| Wylie | e-texts produced with BDRC’s OCR application |
མེད་རྡོ་རྗེས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་ཆེན་པོ་པྲཛྙཱ་ཤྲཱིཛྙཱ་ན་ཀཱིརྟིས་རང་འགྱུར་དུ་བྱས་པའོ།། ། རྒྱ་གར་སྐད་དུ། ཨཱརྱཱ་ཛྙཱ་ན་སཏྭ་མཉྫུ་ཤྲཱི་ནོ་བི་ཀ་ནཱ་མ། བོད ་སྐད་དུ། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་ཡ་ཤེས་སེམས་དཔའ་ལ་ཕྱག་འཚལ་ལོ།། སངས་རྒྱས་ཀུན་གྱི་མེས་པོ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་ཅན། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི།། རྒྱལ་བ་ཀུན་གྱི་ཡབ་གྱུར་ཏེ།། འཁོར་ལོ་སྒྱུར་བཅས་ཐམས་ཅད་ཀྱིས།། རང་གི་རིགས་ལ་བསྟོད་བྱས་ཏེ།། བསྐྱེད་པའི་རིམ་ལས་རྫོགས་འགྱུར་བའི།། བརྗེད་དང་ངེས་བརྗོད་བཤད ་པར་བྱ།། ཐོག་མར་བསམ་གཏན་པས་དབེན་ཞིང་ཉམས་དགའ་བའི་ས་ཕྱོགས་སུ་ཅུང་ཞིག་བློ་བདེ་བར་གནས་ཏེ་སེམས་བསྐྱེད་པར་བྱའོ།། དེ་ནས་རང་གི་སྙིང་གར་ས་བོན་གྱི་ཡི་གེ་གཟི་བརྗིད་དང་ལྡན་པས་འགྲོ་བ་མ་ལུས་པ་སྦྱངས་ཤིང ་དག་པོར་ཡིད་ཀྱིས་བལྟས་ཏེ། དབྱངས་ཀྱི་ཡི་གེའི་སྟོང་ལ་རྗེས་སུ་བྱ་བ་ཉིད་ཀྱིས་གཞུག་ཅིང་རྣམ་པར་བསྒོམ་པར་བྱའོ།། དེ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་འགྲོ་བའི་བླ་མ་དང་ལྡན་པ་སྤྱན་དྲངས་ཏེ། འདུ་ད་ཉི་ཤུས ་བསྟོད་པར་བྱའོ།། དེ་ནས་སྔགས་ཀྱི་ཕྲེང་བ་ལན་བདུན་དུ་བླངས་ཏེ། མེ་ཏོག་གི་མཆོད་པས་སངས་རྒྱས་ཀྱི་དབང་བསྐུར་བ་མི་བཟད་པ་གནང་བས་བྱིན་གྱིས་བརླབས་པའི་སེམས་མི་གཡོ་བར་བྱའོ།། དེ་ནས་ཡང་ཨཱ་ལིས ་སྦྱངས་ཏེ། འོད་ཟེར་རྣོན་པོ་ཅན་དང་ལྡན་པའི་བསྲུང་བའི་འཁོར་ལོ་བྱའོ།། དེའི་དཀྱིལ་དུ་སྣ་ཚོགས་པའི་པདྨ་ཤེས་རེ་བ་དང་ཐབས་ཡང་དག་པར་འོདུས་པའི་བློ་གྲོས་ཆེན་པོ་ཡེ་ཤེས་ཀྱི་མཚན་པོའི་ས་བོན་ལས་སྔར་གྱི་བདེ་བར ་གཤེགས་པ་བླ་མ་དང་ལྡན་པའི་ཚོགས་ཇི་སྙེད་པ་བཅུག་སྟེ། དེ་དག་ལས་སྐྱེས་པའི་འཇམི་དཔལ་ཡེ་ཤེས་སེམས་དཔའ་ནི་ཞལ་གསུམ་པ་ཕྱག་དྲུག་པ། རྡོ་རྗེ་སྐྱིལ་མོ་དཀྲུང་ལས་ཅུང་ཞིག་འགྱིང་པ། དཀར་བ་དང་སྔོ་ཞིང ་དམར་བ་དང་། དམར་ཞིང་དཀར་བའི་མདོག་ཅན་ཉི་མ་དང་། ཟླ་བ་དང་། ཨུཏྤ་ལ་བློ་གྲོས་ཆེན་པོས་མཚན་པ་དང་། ཟླ་བ་དང་། གཞུ་དང་། ཨུཏྤ་ལ་རྩ་བ་དང་ལྡན་པ་ཡེ་ཤེས་ཆེན་པོས་མཚན་པའི་ཕྱག་རྒྱ་ཅན། ཁྲོ་བ་དང་ཞི་བ ་མཉམ་པའི་ཉམས་མངར་བ།། རིན་པོ་ཆེའི་རྒྱན་རྣམ་པ་སྣ་ཚོགས་པས་སྤྲས་པ། ཟླ་བ་རྒྱུས་པ་ལྟ་བུ་བསྒོམ་པར་བྱའོ།། དེ་ནས་རང་གི་སྙིང་གའི་ས་བོན་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའ་འམ། ་དཀྱིལ་འཁོར་གྱི་འཁོར་ལོ་ཆེན་པོ་སྤྱན་དྲངས་ཏེ། ཡང་བསྟོད་ནས་རབ་ཏུ་གནས་པ་དང་། དབང་བསྐུར་བ་དང་། བྱིན་གྱིས་བརླབ་པ་ནི་དེ་ཉིད་ལས་ཡོངས་སུ་རྫོགས་པར་བྱའོ།། དེ་ནས་ཡང་སངས་རྒྱས་ཐམས་ཅད་ཀྱི་སྣང ་བཟོབ་ནས། མཚན་ཡང་དག་པར་བརྗོད་པའི་བསྟོད་པ་བྱའོ།། དེ་དག་ནི་བརྗོད་པ་པའོ།། ཡང་སྐད་ཅིག་གིས་འཇོམ་དཔལ་ཡེ་ཤེས་སེམས་དཔར་དམིགས་ཏེ། རང་གི་སོ་བོན་ལས་སྤྱན་དྲངས་ནས། ཨ་དྲུང་རྙེ་བཱ་ལས་གྱུར ་པའི་ཤེས་རབ་དང་ཐབས་འདུས་བྱས་པའི་དབུས་སུཾ་ཡི་གེ་མུ་དམར་སེར་གྱིས་འགྲོ་བ་སྦྱངས་ནས། གཅིག་ཏུ་གྱུར་པའི་བཅོམ་ལྡན་འདས་ན་མཁའི་ཁམས་སུ་བཞུགས་སུ་གསོལ་ཏེ། སྟེགས་བུ་དྲི་ཞིམ་པ་རིན་པོ་ཆེའམ། མེ ་ཏོག་བཅལ་བཀྲམ་པའི་སྟང་དུ་གླེགས་བམ་གཞག་ལ། སརྫུ་ར་རྫ་ལ་སོགས་པ་བཏུལོ་ཏེ། ལྐོག་མ་སྦྱང་བ་བྱས་ནས། མཚན་ཡང་དག་པར་བརྗོད་པ་བཀླག་པར་བྱའོ།། དེ་ནས་ཡན་ལག་བདུན་པ་བྱས་ལ། ཡང་སྔར ་བཞིན་སངས་རྒྱས་ཐམས་ཅད་ཀྱི་དབང་བསྐུར་བ་རིན་པོ་ཆེ་ཐོབ་ནས། ལྷན་ཅིག་སྐྱེས་པའི་རྣལ་འབྱོར་ལོ་གནས་པར་བྱའོ།། འདི་དག་གི་རྣལ་འབྱོར་ནི་ཞལ་གསུམ་དཀོར་ཞིང་ཞི་བ་དང་། ཕྱག་བཞི་པ་ཉི་མ་དང་ཟླ་བ་ཡངས་པའོ།། ་ཡིད་ལ་མི་བྱེད་པའི་རྣལ་འབྱོར་གླེགས་བམ་གྱི་གོ་འཕང་དང་ལྡན་པ་རྣམས་ནི་བྲག་ཆ་ལྟ་བུའི་ཁ་ཏོན་བྱ་སྟེ། ངེས་པར་བརྗོད་པའོ།། བདག་གིས་མངོན་པར་རྟོགས་པ་འདིས།། བླུན་པོ་རྣམས་ནི་བློ་འཕེལ་ཞིང་།། བློ་གྲོས་ཅན་རྣམས་བདེ་རྙེད ་ནས། ཡེ་ཤེས་སེམས་དོ་པའི་གནས་འགྱུར་ཤོག། རིན་ཆེན་རྒྱུད་རྒྱལ་འདི་ནི་ས་ཕྱོགས་གང་ནོ་གནས་པ་དང་། འདོན་ཅིང་གློག་པར་བྱེད་པའི་སྐྱེས་བུ་དེ་ཉིད་ནི།། ཡིད་བཞིན་ནོར་བུ་བརྒྱ་བྱིན་གཙུག་ན་གནས་པ་བཞིན།། བདུད ་རྣམས་ཟིལ་གནོན་འཇིགས་པ་ཐམས་ཅད་བདེ་བར་འགྱུར།། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མངོན་པར་རྟོགས་པ་ཞེས་བྱ་བ། རྒྱ་གར་གྱི་མཁན་པོ་དཔལ་ལྡན་གཉིས་སུ་མེད་པའི་རྡོ་རྗེས་མཛད་པ། རྣལ་འབྱོར ་པ་པྲཛྙཱ་ཤྲཱི་ཛྙཱ་ན་ཀིརྟྟིས་རང་འགྱུར་དུ་མཛད་པའོ།། ། རྒྱ་གར་སྐད་དུ། ཛྙཱ་ན་སཏྭ་མཉྫུ་ཤྲཱི་ན་བི་མ་ལ་རཏྣ་མུ་ཏྲོ་བི་དྷེ་ནཱ་མུ། བོད་སྐད་དུ། འཇམ་དཔལ་ཡེ་ཤེས་སེམས་དཔའི་རིན་པོ་ཆེའི་ཕྱག ་