོད་ལ་ཆོས་རྣམས་བརྒྱད་ཁྲིར་བདེན།། དེ་ཕྱིར་རིགས་དང་ཡེ་ཤེས་བདེ་གཤེགས་གསུང་།། རང་བཞིན་ཤེས་ན་གར་ཡང་བདེ་བ་མེད།། མི་བདེན་མེད་ཕྱིར་ཀུན་མཁྱེན་ཚིག་གིས་དབུལ། ་དེ་ལྟར་བྱ་བའི་རིམ་པ་ཞེས་པ་ནི།། ཀ་ཤི་ཝ་རྣམས་མུ་ཏིག་རྙེད་པ་བཞིན།། སངས་རྒྱས་ཐམས་ཅད་བདེ་བ་ཆེ་ལ་གནས།། གོ་ཅིག་འདྲེས་ཤིང་འདུས་པས་མཉམ་པ་ཉིད།། གཅིག་ལ་བསྟོད་པས་ཐམས ་ཅད་བསྟོད་འགྱུར་བ།། ཡེ་ཤེས་སེམས་དཔའ་བརྗོད་པ་ཐུགས་མཐུན་ཡིན།། འཁོར་དང་མྱ་ང་འདས་ཆོས་སུ་ཅི་སྣང་དང་།། སྣ་ཚོགས་འབྲུ་དང་སྣ་ཚོགས་བྱེད་པ་དང་།། སོ་སོའི་རྒྱུད་ལ་བདེན་པར་སྣང་མོད་ཀྱང་།། ཡེ་ཤེས ་སེམས་དཔའི་སྤྲུལ་པ་ནོར་བུ་བཞིན།། འོན་ཀྱང་ཀུན་རྫོབ་ཙམ་དུ་ཐམས་ཅད་ཡོད།། གསུང་དག་པ་ལ་བརྟེན་ནས་འཕགས་པ་མཐོང་།། ཡིད་འོང་དེ་ནི་དགེ་བའི་ལས་ལས་བྱུང་།། སྡུག་བསྔལ་མི་སྟེན་ཕྱིར་ན་སྤང་བར ་བྱ་དེ་ཕྱིར་ག་སྣང་སྔགས་རྟེན་འབྲེལ་འབྱུང་བ་ཡི།། མཱན་ངག་རྒྱ་མཚོའི་གནས་ནི་རིན་ཆེན་བརྒྱུད།། འདི་ལས་འབྱུང་བཞིན་རྣལ་འབྱོར་པ་རྣམས་ཀྱིས།། སྐས་ཀྱི་རིམ་པ་བཞིན་དུ་རིམ་པར་བགྲོད།། མ་རིག་དང ་བཅས་ཤེས་པ་འདི་ཡིས་ནི།། གོ་བར་མ་རིགས་ཞེན་པའི་མཐུ་ལས་བྱུང་།། མི་གནས་སྙིང་པོ་རྒྱུད་ལས་སྐྱེས་པས་ན།། འཁྲུལ་པར་མི་རིགས་གདོད་མའི་མཐུ་ལས་བྱུང་།། རང་བཞིན་རྟག་ཅིང་མི་འགྱུར་རྟག་པ་ཉིད ་དྲི་ལྡན་པོ་ཤེས་རང་རིག་རྒྱུད་ལས་བྱུང་།། རང་བཞིན་རྒྱུད་ལ་ཇི་ལྟར་ཡང་གནས་པ།། བསམ་པར་མི་ནུས་ཨེ་མ་ངོ་མཚར་ཆེ།། སངས་རྒྱས་ཀྱི་བྱང་ཆུབ་བསམ་གཏན་གྱི་དུག་སེལ་བའི་མར་མེ་ཞེས་བྱ་བ། རྒྱ་གར་གྱི ་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ་རྫོགས་སོ།། རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ནཱ་ཀྲཱིནྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་ས+འུཉྫ ་