| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་ཛྙཱ་ན་སཏྭ་མཉྫུ་ཤྲཱི་ནོ་པི་ཀ་ན་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས ་དཔའ་ཆེན་པོ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་གྱི་མེས་པ་ནི།། སྐུ་ག་སུཾང་ཐུགས་ཀྱི་རྡོ་རྗེ་ཅན།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི།། རྒྱལ་བ་ཀུན་གྱི་ཡང་གྱུར་ཏེ། འཁོར་ལོས་སྒྱུར་བཅས་ཐམས་ཅད་ཀྱིས།། རང་གི་རིས ་ལ་བསྟོད་བྱས་ཏོ།། བསྐྱེད་པའི་རིམ་པས་རྫོགས་འགྱུར་བའི།། བཛྲོད་དྲང་དྲིས་བརྗོད་བཤད་པར་བྱ།། ། ཐོག་མར་བསམ་གཏན་པས་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་ཅུང་ཞིག་བློ་བདེ་བར ་གནས་ཏེ་སོམས་བསྐྲད་པར་བྱའོ།། དེ་ནས་རང་གི་སྙིང་གར་ས་བོན་གྱི་ཡི་གེ་གཟི་བརྗིད་དང་ལྡན་པས་འགྲོ་བ་མ་ལུས་པ་སྦྱངས་ཤིང་དག་པར་ཡིད་ཀྱིས་བལྟས་ཏེ། དབྱངས་ཀྱི་ཡི་གེས་བསྟོད་ལ་རྗེས་སུ་བྱ་བ་གཉིས་ཀྱིས ་གཞུག་ཅིང་རྣམ་པར་བསྒོམ་པར་བྱའོ།། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་འགྲོ་བའི་བླ་མ་དང་ལྡན་པ་སྤྱན་དྲངས་ཏེ། བདུད་ཉི་ཤུས་བསྟོད་པར་བྱའོ།། དེ་ནས་སྔགས་ཀྱི་ཕྲེང་བ་ལན་བདུན་དུ་བླངས་ཏེ། མེ་ཏོག་གི་མཆོད ་པས་སངས་རྒྱས་ཀྱི་དབང་བསྐུར་པོ་མི་ཟད་པ་གནང་བས་བྱིན་གྱིས་བརླབ་པའི་སེམས་མི་གཡོ་བར་བྱའོ།། དེ་ནས་ཡང་ཨཱ་ལིས་སྦྱངས་ཏེ། འོད་ཟེར་རྣོན་པོ་ཅོན་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྱའོ།། དེའི་དཀྱིལ་དུ་སྣ་ཚོགས་པའི ་པདྨ་ཤེས་རབ་དང་ཐབས་ཡང་དག་པར་འདུས་པའི་བློ་གྲོས་ཆེན་པོ་ཡེ་ཤེས་ཀྱིས་མཚན་པའི་ས་བོན་ལས་སྔར་གྱི་བདེ་བར་གཤེགས་པ་བླ་མ་དང་ལྡན་པའི་ཚོགས་ཇི་སྙེད་པ་བཅུག་སྟེ། དེ་དག་ལས་སྐྱེས ་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཞལ་གསུམ་པ་ཕྱག་དྲུག་པ་རྡོ་རྗེ་སྐྱིལ་མོ་ཀྲུང་ལ་ཅུང་ཞིག་འགྱིང་བཱ། དཀར་བ་དང་སྔོ་ཞིང་དམར་བ་དང་། དམར་ཞིང་དཀར་བའི་མདོག་ཅེ་ན། ཊཱི་མ་དང་། མདའ་དང་། ཨུཏ་པ་ལ་བློ་གྲོས ་ཆེན་པོས་མཚན་པ་དང་། ཟླ་བ་དང་། གཞུ་དང་། ཨུཏྤ་ལོ་རྩ་བ་དང་ལྡན་པ། ཡེ་ཤེས་ཆེན་པོས་མཚན་པའི་ཕྱག་རྒྱ་ཅན། ཁྲོ་བ་དང་ཞི་བ་མཉམ་པའི་ཉམས་མངའ་བ། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྨྲས་པ། ་ཟླ་བ་རྒྱས་པ་ལྟ་བུ་བསྒོམ་པར་བྱའོ།། དེ་ནས་རང་གི་སྙིང་གའི་ས་བོན་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའོ་དཀྱིལ་འཁྲོ་གྱི་འཁོར་ལོ་ཆེན་པོ་སྤྱན་དྲངས་ཏེ། ཡང་བསྟོད་ནས། རབ་ཏུ་གནས་པ་དང་། དབང་བསྐུར་བ་དང་། ་བྱིན་གྱིས་བརླབ་པ་ནི་དེ་ཉིད་ལས་ཡོངས་སུ་རྫོགས་པར་བྱའོ།། དེ་ནས་ཡང་སངས་རྒྱས་ཐམས་ཅད་ཀྱི་སྣང་བ་ཐོབ་ནས། མཚན་ཡང་དག་པར་བརྗོད་པའི་བསྟོད་པ་བྱའོ།། དེ་དག་ནི་བརྗོད་པའོ།། ཡང་སྐད་ཅིག་གིས ་འོའཇམ་དཔལ་ཡེ་ཤེས་སེམས་དཔར་དམིགས་ཏེ། རང་གི་སོ་བོན་ལས་སྤྱན་དྲངས་ནས། ཨ་དང་རེ་བ་ལས་གྱུར་པའི་ཤེས་རབ་དང་ཐབས་འདུས་བྱས་པའི་དབུས་སུ་ཡི་གཽ་མུཾ་དམར་སེར་གྱི་འགྲོ་བ་སྦྱངས་ནས། གཅིག་ཏུ ་གྱུར་པའི་བཅོམ་ལྡན་འདས་ན་མཁའི་ཁམས་སུ་བཞུགས་སུ་གསོལ་ཏེ། སྟེགས་བུ་དྲི་ཞིམ་པ་རིན་པོ་ཆེ་འམ། མེ་ཏོག་བཅལ་བཀྲམ་པའི་སྟེང་དུ་གླེགས་བམ་བཞག་ལ། སརྫ་ར་རྫ་ལ་སོགས་བཀུལ་ཏེ། ལྐོག་མ་སྦྱང་བ་བྱས ་ནས། མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ།། དེ་ནས་ཡན་ལག་བདུན་པ་བྱས་ལ། ཡང་སྔར་བཞིན་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེ་ཐོབ་ནས། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ལོ་གནས་པར ་བྱའོ།། འདི་དག་གིས་རྣལ་འབྱོར་ནི་ཞལ་གསུམ་དཀར་ཞིང་ཞི་བ་དང་། ཕྱག་བཞི་པོ་ཉི་མ་དང་ཟླ་བ་ཡངས་པའོ།། ཡིད་ལ་མི་བྱུད་པའི་རྣལ་འབྱོར་གླེགས་བམ་གྱི་གོ་འཕངས་དང་ལྡན་པོ་རྣམས་ཀྱིས་ནི་བྲག་ཆ་ལྟ་བུའི་ཁ ་དོན་བྱས་ཏེ། ངེས་པར་བརྗོད་པར་བྱའོ།། ། བདག་གིས་མངོན་པར་རྟོགས་པ་འདིས།། བླུན་པོ་རྣམས་ནི་བློ་འཕེལ་ཞིང་།། བློ་གྲོས་ཅན་རྣམས་བདེ་རྙེད་ནས།། ཡེ་ཤེས་སེམས་དཔའི་གནས་འགྱུར་ཤོག། ་རིན་ཆེན་རྒྱུད་རྒྱལ་འདི་ནི་ས་ཕྱོགས་གང་ན་གནས་པ་དང་། འདོན་ཅིང་ཀློག་པར་བྱེད་པའི་སྐྱེས་བུ་དེ་ཉིད་ནི།། ཡིད་བཞིན་ནོར་བུ་བརྒྱ་བྱིན་གཙུག་ན་གནས་པ་བཞིན།། བདུད་རྣམས་ཟིལ་གནོན་འཇིག་རྟེན་ཐམས་ཅད་བདེ ་པར་འགྱུརརོ།། འཕགས་པ་འོཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀིརྟིས་རང་འགྱུར་དུ་མཛད ་པའོ།། རྒྱ་གར་སྐད་དུ། ཛྙཱ་ན་ས་ཏྭ་མཉྫུ་ཤྲཱི་ན་བ་ལ་རཏྣ་མུ་ཏྲ་བི་དྷི་ནཱ་མཱ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་རིན་པོ་ཆེའི་ཕྱག་རྒྱ་དྲི་མ་མེད་པའི་ཆོ་ག་ཞེས་བྱ་བ། འཕགས ་