CLOSE WINDOW

GT954: rmi lam brtag pa
Wyliee-texts produced with BDRC’s OCR application

པོ་པྲཛྙཱ་ཤྲཱི་ཛྙཱ་ན་ཀཱིརྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། སྲ་པ་ནེ་ཀྵུ། བོད་སྐད་དུ། རྨི་ལམ་བརྟག་པ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེན་པོ་ལོ་ཕྱག་འཚལོ།། ་ལུས་ཇི་གྲེ་ཡིད་གསུམ་རྟག་ཏུ་དང་བཾ་ཡིས།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བཏུད་དེ།། རིགས་ཀྱི་ཕྱག་རྒྱ་རིན་ཆེན་ལྟ་བུ་ཡི།། གང་དགོངས་འགྱུར་ཕྱིར་རྨི་ལམ་བཤད་པར་བྱ།། ཀུ་ཤའི་གདན་ལོ་གནས་ནས ་ཀྱ་། དྲི་ལྡན་རྩ་ལ་རྫས་སུ་གཞུག། ཛ་ཏ་བ་ཡི་ཕྲེང་བ་བཅིང་།། མོ་གཞོན་ནུའི་འོ་མ་ལ།། སྔགས་ཀྱི་ཕྲེང་བ་བཟློས་ཤོང་བ་དང་།། གཞན་དང་ལྡན་པ་མིག་ལ་བྱུག། དོང་པོའི་ཆ་ནི་བག་ཆགས་འཁྲུག། གཉིས་པར་ཡི་དྭགས་རྒྱུ ་བར་འགྱུར།། རྔ་མར་རྨི་ལམ་བཏབ་ལ་ཉལ།། མེ་ལོང་ལག་ཏུ་ཐོགས་པ་དང་།། ཚེས་གཅིག་ཟླ་བ་མཐོང་བ་དང་།། ཤིང་རྟའི་འཁོར་ལོ་ཞོན་པ་དང་།། གློས་དཀར་རྒྱན་དཀར་གྱོན་པ་དང་།། གླང་པོ་ལྗགས ་ཀྱུས་འདུལ་བ་དང་།། སྙིང་རྗེས་དེད་དཔོན་བྱེད་པའོ།། རྨྱི་ལམ་ནཱ་ནཱི་གསེར་རྙེད་དང་།། རང་བཞིན་ཁྲུས་ལ་འ་དྲུག་པ་དང་།། ཟླུམ་པ་སྤྱི་གཙུག་བཞག་པ་དང་།། གླིང་གཞན་ཀུན་ལ་དབང་སྒྱུར་དང་།། ཏེ་ཞོན་ནི ་བུའི་གླིང་འགྲོ་དང་།། མྲ་ཡི་ཁྱོགས་ཀྱིས་འདེགས་པའོ།། མེ་ཏོག་པདྨ་འཐུ་བ་དང་།། གླེགས་བམ་ལག་ན་ཐོགས་པ་དང་།། དུང་ལ་སོགས་པ་འབུད་པ་དང་།། མེ་ཏོག་ཕྲེང་བ་འདོགས་པ་དང་། ཀཽརྨ་བྱ་སྙི་ཡིས ་འཛིན་པ་དང་།། སྙིང་རྗེས་དམ་ཆོས་འཆད་པའོ།། མཚོན་ཐོགས་གཡུལ་ལས་རྒྱལ་བ་དང་།། རྒྱལ་པོ་འཁོར་དུ་གྱུར་པ་དང་།། དམག་མི་གཡུལ་དུ་བསྐོར་བཱ་དང་།། ཞི་བའི་ལས་ལ་འགོད་པ་དང་།། བྱཱ་ཤྲང་ཏེའུ ་ཕོ་ཉར་གཏོང་།། ནགས་ཚལ་མེ་ཡིས་བསྲེགས་པའོ།། ཆུ་ལ་མི་ནུབ་རྐྱལ་བ་དང་།། ན་མཁའ་ལ་ཡང་འགྲོ་ཞིང་ལྡིང་།། ཉིན་ཟླ་རྒྱན་དུ་གོན་པ་དང་།། སེང་གེ་ཁྲི་སྟན་གནོན་པ་དང་།། གདུགས་དཀར་ཕུབ་ཅིང་རྒྱལ ་མཚན་བསྒྲེང་།། ཀུན་གྱིས་མཆོད་པའི་འོས་འགྱུར་བའོ།། ཁྲག་དང་ཆུ་ཟེར་ཟག་པ་དང་།། མེ་དཔུང་བརྫི་ཞིང་མི་འཇིགས་དང་།། སྦྲུལ་དང་སྡིག་པ་ཟ་བ་དང་།། རྡོ་རྗེ་དྲིལ་བུ་འཛིན་པ་དང་།། རི་བོ་རྩེ་ལ་གནོན་པ་དང་།། གྲོང ་ཁྱེར་མཛུབ་མོས་སྦྱོར་བའོ།། བླ་མ་ཡི་དམ་མཆོད་པ་དང་།། གླེགས་བམ་འདྲི་ཞིང་མཆོད་རྟེན་བརྩིག། གཅེར་བུར་བྱུང་ཞིང་གླུ་གར་བྱེད།། དགེ་སློང་ཚོགས་དང་ལྷན་ཅིག་འགྲོགས།། གོས་བཟང་གྱོན་ཞིང་ཤིང་འབྲུ་ཟ།། དེ ་བཞིན་གཤེགས་པའི་ཕྱག་རྒྱུ་སྟེ།། ཤིས་པ་བརྗོད་ཅིང་ལུང་སྟོན་བྱེད།། ཆུ་ཡི་རྫིང་ཆེན་འཁྱིལ་བ་དང་།། གནས་ཁང་མཐོན་པོ་བརྩིག་པ་དང་།། ཡིད་དང་མཐུན་པར་འབྱུང་བའོ།། དགྲ་ཡིས་རྒྱན་དང་བྲལ་བ་དང་།། ན་ཆུང ་མྱ་ངན་བྱེད་པ་དང་།། ཁྲི་མོན་ནིང་དུ་བཅུག་པ་དང་།། ནོར་ཕྲོགས་ལྕགས་སུ་བཅུག་པ་དང་།། འགྲོ་བ་ངན་པས་བརྫི་བ་དང་།། གཅན་གཟན་ལུས་ལ་འཕྱང་བ་དང་།། སྲད་བུས་དཀྲིས་ཤིང་དྲི་མས་གཡོགས།། དྲི་མ་ཟ ་ཞིང་དྲི་མོ་འཐུང་།། བླ་མ་སློབ་དཔོན་གྲོགས་པོ་དང་།། ཕ་མ་རྣམས་ནི་མཐོང་ནས་འབྲོས།། ཤིན་ཏུ་ཅོང་རོང་མི་མེད་དང་།། ཡང་ན་འབྲོག་དགོན་ལ་སོགས་པར།། ཟས་དང་སྐོམ་གྱིས་ཉམ་ཐག་སྟེ།། ཀྱི་ཧུད་བདག་སྡུག ་ཟེར་གྱི་གཡའ།། གོ་ཆ་བཤུས་ནས་མཚོན་གྱིས་འདབས།། ནགས་ཀྱི་དཀྱིལ་ནས་ཕྱིན་ནས་ཀྱང་།། སྟག་དང་ལྕེ་སྤྱང་དུད་འགྲོ་འདེབས།། དྭ་སོགས་ཡིད་དུང་བར་འབྱུང་བ།། དགེ་དང་མི་དགེའི་ལྟས་སུ་རིགས།། རྣམ ་པར་སྣང་མཛད་རིན་ཆེན་འབྱུང་ལྡན་དང་།། འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་།། མི་བསྐྱོད་པ་དང་རྡོ་རྗེ་སེམས་རིགས་དྲུག། གོ་རིམ་ཉིད་དང་སྣ་ཚོགས་འདྲེས་པའོ།། ཤིས་པའི་རྨི་ལམ་ནི་སྒྲུབ་པ་ཙམ།། རིན་ཆེན ་ཕྱག་རྒྱར་བཤད་པའི་ཆོ་ག་བཞིན།། མི་དགེའི་གྷས་ལ་ཏིལ་གྱི་སྦྱིན་སྲེག་བྱ།། རིགས་དེ་ཞིག་ལ་སྟོང་གྲིས་སྦྱངས་པའོ།། བག་ཆགས་ཡི་དྭགས་ཡིད་བྱེད་པ།། འཁོར་བའི་ཆོས་ཀུན་རྨི་ལམ་བཞིན། ་རྣལ་འབྱོར་པ་ཡིས་བལྟ་བར་བྱ།། འཁྲུལ་པ་ཡང་དག་མིན་ཕྱིར་རོ།། བཟང་པོ་རྟོགས་ལས་ཡེ་ཤེས་སྒྲ།། བློས་བརྟགས་དྲོན་ནི་སྐྱེ་བ་མེད།། དེ་ཕྱིར་གསང་སྔགས་རྟེན་འབྱུང་གི། ཐབས་ལ་ར་ག་ལས་གཙོ་བོར་བཟུང་།། ་བྱང་ཆུབ་སེམས་བསྐྱེད་པ་དང་དབང་བསྐུར་བའི།། རྨི་ལམ་བསྟན་པ་ཀླུ་སྒྲུབ་གཞུང་ལས་བཏུས།། ལོགས་དང་ཉེས་པའི་རིམ་པོ་གསལ་བྱེད་པས།། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞལ་མཐོང་ཤོག། རྨི་ལམ ་བོརྟག་པ། རྒྱ་གར་གྱི་མཁྱེན་པོ་དཔལ་ལྡན་གཉིས་སུ་མེད་བྲིས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་བསོད་སྙོམས་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད་པའོ།། ་