| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨཱརྱ་མཉྫུ་ཤྲཱི་ན་མ་སཾ་གཱི་ཏཱི་ཊཱི་ཀཱ་ས་ར་ནོ་བི་ཀ་ནཱ་མ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པཱར་བརྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ ་བ་འཕགས་པ་འཇམ་དཔལ་གཞོན་ནུ་ར་གྱུར་པ་ལི་ཕྱག་འཚལ་ལཾ།། གཟུགས་སོགས་དབང་པོའི་ཡུལ་ལས་འདས་པ་ཡཱི།། རྣམ་དག་འདུས་མ་བྱས་པའི་ཆོས་ཀྱི་སྐུ།། དབང་པོའི་གཞུ་འདྲས་ས་ལམ་རབ་གྲོལ་ཞིང་།། ་གཞོན་ནུའི་འོམས་བུ་ལྟར་གསོ་མཛད་ལྔ།། དམ་པའི་སྐྱེས་མཆོག་ངེས་སྟོན་མཛད་པ་ཡི།། ཞབས་ཀྱི་མཚོ་སྐྱེས་གནས་དེར་སྤྱི་བཏུད་ནས།། ཚིག་རྒྱས་པ་ཡི་ལས་རབ་བསྡུས་པའི་དོན།། དཔག་མེད་འབྱུང་གནས་ཐབས ་མང་སྟོན་པའོ།། བློ་ནི་རྨོངས་འགྱུར་རིག་པའི་གནས་མོད་ཀྱང་།། རྗེ་བཙུན་དྲིན་གྱིས་རྒྱུད་རྣམས་ཀུན་གྱི་བཅུང་།། རྟོགས་ཤིང་གསུང་རབ་ལ་སོགས་གཞུང་གཞན་ཡང་།། མཐོང་བས་སྙིང་པོའི་མངོན་རྟོགས་བཤད་པར ་བྱ། རྒྱུད་གཞན་རིམ་པ་མ་ཡིན་པའོ།། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལཱ་སྡེ།། ཐིག་ལེ་བཞིར་འགྱུར་དགུར་བཅས་པ།། མངའ་གཉིས་རབ་ཏུ་ཕྱེ་བ་ལ།། རི་མ་གཉིས་རབ་ཏུ་སྦྱོར་བ་སྟེ།། རྒྱུད་ཀྱི་རྒྱུད་ཉིད་བཤད་ཀྱི་ཉོན།། དེ་ལ ་རྒྱུད་འདི་ནི་རིན་པོ་ཆེ་ལྟ་བུ་ཡིན་ཏེ། དབང་པོ་བཞི་དང་ཤི་ན་ཏུ་སྦྱོར་བའི་ཕྱིར་རོ།། ལ་ལ་དག་ནི་བྱ་བ་དང་སྤྱད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་ཐབས་དང་། ཤེས་རབ་ཀྱི་རྒྱུད་ཁོ་ནའོ་ཞེས་ཟེར་ཏེ། དེ ་ངག་ནི་སྙིང་པོ་ལ་སྤྱོད་པའི་གང་ཟག་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ཀྱི་རང་བཞིན་སྤྲོས་པ་ཐམས་ཅད་ཀྱིས་དབེན་ཞིང་བརྟགས་པའི་རྟོག་པ་གང་གིས་ཀྱང་མ་གོས་པར་གཅིག་པས་དུ་མ་མི ་གནས་ཀྱིས་ཀྱང་གདུལ་བྱའི་བློའི་ཁྱད་པར་གྱིས་དུ་མར་སྣང་ཞིང་རང་རང་གི་རྟོག་པ་ལས་བདེན་པར་འཛིན་པའི་ཕྱིར་རོ།། དེའི་ཕྱིར་སངས་རྒྱས་རྣམས་ཀྱིས་འགའ་ཞིག་ཏུ།། ཡི་གེ་གཅིག་ཀྱང་མ་གསུངས་པར།། ཆོས་ཀྱི་ཆར ་ཀྱིས་ཚིམ་མཛད་པ།། སེམས་ཅན་གཞུག་པའི་ཆེད་དུ་གནས།། ཞེས་གསུངས་པས་སོ།། དེ་བས་ན་ཁོ་བོ་ནི་འོག་ནས་འབྱུང་བའི་འབྲས་བུ་ནི་གཙོ་བོར་སྟོན་ཏེ། གཞན་གྱི་རིག་པ་མ་ཡིན་པ་ཡང་།། ཆོས་ཀྱི་དབྱིངས་ལ་དབྱེར ་མེད་ཕྱིར།། གཙོ་བོས་ཐག་དབྱེ་མ་མ་ཆོས་ཀྱང་།། གང་གིས་ཐེག་པ་གསུམ་བསྟན་པ།། ང་ནི་ཐབས་ལ་མཁས་པའི་དངོས།། ཞེས་གསུངས་པས་ནི། དམན་པ་དང་འབྲིང་དང་རབ་ཀྱི་ཁྱད་པར་གྱིས་ཉན་ཐོས་དང་།། རིང ་སངས་རྒྱས་དང་། ཐེག་པ་ཆེ་ན་པོ་བསྟན་པ་ཡིན་ནོ།། རྒྱུད་དུ་སྟོན་པ་ཉིད་དུ་ཡང་རིགས་ཏེ། སྔོན་དུ་བྱུང་བས་ཡང་རྒྱུད་གཅིག་ཉིད་ལ་དུ་མཱར་བཞག་པ་ཉིད་དེ། དེ་ལྟར་ཡང་རྒྱུད་གཅིག་ཉིད་ལ་དུ་མར་གོ་བའོ།། ་དེ་ཡང་མཁའ་འགྲོ་མ་རྡོ་རྗེ་དྲ་བའི་གུར་ལིས།། སྐྱེས་བུ་བསྡུ་བར་བྱ་བའི་ཕྱིར།། རྣལ་འབྱོར་ཕ་ཡི་རྒྱུད་བཤད་དོ།། བཙུན་མོ་བསྡུ་བར་བྱ་བའི་ཕྱིར།། རྣལ་འབྱོར་མ་ཡི་རྒྱུད་བཤད་དོ།། དམན་པ་ལས་ནི་ལས་ཀྱི་རྒྱུད།། ་ལལུས་ཀྱི་རྣལ་འབྱོར་དེ་ལྷག་པ།། སེམས་ཅན་མཆོག་ལ་ལྷག་རྣལ་འབྱོར།། བླ་མེད་རྣལ་འབྱོར་དེ་ལྷག་ལ།། ཞེས་གསུངས་པས་ན། རྟེན་ལ་སོགས་པའི་ཁྱད་པར་དུ་ཤེས་པར་བྱའོ།། གླེང་ག་ནི་བསྟན་པ་ཉིད་ཀྱིས་ཆོག་པ་མ་ཡིན ་ཏྭེཏེསྔར་བཞིན་ནོ།། དབང་པོ་རབ་དང་ཡང་རབ་ཏུ་གྱུར་པ་ལ། ཨུ་བཾ་མཱ་ཡ་ཤྲུ་ཏ་ས་མ་ཡ་ཨ་ཀ། ཞེས་གསུངས་པ་ཉིད་ཀྱིས་སྙིང་པོ་ལ་འགྲོ་བ་བརྩོན་པར་འགྱུར་རོ།། ཐམས་ཅད་ཀྱང་ལྡན་པ་ཡིན་ཏེ། ཆོས་ཀྱི་ཕུང་པོ་བརྒྱད ་ཁྲི་དང་།། བཞི་སྟོང་གི་ནི་གྲངས་སྙེད་ཀྱི།། ཀུན་གྱི་གཞི་དང་ཕ་མ་ནི།། ཡི་གེ་གཉིས་སུ་ཡང་དག་བསྟན།། ཡི་གེ་ཨེ་ནི་མར་གྱུར་ལ།། བཾ་ནི་ཕ་ཞེས་བྱ་བཱར་གྲངས།། ཐིག་ལེ་དེ་གཉིས་སྦྱོར་བ་སྟེ།། སྦྱོར་དེ་ཤིན་ཏུ་རྨད་དུ་འགྱུ ་ཞེས་གསུངས་པས་སོ།། ཐམས་ཅད་དུ་མི་འགྱུར་བ་མ་ཡིན་ཏེ། ཐབས་དང་ཤེས་རབ་འདུས་བྱས་པའི་སྦྱོར་བ་ལས་ན་མཁའ་དང་མཉམ་པའི་སངས་རྒྱས་ཀྱི་ཆོས་གསུངས་པར་གྱུར་ཏོ།། དེ་བས་ན་སྐྱེས་པ་དང་བུད་མེད་གཉིས ་སྦྱོར་བ་ནི་མ་ནིང་སྟེ། དེ་འཇུག་པའི་ཁྱད་པར་གཅིག་པུ་པ་ལྷན་ཅིག་སྐྱེས་པའི་རང་བཞིན་ཕྱག་རྒྱ་ཆེན་པོ་བརྗོད་པ་ནི་ངེས་པ་སྟེ། དེ་བསྟ་ན། གཅིག་པུ་ཐམས་ཅད་མཁྱེན་པ་སྟེ།། ཀུན་ཏུ་འགྲོ་བ་ཤིན་ཏུ་ཕྲ། ཞེས་གསུངས ་བོ་དང་། གཞུང་གཞན་གྱིས་ཀྱང་ཤེས་པར་བྱའོ།། དེ་ལྟར་དོན་གྱི་རང་བཞིན་གཏན་ལ་ཕབ་ནས། ཚིག་གི་ཚོགས་བློ་ལ་རབ་ཏུ་སྦྱོར་བའི་དགོས་པས་དོན་བསྡུས་ནས་བསྟན་པར་བྱ་སྟེ། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། ་ཞེས་པ་ནས། ཡང་དང་ཡང་དུ་གསོར་བྱེད་པ་ཞེས་བྱ་བའི་བར་གྱིས་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏེ། ཁྲ་གཉེར་རིམ་པར་ལྡན་ལ་སོགས། ཞེས་པ་ནས། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ།། ཞེས་པའི ་བུབར་གྱིས་ཐུན་མོང་གི་འཁོར་བསྟན་ཏོ།། དེ་བཞིན་གཤེག། ས་པ་བཅོམ་ལྡན་འདས་ཞེས་པ་ནས། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ་ཞེས་པའི་བར་གྱིས་མཆོད་པར་བརྗོད་པ་བསྟན་ཏོ།། ཁྱབ་བདག་བདག་ལ་སྨན་པ་དང ་ཞེས་བསྟན་ནས།། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། ཅེས་པའི་བར་གྱིས་བདག་གི་དོན་དུ་གསོལ་བ་བསྟན་ཏོ།། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་།། ཞེས་པ་ནས། བླ་མེད་འབྲས་བུ་ཐོབ་བྱའི་བར་གྱིས་གཞིན་གྱི་དོན ་དུ་གསོལ་བ་བསྟན་ཏོ།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། དབང་པོའི་བསམ་པ་མཁྱེན་མཚེ་གས། ཞེས་པའི་བར་གྱིས་སྤངས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་བའི་གནས་སུ་བསྟན་ཏོ།། ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ཞེས་པ་ནས། གླུར་བླངས་གང་ལགས་བཤད་དུ་གསོལ།། ཞེས་བྱ་བའི་བར་གྱིས་ཡང་དག་པའི་མཚན་གྱི་དོན་གསོལ་བར་བསྟན་ཏོ།། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། ཞེས་པ་ནས། ་སེམས་ཅན་རྣམས་ལ་བཤད་པར་འཚལ་ཞེས་པའི་བར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའོ་དོན་གྱི་གསོལ་པའོ།། དེ་དག་ནི་གླེང་གཞིའི་དོན་གླེང་བསླང་བ་དང་འབྲེལ་བར་བསྟན་པ་སྟེ་འཁོར་ཕུན་སུམ་ཚོགས་པ ་པའོ།། །། གསད་དབང་ལག་ན་རྡོ་རྗེ་ཡིས།། ཞེས་པ་ནས་ལུས་བཏུད་ནས་ནི་སྤྱན་སྔར་འདུག། ཅེས་པ་རྒྱུད་ཉན་པ་ལ་གུས་པའི་སྦྱོར་བ་བསྟན་ཏོ།། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་ཅེས་པ་ནས། སྦྱོང་བར་བྱེད་པའི་འཛུམ ་བསྟན་ནས། ཤེས་པའི་བར་གྱིས་ལྗགས་བྱིན་གྱིས་བརླབས་བདུད་མཐར་བྱེད་པའི་སྦྱོར་བ་བསྟན་ཏོ།། ཚངས་པའི་གསུང་ནི་སྙན་པ་ཡིས། ཞེས་པ་ནས། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་།། ཞེས་པའི་བར་གྱིས་ཚངས་པའི ་གསུང་གིས་འཁོར་ལ་ཆེད་དུ་བརྗོད་པ་བསྟོན་ཏོ།། ལག་ན་རྡོ་རྗེ་ཁྱོད་ལེགསོ་སོ་ཞེས་པ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། ཞེས་པའི་བར་གྱིས་ཉན་པ་པོ་ཐོས་པ་དང་སྦྱར་བར་བསྟན་ཏོ།། རྐང་པ་ཡ་གཅིག་གིས་མཚམས ་སྦྱར་བར་བསྟན་ཏེ། འདི་དག་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ།། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ་བོ། ཅེས་པ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། ཞེས་པའི་བར་གྱིས་རིགས་ལ་གཟིགས་པ་བསྟན་ཏོ།། ཚིག་གིས ་བོདག་པོས་ཚིགས་སུ་བཅད་ཅེས་པ་ནས། སྡེ་ཚུན་བཞི་པ་དང་ལྔ་པའི་མཐའ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་ཅིང་བཤད་དོ།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། ཞེས་པ་ནས། ཚིག་ཀུན་རབ་ཏུ་གསལ་བར ་བྱེད་ཅེས་པའི་བར་གྱིས། ཆོས་ཐམས་ཅད་ཡི་གེ་གཅིག་གི་ལུས་ལ་གནས་པར་བསྟན་ཏོ།། མཆོད་པ་ཆེན་པོ་འདོད་ཆགས་ཆེ་ཞེས་པ་ནས། ཆགས་པ་ཐམས་ཅད་སེལ་བར་བྱེད་ཅེས་པའི་བར་གྱིས་ཉོན་མོངས་པ་དང་རིགས་རྣམ་པ ་དག་པའི་མཆོད་པ་བསྟན་ཏོ།། འདོད་པ་ཆེན་པོ་བདེ་བ་ཆེ་ཞེས་པ་ནས། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཆེ། ཞེས་པའི་བར་གྱིས་ཁམས་དང་ཆེ་བ་བཅུ་དྲུག་གི་རྣམ་དག་བསྟན་ཏོ།། སྦྱིན་བདག་ཆེན་པོ་གཙོ་བོ་ཆེ ་ཞེས་པ་ནས། བསམ་པའི་ཡེ་ཤེས་རྒྱ་མཚོ་སྟེ། ཞེས་པའི་བར་གྱིས་རྣམ་ཤེས་ཚོགས་དང་ལྷ་མོའི་རྣམི་ངག་བསྟན་ཏོ།། བྱམས་ཆེན་རང་བཞིན་དཔག་ཏུ་མེད་པ་ཅེས་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་པའི་བར་གྱིས ་ས་དང་སྐལ་བཟངས་བཅུ་དྲུག་གི་རྣམ་དག་བསྟན་ཏེ། དེ་དག་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རྣམ་དག་དེ་ཁོ་ན་ཉིད་ཀྱིས་སྙིང་པོ་བསྟན་པའོ།། སངས་རྒྱས་རྣམ་པར་སྣང་མཛད་ཆེ། ཞེས་པ་ནས་གསང་སྔགས་ཚུལ་ཆེན ་བདག་ཉིད་ཅན་ཞེས་པའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་ཏོ།། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། ཞེས་པ་ནས་རྣམ་བཅུ་དབང་ལྡན་ཆེ་བ་པོ།། ཞེས་པའི་བར་གྱིས་ལམ་གྱི་ཡོན་ཏན་རྫོགས་པ་བསྟོད་པ་བསྟན་ཏོ།། ཐོག་མ་མེད ་སྤྲོས་མེད་བདག་ཅེས་པ་ནས། ཡང་དག་མཐའ་ལ་རྣམ་པར་གནས། ཞེས་པའི་བར་གྱིས་ཐུགས་ཀྱི་བྱིན་བུརླབས་ལ་བསྟོད་པ་བསྟན་ཏོ།། བདག་མེད་སེང་གེའི་སྒྲ་དང་ལྡན། ཞེས་པ་ནས། འཁོར་ལོས་བསྒྱུར་པ་སྟོབས་པོ ་ཆེ་ཞེས་པའི་བར་གྱིས་གསུང་གི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ།། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་པོ་ངག་ཅེས་པ་ནས། ཚུལ་ཆེ་ནི་གཞན་གྱི་དྲིང་མི་འཇོག་ཅེས་པའི་བེར་གྱིས་སྐུའི་བྱིན་རླབས་ལ་བསྟོདས་པའོ།། ཚིག་རྗེ ་ཚིག་བདག་སྨྲ་མཁས་པ།། ཞེས་པ་ནས། བདེན་པ་བཞི་ནི་སྟོན་པ་པོ་ཞེས་པའི་བར་གྱིས་འགྲོ་བའི་འདྲེན་སྔོན་དུ་གྱུར་པ་བསྟན་ཏོ།། ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། ཞེས་པ་ནས། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག། ཅེས ་པའི་བར་གྱི་ས་ཐེག་པ་གསུམ་གྱི་ལུས་ཡེ་ཤེས་སུ་བསྟན་ཏོ།། བདག་གིར་མི་འཛིན་དར་མི་འཛིན་པ་ཞིས་པ་ནས། འཇིག་རྟེན་སྣང་བར་བྱེད་པའི་མཆོག། ཅེས་པའི་བར་གྱིས་འཇམ་དཔལ་ཡེ་ཤྲཱིས་སྙེམས་དཔའི་ཡེ་ཤེས ་བསྟན་ཏོ།། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།། ཞེས་པ་ནས། བསམ་གཏན་བསམ་བྱ་བློ་ལྡན་བདག་ཅེས་པའི་བར་གྱིས་དེ་ཐམས་ཅད་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་ཏོ།། སོ་སོ་རང་རིག་མི་གཡོ་བ་ཞེས་པ ་ནས། སངས་རྒྱས་སྲས་པོ་དམ་པའི་མཆོག་ཅེས་པའི་བྱར་གྱིས་རང་རིག་ཏུ་གཞི་གོ་ཅོག་པར་བསྟན་ཏོ།། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། ཅེས་པ་ནས། གཟི་བརྗིད་ཆེན་པོ་འོད་གསལ་བ་ཞེས་པའི་བར་གྱིས་དེ་ཉིད ་ལ་བརྙོག་པ་བཅུས་མེ་གོས་པར་བསྟན་ཏོ།། སྔགས་མཆོག་མདའ་བདག་རིག་སྔགས་རྒྱལ།། ཞེས་པ་ནས། དྲང་སྲོང་ཚི་གུས་མཆོད་ཅིང་བརྗོད།། ཅེས་པའི་བར་གྱིས་སྐུའི་འཁོར་ལོ་བསྟན་ཏོ།། རིགས་གསུམ་འཆད་པ་གས ་སྔགས་འཆང་།། ཞེས་པ་ནས། ཐེག་པ་མཆོག་གསུམ་སྟོན་པ་པོ་ཞེས་པའི་བར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བསྟན་ཏོ།། དོན་ཡོད་ཞགས་པ་རྣམ་པར་རྒྱལ། ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ཞེས་པའི་བར་གྱིས་རིགས་ཀྱི ་འཁོར་ལོ་བསྟན་ཏོ།། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱིས་མཆོག། ཅེས་པའི་བར་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་བསྟན་ཏོ།། ཡང་དག་བདག ་མེད་ལ་སོགས་པའི་རྐང་པ་གཉིས་ཀྱིས་དོན་གྱིས་རྒྱུད་ལ་བསྟོད་པ་བསྟན་ཏོ།། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། ཞེས་པ་ནས། ཆོས་ཀྱི་གཎྜཱི་སྒྲ་པོ་ཆེ། ཞེས་པའི་བར་གྱིས་ཚིག་གི་རྒྱུད་བསྟན་ཏོ།། མི་གནས་པ་ལ་སོགས ་པ་རྐང་པ་གཉིས་ཀྱིས་རབ་ཏུ་བྱེད་པའི་རྒྱུད་བསྟན་ཏོ།། གཟུགས་མེད་གཟུགས་བཟང་དམ་པ་སྟེ། ཞེས་པ་ན་སྭཱ། གཟུགས་རྣམས་མ་ལུས་འཆང་བ་པོ་ཞེས་པའི་བར་གྱིས་བདྲེ་བ་ཆེན་པོའི་རྒྱུད་བསྟན་ཏོ།། མཚུངས་པ ་མེད་ཅིང་ཆེ་བུར་གྲགས། ཞེས་པ་ནས། དར་བ་ཆེན་པོ་ཆོས་ཀྱི་རྟོགས། ཅེས་པའི་བར་གྱིས་བསམ་གྱིས་མི་ཁྱབ་པོའི་རྒྱུད་བསྟན་ཏོ།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། ཅེས་པ་ནས། སྡུག་གུ་འཇིག་རྟེན ་གསུམ་ན་མཛེས། ཞེས་པའི་བར་གྱིས་འབྲས་བུའི་རྒྱུད་བསྟན་ཏོ།། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། ཞེས་པ་ནས། སྐྱབས་དང་སྐྱོབ་པ་བླ་ན་མེད། ཅེས་པའི་བར་གྱིས་ཐབས་ཀྱི་རྒྱུད་བསྟན་ཏོ།། ན་མཁའི་མཐའ་ལ ་ལོངས་སྤྱོད་པ་ཞེས་པ་ནས། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན་ཞེས་པའི་བར་གྱིས་ཐབས་ཡེ་ཤེས་སེམས་དཔའི་རྒྱུད་བསྟན་ཏོ།། ཡེ་ཤེས་དབང་བསྐུར་ཅོད་པན་ཅན་ཞེས་པ་ནས། གསུམ་སེལ་མཐའ་ཡས་གྲོལ་གསུམ ་ཐོབ་ཅེས་པའི་བར་གྱིས་དྲི་མ་རྣམ་པར་དག་པའི་རྒྱུད་བསྟན་ཏོ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ་ཞེས་པ་ནས། ལུས་ཀུན་ལས་ནི་རྣམ་པར་གནས།། ཞེས་པའི་བར་གྱིས་བྱ་བ་བྲལ་བའི་རྒྱུད་བསྟན་ཏོ།། ནམ་མཁའི་མཐའ་ལ་རབ ་གནས་པ་ཞེས་པ་ནས། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས།། ཞེས་པའི་བར་གྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ།། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་ཞེས་པ་ནས། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་ཞེས ་བྱ་བའི་བར་གྱིས་རང་དོན་བཀྲ་ཤིས་རྒྱུད་ལ་སྐྱེ་བར་བསྟན་ཏོ།། མཆོག་ཏུ་དགའ་བ་གྲགས་བདག་དཔལ་ཞེས་པ་ནས། འཇིག་རྟེན་སྒྲ་སྟེ་རབ་ཀྱི་མཆོག་ཅེས་བྱ་བའི་བར་གྱིས་རང་བཞིན་བརྟགས་པས་དབེན་པ་བསྟན་ཏོ།། འཇིག ་པོཔ་མ་ལུས་སེལ་བ་པོ་ཞེས་པ་ནས། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན་ཞེས་པའི་བར་གྱིས་དགེ་བ་ཕྱག་རྒྱ་ཆེན་པོར་བསྟན་ཏོ།། ཟུར་ཕུད་ལྔ་པ་མེ་ཏོག་ཐོད་ཅེས་པ་ནས། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ་ཞེས་པའི་བར་གྱིས ་བར་དུ་དགེ་བ་ཆོས་ཀྱི་ཕྱག་རྒྱ་བསྟན་ཏོ།། གཙང་གྲེ་ནས་དམ་པ་གཽ་ཏེ་མཱ་ཞེས་པ་ནས་གྲོལ་བ་ཐར་པོ་རྣམ་གྲོལ་ལུས་ཞེས་པའི་བར་གྱིས་ཐ་མེར་དགེ་བ་ལས་ཀྱི་ཕྱག་རྒྱ་བསྟན་ཏོ།། རྣམ་གྲོལ་ཞི་བཞི་པ་ཉིད་ཅེས་པ་ནས། ཡེ་ཤེས ་ལུས་ཅན་དེ་བཞིན་གཤེགས། ཞེས་བྱ་བའི་བར་གྱིས་བདེ་བ་ཆེན་པོའི་ལུས་ལྷན་ཅིག་སྐྱེས་པ་བསྟན་ཏོ།། ཚིག་གི་དབང་ཕྱུག་སྨྲ་བ་ཆེ།། ཞེས་པ་ནས། སྨྲ་བ་སེང་གི་ཚུགས་པ་མེད། ཅེས་བྱ་བའི་བར་གྱིས་ཚིགས་ལ ་མི་གནས་པའི་ཚིག་གི་གནས་སུ་བསྟན་ཏོ།། ཀུན་ཏུ་དགའ་བ་མཆོག་ཏུ་དགའ། ཞེས་པ་ནས། ལག་ན་འོད་འབར་སྣང་བ་པོ་ཞེས་པའི་བར་གྱིས་སྒྲ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་བསྟན་ཏོ།། སྨན་པ ་མཆོག་གཙོ་བོ་སྟེ། ཞེས་པ་ནས། ནང་དོ་ཅོག་གི་སྒྲ་ཆེ་བ། ཞེས་པའི་བར་གྱིས་འགྲོ་བ་ལ་སྨན་པར་སྣང་བ་བསྟན་ཏོ།། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག། ཅེས་པ་ནས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། ཞེས་པའི་བར ་གྱིས་ཆོས་ཀྱི་རྒྱལ་མཚན་དུ་སྣང་བ་བསྟན་ཏོ།། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། ཞེས་པ་ནས། སངས་རྒྱས་ཀུན་གྱི་བསྟན་པ་གཅིག། ཅེས་པའི་བར་གྱིས་རིམ་པ་གཉིས་སུ་བསྟན་ཏོ།། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ་ཞེས ་བ་ནས། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། ཞེས་པའི་བར་གྱིས་རིགས་སུ་སྣང་བ་བསྟན་ཏོ།། རྡོ་རྗེའི་ཉི་མ་ནས་རྐང་པ་གཉིས་ཀྱིས་བཀླག་པའི་ཐབས་དང་མི་གནས་པ་བསྟན་ཏོ།། ཆགས་བྲལ་ལ་སོགས་ཆགས་པ་ཆེ་ཞེས ་པ་ནས། ཡི་གེ་མཆོག་སྟེ་རྣམ་པར་དག། ཅེས་པའི་བར་གྱིས་ལམ་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ།། ཐུག་པ་ཆེན་པོ་སྡུག་བསྔལ་གཅོད་ཅེས་པ་ནས། རྒྱུད་ཀུན་གྱི་ནི་བདག་པོ་མཆོག། ཅེས་པའི་བར་གྱིས་ཡེ་ཤེས་ལྷུན ་གྱིས་གྲུབ་པ་བསྟན་ཏོ།། རྡོ་རྗེ་གདན་ནི་ལུས་ལྡན་ཞེས་པ་ནས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ཞེས་པའི་བར་གྱིས་གསིང་དོན་ལྷུན་གྱིས་གྲུབ་པ་བསྟན་ཏེ།། དངོས་པོ་ཀུན་གྱི་རང་བཞིན་མཆོག། ཅེས་པ་ནས། ཡེ ་མེ་ལྕེ་འོད་རབ་གསལ་ཞེས་པའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ།། འདོད་པའི་དོན་གྲུབ་དམ་པ་སྟེ། ཞེས་པ་ནས། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད་ཅེས་པའི་བཱར་གྷིས་མཉམ་པ་ཉིད་ཀྱིས་ཡེ་ཤེས་མདོར་བསྟན་ཏོ།། ་ཉོན་མོངས་གཡུལ་དུ་གཅིག་དཔའ་བ། ཞེས་པ་ནས། ཚངས་པའི་གཡུལ་ས་རྩེ་ནས་གནོན། ཞེས་པའི་བར་གྱིས་ལས་ཀྱི་ཕྱག་རྒྱ་བསྟན་ཏོ།། དོན་གཅིག་གཉིས་མེད་ཆོས་ཀྱི་དོན་ཞེས་པ་ནས། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས ་ཞེས་པའི་བར་གྱིས་དཔེ་དོན་གྱི་འབྲེལ་པ་བསྟན་ཏོ།། སེན་མོའི་འོད་ནི་ཤས་ཆེར་དམར། ཞེས་པ་ནས། སངས་རྒྱས་སྤྲུལ་པའི་རྒྱུད་དང་ལྡན། ཞེས་པའི་བར་གྱིས་མཚན་དཔེ་བསྟན་ཏོ།། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱེད་པ ་ཞེས་པ་ནས། ངེས་པར་འབྱུང་བ་ཀུན་སྟོན་པ། ཞེས་པའི་བར་གྱིས་ཐུན་མོང་གི་ལམ་རྫོགས་པར་བསྟན་ཏོ།། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། ཞེས་པ་ནས། བྱ་བ་དཔག་མེད་འགྱེད་པ་པོ་ཞེས་པའི་བར་གྱིས་སྤངས ་པ་ཕུན་སུམ་ཚོགས་པ་བསྟེན་ཏོ།། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། ཞེས་པ་ནས།། ཐེག་པ་གཅིག་གི་འབྲས་བུར་གནས།། ཞེས་པའི་བར་གྱིས་སྐད་ཅིག་གི་ཡེ་ཤེས་བསྟན་ཏོ།། ཉོན་མོངས་ཁམས་རྣམས་དག ་བའི་བདག། ཅེས་པ་ནས། སྦྱོར་བའི་དགོན་པ་ལས་བྱུང་བ། ཞེས་བྱ་བའི་བར་གྱིས་གསང་སྔགས་མཐའི་དོན་དུ་བསྟན་ཏོ།། ཉོན་མོངས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་འཁོར་བའི་ས་བོན་དང་བྲལ་བར་བསྟན ་ཏོ་སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། ཞེས་པ་ནས། ནོར་བ་ཐམས་ཅད་རྣམ་པར་སྤངས། ཞེས་པའི་བར་གྱིས་གཞན་དོན་མཛད་པ་བསྟན་ཏོ།། དོན་གསུམ་ཐེ་ཚོམ་མེད་པའི་བློ་ཞེས་པ་ནས། སངས ་རྒྱས་ཀུན་གྱི་རང་བཞིན་འཆང་ཞེས་པའི་བར་གྱིས་དེ་ཉིད་ཀྱི་འཐད་པ་བསྟན་ཏོ།། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག། ཅེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག་ཅེས་པའི་བར་གྱིས་ཡེ་ཤེས་ཀྱི་ལུས་ཀྱི་མཛད་པ་བསྟན་ཏོ།། ་སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱི་བྱ་བ་ནན་ཏན་གྱི་ཡེ་ཤེས་མདོར་བསྟན་ཏོ།། གསང་སྔགས་ལས་བྱུང་ཡི་གེ་མེད། ཅེས་པ་ནས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། ཞེས་པའི་བར་གྱིས་ཡི་གེ་ཐམས་ཅད་ཚོགས ་གཅིག་པའི་སྟོང་པར་བསྟན་ཏོ།། རྣམ་པ་ཀུན་ལྡན་རྣམ་པ་མེད་ཅེས་པ་ནས། བསམ་གཏན་བཞི་ཡི་རྩེ་མོ་ཅན།། ཞུས་པའི་བར་གྱིས་ཨེ་བཾ་གྱིས་དབུགས་དབྱུང་བ་བསྟན་ཏོ།། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་།། ཞེས་པ ་ནས། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། ཅེས་པའི་བར་གྱིས་སྐུ་གསུམ་དུ་བསྟན་ཏོ།། དེ་བཞིན་འགྲོ་བའི་དོན་བྱེད་པ།། ཞེས་པ་ནས། སྲིད་པའི་དགོན་པ་ལས་རྒལ།། ཞེས་པའི་བར་གྱིས་འགྲོ་བ་གསུམ་གྱི་གཙོ ་བོཔོ་སྣང་པོ་བསྟན་ཏོ།། སྟོན་པ་གཅིག་པུ་འགྲོ་བའི་བླ། ཞེས་པ་ནས། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། ཞེས་པའོ་བར་གྱིས་བདུད་ཕམ་པར་བྱེད་པ་བསྟན་ཏོ།། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཅེས་པ ་ནས། ཕྱག་བྱར་འོས་པ་བླ་མཱའི་རབ་ཅེས་པའི་བར་གྱིས་བསྙེན་བཀུར་གྱིས་གནས་སུ་བསྟན་ཏོ།། འཇིག་རྟེན་གསུམ་པོ་གོམ་ཅིག་བཟོད་ཅེས་པ་ནས།། ས་དང་ཤེས་བྱའི་བདག་པོ་མཆོག། ཅེས་པའི་བར་གྱིས་འཇིག་རྟེན ་དང་འཇིག་རྟེན་ལས་འདས་པའི་སྤྲུལ་པ་མངའ་བར་བསྟན་ཏེ།། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། ཞེས་པ་ནས། འཇམ་དཔལ་དཔལ་ད་ལྡན་པའི་མཆོག། ཅེས་པའི་བར་གྱིས་མཇུག་བསྡུ་བསྟན་ཏེ།། དེ་དག་གིས་ནི་བྱང ་ཆུབ་ཀྱི་རྡོ་རྗེ་སེམས་རྡོ་རྗེ་ཞེས་པ་བའི་སྣང་བ་ཡེ་ཤེས་ལྔར་བསྟོད་པའོ།། མཚོག་སྤྲིན་རྡོ་ཌཱི་མཆོག་ཁྱོད་འདུད། ཅེས་པ་ནས། ཡི་གེ་རེ་རེ་ཞེས་ཆོས་ཀྱི་དབྱིངས་ལ་སོགས་པ་ལ་བསྟོད་པ་བསྟན་ཏོ།། རིགས་ཀྱི་བདག་པོ ་ནི་ས་གཟུང་སྟེ། ཨཾ་ཤྭཱ་ན་དང་། ཨུཤྨ་ཥིའི་གཉིས་པ་དང་། བཞི་པའི་བར་གྱི་ཡེ་ཤེས་སྔགས་ཀྱི་རང་བཞིན་དུ་བསྟན་ཏོ།། རིགས་ཀྱི་བདག་པོ་ནས་བཅུ་དྲུག་པའི་བར་གྱིས་དེ་ཡང་འཇམ་དཔལ་ཡེ་ཤེས་སེམས ་དཔའི་སྔགས་ཀྱི་རང་བཞིན་དུ་བསྟན་ཏོ།། དེ་དག་ནི་དོན་གྱི་སྙིང་པོ་ཡོན་ཏན་བསྡུས་པའི་དོན་གྱི་བསྟོད་པའོ།། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ཞེས་པ་ནས། རྫོགས་སེངས་རྒྱས་ལ་ཕྱག་འཚལ་ནས། ཤེས་པའི་བར་གྱིས་འཁོ ་གྱི་མཆོད་པ་བརྗོད་པར་བསྟན་ཏོ།། དེ་ནི་མགོན་པོ་གསང་པོའི་བདག་ཅེས་པ་ནི་ས། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། ཅེས་པའི་བར་གྱིས་ཆེད་དེ་བརྗོད་པའི་བསྟོད་པ་བསྟན་ཏོ།། དེ་དག་ནི་ཡེ་ཤེས་ཀྱི་རྗེས་སུ ་མཐུན་པའོ།། མཚན་ནས་བརྗོད་པའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ་ནི་སྒྲོ་ལྔའི་ཁྱད་པར་ཤེས་པར་བྱའོ།། དེ་ལྟར་བསྡུས་པའི་དོན་ཡོངས་སུ་ཤེས་ཤིང་། དོན་ལྷག་པར་རྙེད་པའི་གང་ཟག་གིས་རྒྱུད་ཀྱི་རབ་ཏུ ་བྱེད་པའི་དོན་འདི་ཉིད་ཀྱང་བདེ་བླག་ཏུ་རྙེད་པར་འགྱུར་རོ།། །། ད་ནི་ཚིག་གི་དོན་གསལ་བར་དབྱེ་བར་བྱ་སྟེ། དེ་ནི་ས་དཔལ་ལྡན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་ལ་མཆོག་དང་ཐུན་མོ་ངས་གི་དངོས ་གྲུབ་ཐམས་ཅད་འབྱུང་བའི་གནས་མཚོན་པ་ལ་གང་གནས་ཤེ་ནུ། མན་ཏྲའི་རང་བཞིན་ཤེས་ཤིང་སྐྱོབ་པའོ།། དེས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པར་འགྱུར་བའི་ཕྱིར་དཔལ་ལྡན་རྡོ་རྗེ་འཆང་ངོ་།། གདུལ་དཀའ ་བ་ནི་ཐེག་པ་གསུམ་སྟེ། སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པའི་འཁོར་ལོས་སྒྱུར་བ་དང་། ལོངས་རྡོ་སྤྱོད་རྫོགས་པའི་འདུལ་བ་རྣམས་སོ།། ཀྱི་ཞེས་པ་ནི་དྲུག་པའི་དོན་གྱི་གཉིས་པའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག ་རྣམ་པར་དགྲ་བའི་ཐེག་པའི་ཡང་རྣམ་པར་དག་པ་སྟེ། བདེ་བ་དང་། སྟོང་པ་དང་། གཉིས་སུ་མེ་ད་པས་ན་མཆོག་གོ། དཔའ་བོ་ནི་འཇིགས་ཤིང་ཐུབ་པ་མེད་པ་སྟེ། སྐུ་དང་། གསུང་དང་། ཐུགས་ཀྱི་ཁྱེད་པར་གྱིས་སུ ་འོག་དང་ས་སྟེང་དང་། ས་བླ་ལས་རྒྱལ་བའོ།། རྡོ་རྗེ་ནི་སྟོང་པ་ཉིད་བདེ་བ་ཆེན་པོའི་སྙིང་པོ་ཅན་ཏེ། གང་ལ་ཡོད་པ་ན་དབང་ཕྱུག་གོ། དེ་ལྔའི་གསང་བ་ལས་ཐོབ་པའི་ནི་རྒྱལ་བའོ།། པདྨ་དཀར་པོ་ནི་དཀར་པོ་ལ་སོགས་པའི ་ཡོན་ཏན་ལྔ་དང་ལྡན་པ་སྟེ། འདིར་རྣམ་པར་རྟོག་བཞི་པ་ལ་སོགས་པ་དང་ལྡན་པའོ།། ཡེ་ཤེས་ལ་ཆེད་དུ་བརྗོད་པ་ནི་རང་ལས་ཏེ། འགྲོ་བ་འཛིན་པའི་དོན་གྱིས་ན་ཡང་ཞེས་སྦྱར་རོ།། ཁྲོ་གཉེར་དང་སྐུ་དང་། ཨོག་སྤུ་སེར་ལ་བརྫེས ་པ་དང་། མིག་དམར་བ་དང་། ལྕེ་འདྲིལ་ཞིང་ཡ་སོས་མ་མཆུ་མནན་པ་དང་། ཐུང་ཞིང་གེལ་པ་དང་། གསུས་པ་ཆེ་བ་དང་། ཡན་ལག་རབ་ཏུ་བགྲད་པ་དང་། ཉིང་ལག་རྡོ་རྗེ་རྩེ་མེ་ལྟ་བུ་དང་། དུང་ཁྲོད་དང་། གདུག་པའི་རྒྱན་གྱི ་བརྒྱན་པ་དང་། མཚོན་ཆ་འབར་ཞིང་འཕྲོ་བ་དང་། མགོ་བོའི་དོ་བྲལ་དང་། མེ་འབར་བའི་གནས་ནི་རིམ་པར་ལྡན་པ་ལ་སོགས་པ་སྟེ། ལག་ན་རྡོ་རྗེ་དང་མཚུངས་པར་མཐའ་ཡས་པ་ལ་ཡོད་པ་ནི་མ་རིག་ལ་སོགས་པ་རྟེན ་ཅིང་འབྲེལ་པར་འབྱུང་བ་བཅུ་གཉིས་ཟདེ་པའི་དོན་ཏོ།། དེ་སྙེད་ཀྱི་བ་སྤུའི་ཁུང་ནས་འཕྲོ་བ་ཡང་རྡོ་རྗེ་རྩེ་མོ་སྟེ་ཁྲོ་བོའི་གཟུགས་སོ།། རང་གི་ལག་གིས་གསོར་བར་བྱེད་པ་ནི་སྔ་མ་བཞིན་ཏེ། དེའི་དོན་ཀྱང་སྙིང་རྗེ་ཆེན་པོ་དང ་ཤེས་རབ་དང་ཞེས་པའོ།། ཐབས་ནི་སྔོན་རང་གི་དོན་དུ་གྱུར་པ་ཇི་ལྟར་དེ་ཉིད་ཀྱི་གཞན་དོན་དུ་འགྱུར་བའོ།། དེ་ལྟར་སྤྲུལ་པ་དང་ཡང་སྦྲུལ་གྱི་གཟུགས་ཐམས་ཅད་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་རང་བཞིན་ལུས་ངག་ཡིད ་གསུམ་གྱི་མཆོད་པའི་ཕྱིར། དགའ་དགུ་རངས་པའི་བསམ་པ་ཅན་ནོ།། ཁྲོ་བོ་འབའ་ཞིག་མི་རིགས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་འཕྲིན་ལས་སེམས་ཀྱི་མགོན་དུ་གྱུར་པས་སོ།། དེ་དང་ལྷན་ཅིག་པ་ནི་ཕྱག་ན་རྡོ་རྗེའོ།། ཐམས ་ཅད་བསམ་པ་མཐུན་པར་ཞེས་པའོ།། དེ་བཞིན་གཤེགས་པ་ནི་དེ་བཞིན་ཉིད་སྨྱུང་བ་མེད་པའི་ཡེ་ཤེས་ཐུགས་སུ་ཆུད་ནས་འགྲོ་བའི་དོན་ལ་གཤེགས་པས་སོ།། ཤེས་རབ་ཀྱིས་བཅོམ་པ་ཉིད་ཀྱི་ཕྱིར་དང་། ་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དང་ལྡན་པས་མི་གནས་པ་བརྙེས་པས་ན་བཅོམ་ལྡན་འདས་སོ།། དྲི་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་ནི་བྱང་ཆུབ་སེམས་དཔའ་ལ་ཡང་གསུངས་ཤིང་བཤད་པ་སྟེ། ཡང་དག་པར་རྫོགས ་པའི་སངས་རྒྱས་ལ་སོགས་པའི་ཡོན་ཏན་ནི་བདེ་བ་ཆེན་པོའི་ཐོབ་པ་འབའ་ཞིག་ལའོ།། ཁྱབ་བདག་ནི་ཡོངས་སུ་དག་པའི་ཡེ་ཤེས་ཐམས་ཅད་ལ་ཁྱབ་པའི་བདག་ཉིད་དོ།། ཡང་ན་སེམས་ཅན་ཐམས་ཅད་ཀྱི་སྙིང་པོར་གནས་པ ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་པ་དང་། ཀུན་ནས་ཉོན་མོངས་པ་དང་ནས་པོར་བྱུང་བའི་བྱེད་པ་པོ་ཉིད་ཀྱིས་འགྲོ་བ་བཞིའི་དབང་པོ་ལོ་ཁྱབ་པའི་བདག་ཉིད་དོ།། བདག་ནི་བདག་ཉིད་ཁོ་ནའོ།། སྨིན་པ་ནི་ཚིག་དང ་དོན་དང་སྤོབས་པའི་གཟུགས་ཀྱིས་སོ།། བདག་དོན་ནི་མཐར་ཐུགས་པའི་དོན་ཏོ།། ཕྱིར་ནི་དགྲོས་པའོ།། ཐབས་ཁྱད་པར་ཅན་གྱི་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་ལྟ་བུ་སྟེ། ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བས་བདེ ་བ་ཆེན་པོའི་དྲ་བས་ཀུན་ལ་ཡོག་པར་བྱ་བ་ཉིད་ཀྱིས་རྫོགས་པའི་བྱང་ཆུབ་ཏུ་འགྱུར་བོར་རོ།། ཅི་ནས་ཞེས་པ་ནི། ནོན་ཏན་དུ་བྱེ་བ་པོའི་ཐ་ཚིག་གོ།། ཐེག་པ་ཆེན་པོར་འགྱུར་བ་ཉིད་ཡིན་ཏེ། དཔེར་ན་ས་བོན་གྱི་མ་གཏོགས ་བཱཔཱར་མྱུ་གུ་ལ་སོགས་པའི་ཡོན་ཏན་འབྱིན་པར་གྲཝ་ལ་ནུས། དེ་བས་ན་མ་རྫོགས་རྫོགས་པརརུ་བྱེད་མདའ་ཡིན་ནོ་ཞེས་གསུངས་པས། རྒྱུའི་གནས་སྐབས་ཐབས་ཀྱི་སྦྱོར་བ་ལ་ཡང་བཀག་ན། ཕུན་སུམ་ཚོགས་པའི་འབྲས་བུའི ་ཕྱིར་ལྟ་སྨོས་ཀྱང་ཅི་དགོས། དང་པོར་ནང་གི་བདག་ཉིད་ལ་བཞག་ཅིང་སྦྱར་བར་བྱ་བའི་ཕྱིར། སེམས་ཅན་མོས་པ་སྣ་ཚོགས་པ། རྒྱལ་བས་ཀྱང་ནི་མ་གསུང་ས་ན། བདག་འདྲ་ངན་པ་སྨོས་ཅི་དགོས།། དེ་བས་འཇིག་རྟེན ་བསམ་པ་བཏང་།། ཞེས་གསུངས་པའི་དོན་ཀྱང་དེའོ།། རྒྱུ་འབྲས་རྗེས་སུ་མི་མཐུན་པ་ཡིན་ཏེ། བྱམས་པ་དང་སྙིང་རྗེ་སྔོན་དུ་སྟོང་བའི་བྱང་ཆུབ་ཀྱི་སེམས་སྨོས་པ་དང་འཇུག་པ་དང་། ཤིན་ཏུ་འཇུག་པ་ལ་སོགས་པས་སེམས ་ཀྱི་དོན་གྱི་ཕྱིར་ནང་དུ་བཞག་པའོ།། དེ་བས་ན་རྣམ་པར་རྟོག་པ་གང་གང་གིས།། གང་གང་བློ་ནི་བསྒོམས་པ་དང་།། སྒོམ་པའི་སྟོབས་ནི་རྫོགས་པ་དང་།། བདེ་གསལ་མི་རྟོགས་བློ་འབྲས་ཅན།། ཞེས་པས་ཀྱང་ཤེས་པར ་བྱའོ།། ཉོན་མོངས་པ་ནི་ཐམས་ཅད་རང་བཞིན་དངོས་པོ་དང་། དངོས་པོ་མེད་པ་དང་།། བཏང་སྙོམས་ཀྱི་རྙོག་པས་སེམས་དཀྲུགས་པའོ།། མི་ཤེས་པ་ནི་རྒྱུད་པའི་གཞུང་ལུགས་དང་བྲལ་བས་དོན་མ་ཕྲད་དེ་སྨིག་རྒྱུ་ལ་ཆུར ་བཟུང་བས་ངལ་ཞིང་གདུངས་པ་བཞིན། འདིར་ཡང་བརྟགས་པའི་རྙོག་པའི་འདམ་དུ་བྱིང་བར་གྱུར་པ་རྣམས་སོ།། སྨན་པ་ནི་གཞན་གྱིས་ཤེས་རབ་གསུ་མ་ལ་སྦྱར་རོ།། ནང་གི་བདག་ཉིད་ལ་འཇུག་པའི་དགོས་པས་ན་ཕྱིར། ་རོ།། བླ་ནི་འབྲས་བུ་སྟེར་བའི་དོན་གྱིས་སོ།། སྟོན་པ་ནི་ལོག་རྟོག་བཟློག་པའོ།། དམ་ཚིག་ནི་སྡོམ་པ་སྟེ།། བདེ་བ་དང་སྟོང་པའི་དྲ་བ་ཕྱེད་པ་དེ་ཉིད་ཇི་ལྟ་བ་མཁྱེན་ཅིང་ཐུགས་སུ་ཆུད་པའོ།། དེ་ཉིད་ཀྱི ་ཕྱིར་སངས་རྒྱས་ཀུན་གྱི་སྡོམ་པ་ནི། ཨེ་བཾ་ལས་ནི་རབ་ཏུ་ཞུགས། ཞེས་གསུངས་སོ།། དབང་པོ་གདུལ་བྱའི་རྒྱུད་མཁྱེན་པའོ།། བསམ་པ་ནི་གདུལ་བྱིའོ་འདོད་པ་མཁྱེན་པའོ།། དེ་དག་ནི་གནས་སུ་གྱུར་པས་མཆོག་གོ།། ་གི་ནི་དྲུག་པའི་དོན་གྱིས་གཉིས་པའོ།། ཡེ་ཤེས་སྐུ་ནི་ཡེ་ཤེས་ཕུང་པོ་ཅན་སྟེ། བདེ་བ་ཆེན་པོའི་རང་བཞིན་གྱི་ས་རྟག་པ་ཉིད་རྟག་ཏུ་འབྱུང་བའོ།། དེ་བོས་ན། གང་གིས་ང་ལ་གཟུགས་སུ་མཐོང་།། གང་གིས་ང་ལ་སྒྲར ་ཤེས་པ།། ལོག་པར་རྟོགས་པ་སྤོང་བ་སྟེ།། སྐྱེ་བོ་དེ་ཡིས་ང་མི་མཐོང་།། སངས་རྒྱས་རྣམས་ནི་ཆོས་ཀྱི་སྐུ།། འདྲེན་པ་རྣམས་ཀྱི་ཆོས་ཉིད་ནི།། དེ་ནི་རྣམ་པར་ཤེས་མི་ནུས།། ཞེས་གསུངས་པའི་ཕྱིར་རོ།། གཙུག་ཏོར་ནི ་བལྟར་མི་མངོན་པ་སྟེ། དེ་ཉིད་ཟིལ་གྱིས་མི་ནོན་པའི་རྟགས་ཡིན་པས་ན་གཙུག་ཏོར་ཆེན་པོའོ།། ཚིག་གིས་བརྗོད་པས་བྱེད་པ་སྟེ། མི་ཟད་པའི་གསུང་མངའ་བས་བདག་པོའོ།། ཡེ་ཤེས་ནི་མཐའ་དང་བྲལ་བ་སྟེ་མི ་འགྱུར་བས་ན་སྐུའོ།། དེའི་མཚན་ཉིད་ནི་རང་འབྱུང་བ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་གྱི་དོན་བརྗོད་པའོ།། འབྲེལ་པ་གཅིག་པས་མཆོག་གོ། དོན་ཟབ་པ་ནི་རྟོགས་པར་དཀའ་བའོ།། དོན་རྒྱ་ཆེ་བ་ནི་བློའི ་ཡུལ་མ་ཡིན་པས་སོ།། དོན་ཆེན་པོ་ནི་རང་གཞན་གྲུབ་པས་སོ།། མཚུངས་པ་མེད་པ་ནི་གཅིག་པུར་གྱུར་པས་སོ།། ཞི་བ་ནི་གློ་བུར་གྱི་དྲི་མ་དང་བྲལ་བས་སོ།། དག་པ་གསུམ་ནི་སྐྱེ་བ་དང་། གནས་པ་དང་། འགག་པ་དབེན་པའོ།། ་ཡང་ནུ་ལུས་དང་ངག་དང་། ཡིད་གསུམ་ལས་འབྱུང་བ་གསུམ་མོ།། ཡང་ན་དུས་གསུམ་དུ་གསུངས་པ་དང་། གསུང་བར་འགྱུར་བ་དང་གསུངས་པའོ།། དེ་ཉིད་ནི་ཡང་དག་པའི་ཤེས་པར་སྒྲུབ་པར་བྱེད་པར་ཡང་སྦྱར་བར་བྱའོ།། ་རྒྱུད་ནི་ཚིག་དང་དོན་ཏོ།། རྒྱུ་དང་ལམ་དང་འབྲས་བུ་ཆེན་པོ་སྟེ། དེ་རབ་ཏུ་རྒྱས་པར་གསལ་བར་བྱེད་པས་ཚིག་ལ་ཡང་ངོ་།། ཐབས་ཀྱི་རྒྱུད་སྒྲ་འཕྲལ་དྲ་བ་མཚོན་པས་བཏགས་པ་སྟེ། ལྷ་སྦྱིན་ཞང་པོ་ཅན་ཞེས་བྱ་བ་ལྟ ་བུའོ།། ལས་ནི་སྐལ་པའི་རྒྱུད་དེ་གོང་དུ་བསྟན་ཟིན་ཏོ།། རྡོ་རྗེ་འཆང་ཆེན་ནི་གྲགས་ཆེན་ལ།། གསང་སྔགས་འཆང་ནི་སྙིང་པོ་དོན་གྱི་ས་ངས་རྒྱས་སོ།། ཇི་སྙེད་པ་ནི་དཔག་མེད་རྣམས་ཀྱིས་སོ།། དགྱེས་བཞིན་དུ ་གླུར་བླངས་པ་བཤད་དུ་ག་སོལ།། ཞེས་པ་ནི་ངེས་པའི་དོན་ཏོ།། གསང་འཛིན་ནི་རྒྱུད་འདི་ཉིད་སྔར་བཤད་པའི་དོན་ཡང་ངོ་།། ཕྱིར་ནི་གཙོ་བོར་གྱུར་པ་གཞན་མེད་པའོ།། ངེས་པ་ནི་མི་གནས་པའི་མྱ་ངན་ལས ་འདས་པ་སྟེ། དེར་མ་བྱུང་གི་བར་ལས་འབྱུང་གི་བར་ཞེས་བྱའོ།། གཟུང་བ་ནི་བདག་དོན་དུའོ།། གསལ་བ་སྤང་བ་ནི་གཞན་གྱི་དོན་གྱི་ཕྱིར་རོ།། བསམ་པའི་ཁྱད་པར་ནི་དབང་པོའི་བྱེ་བྲག་ལའོ།། བཤད་པར ་པར་འཚལ་བ་ནི་དེ་ཁོ་ན་ཉིད་བཅུ་དང་། རིམ་པ་གཉིས་དང་ཟུང་དུ་འཇུག་པའོ།། གསང་དབང་ནི་དུག་བཅོམ་པའི་དེ་ཉིད་ལ་དབང་བའི་ལག་ན་རྡོ་རྗེས་སོ།། དེ་སྐད་དུ།། ཞེས་པ་ནི་ལྔའི་གསོལ་བ་གདབ་བོ།། སྤྱོད ་ལམ་ནི་གུས་པའི་རྟགས་སོ།། དེ་ནས་དེ་མ་ཐག་ཏུའོ།། རིགས་དང་སྟོབས་མཚོན་པས་ཤཱཀྱ་ཐུབ་པའོ།། རྐང་གཉིས་ནི་ལྷ་དང་མི་ཡི་སྟེ། དེའི་མཆོག་ཏུ་གྱུར་པའོ།། བཟང་བ་དང་། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས ་པའོ།། རིང་ཞིང་ཡངས་པ་ནི་ཆུ་དང་ཞང་ངོ་།། བརྐྱང་བ་དང་། འོད་ཕྱུང་བ་དང་། འཛུམ་པ་བསྟན་པའི་བདུད་བཏུལ་བ་དང་། འཁོར་བག་དང་ལྡན་པ་ལ་དགོད་པ་དང་། ཐུགས་རྗེ་ཆེན་པོས་སེམས་ཅན་གྱི་ཡིད་དང་མཐུན ་བར་བསྟན་པའོ།། ཚངས་པའི་གསུངས་དབྱངས་ནི་ཡན་ལག་དྲུག་ཅུ་དང་ལྡན་པ་སྟེ། འདིར་སྙན་པ་དང་། ཆེ་བ་དང་གསལ་བ་དང་། དེ་ནི་གོ་བར་ནུས་པ་འདུས་པ་སྟོན་པའོ།། བཀང་བ་ནི་གྲགས་པའོ།། གསང་བ་ནི ་གསང་བ་ཆེན་པོ་ལའོ།། སླར་གསུངས་པ་ནི་ཞུས་པའི་ལན་ནོ།། སྙིང་རྗེ་ཆེན་པོ་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པའོ།། དག་པར་བྱེད་པ་ནི་ཉོན་མོངས་པ་དག་པར་བྱེད་པ་སྟེ། བཀྲ་ཤིས་པར་རོ།། སྡིག་སེལ་བ་ནི་རྡུལ་དང ་བྲལ་བའོ།། བརྩོན་པ་ནི་མི་ཡེངས་པར་རྩེ་གཅིག་པའོ།། རང་དོན་ཉིད་ཀྱིས་ལེགས་སོ་ཞེས་པའོ།། གཉིས་པས་གཞན་དོན་བཟུང་བའོ།། ལེགས་པར་བསྟན་པ་ནི་འབྲས་བུ་དང་བཅས་པའི་ལམ་དུའོ།། ཉོན་ཞེས་པ་ནི། ་རྡོ་རྗེ་འཆང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་དུ་ལྟ་བ་དང་རྒྱུད་ཀྱི་རྒྱལ་པོ་འདི་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་སྲ་བརྟན་འབར་བ་ལྟ་བུར་བལྟ་བ་དང་། ཐུན་མོང་གི་འཁོར་རིན་པོ་ཆེ་ལྟ་བུའི་གང་ཟག་ཏུ་བལྟ་བ་དང་། བཤད ་བྱ་སེམས་ཀྱི་རང་བཞིན་ཤེས་རབ་དང་སྙིང་རྗེ་དབྱེར་མི་ཕྱེད་པར་བལྟ་བ་དང་། གསུང་དྲི་མ་མེད་པའི་བདུད་རྩིས་དབང་པོ་ཆེ་ཞིང་ཁྱབ་པར་འགྱུར་བའི་ཕྱིར། གསང་སྔགས་ནི་འགྲོ་བ་འདུལ་བའི་དུམ་བུ་ལྷའི་འཁོར་ལོ ་སྙིང་པོ་དང་། ཕྱག་རྒྱ་དང་། རིག་སྔགས་རྣམས་ལ་ཐམས་ཅད་ཅེས་བྱའོ།། དེ་དག་ནི་རྡོ་རྗེ་ད་བྱིངས་ལ་སོགས་པའི་ལྷའི་འཁོར་ལོ་གཟུང་ངོ་།། དེ་ཉིད་ཀྱི་རིགས་ཤེས་པར་ཡང་བའོ།། རིགས་ཆེན་ནི་རྣམ་པར ་སྣང་མཛད་ཆེན་པོའི་རང་བཞིནི་ལྔ་དུང་དྲུག་པའོ།། ཁོ་བོ་ནི་རིགས་འཕྲོ་བར་འདོད་པ་སྟེ། དམ་པའི་ཞལ་ལས་འོངས་པ་ནི་རྒྱས་བཏབ་གསུམ་གྱི་ངོ་བོ་ཉིད་ཡིན་པའི་ཕྱིར་ཏེ་མདོར་བསྟན་པའོ།། གསང་སྔགས་རིག ་སྡིགས་འཆང་བའི་རིགས། ཞེས་པ་ནི་གི་སང་སྔགས་ལ་སོགས་པ་ནི་རིག་སྔགས་ཀྱི་ལྔས་བྱེད་ཅིང་། དོན་བསྒྲུབས་པས་ན་འཚང་བ་སྟེ་ལས་ཀྱི་རིགས་སོ།། ཡང་ནརྀ་ཐམས་ཅད་ཤེས་རབ་ཀྱི་རྟགས་སུ་ཤེས་པར་བྱས ་ལ་དེས་དེ་ལ་ནན་ཏན་དུ་བྱས་པས་དེ་འགྲུབ་ཅེས་པའོ།། སྐུ་དང་གསུང་དང་ཐུགས་ནི་རིགས་གསུམ་སྟེ། ལ་ནི་དེ་ཉིད་གཞིར་བྱས་པའོ།། དེ་བཞིན་གཤེགས་པའི་རིགས་ལ་ནི་ཞེས་བྱ་བ་ལ་སྣང་བར་གཟིགས་པོ་ནི་སྐ ་འཇིག་རྟེན་ནི་ལོག་པའི་ཤེས་པས་བརྟགས་པའི་འཁོར་བ་སྟེ། དེ་ཉིད་རང་གི་ངོ་བོ་རྣམ་པར་དག་པ་ནི་འཇིག་རྟེན་ལས་འདས་པའི་རང་བཞིན་ལ། འཁོར་བའི་སྐྱོན་གྱིས་མ་གོས་པས་ན་པདྨའི་རིགས་སོ།། ་དེ་བས་ན། དཔལ་དགྱེས་པའི་རྡོ་རྗེ་ལས་གཏི་མུག་ལ་སོགས་ཀྱིས་མི་འཆིང་། ར་དི་རང་ཉིད་ནི་རྫོགས་བྱང་ཆུབ་ཅེས་གསུངས་པའི་ཕྱིར་རོ།། འཇིག་རྟེན་གཟུགས་ལ་སོགས་པ་སྟེ།། སྣང་བའི་དབང་པོའི་ཡུལ་དུ་འགྱུར་བའོ།། དེའི ་བྱེད་པ་དྷེ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། རིན་པ་ཚྭ་རིག་སཱ་ལ་ཕྱོགས་མེད་པས་ན་ཆེན་པོའོ།། ཕྱོགསོ་རྒྱ་ནི་ཁྱབ་ཅིང་མི་འདའ་བིའིའོ་དོན་གྱིས་ཏེ། འདྲ་སཱ་བུ་འབའ་ཞིག་བྱས་ཆེན་པོའོ།། རིགས་མཆོག་ཅེས་པ་ནཱི། རིགས་ལྔ ་དབྱེར་མི་ཕྱེད་པས་རྩོད་འདས་ཀྱི་རིགས་སོ།། རྡོ་རྗེའི་རིགས་ནི་ཆེན་པོ་སྟེ། རིགས་བཞིའི་བདག་ཉིད་ཡིན་པའི་ཕྱིར་འཁོར་རྣམས་ལ་ཟིལ་གྱིས་མི་ནོན་པའི་སྐྱེ་མཆེད་ཡོད་པ་དང་། ཉིད་ཀྱིས་ཟིལ་གྱིས་མི་ནོན་པའི་མཆེད་ཀྱིས ་འཁོར་རྣམས་རིས་དྲུག་གི་རྒྱུད་དུ་མཁྱེན་པས་གཙུག་ཏྲོ་རཱ་ཆེར་གཟིགས་ནས་ཞེས་པའོ།། གཙོ་བོ་རྡོ་རྗེ་དབང་ཕྱུག་ལ་དགོངས་པ་དང་། འབྲས་བུ་ཁྲོ་ན་ལམ་དུ་བྱ་བའི་ཕྱིར། རིགས་དྲུག་གི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ ་བ་ཆེན་པོ་ཉིད་བཤད་པར་བྱ་སྟེ། ཚིག་གི་ཞེས་པ་ནི་ཚིག་གི་རྒྱུད་དོ།། བདག་པོ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ་རྡོ་རྗེ་འཆང་ངོ་།། ཚིགས་སུ་བཅོད་པ་ནི་བརྐྱང་པ་བསྡུས་པའོ།། བཀའ་སྩལ་པ་ཤུགས་ཀྱིས་ཤེས ་བབར་བྱ་སྟེ། ལོངས་སྤྱོད་རྫོགས་པ་ཆེན་པོ་དང་། འཁོར་ལོས་སྒྱུར་བ་དང་། བསྟན་པའི་བདག་པོས་སོ།། གསང་སྔགས་ནི་སྐྱེ་བ་མེད་པའི་སྙིང་པོ་ཅན་ཡི་གེ་ཨཱའོ།། རྒྱལ་པོ་ནི་ཐམས་ཅད་ཀྱི་བདག་པོར་གྱུར་པས་སོ།། དྲུག་ནི་སྡེ ་ཚན་ཤེས་རབ་ཀྱི་ཡི་གེའོ།། ལྡན་པ་ནི་སྡེ་ཚན་བདུན་པའི་ཐབས་ཀྱི་ཡི་གེའོ།། དེ་མཚོན་བྱེད་དུ་གྱུར་ཅིང་། ཐུན་མོང་དང་མཆོག་གི་ནུས་པ་འབྱུང་ཞིང་ཤེས་པར་བྱའོ།། གཉིས་སུ་མེད་པར་འབྱུང་བ་དང་། ཞེས་བྱ་བ་ནི ་མ་ནིང་གྲི་ཡཱི་གེའི་རང་བཞིན་མཚོན་པར་བྱའོ།། མི་སྐྱེ་བ་ནི་ངོ་བོ་སྟེ་ཆོས་སོ།། ཆོས་ནི་རྐྱེནོ་ལས་སྨྲས་པ་སྟེ་རྣཾས་ཅན་ནོ།། ཅན་ནི་ཐཱ་མཱི་དང་བཱིའི་རང་བཞིན་འདི་གསུངས་པའོ།། དེ་ལྟར་གཉིས་སུ་མུང་བའི་ཡེ་ཤེས་ཡོངས ་སུ་དག་ཅིང་དྲི་མ་མེད་པ་ཇི་ལྟར་གནས་ཤེ་ནོ།། རིང་ཐུང་གི་བྱེ་བྲག་གིས་རིགས་དང་རིགས་ཀྱང་ཡེ་ཤེས་སོ།། དེ་བཞིན་གཤེགས་པའི་རིགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚན་དང་དཔེ་བྱད་ཀྱི་འཁོར་ལོར་སྣང་བུ་དང་། ་སྣ་ཚོགས་དཀར་དམར་གྱི་རྣམ་པར་སྣང་བ་ནི་གདུལ་བྱའི་སྣང་བའི་ཁྱད་པར་ཏེ། དེ་ཉིད་རྣམ་པར་དག་པ་དང་རྣམ་པར་དག་པས་རང་བཞིན་གྱིས་འོད་གསལ་བ་ནི་ཨི་ཨཱི་ཞེས་བྱའོ།། རིན་པོ་ཆེའི་རིགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེ ་ཏི་ཐུན་མོང་མ་ཡིན་པའི་དབང་པོའི་ལོངས་སྤྱོད་དུ་གྱུར་པ་དང་། ཐུན་མོང་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ནི་གདུལ་བའི་དབང་པོའི་ཁྱད་པར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས་མཐའ་གཞི་ལ་མི་གནས་པ་ནི་ཨོཾ ་ཞེས་བྱའོ།། པདྨའི་རིགས་ནི་སོ་སོར་རྟོག་པའི་ཡེ་ཤེས་ཏེ། ཁྲོ་བོ་དང་མཉམ་པ་དང་ཞི་བའི་ཁྱད་པར་གྱིས་རིགས་བསྡུས་རྒྱས་བྱེ་བྲག་དུ་སྣང་བ་དང་། རྣམ་ཤེས་སྐྱེ་བའི་སྒོ་ཐ་དད་པར་སྣང་བ་ནི་གདུལ་བྱའི ་དབང་པོའི་ཁྱད་པར་ཏེ། རྣམ་པོར་དག་པ་དང་རྣམ་པར་དག་པས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱུང་བ་རྒྱུད་གཅིག་ཏུ་གནས་པ་ཨུ་ཨཱུ་ཞེས་བྱའོ།། ལུས་ཀྱི་རིགས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། ཐོགས་པ་མེད ་བའི་སྐུས་རིགས་སོ་སོའི་འཕྲིན་ལས་རྟག་ཏུ་རྒྱུན་མི་འཆད་པར་མཛད་པ་དང་། དག་པའི་ཀུན་རྫོབ་ཀྱི་མཚན་ཉིད་རང་དང་མཐུན་པའི་དོན་བྱེད་འདུལ་བྱའི་སྣང་བའི་ཁྱད་པོར་ཏེ། རྣམ་པར་དག་པ་དང་རྣམ་པར་དག་པས ་འབད་པ་མེད་པར་རང་གི་ངང་གིས་འབྱུང་བ་ནི་ཨཾ་ཨཿའོ།། རྡོ་རྗེའི་རིགས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཐམས་ཅད་གཅིག་ཏུ་གྱུར་པོ་ཉིད་དྲང་། སྒྲོ་བསྐུར་དང་བྲལ་བ་ཉིད་ནི་དེ་བཞིན་གཤེགས་པ་དང་གྲང་ཟག ་གི་ཁྱད་པར་ཏེ། རང་གིས་ངོ་བོས་ནི་གཅིག་ལ་རྟག་ཏུ་འབྱུང་བ་དང་རྗེས་འཇོག་ཏུ་གནས་པས་རྣམ་པར་དག་པ་དང་། རྣམ་པར་དག་པས་འདིའི་ཞེས་འགའ་ལ་ཡང་མི་གནས་པའི་ཨཾ་ཨཾ་ཞེས་བྱའོ།། རྡོ་རྗེ་སེམས ་དཔའི་རིགས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གཟུགས་ཅན་མ་ཡིན་པ་དང་། སྐྱེ་བ་འཇིག་མེད་པ་དང་། ཡུལ་ལ་མི་གནས་པ་དང་། འགྲོ་འོང་མེད་པ་དང་། ཕྱི་དང་ནང་གི་ཆོས་ཐམས་ཅད་དེའི་ངོ་བོར་གཅིག་པ་དང ་ཟུག་རྔུ་གང་གིས་ཀྱང་མ་གོས་པའི་ཡེ་ཤེས་སྣང་བ་མེད་པ་ལ་སོགས་པ་འབྲས་བུའི་ལུས་བརྒྱད་དང་ལྡན་པ་དང་། མཚན་མ་ཐམས་ཅད་རང་གྲོལ་བས་དབང་པོ་རང་ཞི་ཞིང་མིང་གིས་དབེན་པའི་ཟུང་འཇུག་རྒྱུད་ལས་སྐྱེས ་པ་ནི། རིགས་ཐམས་ཅད་ཡེ་ཤེས་ཐམས་ཅད་ཉིད་ཡིན་པས་རྩོད་འདས་ཞེས་བྱ་སྟེ། དབྱེ་བ་མེད་པ་ལེ་ཨ་ཨཱ་ཞེས་བྱའོ།། དེ་རྟོགས་པར་བྱ་བ་ནི་རྣམ་པར་རྟོག་པའི་བློའི་ཁྱད་པར་ནང་རྟེན་ཅིང་འབྲེལ་ཏེ་འབྱུང་བས ་འཇུག་སྟེ། སྠི་ཏོ་ཧྲྀ་དི་ཞེས་བྱ་བ་ནི་རེ་ཤིག་པའི་གནས་མཚོན་པ་སྟེ། སྙིང་ཁཱ་ཚིས་ཀྱོ་འཁོར་ལོ་ལ་སོགས་པའོ།། ཛྙཱ་ན་ཞེས་བྱ་བ་ན་དགའ་བ་དང་མཆོག་ཏུ་དགའ་བ་དང་། དགའ་བྲལ་དང་། ལྷན་ཅིག་སྐྱེས་པའི ་དགའ་བའི་ཡེ་ཤེས་གནས་དེ་དག་ཏུ་རྙེད་པར་འགྱུར་བའོ།། མུརྟི་ཞེས་བྱ་བ་ནི་སྤྱི་གཙུག་ལ་བྱ་སྟེ། ཕྲ་མོའི་རྣལ་འབྱོར་གྱི་སྦྱོར་བས་འཁྲུལ་འཁོར་གྱི་སྦྱོར་བས་ལམ་ངེས་པར་སྦྱངས་ནས་ཐིག་ལེའི་རྣལ་འབྱོར ་གྱིས་ཤིགས་པ་མེད་པའི་ཡི་གེ་ཧཾ་ལིས་བྱང་ཆུབ་ཀྱི་སེམས་འཇིག་པ་འདྲེན་ཅིང་རོལ་པ་བདེ་པོ་རྙེད་པར་འགྱུར་བའོ།། ར་ནི་རཱ་རྡོ་སྟེ་ཆགས་པ་ཆེན་པོའི་སྦྱོརེ་བས་འོག་ནས་འབྱུང་བའི་བཅོམ་ལྡན་འདས་མའི་ཡེ་ཤེས ་དེ་ཉིད་ཧཾ་མོ།། ཇི་ལྟར་རྣལ་འབྱོར་དུ་བྱ་བ་ནི་རེ་སྟེ་རྡོ་རྗེ་དང་པདྨའོ།། དེ་ཡང་ཡེ་ཤེས་ཀྱི་བྱེད་པ་པོ་དང་ཕྲད་པ་ལས་བྱང་ཆུབ་ཀྱི་སེམས་གཉིས་ནི་ཨ་དང་བུ་དྡྷིའོ།། དེ་ཉིད་ནང་གིས་འཇུག་པའི་རིམེ་པས་རྟོགས་པར་གྱུར ་པཱ་ནི་བུདྡྷཱ་ནཱཾ་དོ།། དགའ་བ་གསུམ་ལྷན་ཅིག་སྐྱེས་པའི་ངོ་བོར་འབྱུང་བ་དང་། ལྷན་ཅིག་སྐྱེས་པ་དུས་གསུམ་དུ་འབྱུང་བ་ནི་ཏྱེ་དྷཱུ་བཱརྟི་ནཱཾ་ངོ་།། མན་དྲུག་བླ་མའི་ཞལ་ལས་ཤེས་པར་བྱའོ།། ཇི་ལྟར ་ཉམས་སུ་བླང་བ་ཡང་དབྱེར་མི་ཕྱེད་པའི་ཡེ་ཤས་བློའི་ཡུལ་རིང་དུ་གྱུར་པ་ནི་བཛྲ་ཏཱིཀྵའོ།། དེ་ལྟར་ཡིང་སྡུག་བསྔལ་གཅོད་པར་ནུས་པ་ཡང་རྨི་ཡིན་ཏེ། དམ་པའི་ཞབས་ཀྱི་པདྨོ་ལྔ་བཏུད་པའི་དྲོན་གྱིས། སྐད ་ཅིག་ལ་རྙེད་པར་གྱུར་པས་དུཿཁ་ཙྪ་དའོ།། དེ་བས་ཀྱི་ཧོ་གྲོགས་དག་ལྷན་ཅིག་སྐྱེས་བེ་དཱི་དེ། གཞནི་ནས་མི་རྙིད་བླ་མིའི་ཞལ་ལས་དྲིས་ཞེས་གསུངས་པས་སོ།། དེས་གནང་བར་གྱུར་པའི་རིམ་པ་ནི་པྲཛྙཱ་ཛྙཱ་ནའོ།། མུཎྜི ་ནི་རྒྱུན་ཏེ་བཞི་པའོ།། ཡ་ནི་ཡེ་ཏེ་གནས་པའི་དོན་ནོ།། དེ་ཉིད་གཉུག་མའི་ཡེ་ཤེས་རང་གི་མཚན་ཉིད་དུ་བྱས་པ་ནི་ཛྙཱ་ན་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་ཉིད་ཡིན་པཀཱ་ཡ་བཱཀ ་གོ་ཡང་ནི་བཱ་གཱི་ཤྭ་ར་ནི་གསུང་གི་དབང་ཕྱུག་གིས་རྒྱུད་པས་དེ་ཉིད་ཤེས་པར་བྱ་སྟེ། ལུང་དུང་རང་གི་རིགས་པ་དང་བླ་མའི་གདམས་ངག་གིས་ཤེས་གཞན་དུ་བསྟེན་ཏོ།། ཨ་ལ་སོགས་པའི་དོན་ནི་སྐྱེ་བ ་མེད་པའི་བདེ་བ་ཆེན་པོའི་སྙིང་པོ་ཞེས་དང་། མངོན་པོར་ཞེན་པ་དང་བྲལ་བའི་སྟོབས་ཀྱིས་དམ་ཚིག་གི་སྤྱོད་པ་དང་། རིགས་པས་ཐམས་ཅད་ཀྱང་དེ་བཞིན་བསྡུ་བ་དང་། དེ་ཁོ་ན་ཉིད་རེ་རེ་དང་བྲལ་བ་དང་།། ཞེས་བྱ་བའི ་དོན་ལ་ཡང་མི་གནས་པའོ།། འདི་ལྟར་ནི་བཤད་ཟིན་པ་དང་སྦྱར་རོ།། ཨཱ་ལས་འབྱུང་བ་ནི་སངས་རྒྱས་ཀྱི་རྒྱུད་དོན་ཨའོ།། དོན་ཆོས་ལ་སོགས་པ་ནི་དོན་ཆེ་བས་ཕན་ཡོན་ཆེ་བ་འབྱུང་བས་ན་སྐྱེ་བ་མྱེད་པའི་སྙིང་རྗེའི་སྙིང་པོ ་ཅན་ནི་ཡི་གེ་དམ་པ་ཨ་ལས་འབྱུང་བ་ཡིན་ནོ་ཞེས་བྱའོ།། མཆོག་ནི་མཆོད་པ་དང་བརྗོད་བཞི་ཐམས་ཅད་ཀྱི་སྲོག་ཏུ་གྱུར་པ་སྟེ། ཁོང་ནས་འབྱུང་བས་ན་སྲོག་གོ།། དེའི་ཕྱིར་སྐྱེ་བ་མེད་པ་མཚོན་པར་ནུས་ཏེ། དཔེར་ན ་སྲོག་གི་རླུང་འགགས་ན་ཐམས་ཅད་འགགས་པར་འགྱུར་བ་བཞིན་ནོ།། བརྗོད་པ་དང་བྲེལ་བས་ཕུན་སུམ་ཚོགས་པ་འབྱུང་བ་སྟེ། བརྗོད་པ་ནི་མིང་ཡིན་ལ་དེ་ལས་བློ་སྐྱེ་བོའི་ཕྱིར་རོ།། ཐམས་ཅད་དུ་བརྗོད་པ་མ་བཀག ་པ་ནི་མ་ཡིན་ཏེ། སྲོག་ཡིན་པས་རྒྱུར་འགྱུར་ལ། ཡན་ལག་གི་གསལ་བར་བྱེད་པའོ།། དེ་ལྟར་ཡི་གེ་གཙོ་བོ་ལས་མངོན་པར་འཕེན་པ་ནི་དཀྱིལ་འཁོར་གྱི་འ་ཁོར་ཐམས་ཅད་ཀྱི་ས་བོན་དང་། སྙིང་པོ་དང་སྔགས ་སུ་གྱུར་པའོ།། གསལ་ཡིག་མ་འཕེལ་བ་མ་ཡིན་ཏེ། སྲོག་ཏུ་བརྗོད་པའི་ཕྱིར་དོང་། བཅུ་གཅིག་པའི་ཐིག་ལེས་ཐབས་ཀྱི་རང་བཞིན་བཟུང་བའོ།། ཐུབས་སུ་མི་འགྱུར་བ་མ་ཡིན་ཏེ། མཁའ་འགྲོ་མ་དྲི་བའི་གུར་ལེས ་བདེ་བ་ཆེན་པོ་འཁོར་བ་ཁྱབ། བདེ་བ་སྤངས་ན་དེ་མ་ཡིན།། ཞེས་པས། ཐིག་ལེ་སྤངས་པ་ལ་རྙེད་པར་མ་གསུངས་སོ།། བདེ་བ་ཆེན་པོ་ནི་ཤེས་རབ་མ་ཡིན་ཏེ། དེ་ཉིད་ལས། བུད་མེད་བཟང་མོའི་རེག་པ་བདེ་བ། གླུ་ཐོས ་པ་ཡི་ཞི་བ་བདེ།། རི་བསྣམས་པ་ཡི་བདེ་བ་ཆེ།། སྐྱེས་ནས་རེག་པའི་བདེ་བ་ཆེ།། བཅུད་ལེན་རབ་ཏུ་སྦྱོར་བ་ཡིས།། བདེ་བ་སུ་ཞིག་འགོག་པར་བྱེད།། ཅེས་གསུངས་པས་ན། ཤེས་རབ་དང་ཐབས་ཐ ་མི་དད་པ་ཉིད་ལས་དཀྱིལ་འཁོར་པ་ཐམས་ཅད་རྫོགས་པར་འགྱུར་བའི་ཕྱིར་མཆོད་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདོད་ཆགས་དང་། འདུ་ཤེས་དང་། མེའི་ཁམས་རྣམ་པར་དག་པ་ནི་མཆོད་པ་ཆེན་པོ་སྟེ་བདེ་བའོ།། ་དེས་རྒྱུ་དང་འབྲས་བུའི་སྐབས་སུ་སེམས་ཅན་ཐམས་ཅད་དགའ་བར་བྱེད་།། ཞེ་སྡང་བ་དང་། རྣམ་པར་ཤེས་པ་དང་། ཆུའི་ཁམས་རྣམ་པར་དག་པ་ནི་ཞེ་སྡང་ཆེན་པོ་སྟེ་མཆོད་པའོ།། དེ་ས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ ་གཅོད་པར་བྱེད་དོ།། གཏི་མུག་དང་གཟུགས་དང་། སའི་ཁམས་རྣམ་པར་དག་པ་ནི་གཉིས་མེད་དེ། གཏི་མུག་ཆེན་པོའི་མཆོད་པའོ།། དེ་མི་ཤེས་ཤིང་ཤེས་པ་མེད་པས་ན་གཏི་མུག་བློ་སྟེ་མ་རིག་པའི་རྩ་བ་ཅན་གྱི་གཏི་མུག ་སེལ་ཏོ།། ཕྲག་དོག་དང་། འདུ་བྱེད་དང་། རླུང་གི་ཁམས་རྣམ་པར་དག་པ་ནི་འགྲོ་འོང་མེད་པའི་རང་གྲོལ་དུ་གྱུར་པ་སྟེ། ཕྲག་དོག་ཆེན་པོའི་མཆོད་པའོ།། དེ་ཡང་ཐ་མལ་པའི་ཕྲག་དོག་གཅོད་པར་བྱེད་པས་ན། ཆེ་བ་ཞེས་བྱའོ།། ་སེར་སྣ་དང་། ཚོར་བ་རྣམ་པར་དོག་པའི་ཁམས་ནི་བློ་ཡིས་མ་སྤགས་པ་སྟེ། ཆགས་པ་ཆེན་པོའི་མཆོད་པའོ།། དེས་མངོན་པར་ཞེན་པ་ཐམས་ཅད་སེལ་བར་བྱེད་དོ།། དེ་ལྟར་འཁོར་བའི་རྣམ་པར་དག་པ་རིགས་དང་ངོ ་བཞིན་གཤེགས་པར་བསྟན་ལ། དེ་ཡང་ཡེ་ཤེས་ཀྱིས་དག་པར་བྱས་ལ་རྩོད་འདས་སུ་ཤེས་པར་བྱའོ།། བསྟན་པ་ལ་དགོས་པ་མེད་པ་མ་ཡིན་ཏེ། ཕལ་བའི་རྣམ་པར་སྤངས་པའི་ཕྱིར།། བསྒོམ་པའི་ཡང་དག་རབ་ཏུ་གྲགས།། ཕལ ་བའི་རང་བཞིན་སྤངས་ནས་ནི།། བསྒོམ་པ་དེ་ནི་སྒོམ་པ་མིན།། ཞེས་གསུངས་པས་སོ།། འདོད་པ་ཆེན་པོ་ཞེས་བྱ་བ་ལ་སོག། ས་པཱ་ལས་སེམས་བསྐྱེད་པའི་རང་བཞིན་དུ་བསྟན་པར་བྱ་སྟེ། དགའ་བ་དང་མཆོག་ཏུ་དགའ་བ་དང་། ་ལྷན་ཅིག་སྐྱེས་པའི་དགའ་བ་དང་། དགའ་བྲལ་གྱི་མཚན་ཉིད་ནི།། འདོད་ཆགས་ཆེན་པོ་དང་། བདེ་བ་ཆེ་ནུ་པོ་དང་། མགུ་བ་ཆེན་པོ་སྟེ། དེ་ཡང་སྣ་ཚོགས་རྣམ་པ་སྣ་ཚོགས་བརྗོད།། འཁྱུད་དང་འོ་བྱེད་ལ་སོགས་པ།། རྣམ་པར ་སྨིན་པ་དེ་ལས་བཟློག། བདེ་བའི་ཡེ་ཤེས་ཟ་བ་ཉིད།། རྣམ་པར་ཉེས་པ་སྤྱོད་པར་བརྗོད།། བདག་གིས་བདེ་བ་སྤྱོད་དོ་ཞེས།། མཚན་ཉིད་བྲལ་ལ་གི་སུམ་ལས་གཞན།། ཆགས་དང་ཆགས་མེད་རྣམ་པར་སྤངས།། ཞེས་གསུངས་པས ་ཞེས་། གཟུགས་ཆེན་ཞེས་བྱ་བ་ལ་སོགས་པས་ནི་དབང་བསྐུར་བ་འི་རང་བཞིན་དུ་བཤད་པར་བྱ་བ། དེ་ཡང་ཡེ་ཤེས་ལ་དབང་བ་དང་། ཉོན་མོངས་པ་ལ་དབང་བ་དང་། རླུང་ལ་དབང་བ་དང་། བདུད་ལ་དབང་བ་ས། དེ ་གཟུ་ལོས་ཡུས་ཆེ་བ་དང་། ཁ་དོག་དབྱིབས་ཆེ་བ་དང་། མིང་དང་རྒྱ་ཆེ་བ་དང་། དཀྱིལ་འཁོར་ཆེ་ཞིང་ཡངས་པ་སྟེ། བརྡ་དང་ཉམས་སུ་མྱོང་བ་རྟོགས་པ་དང་། དོན་གཅིག་པ་ཉིད་ཀྱིས་གཟུགས་དང་དོན་ལུས་ནི་སྣང་བ་ཐམས་ཅད་དེ། ་ཆེན་པོ་ནི་བཛྲར་གྱུར་པའི་དོན་བསམས་ཀྱིས་མི་ཁྱབ་པ་ཉིད་དུའོ།། ཁ་དོག་དང་ལུས་ནི་བྱེ་བྲག་འཛིན་པའི་ཤེས་པ་སྟེ། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ངོ་།། ཆེ་བ་ནི་མཆོད་པ་མཆོག་གི་དུས ་སུའོ།། སྙིང་པོར་གྱུར་པ་ནི་དེ་བཞིན་ཉིད་རིག་པ་སྟེ། དྲེ་བས་ན། རང་རིག་པ་ཡི་བདག་ཉིད་དེ།། དག་པ་གཞན་གྱིས་གྲོལ་མི་འགྱུར།། ཞེས་གསུངས་པས་སོ།། མིང་དང་རྒྱ་ཆེ་བ་ནི་ཇི་སྲིད་དུ་མིང་དུ་བཏགས་པ་དེ ་སྲིད་བརྟགས་པའི་རྟོགས་པ་སྟེ། དེ་དག་ཐམས་ཅད་ཀྱི་བྱེད་པ་པོ་ནི་རླུང་ལྔའི་བདག་ཉིད་བཅུའི་མིང་ཅན་རྣམ་ཤེས་ཀྱི་བཞོན་པ་སྟེ། དེ་ཡང་དག་པར་བྱེད་པ་ནི་བླ་མའི་ཞབས་ཀྱི་པདྨོ་ལས་རྙེད་པའོ།། ཐམས་ཅད་ལྷན ་ཅིག་སྐྱེས་པའི་འཇུག་པ་ཉིད་ཀྱིས་ཆེ་བ་སྟེ། དེ་ནི་ཡང་དྲུག་པ་མ་ཡིན་པའི་རྟོགས་པའི་ཆོས་མཐའ་དག་གི་འོབས་ཀྱིས་བསྐོར་བའི་ནང་དུ་དྲི་མ་དང་བཅོས་པའི་སྲིད་པའི་ཆུ་ཡི་རྐང་པ་སྟེ། སྲིད་པའི་ཤིང་སྤངས་ཤིང ་གཏོར་བས་སྐྱེས་པ་ལས་ཤིན་ཏུ་རིང་དུ་སྐྱེས་ནས་འདོད་པའི་འབྲས་བུ་མིག་དགའ་བསྐྱེད་པ་དང་། རྣ་བ་བདེ་བ་བྱེད་པ་དང་། དྲི་ཞིམ་པ་དང་། རོ་ཞིམ་པ་མཁྲང་ཞིང་སྒྲོམ་ལ་སྣ་ཚོགས་རྣམ་པ་མང་པོ་ཉམས་སུ་མྱོང་བ ་བྱེད་ཅིང་། རྒྱུ་གསར་དུ་བསྐྱེད་པའི་སྲིད་པ་ལས་ལྡོག་པར་འགྱུར།། ཞེས་གསུངས་པས་སོ།། དཀྱིལ་འཁོར་ཆེན་པོ་ནི་སྐུ་གཞི་དབྱར་མེད་འཁོར་ལོ་སྟེ། བདེ་བ་ཆེན་པོར་གཅིག་པས་ཡངས་པའོ།། དེ་ཉིད་ལ་དངོས་གྲུབ ་དང་བར་དུ་གཅོད་པ་མི་གནས་པའི་དོན་ཏོ།། དམན་པ་རྣམས་ཀྱིས་ནི་ལུས་ངག་གི་བརྡས་སོ།། ཤེས་རབ་མཚོན་ཆེན་པོ་ལ་སོགས་པས་ནི་ཆོས་བཤད་པའི་རང་བཞིན་དུ་བསྟན་པར་བྱ་སྟེ། དོན་གཅིག་པ་དང་། མ་རྨོངས་པ ་དང་། ཐབས་མང་བ་དང་། དཀའ་བ་མེད་པའོ།། དེ་ཉིད་དགག་སྒྲུབ་དང་བྲལ་བ་དང་ཉམས་སུ་མྱོང་བ་དང་། ཕྱག་རྒྱ་བཞི་པ་དང་། འབྲས་བུ་ལམ་དུ་བྱེད་པོའོ།། དེ་ནི་འདི་ལྟར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན ་རིགས་པས་དབུ་མར་ཤེས་པར་བྱ་སྟེ། དེ་ནི་མཚོན་ཆེན་པོ་ཡིན་པས། སྒོ་བཏགས་ཀུན་ལས་རྣམ་གྲོལོ་བ།། དེ་ནི་དབུ་མ་པ་ཡིས་རིག། ཅེས་བཤད་པ་ཡང་མིང་དུ་བཏགས་པ་དང་།། བློ་ཡིས་བཏགས་པ་ཐམས་ཅད ་གྲོལ་བ་ཡེ་ཤེས་ཀྱི་རྒྱུད་ཉིད་དུ་འཚོང་བའོ།། ཉོན་མོངས་པ་ནི་འདོད་ཆགས་ལ་སོགས་པ་སྟེ། རླུང་གནས་སུ་ཞུགས་པའི་མན་ངག་ནི་ལྕགས་ཀྱུ་ཆེན་པོའོ།། དེ་ཡང་སྤྱིའི་རྣམ་པ་ལས་གྲོལ་བ་སྟེ། སྤྱིའི་རྣམ་པ་ནི་སླེབ་དཔོན ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། འོན་ཀྱང་སྒྲ་ལས་སྐྱེས་པ་ཡི། རྣམ་རྟོགས་གཟུགས་བརྙན་ཉིད་ཡིན་ནོ།། ཞེས་གི་སུངས་པས་སོ།། རང་གིས་མཚན་ཉིད་ནི། ལྷན་ཅི་པ་སྐྱེས་པའི་ངོ་བོ་དང་། མཆོག་མཐའ་དགའ་བྲལ ་ངོ་པོ་ཅན།། མུན་པ་ལས་ནི་མར་མེ་བཞིནོ།། དེ་བཞིན་བུས་ཀྱང་ཡིད་ཆེས་ཀྱིས།། ཞེས་གསུངས་པའི་ཕྱིར་མཆོག་གོ།། གྲགས་ཆེན་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྟེ། སྙན་པར་གྲགས་པ་ནི་ཐའས་ཆེ་བ་ལ་སོགས་པའོ ་སྣང་བ་ཆེན་པོ་ནི་བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་འབྲས་པ་སྟེ། དེ་འང་རྒྱུའི་དུས་ཉིད་དུ་རང་གི་ངོ་བོར་གྱུར་པ་གསལ་བ་ཚྭ་ཞེས་པའོ།། ཐ་དད་རྣམ་ཡིན་ཏེ། དེའི་རང་བཞིན་དེ་ཡིན་ཕྱིར། ་དེ་ཡི་ནུས་པ་དེ་ལ་གནས།། དེ་ཕྱིར་དེ་ཡི་རང་བཞིན་ནོ།། ལམ་ཉིད་ནས་ནི་བསྒོམ་པར་བྱཞེས་གསུངས་པས་སོ།། མཁས་པ་ལ་སོགས་པ་ཕྲིན་ལས་ཀྱི་རང་བཞིན་དུ་བཤད་པར་པ་སྟེ། དེ་ཡང་རིགས་མཐའ་ཡས་པ་རིགོས ་གཅིག་ཏུ་བྱེད་པ་ཡང་རིགས་མཐུན་པ་གཉེན་པོར་བྱེད་པ་དང་། རིགས་ཀྱི་མཚན་མ་དངོས་གྲུབ་ང་སྒྲུབ་པ་དང་། ཆོས་ཐམས་ཅད་ལྷན་ཅིག་སྐྱེས་པར་བྱེད་པའི་ལས་སོ།། དེ་ནས་རྣམ་འཕྲུལ་སྣ་ཚོགས་པ་གཅིག་ཉིད་དང་། ཐབས ་ཁྱད་པར་ཅོན་ཉིད་དང་རྗེས་སུ་མཐུན་པས་བྱིན་གྱིས་བརླབས་པ་ཉིད་དང་། འཁྲུལ་པ་ཞིག་པའི་རང་བཞིན་ཏེ། དེ་ནི་དཔེར་ན་ཆུ་ཟླ་དང་། དུག་གིས་དུག་བསོ་བ་དང་། འཁོར་ལོས་སྒྲར་བའི་རྒྱལ་པོའི་བུ་དང་། ཆུ་རྣམས ་རྒྱ་མཚོ་ཆེན་པོར་ལན་ཚར་རོ་གཅིག་པ་བཞིན་ནོ།། དེ་ལྟ་བས་ན། མཁས་པ་ནི་བདེ་བ་ཆེན་པོ་སྟེ། བདེན་པ་གཉིས་ལས་ཡོངས་སུ་གྲུབ་པས་སོ།། སྒྱུ་འཕྲུལ་ཆེན་པོ་ནི་དེ་ཉིད་ལེས་རིགས་སྣང་བའོ།། འཆང་བ་ནི་མངའ ་བ་ཞེས་བྱ་བའི་དོན་ཏོ།། དེ་བས་ན། གང་ག་ཀླུང་བཅུའི་བྱེ་མ་དང་མཚུངས་པ། རིགས་གཅིག་པ་ལ་ནི་དེ་བཞིན་གཤེགས་པའི་ཚོགས། རིགས་ཀྱི་ཚོགས་ལས་རིགས་ནི་དུ་མ་སྟེ། རིགས་དེ་ལས་ནི་རིགས་ནི་དུ་མ་བརྒྱ།། ་དེ་ལས་ཡང་ནི་རིགས་འབུམ་ཆེན་པོ་སྟེ། རིགས་ནི་སཱ་ཡ་ཕྲག་མང་པོ་ཡིན་པས།། མི་ཡི་རིགས་ནི་གྲངས་མེད་དོ།། དམ་པ་དགའ་བའི་རིགས་ལས་འབྱུང་བའོ་ཞེས་གསུངས་པའི་ཕྱིར་རོ།། སྒྱུ་འཕྲུལ་ཆེན་པོ་ནི་བསྐྲད་པ་ལོངས་སྤྱོད ་རྫོགས་པའི་འཁོར་ལོའོ།། དེ་དག་གི་དགོས་པ་ནི་ཀུན་ཏུ་བརྟགས་པ་བྱེད་པར་བྱེད་པའི་དོན་ཏེ། དེ་ཡང་བསྐྱེད་པའི་རིམ་པའི་ཡི་གེ་ཕྱོགས།། གང་དང་གང་གིས་འཇིག་རྟེན་བཅིངས།། དེ་དང་དེ་ནི་བཅིངས་ལས་གྲོལ།། དེ ་ཉིད་མི་ཤེས་འཇིག་རྟེན་འཆིང་།། དེ་ཉིད་རྣམ་སྤངས་གྲུབ་མི་ཐོབ། ཅེས་གསུངས་པས་སོ།། མཚན་མས་མཚོན་མ་འཇིག་པ་མི་འཐད་པ་མ་ཡིན་ཏེ། དེ་ཡང་།། ཞལ་ཕྱག་ཁ་དོག་དབྱིབས་ལས་ནི། འོན་ཀྱང་ཐ་མལ་བག་ཆག ་འཇིག། དུག་གི་དུམ་བུ་གང་ཉིད་ཀྱིས།། སྐྱེ་བོ་ཐམས་ཅད་འཆི་བ་སྟེ།། དུག་གི་དེ་ཉིད་ཤེས་དེ་ཡིས།། དུག་གི་དུག་ནི་འཇོམས་པར་བྱེད།། ཅེས་བྱ་བ་ལ་སོགས་པ་གསུངས་སོ།། དེ་བས་ན་དོན་གྲུབ་པ་ཞེས་བྱའོ།། དགའ་བ་ནི ་སྔར་བཞིན་ལ། དེ་བས་དགའ་བ་ནི་རིགས་ཀྱི་མཚན་མ་མཚན་པའོ།། དེའི་དགོས་པ་ནི་དགོས་པས་གཞན་ལྡོག་པ་དང་།། དོན་གྲུབ་མྱུར་དུ་གྲུབ་པའི་ཕྱག་རྒྱའོ།། དེ་ཡང་དབང་བསྐུར་ནས་སྤྱི་བོར་རང་གི་རིགས་ཀྱི་བདག ་བོར་གྱུར་པར་བསམ་མོ།། ཞེས་གསུངས་པ་ནི། འཁོར་རྣམས་ཡེ་ཤེས་ལ་དམིགས་པ་ཡིན་པའི་ཕྱིར། ལུས་སྤངས་སེམས་སྤངས་ཀྱིས། བསྒྲུབ་བྱ་ཟུང་འཇུག་བསྒྲུབ་པར་བྱ་བའི་རྒྱུད་ཉིད་དུ་གསུངས་སོ།། མ་ངེས་པ ་མ་ཡིན་ཏེ། ཡེ་ཤེས་མངོན་དུ་གྱུར་པ་ཉིད་ཀྱིས། གཙོ་བོས་ནི་བདེ་བ་ཆེན་པོ་མཚོན་པའོ།། སྒྱུ་འཕྲུལ་ཆེན་པོ་ནི་ཆོས་ཐམས་ཅད་དེ། དེའི་མཚན་ཉིད་ནི་མི་འཕྲུལ་ལྟ་བུའོ།། ཅན་ཞེས་བྱ་བ་ནི་སེམས་ལྷན་ཅིག ་སྐྱེས་པའི་ངོ་བོར་གྱུར་པ་ནི་སངས་རྒྱས་ཉིད་དེ། འཇིག་རྟེན་ཁམས་ནི་གང་ནས་ཀྱང་།། གཞན་དུ་སངས་རྒྱས་མི་རྙེད་དེ།། སེམས་ཉིད་རྫོགས་པའི་སངས་རྒྱས་ཉིད་།། སངས་རྒྱས་གཞན་དུ་བསྟན་དུ་མོད་ཅེས་གསུངས་པས ་སོ། སྦྱིན་བདག་ཆེན་པོ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དག་པ་བཤད་པ་བྱ་སྟེ། སྦྱིན་བདག་ཆེན་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་ཆེན་པོ་ལ་སོགས་པ་ཡང་ངོ་།། གཙོ་བོ་ཆེན་པོ་ནི་བདེ་བ ་ཆེན་པོའི་ཉམས་མྱོང་གིས་སྒེག་པའོ།། འཆང་བ་ནི་བརྒྱུད་པའི་གཞུང་ལུགས་ཀྱི་ཕྲེང་བ་འཛིན་པ་སྟེ། དེ་ཉིད་ལས་མི་འདའ་བའི་དོན་གྱིས་ན་མཆོག་གོ། བསྟན་པ་ནི་རང་འུབྱུང་གི་ཡེ་ཤེས་ཀྱི་རྒྱུད་ལ་གོམས་པའོ།། བརྟུལ ་བ་ནི་སྣ་ཚོགས་པ་ཐམས་ཅད་རྡོ་རྗེ་འཆང་གི་གར་དུ་གོམས་པ་སྟེ། དེ་ཡང་ཁམས་གསུམ་སྣ་ཚོགས་པ་འདི་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གནས་པ་སྟེ། དེ་ལྟར་ལ་ལར་ནི་སྙིང་རྗེ་དང་སྲིན་པོའི་བདག་ཉིད་དོ།། ལ་ལར་ནི་མི ་སྣང་བ་དང་། མུ་ཅོར་དུ་སྨྲ་བར་རོ།། ལ་ལར་ནི་སྲེད་པ་དང་ནོར་བུ་བཞིན་ནོ།། ལ་ལར་གཉིད་ལོག་པ་དང་སད་ཅིང་བསྡམས་པར་རོ།། ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་པས་སོ།། ཏིང་འཛིན་གནས་ནི་བློ་ཡི་མ་བསླད་པའི ་མེ་ཏོག་གོ།། ལུས་འཆང་བ་ནི་དབང་པོ་རང་སྣང་བའི་བདུག་པའོ།། སྟོབས་དང་ཐབས་ནི་ལྟོས་པ་མེད་པར་རང་ཉིད་གསལ་བ་སྟེ། དེ་ཡང་ཆུ་བོ་ཀླུང་འབབ་རྒྱུན་དང་ནི།། མར་མེ་འབར་བའི་རྩེ་མོ་བཞིན།། སྔགས་ཀྱི་དེ་རིགས་རྣལ་འབྱོར་པས ་རྒྱུན་མི་འཆད་པའི་བསམ་གཏན་བསྒོམས།། ཞེས་པ་གསུངས་པས་སོ།། རྒྱ་མཚོ་ནི་བདག་གཞན་གྱིས་དབྱེ་བ་སྤངས་པའི་ཡེ་ཤེས་ཀྱི་བྱུག་པ་ཆེན་པོའོ།། མ་ཆགས་པ་དང་། མི་འདའ་བ་དང་། མ་འཁྲུག་པ་དང་། བར་ཆད་མེད་པ ་དདེང་རྩེ་གཅིག་པ་དང་། རྒྱ་ཆེ་བ་དང་། མི་ཐུབ་པ་དང་། ཚེགས་ཆུང་བ་དང་། དོན་འབྱུང་བ་དང་། ཟུང་དུ་འཇུག་པ་ཡང་སྦྱར་རོ།། གཉིས་ལྡན་པ་ནི་ཐམས་ཅད་ལ་ཁྱབ་པར་སྦྱར་བའི་ཐ་ཚིག་གོ། བྱམས་ཆེན་ལ་སོགས་པ་ནི ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བཤད་པར་བྱ་སྟེ། ཕྱོགས་མེད་པར་སྣང་བ་དང་། ཉམས་སུ་མྱོང་བ་དང་། མཚན་མའི་རློམོ་སེམས་དང་བྲལ་བ་དང་། འབད་པ་ལ་རོག་མ་ལས་སྣང་བའོ།། དེ་ཡང་བྱམས་པའི་བྱམས་པ་ཆེན་པོ ་སྟེ། དེའི་རང་བཞིན་དཔག་ཏུ་མེད་པ་སྟེ་ཚད་མ་བཤད་པའོ།། སྙིང་རྗེ་ཆེན་པོ་ནི་བསམ་གྱིས་མི་ཁྱབ་པའི་ཉམས་མྱོང་སྟེ། བློ་ཐམས་ཅད་ལས་མཆོག་ཏུ་གྲུབ་པའོ།། ཤེས་རབ་ཆེན་པོ་ནི་དམིགས་པ་དང་མི་གནས་པ་སྟེ། འབྲས ་བུ་དང་ཤེས་རབ་དང་ལྡན་པའོ།། མཁས་པ་ཆེན་པོ་ནི་འཁྲུལ་པ་ཞིག་པ་སྟེ། རང་གི་ངང་གིས་འབྱུང་བས་ན་ཐབས་ཆེན་ཞེས་བྱའོ།། །། རྫུ་འཕྲུལ་ཆེན་པོ་མཉམ་སྙོམས་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་བཤད ་པར་བྱ་སྟེ། སྣང་བརྟགས་མཉམ་པ་ཉིད་དང་། རྒྱུ་འབྲས་དང་། དཔེ་དོན་དང་། འཁོར་འདས་མཉམ་པ་ཉིད་དོ།། དེ་ཡང་རྫུ་འཕྲུལ་ཆེན་པོ་ནི་གཟུགས་ལ་སོགས་པ་སྟེ། རྒྱུ་རྐྱེན་ལ་རག་ལས་པའི་ཕྱིར་སྐྱེ་བ་མེད་པའི ་སྟོབས་དང་ལྡན་པའོ།། ཤུགས་ཚོན་ཞེས་བྱ་བ་ནི་ཐེ་ཙོམ་མེད་པ་སྟེ། གཉུག་མའི་ཤེས་པ་རྒྱུར་བཏགས་པ་ཉིད་ལ་འབྲས་བུ་ཡང་དེ་ཁོ་ན་ཉིད་ཡིན་པའི་ཕྱིར། བསྐལ་པ་དུ་མ་ལ་རག་མ་ལས་པས་མགྱོགས་པ་ཆེན་པོ་ཐ་དད་པ ་མ་ཡིན་ཏེ། ཉེ་བར་ལེན་པའི་རྒྱུ་ནི་འབྲས་བུ་དང་རྗེས་སུ་མཐུན་པར་དགོས་པ་ལས་འདིར་མི་ལྡན་པའི་ཕྱིར་རོ།། རྒྱུ་དང་འབྲས་བུར་མ་གྲུབ་ཕྱིར།། བྱང་ཆུབ་མེད་ཅིང་བསྒོམ་པ་མེད། ཅེས་གསུངས་པས་སོ།། རྫུ་འཕྲུལ་ཆེན་པོ ་འདྲ་བས་འདྲ་བ་མཚོན་པར་ནུས་པ་སྟེ། དེ་ཡང་དངོས་མ་ཡིན་པ་ཉིད་དོ།། དེ་བས་ན་མེ་ལོང་གི་ནང་དུ་བྱད་ཀྱིས་གཟུགས་བརྙན་འབྱུང་པོ་དེ་བྱད་དུ་མི་འགྱུར་བ་དང་འདྲའོ་ཞེས་གསུངས་སོ།། གཞན་དག་ལ་ཁྱད་པར་ནི་དཔེ་དོན ་དེ་དག་ཡོད་པ་མ་ཡིན་ཏེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས།། ཆོས་ཀྱི་ཕྱག་རྒྱ་རྣམ་པར་སྒོམ།། དྭེ་ཡི་སྟེང་དུ་ཕྱག་རྒྱ་ཆེ།། གང་ལས་དམ་ཚིག་འབྱུང་བའོ།། ཞེས་བཤད་པ་ཡང་། དེ་ལྟ་ན་ནི་རྣལ་འབྱོར་པའི།། ཉམས་སུ་མྱོང་བ ་སྐྱེ་མི་འགྱུར་ཞེས་གསུངས་པའི་ཕྱིར་རོ།། དེ་ཉིད་ཚད་མར་དབྱེ་བ་ཡ་བརྒྱ་ལ་དུལ་བའི་སེམས་ཀྱི་མཚན་ཚེ་མངོན་སུམ་དུ་བྱས་ན་ནི། ཚེ་འདི་ཉིད་ལ་སངས་རྒྱས་སམ་རྡོ་རྗེ་སེམས་དཔའ་ཉིད་ཀྱང་ཐོབ་ལ་སེམས་ཅན་གང་གིས ་མཚོན་བྱ་ཇི་ལྟར་བསྟན་པ་བཞིན་མཚོན་ནམ་བསྟན་པ་ཙམ་གྱིས་བསམ་གྱི་མི་ཁྱབ་པའི་གནས་མ་རྙེད་ཀྱི་བར་དུ་མཐོ་རིས་དག་ཏུ་བདེ་བླག་ཏུ་འགྱུར་རོ་ཞེས་གསུངས་པས་ན་ཆེར་གྲགས་པ་ཞེས་བྱའོ།། སྟོབས་ཆེན་པོ་ནི་འཁོར་བ་དང ་མྱ་ངན་ལས་འདས་པ་སྟེ། རྟོགས་པ་དང་མ་རྟོགས་པའི་ཁྱད་པར་གྱི་ཕ་རོལ་གནོན་པ་སྟེ། བདག་ཉིད་གཅིག་པུ་ཤེས་པར་བྱའོ།། སྲིད་བཱིའི་རི་ལ་སོགས་པ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སུ་བཤད་པར་བྱ་སྟེ། སངས་རྒྱས་དང་སེམས ་ཅན་རྒྱུད་གཅིག་པ་དང་། རྟོགས་ཤིང་མྱོང་ནས་རྒྱུད་ལ་གོམས་པར་བྱ་བ་དང་། བག་ཆགས་གཅིག་གཅད་པས་གཅོད་པོ་དང་། གཉིས་སུ་ཞེན་པས་གཉིས་མེད་དུ་རྟོགས་པའོ།། དེ་ཡང་སྲིད་པ་ནི་མ་རིག་པ་སྟེ། རི་བོ་ཆེན་པོ་ནི ་ཁམས་གསུམ་པའོ།། འཇོམས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་འདིར་རིག་པའོ།། མཁྲེགས་ཤིང་ཞེས་བྱ་བ་ནི།། རྡོ་རྗེ་ཆེན་པོའི་མཚན་ཉིད་དེ། སྙིང་པོ་བརྟན་ཞིང་ཁོང་སྟོང་མེད།། མི་ཆོད་མི་ཕྱེང་མཚན་ཉིད་ཅན།། མི་ཤིགས ་པ་ནི་མི་ཉམས་པས།། སྟོང་པ་རྡོ་རྗེ་ཞེས་བཤད་དོ།། ཞེས་གསུངས་པསོ།། འཆང་བ་ནི་བདེ་བ་དང་ཐ་མོ་དད་པ་སྟེ། འབྲས་བུ་ཐམས་ཅད་པ་ཉིད་ཀྱི་བར་དུའོ།། དྲག་པོ་ཆེན་པོ་ནི་རྙེད་པར་གྱུར་པོའོ།། དྲག་ཤུལ་ཆེ་ཞེས་པ་ནི་བག ་ཆགས་ཐམས་ཅད་ཀྱི་ཡེ་ཤེས་ངོ་བོར་མཁྱེན་ནས་གཉེན་པོ་མེད་པ་སྟེ། དེ་བས་ན་བསོད་ནམས་སྡིག་པ་དག་དང་འབྲེལ་མེད་པ་ཞེས་གསུངས་སོ།། འཇིགས་པ་ཆེན་པོ་ནི་གཟུང་བ་དང་འཛིན་པ་སྟེ། དེ་ཡང་འཇིགས་པར་བྱེད་པ་ནི ་དུས་གསུམ་གྱི་ཆ་དང་བྲལ་བའི་ཡེ་ཤེས་སོ།། མགོན་པོ་རིགས་མཆོག་ལ་སོགས་པ་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་སུ་བཤད་པར་བྱ་སྟེ། རིགས་གཅིག་ཏུ་ནན་ཏན་བྱ་བ་དང་། བླ་མས་བསྟན་པའི་དོན་དང་། ་དེ་ཉིད་ལམ་དུ་བྱ་བ་དང་རང་དང་གཞན་གྱི་དོན་དུ་ཕུན་སུམ་ཚོགས་པ་ལ་ནན་ཏན་དུ་བྱ་བའོ།། དེ་ཡང་མགོན་པོ་ནི་སངས་རྒྱས་སོ།། རིགས་མཆོག་ནི་ལྔའོ།། ཆེན་པོ་སྟེ་ཞེས་བྱ་བཾ་ནི་བདེ་བོ་ཆེན་པོའི་རིགས་སོ།། བླ་མ་གསང་སྔས ་ནི་བླ་མས་བསྟན་པ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་དེ། ཆོས་ཐམས་ཅད་ལ་རབ་ཏུ་མི་གནས་པའི་ཟུང་འཇུག་ནི་ཆེ་བའི་མཆོག་གོ། དེ་ཉིད་ལམ་དུ་བྱེད་པ་ནི་ཚུལ་ལ་གནས་པའོ།། དེས་ཇི་ལྟ་བུར་འགྱུར་ཞེ་ན། རང་དང་གཞན་གྱི་ཕུན ་སུམ་ཚོགས་པ་སྟེ། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་བྱའོ།། དོན་མཆོག་མ་ཡིན་པར་བསྟན་པ་ཡང་།། གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི།། འབྲས་བུ་གཙོ་བོར་བཤད་པ་སྟེ།། སངས་རྒྱས་ལ་སོགས་གོ་འཕང་གཞན། ངས ་ན་དོན་དེ་འབྲས་བུར་བརྗོད་ཅེས་གསུངས་སོ།། མ་ནིང་གི་ཡི་གེ་ནི། སྡུད་པར་བྱེད་པ་ཉིད་ཀྱིས་ལྕགས་ཀྱུ་ལ་སོགས་པའི་རྣམ་པར་དག་པ་སྟེ། ཡེ་ཤེས་མཐར་ཐུག་པ་མཚོན་པའི་ཕྱིར་རོ།། སངས་རྒྱས་ལ་སོགས་པ་རྒྱུད་ཉིད་དུ ་བཤད་པར་བྱ་སྟེ། སངས་རྒྱས་ནི་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བའི་དབྱིངས་སོ།། རྣམ་པར་སྣང་བ་ནི་ལོངས་སྤྱོད་རྫོགས་པའི་དང་འཁོར་ལོ་སྒྱུར་བའོ།། མཛད་པ་ནི་སེམས ་ཅན་གྱི་དོན་དུ་སྤྲུལ་པའི་སྐུའོ།། དབྱེར་མི་ཕྱེད་པ་ནི་ཆེ་བ་སྟེ། རང་བཞིན་ཉིད་ཀྱིས་གནས་པའི་ངོ་བོ་ཉིད་ཀྱི་སྐུའོ།། ཐུབ་པ་ཆེན་པོ་ནི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་དང་ལྡན་པའོ།། གང་གིས་མཐུ་དང་ལྡན་ཞེ་ན། ཐུབ་ཆེན་ལྡན་ཞེས་བྱ་སྟེ། ་དུས་རྟག་ཏུ་མཉིམ་པར་བཞག་པོ་དང་ལྗོན་པའོ།། འབྲས་བུ་དེ་དང་ཉེ་བར་གྱུར་པ་ནི་གསང་སྔགས་ཀྱི་ཚུལ་ཆེན་པོ་སྟེ། དེ་ཡང་ཕྱི་རོལ་ནང་དང་གནས་པ་འདི་ཀུན།། ཡང་དག་ཏུ་ནི་རང་བཞིན་མེད།། གཅིག་དང་དུ་མའི་རང་བཞིན ་ནོ།། བྲལ་བའི་ཕྱིར་ནི་གཟུགས་བརྙན་བཞིན།། ཞེས་གསུངས་པ་ནི། མངོན་པར་ཞེས་པ་དང་བྲལ་བའི་གཟུགས་བརྙན་ཙམ་མམོ།། འདི་ནི་གཟུགས་བརྙན་ནོ།། ཞེས་བཏགས་པ་ཙམ་ཡང་བྲལ་བ་ནི་མཐའ་བཞིས་དབེན་པའི་དབུ ་མ་ཆེན་པོའོ།། དེ་ཉིད་ལ་ཡང་གསུངས་པ། སྣ་ཚོགས་རྟག་པ་མ་ཡིན་ཞིང་།། ཆད་པར་ཡང་ནི་ཁས་མི་ལོན།། རྟག་དང་ཆད་པ་གཉི་ག་མེད།། གཉི་ག་ཡིན་པ་མ་ཡིན་པ།། མཐའ་བཞི་ལས་ནི་རྣམ་གྲོལ་བ།། དེ་ནི་དབུ་མ་པ་ཡིས ་རིག་ཅེས་གསུངས་སོ།། རིག་པ་རྫས་ཡང་དག་ཏུ་འདོད་པ་དང་བཅས་པ་མ་ཡིན་ཏེ། དཔེར་ན་ཤིང་སྣ་ཚོགས་པ་ལ་མེ་བྱུང་བའི་དུས་ན་མེ་ལྕེ་གཅིག་ཏུ་གནས་སོ།། ཤིང་ཟད་པའི་དུས་ནི་མེ་དེ་ཉིད་གནས་པ་བཞིན་དུ་མིང་དུ་བཏགས ་པ་དང་བློ་ཡིས་བཏགས་པ་སྣ་ཚོགས་པ་ལ་སྐྱེ་བ་མེད་པའི་མེ་ལྕེ་གཅིག་ཏུ་གྱུར་ནས་གང་གཞན་གྱི་སྒྲོ་འདོགས་ཟད་པ་དེའི་ཚེ། སྐྱེ་བ་མེད་ཙམ་ལ་ཡང་མི་གནས་པ་སྟེ་ཁོ་བོ་ནི་འདོད་པས་སྟོང་པའི་ཕྱིར་རོ།། དེ་ཡང་སེམས་རང་གི ་སྐལ་བར་བྱ་བའི་ཕྱིར།། སློབ་དཔོན་གསུང་བ་ཤེས་རབ་དང་།། དེ་ནས་དེ་ལྟར་ཡང་བཞི་པ།། ཞེས་གསུངས་པ་ཉིད་ཀྱིས། ཕྱིའི་ཚུལྔ་ལ་འཇུག་པའི་སྦྱོར་བ་ནི་མ་ཡིན་ཏེ། དབང་བསྐུར་བཞི་ཡི་གྲངས ་ཀྱིས་ནི།། དགའ་བ་ལ་སོགས་རིམས་ཞེས་བྱོ།། ཞེས་གསུངས་པ་ཉིད་ཀྱིས་ནང་གི་བདག་ཉིད་ཅན་དུ་བྱ་བའི་ཐ་ཚིག་སྟེ། གཞན་དུ་རྒྱས་པར་བསྟན་པོས་འདིར་རྒྱ་ཆེར་མ་སྤྲོ་ས་སོ།། འོན་ཀྱང་ཅུང་ཟད་ཙམ་ཞིག་བསྟན་པར་བྱ ་སྟེདང་པོར་དགའ་བ་ཙམ་ཉིད་དེ།། མཆོག་ཏུ་དགའ་བ་དེ་ལས་ལྷག། དགའ་བྲལ་དགའ་བ་གསུམ་པོ་སྟེ།། བཞི་པ་ལྷན་ཅིག་སྐྱེས་པ་བརྗོད། ཅེས་གསུངས་པས་མཚོན་པའི་བཞི་པ་བསྟན་པའོ།། མཚོན་པར་བྱེད་པ་དགའ་བྲལ ་ནི་མ་ཡིན་ཏེ། དང་པོ་དགའ་བ་འགྲོ་བའི་ཚུལ།། དེ་བཞིན་མཆོག་དགའ་འགྲོ་བ་ཉིད།། དགའ་བྲལ་དགའ་བ་འགྲོ་བ་སྟེ།། གསུམ་པ་ལྷན་ཅིག་སྐྱེས་མེད་དོ།། ཞེས་གསུངས་པས་སོ།། དེ་དག་ཏུ་ཇི་ལྟར་རིག་པའི་ཚུལ་ནི།། དེ་ལྟར ་སློབ་མའི་སྤྱོད་ཡུལ་དུ།། རོ་གཅིག་པར་ཡང་བྱ་བ་ཉིད།། རང་རིག་ཡེ་ཤེས་གྱུར་ན་ནི།། རང་གཞན་རིག་པ་སྤངས་པ་ཡིན།། མཁས་མཉམ་རྡུལ་བྲལ་བསྟོད་པ་སྟེ།། དངོས་དང་དངོས་མེད་བདག་ཉིད་མཆོག་ཅེས་བྱ་བ་ལ་སོགས ་བ་གསུངས་ཏེ། ཞི་བའི་བདེ་བ་རྙེད་པ་ཞེས་བྱ་བའི་དོན་ཏོ།། དེ་ལྟ་བུའི་ཡེ་ཤེས་བརྟན་པར་བྱེད་པ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཁྱད་པར་གྱིས། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ།། མ་བྱིན་པར་ཡང་བླང་བར ་བྱཿམི་ཚངས་པར་ཡང་སྤྱད་པར་བྱ།། བརྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། ཞེས་གསུངས་པ་ནི། ཤེས་པའི་གནས་སྐབས་ཀྱིས་ཤེས་པར་བྱའོ།། དེ་ལས་གཞན་པ་ཡང་། ཤ་ཆེན་དམ་ཚིག་མཆོག་གིས་ནི།། རྡོ་རྗེ་གསུམ་མཆོག་བསྒྲུབ་པར ་བྱ།། བཤང་གཅིའི་དམ་ཚིག་མཆོག་གིས་ནི།། རིག་པ་འཛིན་པའི་གཙོ་བོར་འགྱུར།། གླང་པོའི་ཤ་ཡི་དམ་ཚིག་གིས།། མངོན་ཤེས་ལྔ་ཡང་ཐོབ་པར་འགྱུར།། རྟ་ཤ་དག་གི་དམ་ཚིག་གིས།། མི་སྣང་བ་ཡི་བདག་པོར་འགྱུར།། ཁྱི་ཤ ་ངག་གི་དམ་ཚིག་གིས།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། བ་ལང་ཤ་ཡི་དམ་ཚིག་གིས།། རྡོ་རྗེ་དགུག་པ་མཆོག་ཏུ་འགྱུར།། ཞེས་བྱ་བ་ལ་སོགས་པ་སྤྱད་པར་བྱའོ།། གལ་ཏེ་རྙེད་པར་དཀའ་བ་དང་།། ལས་དང་པོ་པར་གྱུར་ན། ་རྣམས་ཐམས་ཅད་མེད་ན་ཡང་།། ཐམཅད་བསམ་པ་རྣམ་པར་དག་ཅེས་བསམ་པའི་སྟོབས་སྤྱད་པར་བྱའོ།། གཞན་འགྲུབ་པའི་ཐབས་ནི་འགྱུར་ཕྱིར་དང་། ནོར་ལ་སོགས་པ་བསྒྲུབ་ཕྱིར་དང་།། སེམས་ཅན་དོན་དུ་དེ་ཉིད་བཅས།། བརྟུལ ་ཞུགས་ཞལ་གྱིས་བཞེས་པ་ཡིན།། ཞེས་པས་དྲོད་དང་འབྲེལ་པར་སྤྱད་པར་བྱའོ།། གཞན་ཡང་གང་གིས་ཤེས་ན་མིང་པོ་སྟེ།། སྲིང་མོ་ཡང་ནི་ཐེ་ཙོམ་མེད། ཅེས་པ་ས་བརྡ་དང་མཚན་མས་ཤེས་པར་བྱས་ལ། གནས་ལ ་སོགས་པ་ཕྱི་ནང་དུ་སྦྱར་བ་དང་། སྐྱེ་བ་བདུན་པའི་བསྒྲུབ་པ་བརྩམ་པར་བྱའོ།། དེ་དག་ཐམས་ཅད་ཀྱི་བྱེད་པ་པོར་གྱུར་པ་ནི་བླ་མ་རྡོ་རྗེ་འཛིན་པས་མཉེས་པར་བྱའོ།། དེ་ལྟ་བུའི་རྒྱུད་སྦྱང་ཞེས་གྲོལ་བར་བྱ་བ་ནི། རིམ་པ་གཉིས ་ཀྱི་ཁྱད་པར་ཏེ། དེ་ཡང་བསྐྱེད་པའི་རིམ་པ་དང་།། རྫོགས་པཱ་ཡི་ནི་རིམ་པ་གཉིས།། རིམ་པ་གཉིས་ལ་བརྟེན་ནས་ནི།། རྡོ་རྗེ་འཆང་གིས་ཆོས་སྟོན་ཏོ།། ཞེས་གསུངས་པའི་ཕྱིར། ལས་དང་པོ་པ་རྣམས ་ཀྱིས་བསྐྱེད་པའི་རིམ་པའོ།། རྣལ་འབྱོར་པས་བསྒོམ་པར་བྱ་སྟེ། དེ་ཡང་བསྐྱེད་པའི་རིམ་པའི་ངོ་བོ་ཉིད།། དང་པོར་རེ་ཤིག་ཤེས་བྱས་ལ་ཞེས་གསུངས་པ་ཉིད་ཀྱིས་རེ་ཤིག་པའི་རྣལ་འབྱོར་ལ་གནས་པར་བྱའོ།། དེ་དག་གིས ་སྦྱོར་བར་འགྱུར་བ་ཡང་།། གཟུགས་སོགས་ཡུལ་ནི་གཞན་དག་ཀྱང་།། རྣལ་འབྱོར་པ་ལ་གང་སྣང་བ།། དེ་ཀུན་དག་པའི་རང་བཞིན་ཏེ། འགྲོ་བ་སངས་རྒྱས་རང་བཞིན་ཉིད། ཅེས་གསུངས་པ་བསྒོམ་པར་བྱའོ།། གཞན་ཡང་རྫོགས ་པོའི་རིམ་པ་ནི་དབང་པོ་མཆོག་གི་རྣལ་འབྱོར་གྱིས་བསྒོམ་པར་བྱ་སྟེ། དེ་ཡང་རྫོགས་པའི་རིམ་པའི་རྣལ་འབྱོར་གྱིས།། འབད་པ་ཐམས་ཅད་སྤང་བར་བྱ།། ཞེས་གསུངས་པས། འབད་པ་མེད་པའི་རྣལ་འབྱོར་བསམ་གཏན་དུ ་བྱའོ།། གཞན་ལ་ནི་སེམས་གཞན་པར་བྱ་བའི་ཕྱིར། རིན་ཆེན་ཆེན་པོའི་ཁ་དོག་ལྔ།། ཡུངས་ཀར་གྱི་ནི་འབྲུ་ཚོད་ཙམ།། སྣ་ཡི་རྩེ་མོར་ནན་ཏན་དུ། རྣོལ་འབྱོར་པ་ཡིས་རྟག་ཏུ་བསྒོམ།། ཞེས་གསུངས་སོ།། དེ་ལ་བརྟན་པ ་ཅུང་ཞིག་ཐོབ་པ་ཡིས།། རང་བཞིན་གྱིས་ནི་འོད་གསལ་བ།། ཐམས་ཅད་མ་སྐྱེས་ཟག་པ་མེད།། བྱང་ཆུབ་མེད་ཅིང་མངོན་རྟོགས་མེད་ཅེས་གསུངས་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དམ་ཚིག་རྗེས་སུ་དྲན་པའི་མཆོད ་པའོ།། གཞན་ཡང་ཐམས་ཅད་རང་བཞིན་འོད་གསལ་བ།། མཚན་མེད་མི་འགྱུར་ན་མཁའ་བཞིན།། གཉིས་མེད་གཉིས་སུ་མེད་མིན་ཞེས་གསུངས་པས་སོ།། གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་དུ་བྱ་བའོ།། དེ་ཡང་ནང་གི ་སྤྱོད་པ་ལ་མཉམ་པར་མ་བཞག་ན། ཡེ་ཤེས་ཆེན་པོ་ལས་སེམས་ཐོགས་པ་མེད་པར་མི་འགྱུར་བའི་ཕྱིར། ཡིད་ཕམ་པར་འགྱུར་བའི་གནས་གསུངས་པ་ནི། ས་ཕྱོགས་གཙང་ཞིང་རྣམ་པར་དབེན་པའམ།། རྒྱལ་ཉིད་སྐྱེ་ཞིང་ཞི་བའི་གནས ་རྣམས་ཀུན།། བཤང་གཅི་ཁུ་བ་སོགས་པས་བྱུག་པའམ། རྒྱལ་བ་མཆོད་ཕྱིར་རྟག་པར་རབ་ཏུ་བྱོ།། ཞེས་པས་ན། དང་པོ་པས་ཆེད་དུ་བརྗོད་པ་ནི་གནས་བར་དུ་གཅོད་པ་དང་བྲལ་བ། འཚོ་བ་རྙེད་པར་བླ་བ་རྟག་ཏུ་མཆོད་པར་བྱ་བ ་ནིབུད་མེད་སེམས་ནི་རབ་བརྟན་པ།། ལོ་གྲངས་བཅུ་གཉིས་ལོ་རྙེད་པ།། རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ།། བདག་གི་ཁུ་བས་མཆོད་པར་བྱ།། ཞེས་གསུངས་པའི་དོན་ནི། དབང་པོ་གཉིས་ནི་མཉམ་གཞག་སྟེ།། མཁས་པོས ་རང་གི་ཁུ་བ་དག། རྣལ་འབྱོར་པས་ནི་རྟག་ཏུ་དབྱུང་།། དཀྱིལ་འཁོར་དཀྱིལ་འཁོར་ཚུལ་དུ་བྱ་ཞེས་གསུངས་པས། དེ་ལ་དངོས་གྲུབ་དུ་འགྱུར་བ་ནི།། དབང་པོ་གཉིས་ནི་མཉམ་སྦྱོར་བས།། སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར ་ཞེས་གསུངས་པ་དང་། སྐྱེ་བ་མེད་པའི་ཡིད་ང་ལ་སོས་པའི་བདེ་བས་ནི་ཐམས་ཅད་སྤྱད་པ་རོ་བྱ་བ་ཁོ་ན་སྟེ། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཇི་ལྟར་འདོད་པ་བརྟེན་ན་ནི།། འདི་ལྟ་བུ་ཡི་སྦྱོར་བ་ཡིས།། བྱང་ཆུབ་མྱུར་དུ་ཐོབ ་པར་འགྱུར།། ཞེས་བྱ་བ་འདིས་ནི་རྟེན་གྱི་སྐྱེ་འཇིག་མེད་པའི་རྣལ་འབྱོར་དུ་འགྱུར་རོ།། གཞན་ཡང་རིམ་པ་གཉིས་ཀྱི་གནས་སྐབས་འགའ་ལ་ཡང་བདག་དང་གཞན་གྱི་དོན་དུ་དངོས་གྲུབ་བསྒྲུབ་པ་དང་། ཞི་བ ་ལ་སོགས་པའི་ལས་སྣ་ཚོགས་པ་ནི་རྫས་འབའ་ཞིག་གིས་འབྱུང་བ་དང་། བསམ་གཏན་ཙམ་གྱིས་འགྲུབ་པ་དང་། སྔགས་དང་ལྡན་པས་འགྲུབ་པ་དང་། དེ་ཡང་འཁྲུལ་འཁོར་དང་ལྡན་པས་འགྲུབ་པ་སྟེ། དེ་བས་ན་བྱང་ཆུབ ་མེད་པར་དགེ་མི་འཇུག་ཅེས་གསུངས་པས། འགྲོ་བའི་དོན་དུ་དོན་ཆེན་པོ་ལ་དམིགས་པར་བྱ་བ་སྟེ། དེ་ལས་འབྱུང་བ་ནི་འབྲས་བུའོ།། དེ་ལྟར་གསང་སྔགས་ཀྱི་ཚུལ་ཆེན་པོའི་བདག་ཉིད་ཅན་ནི་དམན་པའི་གང་ཟག་གིས་མི ་འགྲུབ་སྟེ། དེ་ཡང་། ཐོས་པ་ཆུང་ཞིང་ང་རྒྱལ་ལྡན།། སྦ་བ་མེད་པར་མང་དུ་སྨྲ།། རྗེས་སུ་གཟུང་བར་མི་ནུས་པ།། ཙན་དན་ཞེས་བྱའི་གང་ཟག་གོ། ཞེས་བྱ་བ་ལ་སོགས་པ་ནི་མ་ཡིན་ཏེ། དེ་ཡང་གང་ལ་བཤད་པར་བྱ་བ་ནི།། ་རྫོགས་པའི་རིམ་པའི་སྐལ་ལྡན་ཞིང་།། རྟག་ཏུ་བསྟོད་པས་རྣམ་བརྒྱན་པ།། དེ་ནི་རིན་ཆེན་གང་ཟག་སྟེ།། སློབ་མ་ལ་བཤད་སྣོད་ཡིན་ནོ།། ཞེས་གསུངས་སོ།། དེ་ལྟ་བུའི་གང་ཟག་ནི་ཁྱུ་མཆོག་དྲང་མཚུངས་པ་སྟེ། མངོན ་བར་རྙེད་པའི་དོན་དུ་འགྱུར་རོ།། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སོགས་པ་ནི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཐམས་ཅད་རྫོགས་པར་བཤད་པར་བྱ་སྟེ། བཅུ་ནི་སྦྱིན་པ་ལ་སོགས་པ་ལ་བྱ་ལ། དེ་ཡང་སྦྱིན་དང་ཚུལ་ཁྲིམས་བཟོད ་བརྩོན་འགྲུས།། བསམ་གཏན་དང་ནི་ཤེས་རབ་ཐབས།། སྟོབས་དང་སྨོན་ལམ་ཡེ་ཤེས་དང་།། འདི་དག་པ་རསྦྱི་བཅུར་འདོད།། ཅེས་གསུངས་པས། ཁོ་བོ་སངས་རྒྱས་ཀྱི་གསུང་གི་སྡོམ་པ་ལས་མ་རྨོངས་པར་བྱ་བའི་ཕྱིར་རབ་ཏུ་དབྱེ ་བར་བྱ་སྟེ།། ཟང་ཟིང་དང་། སྐྱབས་དང་། ཆོས་ཀྱི་སྦྱིན་པའོ།། སྡོམ་པ་དང་། དགེ་བ་ཆོས་སྡུད་པ་དང་། སེམས་ཅན་གྱི་དོན་བྱེད་པ་ནི་ཚུལ་ཁྲིམས་སོ།། སྡུག་བསྔལ་དང་དུ་ལེན་པ་དང་། གནོད་པ་བྱེད་པ་ལ་ཇི་ལྟ་མི་སྙོམ་པ་དང ་བྱ་མོའི་ཆོས་ལ་བཟོད་པའོ།། གློ་རྒྱུ་དང་། སྦྱོར་བ་དང་། མཐ་རེ་ཕྱིན་པ་ནི་བརྩོན་འགྲུས་སོ།། ཡོན་ཏན་མངོན་པར་གྲུབ་པོ་དང་། མི་གཡོ་བ་དང་། སེམས་ཅན་གྱི་དོན་བྱེད་པ་ནི་བསམ་གཏན་ནོ།། ཐོས་པ་དང་། བསམ་པ་དང་། ་སྒོམ་པ་ས་ས་རབ་སྟེ། རང་གི་སྐྱོན་མི། བ་དང་། སེམས་ཎྜི་ན་བྱེད་པ་དང་། སྐ་བྱུང་ཆུབ་པ་ན་མ་མོ།། རང་གི་མས་རྒྱུན་ཏུ་སྤྲོ་པ་། ཀྱིམ་སྨིན་ན་དང་སྐྱེས་བྱུ་དང་། སངས་རྒྱུས་རྒྱུ་ཞི ་སུ་དག་པར་སྨོན་པ་ནི་སྨོན་ལམ་མོ།། ལས་དང་ལས་ཀྱི་རྣམ་པར་སྨིན་པ་མི་འཇུག་པ་དང་། ཆེན་མོངས་པ་མི་སྡུད་པ་དང་། བདུད་དང་རྒོལ་བས་མི་ཚུགས་པ་ནི་སྟོབས་སོ།། རྟོགས་པ་དང་མི་རྟོག་པ་མཉམ་པར་འབེབས་པ ་དདང་རརོ་གཅིག་པ་དང་། ཐམས་ཅད་ལས་མི་འདའ་བ་ནི་ཡེ་ཤེས་སོ།། ཐོབ་པ་ནི་དེ་ཐམས་ཅད་ཤེས་རབ་ཀྱིས་ཟིན་པར་ཐུགས་སུ་ཆུད་པའོ།། སྟེ་ཞེས་པས་གཞན་སྡུད་པའོ།། བཅུ་ལ་གནས་པ་ནི་ལེགས་པར་སྦྱངས་པ་དང་། ་བཅུ་གནས་པ་ཞེས་བྱ་བར་ཡང་སྦྱར་ཏེ། སྟོང་ཉིད་བསྒོམས་པས་གྲོལ་འགྱུར་གྱི།། སྒོམ་པ་ལྷག་མ་དེ་དོན་ཡིན་ཞེས་གསུང་ས་པའི་དོན་ཡིན་ནོ།། བཅུ་པ་དག་ནི་འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བ ་སྟེ་ལྡན་པ་ཡང་སྦྱར་བར་བྱའོ།། ཤེས་བཅུ་ནི་ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས ་བ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པའོ།། རྣམ་པར་དག་པའི་བདག་ཉིད་ནི་ཤེས་པར་བྱས་ཤིང་། དེ་ཉིད་དང་བྲལ་བས་དབུ་མརཱ་འ་གྱུར་པའོ།། རྣམ་དག་འཆང་བ་པོ་ནི་སྤང་བྱ་དང་སྤོང་བྱེད་གཉིས ་གཉིས་མ་དུ་གྱུར་པའི་བདེ་བ་ཆེན་པོ་བརྙེས་པའོ།། རྣམ་པ་བཅུ་པོ་ནི་འཇིག་རྟེན་པའི་ལྟ་བར་ཕལ་ཆེར་འགྱུར་བ་སྟེ། གཅིག་པུར་འཛིན་པ་དང་། རྒྱུར་འཛིན་པ་དང་། ཟླ་བར་འཛིན་པ་དང་། བྱེད་པ་པོར་འཛིན་པ་དང་། རང ་དབང་དུ་འཛིན་པ་དང་། རྟག་པར་འཛིན་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འཛིན་པ་དང་། རྣལ་འབྱོར་ཅན་དུ་འཛིན་པ་དང་། མ་གྲོལ་བ་གྲོལ་བར་འཛིན་པའོ།། དོན་བཅུ་ཞེས་པ་ནི་འཛིན་པ་བཅུ་རྣམ་པར་དག། ་བས་དེ་ཁོ་ན་ཉིད་བཅུར་འགྱུར་ལ། དེ་ཉིད་མིང་དང་བྲལ་བར་འགྱུར་བས་དོན་ཞེས་བྱ་བ་སྟེ། དེ་ཡང་རྩ་བའི་དེ་ཁོ་ན་ཉིད་དང་།། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང་། འབྲས་བུའི་དེ་ཁོ་ན་ཉིད་དང་། རྨྱི་ལ ་དེ་ཁོ་ན་ཉིད་དང་། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་དང་། བསྡུ་བའི་དེ་ཁོ་ན་ཉིད་དང་། དབྱེ་བའི་དེ་ཁོ་ན་ཉིད་དང་། མཁས་པའི་དེ་ཁོ་ན་ཉིད་དང་། རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་དེ།། ཐུབ་པའི་དབང་པོའི་དོན་འཇམ་དཔལ་ཡེ ་ཤེས་སེམས་དཔའོ།། སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པའི་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་ཏིང་ངེ་འཛིན་མཁྱེན་པའི་སྟོབས་དང་། རྣམ་པར་ཐར་པ་དང་། ་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། ལས་དང་ལས་ཀྱི་རྣམ་པར་སྨིན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱིས་འགྲོ་བའི་དོན་མཛད་པས་མ་ཁྱབ་པའི་བདག་ཅེས་བྱའོ།། དེ་དག་ལ་འཁོར་བའི ་སྦྱིན་གྱིས་གོས་པ་མ་ཡིན་ཏེ། རྣམ་བཅུ་དབང་ལྡན་ཞེས་བྱ་བ་ནི་དབང་རྣམ་པ་བཅུ་དང་ལྡན་པ་སྟེ། ཚེ་ལ་དབང་བ་དང་། ལས་ལ་དབང་བ་དང་། ཡོ་བྱད་ལ་དབང་བ་དང་། མོས་པ་ལ་དབང་བ་དང་། སྨོན་ལམ་ལ་དབང་བ་དང་། ་རྫུ་འཕྲུལ་ལ་དབང་བ་དང་། སྐྱེ་བ་ལ་དབང་བ་དང་། ཆོས་ལ་དབང་བ་དང་། སེམས་ལ་དབང་བ་དང་། ཡེ་ཤེས་ལ་དབང་བའོ།། ཆེ་བ་པོ་ཞེས་བྱ་བ་ནི་དེ་ལྟར་ཐེག་པ་ཆེན་པོ་དང་། ཐེག་པ་ཆུང་ངུ་དང་། ཕྱི་རོལ་པ་དང་། སངས ་རྒྱས་ཀྱི་ཆེ་བ་ཐམས་ཅད་དང་ལྡན་པརུ་བསྟོད་པའོ།། ཐོག་མ་མེད་པ་ཞེས་བྱ་བ་ལ་སྩོགས་པས་ནི་བྱིན་རླབས་ཀྱི་རང་བཞིན་དུ་བཤད་པར་བྱ་སྟེ། རྒྱུས་སྟོང་པས་ན་ཐོག་མ་མེད་པའོ།། རྐྱེན་དང ་བྲལ་བས་ན་སྤྲོས་མེད་བདག་ཅེས་བྱའོ།། དེ་བཞིན་ཉིད་བདག་ནི་མི་འགྱུར་བའི་ཡེ་ཤེས་སྣང་བ་མང་པོ་དེ་ཉིད་དོ།། དུ་ཡང་སྐུ་དང་གསུང་ཐུགས་རབ་ཏུ་དག། ན་མཁར་དང་ནི་མཉམ་པ་ཉིད།། རྣམ་པར་མི་འགྱུར ་སྣང་བ་མེད།། རྡོ་རྗེའི་སྐུ་ལ་ཕྱག་འཚོ་ལ་འདུད།། ཅེས་པ་གསུངས་པ་ཉིད་ཀྱིས་དག་པའི་བདག་ཉིད་ངོ་།། བདེན་པར་སྨྲ་ཞེས་པ་ནི། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཟབ་མོ་དབང་པོ་མཆོག་ལས་གསུངས་པ་སྟེ། འདི་ལས ་བཱིབྲིསལ་བར་བྱ་བ་མེད།། བཞག་པར་བྱ་བ་ཅུང་ཟད་མེད།། ཡང་དག་ཉིད་ལ་ཡང་དག་བལྟ།། ཡང་དག་མཐོང་ན་རྣམ་པར་གྲོལ་ཞེས་གསུངས་པ་ལ་སོགས་པའོ།། ཞིང་ཞེས་པ་ནི་གང་དང་གང་འདུལ་བ་ལ་དེ་དང་དེའི་གཟུགས། ་ཀྱིས་རང་རང་གི་བསམ་པ་དང་རྗེས་སུ་མཐུན་པར་སྟོན་པའོ།། ཚིག་མི་འགྱུར་ཞེས་པ་ནི་ཇི་སྐད་སྨྲས་པ་དེ་བཞིན་དུ་མཛད་པ་སྟེ། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། བྲག་ཆ་དང་། མིག་ཡོར་དང་། སྤྲུལ ་བ་ལྟ་བུར་མཁྱེན་ཅིང་གཞན་ལ་ཡང་སྟོན་པར་མཛད་པས་གཉིས་མེད་གཉིས་སུ་མེད་པར་སྟོན་ཞེས་བྱའོ།། དེའི་རྒྱུས་ཡང་དག་པའི་མཐའ་ལ་རྣམ་པར་ག་ནས་ཤིང་། བྱིན་གྱིས་བརླབ་པ་མངའ་ཡང་དེ་ཉིད་ཀྱི་མཐུར ་རིག་པར་བྱའོ།། བདག་མེད་ཅེས་བྱ་བ་ནི་དབུགས་དབྱུང་བ་གཉིས་ཀྱིས་ལྟ་བ་གཉིས་མི་གནས་པ་སྟེ། དཔེར་ན་སེང་གེའི་སྒྲས་རི་དྭགས་ལ་སོགས་པ་ཐམས་ཅད་འཇིགས་པར་བྱེད་པ་ལྟར། བདག་མེད་པའི་སྒྲས་མུ་སྟེགས་ཀྱི ་རྟག་ཆད་གཉིས་འཇིག་པར་བྱེད་དོ།། ཀུན་ཏུ་འགྲོ་བ་ནི་ཀུན་ཏུ་བཞུད་པའོ།། ཅི་མཛད་ཅ་ན། དོན་ཡོད་པའི་སྟོབས་ཀྱིས་བཞུད་པའོ།། ཐམས་ཅད་དུ་མི་འབྱོན་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་བཞུད་པ་ནི། དཔེར་ན ་སྔོན་དུ་བགྲོད་པའི་ཡུལ་ཡིད་འཇུག་པ་ལྟར་མགྱོགས་པའོ།། ཐོག་མ་དང་བཅས་པ་མ་ཡིན་ཏེ། རྒྱལ་བ་ནི་འཁོར་བ་ལས་རྣམ་པར་རྒྱལ་བྱའོ།། བྱང་ཆུབ་སེམས་དཔའ་དང་མཚུངས་པ་མ་ཡིན་ཏེ། བདུད་བཞི་དང་ཉོན་མོངས་པའི ་དགྲ་ལེས་རྒྱལ་བའོ།། བྱང་ཆུབ་སེམས་དཔར་མཛད་པ་མ་ཡིན་ཏེ། རིགས་ཀྱི་འཁོར་ལོས་སྒྱུར་བས་ཆོས་སྟོན་པའོ།། འགལ་བར་དགོངས་པ་སྟོབས་པོ་ཆེ་ཞེས་གསུངས་པ་སྟེ། སྤྲུལ་པ་དང་རང་རྒྱུད་ཀྱི་ཁྱད་པར་གྱིས་སོ།། ་དགོས་པ་རྣམ་པ་གཉིས་ལྟར་མ་ཡིན་ཏེ། གཅིག་གི་རང་བཞིན་གྱི་ནུས་པས་སྤྲུལ་པ་ཡིན། འདི་སྟེར་རྟོགས་པ་དང་སྙིང་རྗེ་དང་སྨོན་ལམ་མངོན་དུ་གྱུར་པས་སྣང་བ་ཡིན་ནོ།། ཚོགས་ཞེས་བྱ་བ་ནི་འཕགས་པ་ཉན་ཐོས་ཀྱི་དགེ་འདུན ་དེའི་སློབ་དཔོན་དུ་གྱུར་པ་ནི་སྤྲུལ་པའི་སྐུའོ།། གཉིས་པ་ནི་རང་སངས་རྒྱས་ཀྱི་དགེ་འདུན་ཏེ། དེའི་བདག་པོ་ནི་འཁོར་ལོས་སྒྱུར་བའོ།། གསུམ་པ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་ཏེ། དེའི་རྗེ་ནི་ལོང་སྐྱོ་རྫོགས་པའི་སྐུའོ།། བཞི ་པ་ནི་དེ་བཞིན་གཤེགས་པ་སྟེ། དེའི་བདག་པོ་ནི་རྡོ་རྗེ་འཆང་ངོ་།། དེ་དག་ཐམས་ཅད་ཀྱི་དབང་དང་ལྡན་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའོ།། ཁྱད་པར་བསྟན་པའི་དགོས་པ་ནི་མཐུ་ཆེན་པོ་དང་ལྡན ་པའི་རྡོ་རྗེ་འཆང་གིས་སྣོད་དང་ལྡན་པའི་སློབ་མ་ནཱི་གཙེས་པ་སྟེ། དེ་འཛིན་པར་མཛད་པ་སྟེ། འདིར་ནི་གཞུང་ལུགས་ལ་ཡང་སྦྱར་བར་བྱའོ།། རྣམ་རྟོགས་མངའ་བ་མ་ཡིན་ཏོ། དཔེར་ན་དྲི་ངག་བསམ་ཤིང་ལ་རྣམ་པར་རྟོག ་མེད་ཀྱང་འདོད་ཡོན་མི་འདྲ་བར་འབྱུང་བའི་སོ་སོའི་བསམ་པའི་ཁྱད་པར་གྱིས་སོ།། དེ་བཞིན་དུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལྔ་རྣམ་པར་རྟོག་པ་མི་མངའ་ཡང་། སེམས་ཅན་གྱི་བསམ་པའི་སྟོབས་ཀྱིས་སྐུ་སྣ་ཚོགས ་སུ་སྣང་བར་འགྱུར་རོ།། སྐྱོན་མེད་པ་མ་ཡིན་ཏེ། བློ་ཆུང་བ་རྣམས་ཟབ་མོ་ལ་འཇིགས་པ་དང་། དང་ངེས་པ་དང་། སྐྲག་པ་དང་། སྐྱི་གཡའ་བ་དང་། སྐུར་པ་འདེབས་པ་དང་། མི་འཇུག་ཅིང་གཞན་དུ་མི་སྟེར་བ་རེའི་གྱུར ་བས་བསྟན་པར་མི་བྱའོ།། དེ་ཡང་ཆུང་ངུ་རྣམས་ནི་བྲིདང་པའི་ཕྱིར།། དེ་ཉིད་ཚོལ་བ་ཐོག་མ་ཡིན།། ཐམས་ཅད་ཡོད་ཅེས་བརྗེརྗོད་པར་བྱ།། དོན་རྣམས་མཚུངས་ཤིང་ཆགས་མེད་པ།། ཕྱིས་ནི་རྣམ་པར་བདེན་དོན་ཉིད།། ་ཅེས་གསུངས་སོ།། རློབ་སེམས་དང་བཅས་པ་མ་ཡིན་ཏེ།། ཚུལ་དོང་ཚུལ་ཆེན་པོ་འཆང་ཀྱང་གཞན་གྱི་དྲིང་མི་འཇོག་གོ།། ཡང་ན་མཆོག་ཏུ་གྱུར་པ་གཞན་མི་གནས་པའོ།། ཚིག་ཅེས་པ་ནི། ཨོཾ་བཾ་སྟེ་རྗེ་བོ་ནི་བཅོམ་ལྡན་འདས ་སོ། གཉིས་པ་ནི་དབྱངས་དང་གསལ་བྱེད་དེའི་བདག་པོ་ནི་སྐུ་གཉིས་པའོ།། སྨྲ་བ་ནི་མིང་གི་ཚོགས་ཏེ། གཞུང་ལུགས་འཛིན་པས་ན་མཁས་པའོ།། ཚིག་ནི་གླེགས་བམ་གྱི་ཚིག་སྟེ་ལ་ཞེས་པས་དེ་ཉིད་གཞིར་བྱས་ལ། དབང་ནི་ཐབས ་སྣ་ཚོགས་པ་སྟོན་པོའོ།། ཚིག་ནི་འགྲོ་བ་མཐའ་ཡས་པའི་སྐད་ལ། གསུངས་དབྱངས་ཡན་ལག་དྲུག་ཅུ་ད་ལྡན་པ་སྒྲོགས་པས་མཐའ་ཡས་སོ།། ཚིག་ནི་ཐེག་པ་ཆེན་པོར་གསུངས་ལ་བདེན་པར་སྨྲ་བ་ནི་བཤད་ཟིན་ཏོ།། སྟེ་ཞེས ་བིས་ཁྱབ་པར་སྟོན་པའོ།། དེ་ཡང་བརྟགས་པས་སྡུག་བསྔལ་གྱི་བདེན་པ་དང་།། རླུང་བཅུ་ཀུན་འབྱུང་གི་བདེན་པ་དང་། སྒྱུ་མ་འགོག་པའི་བདེན་པ་དང་། སྟོང་པ་ལམ་གྱི་བདེན་པའོ།། ཡང་ན་ལོག་པའི་ཀུན་རྫོབ་དང་། ཡང ་དག་པའི་ཀུན་རྫོབ་དང་། རྣམ་གྲངས་པའི་དོན་དམ་པའི་བདེན་པ་དང་། རྣམ་གྲངས་མ་ཡིན་དེའི་དོན་དམ་པའི་བདེན་པ་སྟོན་པའོ།། དེ་ལས་གཞན་པ་ནི་སྡུག་བསྔལ་ཤེས་པར་བྱ།། ཀུན་འབྱུང་སྤང་བར་བྱ།། འགོག་པ ་མངོན་དུ་བྱ། ལམ་བསྒོམ་པར་བྱ་བ་སྨོན་པའོ།། དེ་ལས་བྱུང་བའི་འབྲས་བུ་བཤད་པར་བྱ་སྟེ། ཕྱིར་མི་ལྡོག་པ་ཕྱིར་མི་འང་།། ཞེས་པ་ནི་འབྲས་བུ་ཐོབ་པ་སྨོས་པས་རྒྱུ་ལ་ཞུགས་པ་ཞེས་པར་བྱ་སྟེ། ཉན་ཐོས་ཀྱི་ཐེག་པའི ་འབྲས་བུའོ།། རང་རྒྱལ་བས་རུའི་ཚུལ་ཞེས་བྱ་བ་ནི་ཚོགས་ན་གནས་པ་ཡང་ཤེས་པར་བྱ་སྟེ། རང་སངས་རྒྱས་ཀྱི་འབྲས་བུའོ།། དེ་ཡང་ཁྱད་པར་ཇི་ལྟ་བུ་དང་ལྡན་ཞེ་ན། ངེས་པར་འབྱུང་བ་ནི་ངེས་པར་འབྱུང་བའི་ཚུལ་ཁྲིམས ་སྔོ། སྣ་ཚོགས་པ་ནི་སོ་སོའི་སྒོའི་ཁྱད་པར་རོ།། སྤོང་བ་བདུན་དང་བཅུའོ།། དེ་ལས་འབྱུང་བ་ནི་དགེ་སློང་ལ་སོགས་པའི་ཡོན་ཏན་མི་འབྱུང་བ་ས་ལ་སོགས་པའོ།། ཆེན་པོ་ནི་ནང་རྟེན་ཅིང་འབྲེལ་པར་འབྱུང ་བའི་སྦྱོར་བའོ།། རྒྱུ་ནི་བྱེད་པ་པོ་སྟེ་གཅིག་པོ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ།། དེའི་ཁྱད་པར་ནི་བདེ་བ་ཆེན་པོ་མཐའ་གཉིས་ལ་འཇིགས་པ་མེད་པ་ཐོབ་པའོ།། མངོན་ཞེན་གྱི་གདུང་བ་དང་བྲལ་བས། སྟོང་པ་དང་། ་གསལ་བ་དང་། བི་དྲེ་བོ་ངང་གིས་འབྱུང་བས་དྲི་མས་མ་གོས་པ་ནཱི་བིསལ་བར་གྱུར་པས་རྙོག་པ་མེད་ཅེས་པ་སྟེ། ཐུན་མོང་མ་ཡིན་པའི་ཐེག་པ་ཆེན་པོའོ།། རིག་པ་དང་ནི་ཞེས་པ་ནི་ལྷག་པའི་ཚུལ་ཁྲིམས་ཀྱིས་བསླབ་པའོ།། ་རྐང་པ་ལྡན་ཞེས་པ་ནི་ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱིས་བསླབ་པའོ།། དེ་ལས་བདེ་བར་གཤེགས་པ་ལ་སོགས་པའི་ཡོན་ཏན་འབྱུང་བ་ནི་ཐུན་མོང་གི་ཐེག་པ་ཆེན་པོ་སྟེ། དེ་ཐམས་ཅད་ཀྱི་སྟོན་པར་གྱུར་པའི་འདྲེན ་པ་ཞེས་གསུངས་སོ།། བདག་གི་ལ་སོགས་པ་ནི་གཉིས་དང་བྲལ་བའོ།། བདེན་པ་ལ་སོགས་པ་ནི་གཉིས་སུ་མེད་པའོ།། འཁོར་བ་ལ་སོགས་པ་ནི་ཡོངས་སུ་དག་པའི་དྲི་མ་མེད་པའི་ཆས་ཕུན་སུམ་ཚོགས་པའོ།། བྱ་བ་དང ་བྲལ་བ་ནི་འབད་པ་དང་བྲལ་བའོ།། དེས་ཉོན་མོངས་པའི་འདམ་མི་གནས་པ་ནི་སྐམ་སར་གནས་ཞེས་བྱའོ།། ཡེ་ཤེས་འབའ་ཞིག་ལས་བྱུང་བ་ཞེས་བྱ་བ་ནི་རྒྱུ་དང་ལམ་དང་འབྲས་བུ་ཐམས་ཅད་ལྷན་ཅིག་སྐྱེས་པ་སྟེ། དེས ་གཟུགས་ལ་སོགས་པ་འཇོམས་པ་ཐམས་ཅད་དམ་པའི་ཆོས་སུ་འགྱུར་ཏེ། གཉུག་མ་འོད་གསལ་བའི་ཆོས་ཀྱི་རྒྱལ་པོ་དང་ལྡན་ནོ།། དེ་བས་འཇིག་ཆེན་པ་ཐམས་ཅད་ལ་སྣང་བར་བྱེད་པ་ནི་མཆོག་རྒྱ་ཆེན་པོ་ཉིད་དོ།། ཁོ་བོ་ནི་མི ་གནས་པའི་ས་བོན་ལས་མི་གནས་པའི་འབྲས་བུར་འབྱུང་ཞེས་བརྟགས་པ་ལྟར་འདྲིར་ཡང་རྣལ་འབྱོར་གྱི་ཡེ་ཤེས་སུ་བྱ་བའི་ཕྱིར། ཆོས་ནི་སྣ་ཚོགས་ཆོས་ཀྱི་དབང་ཕྱུག་ནི་སེམས་སོ།། ཆོས་རྣམས་རིགས་བརྒྱད་ལ་མཆོག ་གྲི་རྒྱལ་པོ་ནི་ལྷན་ཅིག་སྐྱེས་པ་སྟེ། དེ་ལེགས་པར་སངས་རྒྱས་ཀྱི་ལམ་སྟོན་པའི་ཕྱིར། ཐེ་ཙོམ་ལས་མི་གནས་སོ།། དོ་ནི་ནོ་གཟུགས་ལ་སོགས་པ་སྟེ། གྲུབ་པ་ནི་རང་གི་ངོ་བོར་རོ།། བསམ་པ་ནི་མ་བཅོས་པ་སྟེ། གྲུབ་པ ་ནི་བརྟགས་པ་ལྟར་མི་གནས་པའོ།། རྣམ་པར་མི་རྟོག་པའི་དབྱིངས་ནི་བསྟན་པ་ཐོས་པ་དང་འཕེལ་བ་དང་། འགྲིབ་པ་མེད་པས་མི་ཟད་པ་ཞེས་བྱའོ།། དེའི་ཕྱིར་ཟད་མི་ཤེས་པ་ཞེས་བྱའོ།། དེའི་ཕྱིར་ཟད་མི་ཤེས་ཞེས་གསུངས ་ཏེརྒྱུན་ཆད་ལ་མི་གནས་སོ།། བསོད་ནམས་ལྡན་པ་ནི་རྡོ་རྗེ་སློབ་དཔོན་མཆོག་མ་ཡིན་ཏེ། བསོད་ནམས་ཀྱི་ཤུགས་ཀྱིས་བསྐྱེད་པའི་ཕྱག་རྒྱ་སྟེ། དེ་ཡེ་ཤེས་ནི་གཟུགས་བརྙན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པ ་ལ་སོགས་པའོ།། ཡེ་ཤེས་ཁྱད་པར་ཆེ་ཞེས་པ་ནི་ཡོངས་སུ་རྫོགས་པའི་རྣལ་འབྱོར་པ་སྟེ། ངོ་བོ་ཉིད་ཀྱི་རྣལ་འབྱོར་པ་ནི་ཡེ་ཤེས་ལྡན་པོའོ།། དེ་ནི་དོགས་པ་མེད་པའི་བདེ་བ་དང་། སྟོང་པ་ཉིད་ཆེན་པོ་གཉིས་ཟུང་འཇུག ་ཏུ་ཐ་དད་པ་ཡོད་པ་མེད་ཅེས་བྱའོ།། དེ་ལ་བློ་དང་རང་གི་བྱེ་བྲག་གིས་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སྦྱར་བར་བྱ་སྟེ། སྤང་བྱ་དང་སྤོང་བྱེད་གཉིས་གཉིས་ལ་མི་གནས་ཞེས་བྱ་བ་དང་། སྤང་བྱ། ་གཉིས་མེད་རང་སྤོང་བྱེད་གཉིས་མེད་ནི་གཉིས་སུ་མེད་པོ་སྟེ། དེ་ཡང་མི་གནས་པ་ནི་ཚོགས་གཉིས་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། རྣལ་འབྱོར་ཅན་ཞེས་པ་ནི་བདེན་པ་ཡང་བྲལ་བའི་མི་གནོས་པའོ།། བསམ ་གཏན་ནི་རྩ་གཅིག་པའོ།། བསམ་བྱ་ནི་བློ་སྟེ། དེ་རང་གི་ངོ་བོར་ལྡན་པས་མཆོག་ཅེས་བྱ་སྟེ། རང་བྱུང་བས་དུས་གསུམ་ལ་མི་གནས་སོ།། དེ་ཡང་རང་རིག་པའི་ངོ་བོར་བསྟན་པའི་ཕྱིར། སོ་སོ་རང་རིག་ཅེས་པ་ནི་རྐྱེན་གཞན ་ལུས་རག་མ་ལས་པའོ།། མི་གཡོ་བ་ནི་མི་བསྐྱོད་པ་སྟེ། གཉིས་མེད་གཉིས་ལ་མི་བསྐྱོད་པ་དང་། གཉིས་ཀྱིས་གཉིས་མེད་མི་བསྐྱོད་པ་སྟེ། འཁྲུལ་པ་དང་མ་འཁྲུལ་པའི་བྱེ་བྲག་གིས་སོ།། དེ་ཉིད་ནི་དཔལ་མཆོག་དང་པོའི ་སྐྱེས་བུ་སྟྭཾ། བཅོམ་ལྡན་འདས་སོ།། དང་པོ་ཞེས་པ་ནི་ཟླ་བ་ཚེས་གཅིག་པ་ལྟ་བུ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་པོའོ།། སྐུ་གསུམ་ལ་སོགས་པ་ནི་དེ་ཉིད་ལ་ཐམས་ཅད་མངའ་བའོ།། ཅོད་པན་ཞེས་པ་ནི ་དཀྱིལ་འཁོར་པ་ཐམས་ཅད་དོ།། སྐྱེད་པ་པོ་ཞེས་པ་ནི་ཐམས་ཅད་ཀྱི་བྱེད་པ་པོའོ།། སྲས་པོ་ཞེས་བྱ་བ་ནི་རྒྱལ་པོ་ཕྲུག་གུ་ལྟ་བུ་སྟེ། མངོན་སུམ་དུ་མ་གྱུར་པ་ལ་དགོངས་པའོ།། དམ་པའི་མཆོག་ཅེས་པ་ནི་སྲས་ལ་ཁྱད་པར་དུ ་གྱུར་པའོ།། སྐྱེ་གནས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། ཤེས་པ་སྲིད་པ་གསུམ་དུ་འབྱུང་ལ། སྲིད་གསུམ་སྐྱེ་བ་མེད་པའི་སེམས་ཀྱི་རང་བཞིན་དུ་རིག་པས་སྐྱེ་གནས་མེད་པའོ།། དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། ཆོས་ནི་གཟུགས་ལ་སོགས ་པའོ།། དེ་ལས་འབྱུང་བ་ནི་སྲིད་པ་གསུམ་མོ།། དེ་རྟེན་འབྲལ་ལས་སྐྱེས་པའི་སྦྱོར་བའི་རང་བཞིན་མེད་པ་ནི་སེལ་ཞེས་བྱའོ།། དུ་མའི་རྙོག་པ་ཅན་མ་ཡིན་ཏེ། གཅིག་པུ་ཞེས་བྱ་བའི་དོན་བཤད་ཟིན་ཏེ། ལམ་གྱི་རྙོག་པ་ཅན་མ ་ཡིན་ཏེ། སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་བྱ་བའི་དོན་ནི་དཔེར་ན་འཁོརལོས་སྒྱུར་བའི་རྒྱལ་པོའི་བུ་བཞིན་དུ་ཆོས་ཐམས་ཅད་ཀྱི་བདག་པོར་གྱིས་པས་སོ།། བཅོས་པོའི་རྙོག་པ་ཅན་མ་ཡིན་ཏེ། ནམ་མཁའ་ལས་བྱུང་ཞེས ་བྱ་བ་ནི་རྒྱུ་ལས་མ་སྐྱེས་པ་སྟེ། རྐྱེན་ལ་ར་གཱ་མ་ལོས་པར་རང་འབྱུང་བའོ།། བཏང་སྙོམ་ས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། དཔེར་ན་མེས་བསྲེགས་ཤིང་གསལ་བར་བྱེད་པ་ལྟར། འདིར་ཡང་མེ་པོ་ཆེ་ཞེས་ནི། མུན་པ་ལ་ནི་མར་མེ ་བཞིན་ཞེས་བྱ་བ་སྟེ་བཤད་ཟིན་ཏོ།། དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། འོད་ཆེན་ལ་སོགས་པའོ།། མ་རིག་པའི་རྙོག་པ་ཅན་མ་ཡིན་ཏེ། ཡེ་ཤེས་སྐར་མ་ལ་མོ་མེ་བཱ་ཞེས་བྱ་བ་རྩོད་བཞི་ཐེ་ཙོམ་མེད་པར་བྱེད་པའོ།། ཕྱོགས ་ཀྱི་རྙོག་པ་ཅན་མ་ཡིན་ཏེ། འགྲོ་བའི་ལ་སོགས་པས་སོ།། གཟི་བརྗིད་ཆེན་པོ་ཞེས་བྱ་བ་ནི་ཡེ་ཤེས་ལྔར་དབྱར་མི་ཕྱེ་བ་སྟེ། རང་བཞིན་གྱིས་འོད་གསལ་བས་རྟག་པའི་རྙོག་པོ་ཐམས་ཅད་དང་བྲལ་བའོ།། དེ་ནི་དེ་ཉིད་མྱ་ངན་ལས ་འདས་པའི་འཁོར་ལྷོར་སྣང་བར་བཤད་པར་བྱ་སྟེ། སྔགས་མཆོག་ནི་ཡེ་ཤེས་ལ་གསུངས་ལ། མངའ་བདག་ནི་རིགས་ཐམས་ཅད་ཀྱིའོ།། རིག་སྔགས་ལ་སོགས་པ་ནི་བཤད་ཟིན་ཏོ།། དེས་ཅི་མཛད ་ཅེ་ན། འགྲོ་བ་ཀུན་དགའ་བར་བྱེད་པའི་སྙིང་རྗེའི་དམིགས་པ་དང་ལྡན་པས་སོ།། དྲང་སྲོང་ནི་རྒྱུན་དག་པ་སྟེ་ཆེ་དགུ་ནི་དེ་བཞིན་གཤེགས་པ་ལ་སོགས་པས་སོ།། དེས་མཆོད་ཅིང་བརྗོད་པའི་གནས་ནི་འཇམ་དཔལ་ཡེ་ཤེས ་སེམས་དཔའོ།། ཞེས་དགོངས་སོ།། དེ་ལ་རྣལ་འབྱོར་མཆོག་གི་མཆོད་བརྗོད་ཇི་ལྟར་བྱེ་བའི་ཚུལ་བཤད་པར་བྱ་སྟེ། རིགས་གསུམ་ནི་སྐུ་གསུང་ཐུགས་འཆང་བ་ནི་གསུང་བ་གསུམ་ཐ་མི་དད་པར་རོ།། གསང་སྔགས ་ནི་ཐབས་དང་ཤེས་རབ་སྟེ། ནང་གི་བདག་ཉིད་དུ་ལྡན་པ་ལ་ཅན་ཞེས་བྱའོ།། དྭེ་ལ་ཡོང། ལཱ་ལ་ཤེས་རབ་རང་བཞིན་ཏེ།། རཱ་ས་ཐབས་སུ་ཡང་དག་གནས།། ཨ་བ་དྷཱུ་ཏཱི་དབུས་ནས་སུ།། བཟུང་དང་འཛིན་པ་སྤངས་པའོ།། ་ཞེས་གསུངས་པས་སོ།། དམ་ཚིག་ཆེན་པོ་ནི་ལྷན་ཅིག་སྟེ།། གསང་སྔོགས་འཛིན་པ་ཡང་ཨེ་བྷོ་གྱིས་རྣམ་གྲངས་ཐམས་ཅད་ཐ་མི་དད་པའོ།། གཙོ་བོ་ནི་འཇིག་རྟེནགྱི་སྐྱབས་སུ་གྱུར་པའོ།། དཀོན་མཆོག་གསུམ ་འཛིན་པ་ནི་ནང་གི་དཀོན་མཆོག་གསུམ་སྟེ། དེ་ཡང་སྟོང་པ་སྙིང་རྗེ་ཐ་དད་མེད།། སེམས་ནི་གང་དུ་རབ་སྒོམ་པ།། དེ་ཉིད་སངས་རྒྱས་ཆོས་དང་ནི།། དགེ་འདུན་གྱི་ཡང་བསྟན་པའོ།། ཞེས་གསུངས་པའི་ཕྱིར་རོ།། ་ཐེག་པ་ཉན་ཐོས་ལ་སོགས་པ་སྟེ། དཀོན་མཆོག་གསུམ་ནི་རྣམ་དག་ཏུ་སྟོན་པའོ།། དོན་ཡོད་ཞགས་པ་ནི་རྣམ་པར་སྣང་མཛད་དོ།། རྣམ་པར་རྒྱལ་བ་ནི་རིན་ཆེན་འབྱུང་ལྡན་ནོ།། འཛིན་པ་ཆེན་པོ་ནི་མི་བསྐྱོད་པའོ།། རྡོ་རྗེ་ཞགས ་པ་ནི་སྣང་བ་མཐའ་ཡས་སོ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ་ནི་དོན་ཡོད་གྲུབ་པའོ།། རྡོ་རྗེ་ཆེན་པོའི་ཞུགས་པས་སེམས་ཅན་བསྐྱེད་པ་དང་དབང་བསྐུར་བའི་ཡེ་ཤེས་ཀྱིས་འཁོར་བ་ལས་རྒྱལ་བ་དང་། དེ་ཁོ་ན་ཉིད་ཆེན་པོ ་འཛིན་པ་དང་། སྙིང་རྗེའི་ཞགས་པས་འཁོར་བ་དང་འཇུག་ཀྱང་སྐྱོན་གྱིས་མ་གོས་པ་དང་། དམ་ཚིག་གིས་ལྕགས་ཀྱུ་འགྲོ་བོའི་དོན་དུ་ཕྲིན་ལས་མཛད་པའི་རིགས་ཀྱི་འཁོར་ལོ་བརྗོད་པ་སྟེ། དེ་དག་ནི་ཆོས་ཀྱི་དབྱིངས ་ཀྱི་ཡེ་ཤེས་ལ་བསྟོད་པའོ།། རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་ནས་བཤད་པའི་བར་གྱིས་ཡོན་ཏན་གྱི་རྣམ་གྲངས་སུ་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་འཇིགས་བྱེད་ནི་རྟགས་སོ།། གཉིས་པ་ནི་ཞེ་སྡང་ལ་སོགས་པ ་དག་པར་བྱེད་པས་དོན་དེ་ཉིད་ཀྱི་རྒྱུད་ལས་སོ།། ཁྲོ་བོའི་རྒྱལ་པོ་ནི་མ་རྟོགས་པ་དང་རྟོགས་པའི་ཁྱད་པར་གྱིས་བདེ་བ་དང་སྡུག་བསྔལ་ལ་གཅོད་པ་སྟེ། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ།། གདོང་དྲུག་ལ་སོགས ་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུང་སོ།། དེ་ཡང་སྐུ་དང་གསུང་དང་ཐུགས་དང་། ཡེ་ཤེས་དང་དམ་ཚིག་དང་། ཡོན་ཏན་གྱི་མཚན་ཉིད་ཀུན་རྫོབ་ཀྱི་ཐིག་ལ་དང་། དབྱིངས་ཡིག་བཅུ་གཉིས་དང་། ལྷན ་ཅིག་སྐྱེས་པའི་ཡེ་ཤེས་དང་། བསྣུམ་གྱིས་མི་ཁྱབ་པ་དང་། དམིགས་པ་མེད་པའི་སྙིང་རྗེ་དང་། དེ་དང་བྷཱུ་མི་དད་པའི་ངམ་ཚིག་ནི་བདེ་བ་དང་། དུས་ཀྱི་རླུང་ཟིན་པ་དང་། ཟུང་དུ་འཇུག་པ་དང་། ཐམསྨྲ་རྐྱང ་རོ་གཅིག་པ་དང་། རེ་བ་མེད་པའི་སྨོན་ལམ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་མིག་གིས་བལྟས་ལ་ཟུག་རྔུ་མེད་པ་དང་། རྒྱུན་མི་འཆད་པ་དང་། སྒྲོ་མ་བཏགས་པ་དང་། རཥཱི་ཉིད་འབྱུང་བ་དང་། རཾ་བ་མེད་པ་དང་། སྒྲོ ་འདོགས་ཆོད་པའི་ལག་ཏུ་ཐོགས་པས་ཕྱག་རྒྱ་ཆེན་པོའི་སྟོབས་དང་ལྡན་པའོ།། རིག་པ་མཆོག་གི་རྒྱུད་ལས་སོ།། ཀེང་རུས་ནི་སྙིང་པོ་མཚོན་པ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ།། མཆེ་བ་གཙིགས་པ་ནི་བདུད ་བཞི་བཅོམ་ནས་ཡེ་ཤེས་བཞི་སྣང་བར་གྱུར་པ་སྟེ། རྡོ་རྗེ་སྲད་ལུས་ཀྱི་རྒྱུད་ལས་སོ།། ཧ་ལ་ཧཱ་ལ་ནི་གཉིས་མེད་ཀྱི་བཅུད་ཀྱིས་འབིགས་པ་སྟེ། དོན་ཡོད། གུས་པའི་རྒྱུད་ལས་སོ།། གདོང་བརྒྱ་པ་ནི་གདུལ་བྱའི་རྣམ་རྟོག ་དང་མཐུན་པར་འབྱུང་བས་རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ།། གཤིན་རྗེ་གཤེད་པ་ནི་འཇིག་རྟེན་པ་དང་། ཐེག་པ་དང་། ཐེག་པ་ཆེན་པོ་ལ་གནས་པ་སྟེ། དེ་རྟོགས་དང་ལ་མོ་དང་། རྣལ ་འབྱོར་གྱི་འཇོམས་པ་ནི་གསང་བ་འདུས་པ་ལས་སོ།། བགེགས་ནི་ཉོན་མོངས་པ་དང་། སྣང་བ་དང་། རྣམ་པར་རྟོག་པ་དང་། བདུད་དེ་དག་ལྷན་ཅིག་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། གཉུག་མ་དང་། དོན་གཅིག་པ་ཉིད་ཀྱིས་རྒྱལ ་བ་ནི་རྣམ་པར་སྣང་མཛད། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ།། རྡོ་རྗེ་ཤུགས་ཆེན་ནི་རྒྱུ་འབྲས་དབྱེར་མེད་པ་སྟེ། དམ་ཚིག་ཆེན་པོའི་རྒྱུད་ལས་སོ།། འཇིགས་པར་བྱེད་པ་ནི་རིགས་པའི་མཐུས་གཏི་མུག་ཉིད་དེ་བཞིན་ཉིད་དུ་གྱུར་པ ་པ་སྟེ། ཟླ་གསང་ཐིག་ལེལཱྀ་རྒྱུད་ལས་སོ།། རྡོ་རྗེ་གྲགས་པ་ནི་ཡེ་ཤེས་ཉིད་སྣ་ཚོགས་སུ་གྲགས་པ་སྟེ། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ།། རྡོ་དྷཱ་སྙིང་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བསྙེན་པར་གྱུར་པ་སྟེ། ཟླ ་གསང་ནོར་བུ་ཐིག་ལེ་རྒྱན་གྱིས་རྒྱུད་ལས་སོ།། སྒྱུ་འཕྲུལ་ཞེས་པ་ནི་ཐམས་ཅད་སྒྱུ་མ་དང་འཕྲུལ་གྱིས་རྣམ་པ་དང་འདྲ་བར་བསྟན་པ་སྟེ། ཁྲི་དྲུག་སྟོང་པ་འདི་ཉིད་ལས་སོ།། རྡོ་རྗེ་གསུས་པོ་ཆེ་ནི་ཟུང་འཇུག་གིས་ཡིད ་རྒྱས་པ་སྟེ། གསང་བ་མཆོག་གི་རྒྱུད་ལས་སོ།། རྡོ་རྗེ་ལྔས་སྐྱེས་ནི་སེམས་བདེ་བ་ཆེན་པོ་ལས་སྣ་ཚོགས་སྐྱེས་པ་སྟེ། འབྱུང་ཕྱོགས་བཞག་པའི་རྒྱུད་ལས་སོ།། རྡོ་རྗེ་བདག་ཅེས་པ་ནི་སྣ་ཚོགས་བདེ་བ་ཆེན་པོ ་ཉིད་དུ་བསྟན་པ་སྟེ། རྡོ་རྗེ་ས་འོག་གི་རྒྱུད་ལས་སོ།། རྡོ་རྗེ་སྙིང་པོ་མཁའ་འདྲ་བ་ཞེས་པ་ནི་སྐྱེས་པ་དང་། ཐིམ་པོ་གཉིས་ཀྱིས་གཅིག་པ་ནི་ན་མཁའ་དང་འདྲ་བ་སྟེ། ན་མཁའ་འཛིན་གྱི་རྒྱུད་ལས་སོ།། མི་གཡོ་བ་ཞེས ་བྱ་བ་ནི་སྔར་བཤད་དོ།། ཧེ་རུ་ཀ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ།། རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི། རང་གི་ངོ་བོར་འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གིས་བསྒྱིངས་ཤིང་། དབང་པོ་ཐམས་ཅད་ཉམས ་མྱོང་གཅིག་གིས་བསྒྱིངས་པ་སྟེ། རྡོ་རྗེ་ཅོད་པན་གྱི་རྒྱུད་ལས་སོ།། གླང་ཆེན་ཀོ་རློན་གོས་སུ་གྱོན་ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པ་དང་། ཐབས་དང་ཤེས་རབ་རྒྱུད་ལ་གོམས་པར་བྱ་བ་སྟེ། ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ།། གྲག་ཆེན་ཧ་ཧ་ཞེས་སྒྲོགས་པ་ཞེས་པ་ནི། མཐའ་གཉིས་སྤེལ་བ་དང་། ཐབས་དང་ཤེས་རབ་ཀྱི་གསྡང་བ་གཞན་ལ་བསྒྲག་པར་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ།། ་ཧི་ཧི་ཞེས་སྒྲོགས་པ་ཞེས་པ་ནི།། རང་རྒྱུད་ལ་སྦྱོར་བ་སྟེ། ཁྲོ་བོ་ཐིག་ལེ་ཟླ་བའི་རྒྱུད་ལུས་སོ།། འཇིགས་པར་བྱེད་པ་ཞེས་པ་ནི། རྟག་ཆད་ཀྱི་མཐའ་དང་བྲལ་བ་སྟེ། ཀུན་ལིས་བཏུས་པའི་རྒྱུད་ལས་སོ།། གང་མོ་ཆེན་པོ་ནི ་རང་འབྱུང་གསང་བ་མཐོང་བ་སྟེ། སྐུ་ཁྲོས་པའི་རྒྱུད་ལས་སོ།། གད་རྒྱངས་ཙ་ནཱ་ནི་ཟིལ་གནོན་མེད་པའི་གསུང་སྟེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ།། རྡོ་རྗེ་གད་མོ་ཚོར་སྒྲོགས་པ་ཞེས་བུ་ནི། རྡོ་རྗེ་ཙཎྜ་ལཱིར་འབྱར་བ་སྟེ། རྗེ ་རྗེ་བསམ་གཏན་གྱི་རྒྱུད་ལས་སོ།། རྡོ་རྗེ་སེམས་ད་པའ་ནི་ཆོས་ཀྱི་སྐུ་སྟེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་སོ།། སེམས་དཔའ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དགྱེས་པ་རྡོ་རྗེ་ལས་སོ།། རྡོ་རྗེ་རྒྱལ་ཐ ་བདེ་བ་ཆེ་ཞེས་པ་ནི། བདེ་བ་ཆེན་པོའི་སྐུ་སྟེ། པདྨ་དང་རྡོ་རྗེ་སྙོམས་པར་འཇུག་པའི་རྒྱུད་ལས་སོ།། རྡོ་རྗེ་དྲག་པོ་དགའ་བ་ཆེ་ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། རྟོག་པ་བཞི་བའི་རྒྱུད་ལས་སོ།། རྡོ་རྗེ་ཧཱུཾ་སྟེ་ཞེས་བྱ་བ་ནི་རྒྱུད ་མེད་པ་དང་། ཚིག་དང་བྲལ་བ་དང་། མི་གནས་པ་རྒྱུད་ལ་སྦྱངས་པ་སྟེ། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས་སོ།། ཧཱུཾ་ཞེས་སྒྲོགས་ཞེས་པ་ནི། དེ་ཉིད་གཞན་ལ་སྟོན་པ།། རྡོ་རྗེ་མཆོག་གི་རྒྱུད་ལས་སོ།། མཚོན་དུ་རྡོ་རྗེ་མངར ་ཐོགས་པ་ཞེས་པ་ནི། ཚོགས་དྲུག་ཐུག་ཕྲད་ཡེ་ཤེས་ར་ངོ་ཆས་སུ་སྟོན་པ་སྟེ། སྒྱུ་འཕྲུལ་ཆེན་མོ་དེའི་རྒྱུད་ལས་སོ།། རྡོ་རྗེ་རལ་གྲི་མ་ལུས་གཅོད་ཅེས་པ་ནི།། ཏིང་འཛིན་གྱིས་གོམ་པའི་མཐུ་བསྟན་པ་སྟེ། དཔལ ་མཆོག་དྲང་པོའི་རྒྱུད་ལས་སོ།། རྡོ་རྗེ་ཀུན་འཆུང་རྡོ་རྗེ་འཆང་།། ཞེས་པ་ནི། སེང་ས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་དུས་ཏེ། དགོངས་པ་འདུས་པའི་ལུང་བསྟན་གྱི་རྒྱུད་ལྔས་སོ།། རྡོ་རྗེ་གཅིག་པུ་ཞེས་པ་ནི་སྔར ་བཤད་ཟིན་ཏོ།། འཇམ་དཔལ་ལུང་བསྟན་པའི་རྒྱུད་ལས་སོ།། གཡུལ་སེལ་ནི་ཕུང་པོ་ལ་སོགས་པའི་ཚོགས་བཟློག་པ་སྟེ། དམ་པ་དང་པོའི་རྒྱུད་ལས་སོ།། རྡོ་རྗེ་འབར་བ་ཞེས་དྲ་པ་ནི། བདེ་བ་ཆེན་པོ་ཉིད་རིགས་པ་སྐུ་སྣེ ་ཚོགས་སུ་སྣང་བའི་སྙིང་རྗེའི་སྤྱན་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས་སོ།། མིག་མི་ཟད་ཅེས་པ་ནི།། སྐུ་སྣ་ཚོགས་ཉིད་བདེ་བ་ཆེན་པོའི་སྐུར་གཅིག་པ་ཡེ་ཤེས་ཀྱི་སྤྱན་ཏེ། བསམ་གཏན་རྩེ་མོའི་རྒྱུད་ལས་སོ།། སྐུ ་ཡང་རྡོ་རྗེ་འབར་བ་སྟེ། ཞེས་པ་ནི་སྙིང་པོ་སྲིད་པ་གསུམ་ལ་ཁྱབ་པ་སྟེ། མངོན་པར་མཐོང་བའི་རྒྱུད་ལས་སོ།། རྡོ་རྗེ་འབེབས་པ་ནི་སྐུ་གསུང་ཐུགས་རབ་ཏུ་གནས་པས་ཕྱག་གི་འོས་སུ་གྱུར་པ་སྟེ། བདུད ་རྩིའི་རྒྱུད་ལས་སོ།། འབེབས་པ་ཆེ་ཞེས་པ་ནི། དམ་པའི་དྲིན་གྱིས་བླ་མའི་བླ་མ་དང་། རྡོ་རྗེ་འཆང་གིས་བྱིན་རླབས་ཞུགས་པ་སྟེ། ཐུགས་ཁྲོས་པ་རྡོ་རྗེའི་རྒྱུད་ལས་སོ།། མིག་བརྒྱ་པ་སྟེ། ཞེས་པ་ནི། ་འགྲོ་བ་ཐམས་ཅད་ཀྱི་རྒྱུད་གཟིགས་པ་སྟེ། སྤྱན་རས་གཟིགས་སྙིང་གུར་གཅིག་པཱའི་རྒྱུད་ལས་སོ།། རྡོ་རྗེ་མིག་ཅེས་བྱ་བ་ནི། སངས་རྒྱས་སྤྱན་དང་ལྡན་པཱ་སྟི། རྡོ་རྗེ་ཞི་བའི་བདེ་བའི་རྒྱུད་ལས་སོ།། ལུས་ནི་རྡོ་རྗེ་བ་སྤུ་ཅན ་ཞེས་པ་ནི། རྡོ་རྗེ་ཡ་ཤེས་ཀྱི་རྣལ་འབྱོར་རྒྱུད་ལས་སྐྱེས་པའི་བ་སྤུའི་བུ་གཱ་རེ་རེ་ཞིག་ནས། སངས་རྒྱས་ཐམས་ཅད་ཀྱི་ཐབས་དང་ཤེས་རབ་ཀྱི་ཁ་སྦྱར་བའི་སྡོམ་པ་བཞུགས་སོ།། ཀུན་ཏུ་སྦྱོར་གྱི་རྒྱུད་ལས་སོ།། སེན་མོ་སྐྱེས ་པ་རྡོ་རྗེའི་རྩེ་ཞེས་པ་ནི། ས་བཅུའི་ཡེ་ཤི་ས་ཐུགས་སུ་ཆུད་པ་བ་མ། སྟོབས་བཅུ་དང་ལྡན་པ་སྟེ། གཤིན་རྗེ་གཤེད་བཞི་བརྒྱ་ལྔ་བཅུའི་རྒྱུད་ལས་སོ།། རྡོ་རྗེའི་སྙིང་པོ་ཞེས་པ་ནི། འཁོར་པ་བདེ་ཆེན་གྱི་སྙིང་པོ་ཅན་ཏེ། ་མངོན་པར་བྱང་ཆུབ་པའི་རྒྱུད་ལུས་སོ།། ལྤགས་པ་མཁྲེགས་ཞེས་པ་ནི། གོ་ཆ་གསུམ་དང་ལྡན་པ་སྟེ། སྒྱུ་བསྒྲགས་པའི་རྒྱུད་ལས་སོ།། རྡོ་རྗེ་ཕྲེང་ཐོགས་ཞེས་པ་ནི། ཚོགས་གཅིག་པ་དང་། རྒྱུད་གཅིག་པ་དང་། མཚན ་ཉིད་གཅིག་པོ་སྟེ། ལྷ་མོ་བཞིའི་རྒྱུད་ལས་སོ།། དཔལ་དང་ལྡན་ཞེས་པ་ནི་མི་སློབ་པའི་སྐུ་ཏེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས་སོ།། རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། ཞེས་པ་ནི། ཕུང་པོ་ལ་སོགས་པ་ཐམས་ཅད་ཡེ་ཤེས་རང་ཆས་སུ་ལྡན ་པཱ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལྷས་སོ།། གུང་རྨྱངས་ཧཱ་ཧ་ངེས་པར་སྒྲོགས།། ཞེས་པ་ནི། ཟིལ་གྱིས་མི་གནོན་པའི་ཕུང་པོ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས་སོ།། ཡི་གེ་དྲུག་པ་བྲེས་པ་ནི་འགྲོ་བ་དྲུག་དང་། ་རིགས་དྲུག་གི་རྣམ་པར་དག་པ་ནི། ཨོཾ་བཱ་གཱི་ཤྭ་རཱི་མུཾ་ཞེས་པ་སྟེ། དེ་ཡང་ཆོས་ཐམས་ཅད་མ་སྐྱེས་པ་སྟེ། སྙིང་རྗེ་ཆེན་པོའི་རང་བཞིན་ཨོཾ་མོ།། བསམ་གྱིས་མི་ཁྱབ་པའི་རང་བཞིན་གྱིས་ཨཾ་སྟེ། ཡིད་གྱི་རྣམ་པར་ཤེས་པའོ།། ་བ་ཞེས་པ་ནི་བཅོམ་ལྡན་འདས་སོ།། ཨ་ཞེས་པ་ནི་མཚན་དང་དཔེ་བྱད་ཀྱི་བར་དུ་བརྒྱན་པ་སྟེ་གཟུགས་སོ།། ཀ་ཞེས་པ་ནི་བདེ་བའོ།། ཨཱི་ཞེས་པ་ནི་རྣམ་པར་རྟོགས་པས་དབེན་པ་སྟེ་ཚོར་བའོ།། ཤྭ་ཞེས་པ་ནི་མཚན་མའོ།། བ ་ཞེས་པ་ནི་གསུངས་སྟེ། ཨ་ཞེས་པ་ནི་མིང་དང་བྲལ་བ་སྟེ། འདུ་ཤེས་སོ།། མ་ཞེས་པ་ནི་ལམ་མོ།། ཨུ་ཞེས་པ་ནི་འགྲོ་བའོ།། ཨ་ཞེས་པ་ནི་གནས་ཏེ་འདུ་བྱེད་དོ།། ཨ་ཞེས་པ་ནི་མཉམ་པ་ཡེ་ཤེས་ཀྱི་ཕུང་པོ་ཅན་ནོ།། དེ་དག་ནི་ཁྲོ ་བོའི་རྒྱལ་པོ་གདོང་དྲུག་གི་རྒྱུད་ལས་སོ།། རྡོ་རྗེ་སྒྲ་ཞེས་པ་ནི་གཉིས་མེད་ཀྱི་གསུངས་སྟེ། དེ་གང་ལས་བསྟོད་ཅེ་ན། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཞེས་གསུངས་སོ།། སྒྲ་ཆེ་བ་ནི་ཐམས་ཅད་ལ་གྲགས་པའོ།། འཇིག་རྟེན ་གསུམ་ན་སྒྲ་ཆེ་བ་ཞེས་པ་ནི། དེ་དག་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣམ་གྲངས་ལ་ཚིད་དུ་བརྗོད་པའོ།། དེ་ལ་སོགས་པའི་ནམ་མཁའི་མཐའ་ཀླས་པ་ནི། སྒྲ་སྒྲོགས་པ་ཐམས་ཅད་འཇམ་དཔལ་ཡེ་ཤེས་སེམས ་དཔའ་ཉིད་ལ་ཆེད་དུ་བརྗོད་པའོ།། གཞན་ཆུང་ངུ་བརྗོད་པའི་གནས་སུ་མི་འགྱུར་བ་མ་ཡིན་ཏེ། འདི་ནི་མཆོག་གོ།། དེ་ཅིའི་ཕྱིར་ཞེ་ན། ཡོད་པ་དང་ཡིན་པའི་ཁྱད་པར་ཏེ། འདོད་པའི་ཁམས་ལ ་སོགས་པའི་ཐེག་པ་གསུམ་ཞེས་གྲགས་པ་ནི་ཡོད་ལྔ། དོན་ཇི་ལྟ་བ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཕྱོགས་ན་གནས་པས་སོ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཡིན་ནོ།། ཡོད་པ་ནི་མ་ཡིན་ཏེ། དེ་ཅིའི་ཕྱིར ་ཞེ་ན། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ན་མཁའ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ། ཆོས་ཐམསོ་ཅད་ཀྱང་ན་མཁའི་ཁོངས་སུ་གཏོགས་པའོ།། ཆོས་དེ་དག་ཐམས་ཅད་ཀྱང་འདོད་པའི་ཁམས་ན་མི་གནས ་གཟུགས་ཀྱི་ཁམས་ན་མི་གནས། གཟུགས་མྱེད་པའི་ཁམས་ན་མི་གནས། འབྱུང་བ་ཆེན་པོ་བཞི་ལྔ་ཡང་མི་གནས་སོ།། རིགས་ཀྱི་བུ་ཆོས་ཐམས་ཅད་ཀྱང་དེ་ལྟར་རྗེས་སུ་རིགས་པར་བྱའོ།། ཞེས་གསུངས་པས་སོ།། ་དེ་བས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་གཟུགས་སྣ་ཚོགས་སུ་སྟོན་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ཡང་དག་བདག་མེད་ཅེས་པ་ལ་སོགས་པ་ལ་རིགས་པའི་རྣམ་པར་རྟོག་པོ་ལྡོག་བཞིན་པས་ན་ཡང ་ངག་གོ།། ཡང་དག་བདག་མེང་ནི་གྲུབ་པའི་མཐའི་དོན་ལ་དམིགས་པ་མེད་པ་སྟེ། དེ་བཞིན་ཉིད་དོ།། དོན་གྱིས་མིང་མཚོན་པ་ནི་ཡང་དག་མཐའ་སྟེ། དེ་དག་དང་བྲལ་བས་ན། ཡི་གེ་མེད་ཅེས་བྱ་བའི་ཆ་རང་བཞིན་མེད་པ ་དང་། འཛིན་པས་ཀྱང་སྟོང་པ་སྟེ། དེ་ལུས་ཀྱང་མཆོག་ཏུ་གྱུར་པ་ན་གསང་སྔགས་ཀྱི་ཐེག་པ་ཆེན་པོའོ།། སྟེ་ཞེས་པ་ནི་དེའི་ཡོན་ཏན་བསྡུ་བར་བྱ་བའི་དོན་ཏོ།། ཟབ་ཅིང་ཤེས་པ་ནི་བདེ་བའོ།། རྒྱ་ཆེ་བ་ཞེས་བྱ་བ་ནི་སྟོང་པའོ།། རྨ ་སྒྲོགས་པ་ཞེས་བྱ་བ་ནི་གཉིས་མེད་དུའོ།། དེ་ལ་སློབ་མ་ལྔ་བསྟན་པར་བྱ་བ་ཡིན་པས་ཆོས་ཀྱི་དུང་ཞེས་བྱའོ།། སྡེ་ཞེས་པས་མན་ངག་སྟན་པ་སྟེ། དེ་ཉིད་ཀྱི་ཡུལ་སོ་སྔོར་ངེས་པ་ལ་ཡིད་ཆེས་པར་བྱས་ནས་སྤྲོས་པ་མི ་གནས་པར་བྱ་བོ་ནི། སྒྲ་ཚེ་ལྡན་ཞེས་གསུངས་ཏེ། བླ་མའི་ཞལ་ལས་རིག་པར་བྱའོ།། ཆོས་ཀྱི་གེརྟྟི་སྒྲ་པོ་ཆེ་ཞེས་པ་ནི། ཚོགས་འདུ་བའི་དྲིན་གྱིས་ན། ཐེག་པ་གསུམ་གྱི་ཚོགས་ལ་བཤད་པའོ།། མོ་གནས་མྱ་ངན་འདས ་བ་བོ་ཞེས་པོ་ནི། སློབ་མ་ལི་བཤད་པའི་སྙིང་པོ་སྟོན་པར་བྱེད་པ་སྟེ། དེ་ལས་བསྟན་པའི་བདག་པོ་ཉིད་ཀྱང་འབྱུང་བར་འགྱུར་ན། ཨེ་ནི་ཤེས་རབ་ཉིད་འགྱུར་ལ། བཾ་ནི་རབ་དགའི་བདག་པོ་སྟེ།། ཐིག་ལེ་མི་ཤིགས་དེ་ཉིད ་ལས་འདི་ལྔ་ཡི་གེ་ཉིད་ཀྱང་སྐྱེས།། ཆོས་ཀྱི་ཕྱག་རྒྱའི་ཡི་གོ་གཉིས།། དེ་ཉིད་ཤེས་པ་གང་གིས་ཤེས།། དེས་ནི་སེམས་ཅན་ཐམས་ཅད་ལ།། ཆོས་ཀྱི་འཁོར་ལོ་བསྐོར་བྱེད་འགྱུར།། ཞེས་གསུངས་པའི་ཕྱིར།། ཕྱོགས ་བཅུ་ཆོས་ཀྱི་རྔ་བོ་ཆེ།། ཞེས་བ་ནི། ཚོགས་ལོ་བཤད་པས་བསྟན་པའི་གཟུགས་བརྟན་པར་བྱེད་པའོ།། དེ་ཡང་རྟགས་ཅན་གཟུགས་ལ་གནས་གྱུར་ན།། འཇིག་རྟེན་སྤྱོད་ལས་འདས་འགྱུར་ཏེ།། གང་ཞིག་ཆོ་ག་འདོང་གནས ་པ། འདེ་ནི་བསྟན་པ་འཇིགས་བྱེད་གསུངས་ཞེས་གསུངས་པས། ཐུན་མོང་བསྟན་པ་གཟུང་ངོ་།། དེ་ཡང་རང་གི་རང་བཞིན་དུ་བྱ་བའི་ཕྱིར། གཟུགས་མེད་ཅེས་བྱ་བ་ལ་སོགས་པ་བཤད་པར་བྱ་སྟེ། གཟུགས ་མེད་ནི་ཕྱག་རྒྱ་ཆེན་པོའོ།། དེ་ཡང་ཐོག་མ་ཐུ་མ་མེད་ཞི་བ།། དངོས་དང་དངོས་མེད་རྣམ་པར་སྤངས།། སྟོང་དང་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ནོས་བཤད་པ་ཡིན། ཞེས་གསུངས་པས་སོ།། གཟུགསོ་བཟང་ཞེས་པ ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ཡང་ན་ཆུང་གཞོན་ནུ་མིག་ཡངས་ལ།། གཟུགས་བཟང་གཞོན་པས་བརྒྱན་པ་ཡིན།། ལོ་གྲངས་ཉི་ཤུ་ལྔ་ལོན་རྙེང་།། བྱེ་ལ་སོང་ལས་ཀྱང་རབ་ཏུ་བརྟགས་ཅེས་གསུངས་པས་སོ།། དམ་པ་ནི་ཆོས་ཀྱི་ཕྱག ་རྒྱ་སྟེ། དེ་ཡོང.ེ་མ་ཀུན་ཏུ་བཟང་པོ་ཡི།། སྐུ་དང་གསུངས་ཐུགས་རྡོ་རྗེ་ཅན།། སྐྱེ་བ་མེད་པའི་ཚུལ་གྱིས་སུ།། སྐྱེ་བ་དམ་པ་རབ་ཏུ་གྲགས་ཞེས་གསུངས་པས་སོ།། སྣ་ཚོགས་གཟུགས་ཅན་ནི་དམ་ཚིག་ཕྱག་རྒྱ་སྟེ། དེ་ཡོད ་ཡེ་ཤེས་ལ་གཞན་ཕྱོགས་པ་ཡང་།། སངས་རྒྱས་སྐུ་ནི་ཇི་ལྟར་འགྱུར།། འདི་ལྟར་སངས་རྒྱས་གཟུགས་བརྙན་དུ།། དེ་ལྟར་རྣལ་འབྱོར་སྨྲ་བར་རིགས་ཞེས་གསུངས་པས་སོ།། ཡིད་ལས་སྐྱེས་ཞེས་པ་ནི་ཕྱག་རྒྱ་ཆེན་པོ་ཡིད་ཀྱི ་རང་བཞིན་དུ་བསྟན་པ་སྟེ། དེ་བས་ན། དེ་ཉིད་གཟུགས་རྣམས་ཐམས་ཅད་དུ་སྣང་བའི་དཔལ་ཞེས་བྱའོ།། གཟུགས་རྣམས་མ་ལུས་འཆིང་བ་པོ་ཞེས་པ་ནི། སྔར་གྱི་དོན་འདི་ཉིད་དེ་འབྲས་བུ་ཟུང་དུ་འཇུག་པ་འདི་ཉིད་དང་། དོན་དང་དབ ་དང་རྟགས་ཟུང་དུ་འཇུག་པའོ།། མཚུངས་པ་མེད་པ་ལ་སོགས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། དེ་ཉིད་རྒྱུ་ཡིན་པས་འགྲན་ཟླ་མེད་ཅིང་བདག་པོ་དང་བྲལ་བས་ཆེ་བར་གྲགས་པའོ།། ཁམས་གསུམ་གྱི་དབང་ཕྱུག་ཆེན་པོ་ནི་ཡུལ ་མེད་པའི་ཤེས་པ་སྟེ། བསམ་དུ་མེད་པའོ།། དེ་ཡང་བསམ་པ་བཞིན་དུ་མི་སེམས་པ། དེ་ནི་བསམ་གྱིས་མི་ཁྱབ་བརྗོད་ཅེས་གསུངས་པས་སོ།། འཕགས་པའི་ལམ་ནི་དྲང་པོའོ།། ཤིན་ཏུ་མཐོ་བ་ནི་རྡོ་རྗེ་འཛིན་པའི་སའོ།། ་དེ་ལ་གནས་པའི་རང་འབྱུང་སྟེ། དྲི་ཡང་རང་འབྱུང་རྟོགས་པས་བསམ་གཏན་མིན།། སངས་རྒྱས་སྤྲུལ་པ་རྒྱུན་མི་འཆད་ཅེས་གསུངས་པས་སོ།། དང་བ་ཆེན་པོ་ནི་རྒྱས་པ་སྟེ་དེ་ལས་རང་གི་དོན་དུ་འགྱུར་བའོ།། ཆོས་ཀྱི་ཏོག ་ནི་རྒྱལ་མཚན་ཏེ་གཞན་དུའོ།། འཇིག་རྟེན་ལ་སོགས་པ་ནི་འབྲས་བུར་བཤད་པཱ་སྟེ། འཇིག་རྟེན་གྲོསུམ་ན་གཞོན་ལུས་གཅིག་ཅེས་པ་ནི། བགྲེས་པ་མི་མངའ་བའི་ཕྱིར་ཆོས་ཀྱི་སྐུའོ།། གནས་བརྟན་ན་ཐབ་པ་གསུམ་གྱིས ་ལུས་སུ་གྱུར་པས་སོ།། རྒན་པོ་ནི་ཐོག་མ་མེད་བྱས་སོ།། སྐྱེ་དགུའི་བདག་ནི་འཁོར་འདས་ཀྱི་སྒྱིང་མར་གྱུར་པས་སོ།། སུམ་ཅུ་རྩ་གཉིས་ལ་སོགས་པའི་དོན་ནི་བཱ་ཤད་ཟིན་ཏོ།། དེ་གསལ་བའི་ཐབས་བསྟན་པའི་ཕྱིར ་འཇིག་རྟེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཇིག་རྟེན་ཤེས་པ་ནི་རྣམ་པར་ཤེས་པ་སྟེ། ལུང་དང་རིག་པས་སོ།། འཇིག་རྟེན་ལེགས་པར་ཤེས་པ་ནི་དེ་ཉིད་སེམས་ཀྱི་ཁྱད་པར་དུ་ཤེས་པ་སྟེ། རྡོ་རྗེ་སློབ་དཔོན་ལས་སོ།། སྟེ ་དཔེར་ན་སཱ་མྲའི་ས་བན་ལྔ་སྲིན་བུ་ག་སྔ་ཞུགས་པས་སྣང་བ་སྐམས་པར་འགྱུར་བ་བཞིན། དྲ་གས་རིག་པ་བཅོམ་ལྡན་པས་སྡུང་བསྒྱུད་པའི་ཅན་མོངས་བྱ་མ་སྨྲས་པར་ཡང་ཤི་བར་བྱུདྡྷ་བའོ།། ང་ལ་ཁྱད་པར་མེད་པ་མ་ཡིནྡ་ཏེ། ་དཔེར་ན་དུག་ལ་ཕྱུགས་ཀྱིས་བཏབ་པ་ཡིན། དུག་ཤྲཱི་བྱཱ་དང་སྨན་དུ་གྱུར་པ་གཉིས་ཀ་འབྱུང་སྟེ། དེ་བཞིན་དུ་ཐབས་ཡེ་ཤེས་སེམས་དཔའི་དུས་ན་འཁོར་བན་པཱ་འམ། སྤངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འཐུང་བས་ལ ་བྷྲྀ་རྒྱུ་མ་ཕ་རོལ་ཕྱིན་ཅེས་བྱའོ།། ཡེ་ཤེས་ལྕེ་སྩོགས་པ་ནི་དྲཱྀ་མཾ་དང་བྲལ་བར་བཤད་པར་བྱ་སྟེ། མི་ཤེས་དབང་བསྐུར་ཅོང་པན་ཤེཞེས་པ་ནི། ཡེ་ཤེས་ཀྱི་བདུད་རྩི་བྱིན་གྱིས་བརླབས་པའི་བུས་དབང་བསྒྱུར་བ ་རིགས་ལྔའི་ཅོད་པན་དུ་གྱུར་ཏོ།། ཅན་ཞེས་པ་ནི་རྡོ་རྗེ་སེམས་དཔེའི་དབང་བསྐྲུན་པ་དེ་དང་པོའོ།། རྟོགས་པའི་སངས་རྒྱས་རྒྱུན་དུ་ཐོགས་ཤེས་པ་ནི། སྐུ་གཉིས་ཀྱིས་སློབ་མའི་འཁོར་ལྷོ་བཞིན་བྱིན་གྱིས་བི་རླབས་ཤིང ་ཐིག་ལེ་རྐྱེན་དང་ལྡན་པ་སྟེ། དེ་བས་ན། ནཱི་རང་སུ་ཡིས་ཡན་ལག་བརྒྱུན་ཅེས་པ་དང་། བླ་མ་ཅོད་པན་དུ་གཟུང་བར་བྱ་བའི་ཐ་ཚིག་ཀྱང་ངོ་།། སྡུག་གི་སྔལ་གྱིས་སྡུག་བསྔལ་ཞེས་པ་ནི། འདུ་བྱེད་དྲུང་། འགྱུར་བ་དང་། ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་འདུས་པའི་འགྲོ་བ་སྟེ། དེ་ལས་གྲོལ་ཞིང་བདེ་བ་ཆེན་པོ་རྙེད་པར་འགྱུར་བས་ནི། གསུམ་སེལ་མཐའ་ཡས་ཞེས་བྱའོ།། གོལ་གསུམ་ཐོབ་ཅེས་པ་ནི། ཐེ་ཙམ་དུ་འཛིན་པ་དང་། དུ་མ ་འཛིན་པ་དང་། ཕྱོགས་ཆར་འཛིན་པ་ལ་སོགས་པ་ནི་བཞི་པའོ།། དེ་ལྟ་བུའི་རྣལ་འབྱོར་པ་བྱ་བ་དང་བྲལ་བུ་སྟོན་ཏེ། སྒྲིབ་པ་ནི་ཉོན་མོངས་པ་ལ་སོགས་པའོ།། དུས་མེད་རྟོགས་པས་རྒྱུན་མི་འཆད་པར། ་ཡོན་ཏན་ནི་སྒྲིབ་པ་སྤངས་པ་དང་། ཡེ་ཤེས་ཐོབ་པ་སྟེ། དེ་ཅོད་པན་ནི་སངས་རྒྱས་སོ།། དེའི་ཡང་ཐོད་དུ་གྱུར་པ་ནི་བློ་མ་དང་རྡོ་རྗེ་འཛིན་པའོ།། དེ་ཅིའི་ཕྱིར་ཞེ་ན། དམ་ཚིག་དག་ནི་ཐམས་ཅད་ལས།། བླ་མ་མཆོད་པ་མཆོག་ཡིན། ་ཏེ། སངས་རྒྱས་རིན་ཆེན་ཟ་མ་ཏོག། དཔལ་ལྡན་འདུས་པ་འམ་གཞན་དུ་བསྟན་ཅེས་གསུངས་སོ།། དོགས་པ་བཟློག་པའི་ཕྱིར།། ཁམས་གསུམ་རིན་པོ་ཆེར་གྱུར་པ།། སློབ་དཔོན་ལས་ནི་མཆོག་གཞན་མེད།། གང་ལས ་བཀའ་དྲིན་ཐོབ་པ་ཡིས།། མཁས་པས་དངོས་གྲུབ་དུ་མེ་ཐོབ་ཅེས་གསུངས་པས་སོ།། ལུས་ཀུན་ལས་ནི་རྣམ་གྲོལ་བ། ཞེས་པ་ནི་འཁོར་འདས་ཀྱི་བྱེ་བྲག་གིས་དཀར་པོའི་ཆོསྲ་དང་། དམ་ཚིག་གི་ནོར་དང་། ཡུལ་འདོད་པ ་དང་། སྡུག་བསྔལ་ལས་འཇིགས་པ་ལས་གྲོལ་བར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། འཁྲུལ་པ་ཞིག་པས་གཉེན་པོ་མི་གནས་པའི་ཕྱིར་རོ།། ན་མཁའ་ལ་སོགས་པ་ནི་གཞན་གྱི་གཙོ་བོར་གྱུར་པའོ།། བཟང་ངན་ཤེས་པ་ནི ་སྣོད་ཀྱི་བྱེ་བྲག་མཁྱེན་པའོ།། དུས་ཤེས་པ་ནི་བསྟན་པའི་གོ་རིམས་མཁྱེན་པའོ།། དམ་ཤེས་པ་ནི་འཁོར་བའི་སྐྱོན་གྱིས་མ་གོས་པའོ།། རྟག་ཏུ་དོན་མཛད་པ་ནི་དམ་ཚིག་ལྡན་པའོ།། དབང་པོ་ཤེས་པ་ནི་དུས་ཤེས་པའོ།། ་རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཞེས་པ་ནི་དུག་གསུམ་ལས་རྣམ་པར་གྲོལ་བའི་ཐབས་གསུམ་ལ་མཁས་པའོ།། ཉིད་ཀྱི་ཐུགས་སུ་ཆུད་ཅིང་གཞན་ལ་སྟོན་པས་ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས་གསུངས་པའོ།། སྭ་སྟི ་རྒྱུད་ལས་སྐུས་པའི་རང་བཞིན་དུ་བཤད་པའི་ཕྱིར། ཤེས་པ་ལྔའི་ཁྱད་པར་ནི་བླ་མ་ལ་གུས་པར་འབྱུང་བ་དང་། རྗེས་ཐོབ་མེད་པར་འབྱུང་བ་དང་། འཁོར་བ་ལས་ནི་རིང་དུ་གྱུར་པར་འབྱུང་བ་དང་། སེམས་ལ་དབང ་བཻར་འབྱུང་བ་དང་། ཟུག་རྔུ་མེད་པར་འབྱུང་བ་སྟེ། དེ་ཡང་གཞི་བླ་མ་དང་། དབང་དང་། སྒོམ་པ་དང་། རྟོགས་པ་དང་། བརྡ་ལས་ཆོས་ཉིད་དེ་ཉིད་ཤེས་པ་དང་། ཉམས་སུ་མྱོང་བ་དང་། རྒྱུན་མ་ཆད་པ་དང་། སྒྲོ་འདོགས ་ཆོད་པ་དང་། སྣ་ཚོགས་རོལ་མོ་ལས་འབྱུང་བར་འགྱུར་རོ།། དེ་རང་དབང་དུ་གྱུར་པ་ཏེ། སྤྱོད་པའི་ཁྱད་པར་ནི་འདིས་འགྲོ་བར་འགྱུར་ཏེ། སྙན་གྲགས་དགེ་དང་ཞེས་པ་ནི། ཀུན་བཟང་དགེ་བའི་སྤྱོད་པ་སྟེ། བླ་མ་ལ་བརྟན ་པར་བྱའོ།། དབུགས་འབྱིན་ཆེན་པོ་ཞེས་པ་ནི།། སེམས་དབུགས་འབྱིན་པའི་གསང་སྤྱོད་དོ།། དགའ་སྟོན་ཆེ་ཞེས་པ་ནི་དཀའ་བ་སྟོན་པའི་རིག་པའི་སྤྱོད་པའོ།། དགའ་ཆེན་རོལ་མོ་ཆེན་པོ་སྟེ། ཞེས་པ་ནི་དགའ་བ་ཆེན་པོའི ་ཉམས་ཀྱིས་སྣང་བ་ལ་རོལ་མོ་ལྟ་བུར་སྤྱོད་པ་སྟེ། ཚོགས་ཀྱི་སྤྱོད་པོའོ།། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་ཞེས་པ་ནི། དེ་ཁོ་ན་ཉིད་དང་ལྡན་པའི་སེམས་ལ་སྣ་ཚོགས་ཀྱི་སྤྱོད་པས་བསྙེན་བཀུར་བར་ཕུན་སུམ ་ཚོགས་པས་རྙེད་པར་གྱུར་པ་སྟེ། སྨོན་སྤྱོད་དོ།། དེ་ཡང་། རྟག་ཏུ་ངུ་བའི་སྤྱོད་པ་བཞིན།། མི་གཡོ་བ་ཡི་སེམས་ཀྱིས་ནི།། དངོས་གྲུབ་སྟེར་བའི་བླ་མ་ལ།། འགྲོ་བའི་མགོན་པོ་བསྙེན་བཀུར་བྱ།། ་ཞེས་པ་དང་། བུད་མེད་རབ་ཏུ་མདངས་བཟངས་མེ།། ལོ་གྲངས་བཅུ་གཉིས་ལོན་པ་ནི།། དྲི་དང་མེ་ཏོག་ཕྲེང་བརྒྱན་པའི།། ཡོན་ཏན་སྐེ་རགས་མཱ་མ་ཀཱི། ཤེས་རབ་ཅན་གྱིས་བྱིན་བརླབས་ལ།། དེ་ཡི་དབུསུ་མཉེས ་པར་བྱ། ཞེས་གསུངས་པ་ལ་སོགས་པའི་རྒྱས་པར་བཤད་པ་སྟེ། རིགས་མའི་བྱེ་བྲག་ནི། དབུགས་འབྱིན་མཆོག་དང་བར་མ་དང་།། དྲི་ཡེ་ཆུ་དང་བཅེས་པས་ཀྱང་།། རྟག་ཏུ་དུས་ཀྱི་ཁྱད་པར་གྱིས།། རིགས་ལྡན་རྣམས ་ནཱི་མ་ཆོད་པར་བྱ།། དོགས་པ་བཟློག་པའི་ཕྱིར་གསུངས་ལ།། རིགས་ཀྱི་སྨན་པའི་འདུ་ཤེས་དང་། འཇིགས་པའི་འདུ་ཤེས་མ་སྐྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་འདི་ལྔ་སྟེ། སྔགས་ཀྱི་སྤྱོད་པ་ནི་སྤྱོད་པའི་མཆོག་གོ།། ་འདི་ལྟ་སྟེ། སྔགས་ཀྱི་སྤྱོད་པའི་དེ་བཞིན་གཤེགས་པའི་སྤྱོད་པའོ།། ཞེས་གསུངས་པའི་ཕྱིར་རོ།། གཞན་ཡང་རང་དང་ཕལ་ཆེར་གཞན་གྱི་དོན་དུ།། དག་ཅིང་ཡོན་ཏན་གྱིས་ནི་གནས།། སྣ་ཚོགས་ཡོན་ཏན་ཕུན་སུམ ་ཚོགས་ཞེས་པ་ལ་སོགས་པ་ནུས་པ་དགུག་པ་དང་། གྲུབ་པའི་རྣལ་འབྱོར་ལ་ཡང་རུང་ཞེས་པ་ནི་བརྡ་མཚོན་པ་དང་། མི་ཡི་བུ་མོ་མཐུ་ཆེན་གྱིས་ཞེས་པ་ནི། ཡོན་ཏན་གྱིས་དགུག་པ་དང་། ལྷ་རྫས་བཙུན་མོ་དགུག་པའོ།། ་ནུས་པ་གལ་ཏེ་མེད་འགྱུར་རུམ།། འདོད་པས་གནོད་པ་ཉིད་དུ་འགྱུར་ན།། དེས་ནི་མི་ཡི་བུ་མོ་བསྟེན། ཞེས་པ་ལ་སོགས་པས་བྱེ་བྲག་ཤེས་པར་བྱས་ལ་བསྟེན་པར་བྱ་བའི་དགོས་པ་ནི། ནོར་ཞེས་པ་དང་འབྲེལ་ཏོ།། གཞན་ཡང་། ལུས ་ཀྱི་སྦྱིན་པ་བྱས་ནས་ནི། ཕྱིས་ནི་སྤྱོད་པ་ཡང་དག་བརྩམ། སྐལ་ལྡན་སྐལ་མིན་སྤྱད་ནས་ནི།། དེ་ཡི་སྦྱིན་པ་བཏང་མི་བྱ།། ཞེས་པས། ཅུང་ཟད་ནུས་པ་བསྐྱེད་ནས་ནི།། རོལ་ཅིང་གྲོང་དུ་འཇུག་པར་བྱ་ཞེས་པ་དང་འབྲེལ་ཏོ།། ་གཞོན་ཡང་བཟའ་བཏུང་ཐོབ་པ་དང་།། བགྲོད་དང་བགྲོད་མིན་སྤང་བར་བྱ། ཁྲུས་དང་གཙང་སྦྲ་མི་བྱ་ཏེ།། གྲོང་གི་ཆོས་ནི་སྤང་མི་བྱ།། བློ་ལྡན་སྔགས་ནི་བཟླ་མི་བྱ།། བསམ་གཏན་དམིགས་པར་མི་བྱ་སྟེ།། གཉིས་ནི ་སྤང་བར་མི་བྱའོ།། དབང་པོ་དགག་པར་མི་བྱ་སྟེ།། ཤ་རྣམས་ཐམས་ཅད་བཟའ་བའོ།། རིགས་ལྔ་ལ་ནི་མཉམ་པར་སྤྱོད་ཅེས་པ་ལ་སོགས་པ་ནི། གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི།། མི་བཟའ་ཅུང་ཟད་ཡང་མ་ཡིན། ཞེས ་པས་འབྲེལ་ཏོ།། དེ་ལྟར་སྤྱོད་པ་བྱེ་བྲག་ནི་གང་ཟག་རིམ་པས་རིམ་དང་ཅིག་ཅར་དང་རང་བཞིན་པའོ།། མཆོག་ཏུ་དགའ་བ་ལ་སོགས་པ་ནི་བཞི་པའི་དོན་དུ་བཤད་པར་བྱ་སྟེ། མཆོག་ཏུ་དགའ་བ་ནི་དམ་པར་དགའ་བ་སྟེ། ་རྣམ་གཅིད་ཡོངས་གཙད་དང་བྲལ་བའོ།། དེ་སྟོན་པར་མཛད་པ་ནི། མཆོག་སྦྱིན་གཙོ་བོ་ཞེས་བྱ་སྟེ། སྙིང་པོ་དོན་གྱི་སངས་རྒྱས་སོ།། ངེས་གང་ལ་བསྟན་པར་བྱ་བ་ཡོང་གྲགས་བདག་དཔལ་ནི་བྱང་ཆུབ་སེམས་དཔའོ།། ་ལྡན་ནི་དེ་བཞིན་གཤེགས་པའོ།། དེའི་ཡང་སྦུབས་ཀྱི་དམ་པར་གྱུར་པ་ནི་བླ་མ་རྡོ་རྗེ་འཛིན་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དངོས་གྲུབ་འབྱུང་བའི་གྲནས་གཞན་མེད་པའི་ཕྱིར་སྐྱབས་སུ་འོས་ཞེས་བྱའོ།། ་དེ་ཇི་ལྟར་འགྱུར་བ་ནི། འཇིག་རྟེན་སྒྲ་སྟེ་ཞེས་པས་མ་རྟོགས་པ་ལོག་པར་རྟོགས་པ་དང་། ཐེ་ཙོམ་མཐར་བྱེད་པའི་དོན་ཏོ།། དེ་ནས་གཉུགུ་མ་སྟོན་པའི་ཕྱིར་རབ་ཀྱི་མཆོག་ཅེས་བྱའོ།། ད་ནཱ~ཾ་ཐཱ ་མར་དགེ་བ་སྟོན་ཏེ། སེལ་བ་པོ་ནི་ཕྱག་ཆེན་པོས་སོ།། གཙུག་ཕུད་ལ་སོགས་པའི་བྱེ་བྲག་ནི་ཡེ་ཤེས་ལྔ་དང་ལྡན་པའོ།། གདོང་ལྔ་ཞེས་པ་ནི་རིགས་ཀྱི་དེ་བཞིན་གཤེགས་པའོ།། གཙུག་ཕུད་ལྔ་དང་ལྡན་ཞེས་པ་ནི་དེ ་ཉིད་གཞན་གྱི་དོན་དུ་བསྟན་པའོ།། དེ་བར་དུ་དགེ་བ་བསྟན་ཏེ། ཟུར་ཕུད་ལྦ་པ་ཞེས་པ་ནི་འདོད་པ་ལྔ་པའོ།། མེ་ཏོག་ཅེས་པ་དབང་པོའོ།། ཐོད་ཅེས་པ་ནི་རྒྱན་ཏེ་བདེ་བ་ཆེན་པོར་རོ།། མགོ་ཟླུམ་དང་བརྟུལ་ཞུགས་ཆེན ་པོ་གཉིས་ནི་ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག་གི་རྟགས་ཏེ། ཐེག་པ་ཐུན་མོང་པ་ཁྱད་པར་གྱི་བྱེ་བྲག་གིས་སོ།། འདིར་ནི་མཚན་མའི་རྟེན་ལ་ཕྱག་འཚལ་བ་ལ་སོགས་པས་ཏི་ངེ་འཛིན་རྒྱུ་ནི་མི་འཆད་པར་འགྱུར་བར ་བའི་ཕྱིར། དཀའ་ཐུབ་མ་ཐར་ཕྱིན་པ་སྟེ་ཚངས་པར་སྤྱོད་པ་ཞེས་བྱའོ།། དེ་ཡང་ཚངས་པ་མྱ་ངན་འདིས་སངས་རྒྱས།། འཇུག་པས་ཁྱབ་འཇུག་ཏུ་ནི་བརྗོད།། རྟག་པར་དགེ་བ་བཞི་པ་སྟེ།། ཐམས་ཅད་བདག་ཉིད ་གནས་པ་ཀུན།། དམ་པའི་བདེ་བ་དེ་ཉིད་དོ།། ཞེས་གསུངས་པའི་ཕྱིར་རོ།། ཉོན་མོངས་པ་མི་སྤོང་བ་ལ་སོགས་པ་ནི་དཀའ་ཐུབ་ཆེན་པོ་སྟེ། ཕྱག་རྒྱ་ཆེན་པོ་ཉིད་ནས་སྨོན་པའི་བརྟུལ་ཞུགས་མཆོག་གོ། དང་པོར་དགེ་བ་བསྟན་པར་བྱ ་སྟེ། གཙང་གནས་ཞེས་པ་ནི་སྐུ་གསུང་ཐུགས་རྡོ་རྗེའོ།། གནས་དམ་པ་ཞེས་པ་ནི་བཙུན་མའི་བྷ་གའོ།། གོའུ་ཏ་མ་ཞེས་པ་ནི་བཅོམ་ལྡན་འདས་སོ།། ཉོན་མོངས་པ་མི་མངའ་བོ་བྲམ་ཟེའོ།། ཚངས་པ་ནི་གཟུང་བས་སྟོང་པ ་སྟེ་དགའ་བའོ།། གཉིས་པ་ནི་འཛིན་པ་སྟོང་པ་སྟེ། མཆོག་ཏུ་དགའ་བའོ།། ཤྲེས་ཞེས་པ་ནི་བདེ་བ་ཆེན་པོ་སྟེ་རྙེད་པའོ།། མྱ་ངན་འདས་ཞེས་པ་ནི་དྲི་མ་དང་བྲལ་བའི་ལྷན་ཅིག་སྐྱེས་པའོ།། ཚངས་པ་ནི་བཏང་སྙོམས་དང་བྲལ ་བ་སྟེ་སྙིང་པོ་ལེན་པས་ནི་ཐོབ་པའོ།། གྲོལ་བ་ནི་བཞི་པའོ།། ཐར་པ་ནི་བཞི་བཞི་པའི་མན་ངག་གོ། རྣམ་གྲོལ་ལུས་ནི་བཞི་པའི་དབང་ངོ་།། མཚན་ཉིད་གསུམ་ནི་བཤད་ཟིན་ཏོ།། རང་གི་ངོ་བོ་འབའ་ཞིག་བསྟན་པར་བྱ་སྟེ། ་ཞི་བ་གཉིས་ནི་ནང་དང་ནང་དུ་ཡང་དག་པར་བཞག་པའོ།། མྱ་ངན་ལས་འདས་པ་གསུམ་ནི་གྲགས་ཆེན་དང་སྙིང་པོ་དོན་དང་རྡོ་རྗེ་འཆང་ངོ་།། བདེ་སྡུག་སེལ་བ་ནི་འཁོར་བ་གཉིས་ཀྱི་སྐྱོན་དང་བྲལ་བའོ།། ཆགས་བྲལ་ལུས ་ལས་འདས་པ་པོ་ཞེས་པ་ནི་ཉེན་ཐོས་ཞི་བའི་ས་ལས་འདས་པའོ།། ཐུབ་པ་མེད་ནི་མི་འཇིགས་པ་བཞི་དང་ལྡན་པའོ།། དཔེ་མེད་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་དང་ལྡན་པའོ།། མི་མངོན་པ་ནི་མེ་འཇིག ་པའི་ཤེས་པས་སོ།། མི་སྣང་བ་ནི་བློའི་ཡུལ་ལ་མི་སྣང་བའོ།། གསལ་བྱེད་མིན་ནི་ལུས་ཀྱིས་གསལ་བར་མི་ནུས་པའོ།། ཕྲ་བ་ནི་རྟོགས་པར་དཀའ་བའོ།། ཟག་མེད་ནི་མངོན་དུ་རྒྱུ་བ་དང་བྲལ་བའོ།། ས ་བོན་ཞེས་པ་ནི་མ་རིགས་པའི་བག་ཆགས་དང་བྲལ་བའོ།། ཤིན་ཏུ་སད་པ་ནི་མ་རིག་པའི་གྲི་ཉོད་སད་པའོ།། སད་པའི་བདག་ནི་རང་བཞིན་གྱིས་གྲོལ་བའོ།། ཀུན་ཤེས་ནི་ཆོས་ཐམས་ཅད་དོ།། ཀུན་རེ་ག་ནི་དོན་ཐམས་ཅད ་དོ། རྣམ་པར་ཤེས་པ་ཆོས་ཉིད་འདས་ཞེས་པ་ནི་རྟོག་དཔྱོད་དང་བྲལ་བའོ།། ལས་བྱེད་པ་ནི་གདུལ་བྱའི་བློ་ལ་སྣང་བའོ།། ཐོག་མ་ཐ་མ་མེད་པ་ནི་སྐྱེ་འཇིག་དང་བྲལ་བའོ།། དང་པོའི་སངས་རྒྱས་རྒྱུ་མེད་པ་ཞེས་པ་ནི། ལོག ་རྟོག་ཅན་ཁ་ཅིག་དང་པོའི་འདྲེན་པར་གྱུར་པ་ཐབས་གང་ལ་བརྟེན་ནས་སངས་རྒྱས་ཤོས་ཟེར་བའི་ལོག་རྟོག་བཟློག་པར་བྱ་སྟེ། དཔེར་ན་ན་མཁའ་ལ་སྤྲིན་དང་། འཇའ་ཚོན་དང་། ན་བུན་དང་། ཁུག་སྣ་དང་། འབྱུང་བ་ཆེན་པོ ་བཞི་འབྱུང་གི། ན་མཁའ་རྒྱུ་རྐྱེན་གང་ལས་སྐྱེ་རྟོགས་ཤིས། གལ་ཏེ་ན་མཁའ་ལས་བྱུང་ངོ་ཞེ་ན། ད་ལྟའི་རི་རབ་གླིང་དང་བཅས་པ་འདི་དག་གང་གིས་གོ་ཕྱེ་སྟེ་གང་གིས་རྗེས་སུ་སོང་ཞིང་བསྐྱེད། གལ་ཏེ་བསྐྱེད་ན་ན་མཁའ ་སྣང་བར་བསྟན་པ་ཡིནོ།། གལ་ཏེ་མཚན་ཉིད་མི་མཐུན་ནི་ཆོས་འདི་དག་ཐམས་ཅད་ཀྱི་མཚན་ཉིད་གང་དུ་ཡིན། གལ་ཏེ་མཚན་ཉིད་གཅིག་ན་ཐ་དད་པར་མེད་པར་འགྱུར་བ་ཉིད་དོ།། དེ་བཞིན་དུ་དང་པོར་རང་བཞིན་གྱི ་ཆས་ལས་ནུས་པ་སྣ་ཚོགས་སྒྱུ་འཆར་བར་འགྱུར་།། དེ་ཉིད་རྒྱུ་རྐྱེན་ལས་སྐྱེས་པར་སྣང་མ་ཀྱི། རང་བཞིན་གྱི་ཆོས་རྒྱུ་དང་རྐྱེན་གང་གིས་བསྐྱེད་རྟགས་ཤིགྶ། གལ་ཏེ་ཐ་དྲུད་ན་བརྟགསྨྲ་པ་དང་བྱུདྭགས་བྱ་ཐམས་ཅང་གི་རང་ཐུན ་གང་དག་ཡིན་མཚན་ཉིད་གཅིག་ན་འགལ་བ་གང་ལ་ཡོད་དེ་མེད་དོ།། དེ་བོས་ན་རང་བཞིན་ཉིད་ལས་ལྷུན་གྱིས་གྲུབ་པ་དང་། མངོན་དུ་གྱུར་པ་ནི་བདེ་བ་ཆེན་པོར་རོ་གཅིག་པ་ཉིད་དོ།། དེའི་ཕྱིར་དང་པོའི་སངས་རྒྱས་རྒྱུ་མེད་པ ་ཞེས་པས་རྒྱུད་ལ་མི་གནས་པ་ཉིད་དུ་བསྟན་པ་ཡིན་ནོ།། བློ་དངོས་གཅིག་ཏུ་འབྲེལ་བར་བྱེད་པ་ནི། ཡེ་ཤེས་ཀྱི་མིག་གཅིག་པ་སྟེ། དེ་ལ་དྲི་མ་མེད་པའོ།། དོན་མི་འབྱུང་བ་མ་ཡིན་ཏེ། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས ་ཤེས་པ་ཡིན་ནོ།། མི་གནས་པ་ཉིད་དུ་བསྟན་པར་བྱ་སྟེ། ཚིག་གི་དབང་ཕྱུག་ནི་བཅོམ་ལྡན་འདས་སོ།། རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་གིས་དོན་གཉིས་སུ་སྟོན་པས་ན་སྨྲ་བ་ཆེ་ཞེས་བྱའོ།། སྨྲ་བའི་སྐྱེས་མཆོག་གིས ་ཐོགས་པ་མི་མངའ་དའོ།། སྨྲ་བའི་རྒྱུ་ལྔ་ནི་དབང་པོ་དང་སྦྱར་བ་སྟོན་པའོ།། སྨྲ་བའི་དམ་པ་ཞེས་པ་ནི་ཐམས་ཅད་སེམས་ཀྱི་རང་བཞིན་གཅིག་པུར་སྟོན་པའོ།། མཆོག་གི་གནས་ནི་མཆོག་གི་དངོས་གྲུབ་གྲུབ་པའི་གསུང་འབྱུང་བའི ་གནས་སོ།། སྨྲ་བའི་སེང་གེ་ནི་ཉམ་མི་ང་བས་སོ།། མ་ཚུགས་པ་མེད་པ་ཞིས་པ་ཕྱོགསུ་བཅུ་བལྟ་བའི་རིགས་ཀྱིས་སོ།། ད་ནི་སྣང་བའི་རང་བཞིན་དུ་བཤད་པར་བྱ་སྟེ། ཀུན་ཏུ་བལྟ་བ་ནི་ཡེ་ཤེས་བརྙེས་པས་ཀུན་ཏུ་བེལྟ ་བའོ།། མཆོག་ཏུ་བལྟ་བ་ནི་འདོད་ཆགས་དོན་དང་ཆོས་སོ་སྔོ་ཡང་དག་པར་རིག་པའི་ཕྱིར་རོ།། གཟི་བརྗིད་ནི་ཡེ་ཤེས་སོ།། སྣང་བ་ནི་ཕྱུང་པོའོ།། བལྟ་ན་སྡུག་པ་ནི་ཉམས་མྱོང་དུའོ།། འོད་བཟུང་དུ་ན ་སྙིང་པོ་ལེན་པའི་དཀྱིལ་འཁོར་དུའོ།། འབར་བ་ནི་རང་གི་ཤེས་པ་ཉིད་དོ།། དཔལ་བེའུ་ནི་སེམས་ཅན་ཐམས་ཅད་ལོ་ཁྱབ་པའི་ཡེ་ཤེས་སོ།། ལག་ན་འོད་འབར་ནི་འཇིག་རྟེན་གྱི་ཁམས་ལག་པའི་འོད་ལ་སོགས་པ་རྣམས་སོ།། སྣང ་བ་ཆེན་པོ་ནཱི་ཡེ་དག་ཐམས་ཅད་ཡེ་ཤེས་ཀྱི་སྣང་བའོ།། སྨན་པ་ཆེ་མཆོག་ནི་མི་ཤེས་པས་ན་ནད་རབ་ཏུ་འཇོམས་པའོ།། གཙོ་བོ་སྟ་ཞེས་པ་ནི་ཕྱིན་ཅི་མ་ལོག་པའི་སྨན་གྱིས་གསྔོ་བར་མཛད་པའོ།། ཟུག་རྔུ་ནི་དུག་གསུམ་སྟེ ་སེང་ལྡེང་གི་ཚེར་མ་ལྟ་བུའོ།། འབྱིན་པ་ནི་དབང་པོ་ལ་སོགས་པ་གསུམ་གྱིས་སོ།། བླ་ནུ་མེད་པ་ནི་ཕྱིས་མི་འབྱུང་བས་སོ།། སྨན་རྣམས་མ་ལུས་པ་ནི་ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ངོ་།། ལྗོན་པོའི་ཤིང་ནི་འཇམ་དཔལ ་ཡེ་ཤེས་སེམས་དཔའོ།། འདིར་ནི་རྗེ་བཙུན་པས་གཟུང་བར་བྱའོ།། དེས་ཅིར་འགྱུར་ཞེ་ན། ནང་ངོ་ཅོག་གི་སྒྲ་ཆེ་བ། ཞེས་གསུངས་པ་ནི། ཉོན་མོངས་པ་དེ་སྙེད་ཀྱིའོ།། རྡོ་རྗེ་ཉི་མ་སྣང་བ་ཆེ་ཞེས་པ་ནི། སེམས་ཡེ་ཤེས ་ཀྱི་དཀྱིལ་དུ་སྣང་བ་སྟེ་ཐབས་སོ།། རྡོ་རྗེ་ཟླ་བ་དྲི་མེད་འོད་ཅེས་པ་ནི་དེ་ཉིད་རྣམ་པར་དག་པའི་ངོ་བོར་སྣང་བ་སྟེ་ཤེས་རབ་བོ།། དེ་གཉིས་ཐ་མི་དད་པ་ནི་བསྐྱེད་རྫོགས་གཉིས་ཟུང་དུ་འཇུག་པ་སྟེ། ཁོ་བོའི་བླ་མ་རི་ཁྲོད ་དགོན་པའི་གཞུང་ལུགས་སོ།། དེ་ཉིད་བཀླག་པའི་མན་ངག་ཏུ་བསྟན་པར་བྱ་སྟེ། བདག་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཞུགས་པའི་ཚེ། རིགས་ཀྱི་ལྷ་དང་མཐུན་པའི་ཆེད་དུ་བརྗེད་པར་བྱ་བ་ནི། དབང་བསྐུར་བ་དང་དངོས ་གྲུབ་སྒྲུབ་པའི་བྱེ་བྲག་གིས་རང་རང་གི་ང་རྒྱལ་དུ་ཞུགས་ལ་ཇི་ལྟ་བ་བཞིན་དུ་བྱིན་གྱིས་བརླབ་པ་བྱས་ནས་གཉིས་པ་འམ། སྒྲུབ་བྱེད་དུ་གནས་པའི་རྣལ་འབྱོར་པས་སོ་སོ་རིགས་ཀྱི་ཚད་དུ་བརྗོད་པ་གདོན་པ་དང་། རིགས ་བསྡུས་པའི་ཚོད་དུ་བརྗོད་པ་བསྟན་པའོ།། ཡང་མཆོད་པ་ལ་སོགས་པས་མཉེས་པར་བྱས་ནས་ཕྱག་རྒྱ་བཀྲོལ་བའོ།། དེའི་མེ་ན་ངག་ནི་རང་གི་སྦྱོར་བ་དང་ལྡན་པས་ཐབས་དང་ཤེས་རབ་ལ་གནས་ཏེ། དབྱངས་ཡིག་དང ་པོའི་རང་བཞིན་ལས་མཆོག་སྦྱིན་སྦྱོར་བར་བྱེད་པ་ཡིན། ཞེས་གསུངས་པ་ནི་མན་ངག་སྟེ། བསྐྱེད་པའི་རིམ་པའི་ཚུལ་ལོ།། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག་ཅེས་པ་ནི། རྟགས་དྲང་དོན་གྱི་ཁྱད་པར་གྱིས་སྲིད་པ་གསུམ ་དང་ལུས་ངག་ཡིད་གསུམ་གྱི་མཆོག་གོ།། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཞེས་པ་ནི་མི་འཆར་བ་མེད་པ་དང་། དེ་མ་ཡིན་པའི་སྲིད་པའོ།། གང་དུ་ཞེ་ན། ཕྱོགས་བཅུ་ཞེས་པ་ནི་གནས་སོ།། ནམ་མཁའ་ནི་དུས་སོ།། མཐར ་ཐུག་པ་ཞེས་པ་ནི་རྒྱ་དེ་སྲིད་དུ་ཆོས་ཀྱི་རྒྱལ་མཚན་ལེགས་པར་འཇུག་པ་ནི་སྐལ་བ་དབང་པོའི་བྱེ་བྲག་གི་སྙིང་པོ་དང་རྫུན་པ་ལ་སོགས་པར་རོ།། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། ཞེས་པ་ནི། བླ་ན་མེད་པ་ཐོབ་པར་འདོད་པ ་ཞིག་རང་ལ་ཡོད་པའི་དེ་ཉིད་ཡོད་པར་ཤེས་པ་དང་། ཇི་ལྟ་བ་བཞིན་རྟོགས་པའོ།། དེས་སྣང་བ་མེད་པ་དང་བརྟགས་པར་རང་གྲོལ་བར་གྱུར་པ་ནི་སྤངས་པ་སྟེ། དེའི་སྙིང་པོ་བྱམས་པ་དང་སྙིང་རྗེའི་དཀྱིལ ་འཁོར་ཅན་ནོ།། དེའི་རྣལ་འབྱོར་ནི་དཔལ་ལྡན་པདྨ་གར་གྱི་བདག་སྟེ། ནང་རྟེན་ཅིང་འབྲེལ་པར་འབྱུང་བིའི་ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་གྱིས་ཐམས་ཅད་གར་གྱི་རྣམ་པ་ལྟ་བུར་མཐོང་བའོ།། ་དེ་གཉིས་ཀ་ལ་ཡང་ཁྱབ་བདག་ཆེན་པོ་རིན་པོ་ཆེས་ཁྱབ་པས་ནི་གདུགས་སོ།། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། ཞེས་པ་ནི་སྣང་གྲགས་ཐམས་ཅད་ལ་སྐྱེ་མེད་སྟོན་པར་ནུས་པའི་མཐུའི་རང་བཞིན་ཡོད་དེ། དེ་ཅིའི་ཕྱིར ་ཞེ་ན་རཱ་མ་སྐྱེས་པའི་སྙིང་པོ་ཅན་ཡིན་པའི་ཕྱིར་རོ།། དཔེར་ན་རྐུན་མོ་ཞིག་ཆང་གིས་རབ་ཏུ་མྱོས་ན། བདག་གིས་ཆེ་གེ་མོའི་ནོར་བཻ་རྐུ་ས་སོ་ཞེས་སྟོན་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རང་རྒྱུད་ཆང་གིས་བཤྲཱི་བ་ཡིན ་པའི་ཕྱིར། དེ་བས་ན་སངས་རྒྱས་ལ་སོགས་པའི་དོན་མཐོང་ནས། ཇི་ལྟར་བྱ་བའི་ཚུལ་ནི་དེ་ཉིད་སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེན་པོ་སྟེ་དེ་ཉིད་བསྒོམ་པར་བྱའོ།། སངས་རྒྱས་ལ་རང་རྒྱུད་མི་གནས་པའི་ཕྱིར་རོ།། ་དགོངས་པ་གཅིག་སྟེ། སངས་རྒྱས་ཀུན་གྱི་བསྟན་པ་གཅིག་ཅེས་བྱའོ།། བསྒྲུབ་པར་མི་ནུས་པ་མ་ཡིན་ཏེ། ཐ་དད་པ་ནི་སེམས་ཅན་གྱི་རྒྱུ་ཡིན་ལ། དེ་ལ་མ་རིག་པ་དང་། གློ་བུར་བ་དང་། བློ་ཡིས་བརྟགས་པ་དང་། ་ཕྱོགས་ན་གནས་པ་དང་། འདུས་བྱས་པའོ།། དེ་ལས་ལོག་པའི་སངས་རྒྱས་ཏེ། རང་བཞིན་གྱིས་འོད་གསལ་བ་དང་། གདོད་མ་ནཱས་ལྷུན་གྱིས་གྲུབ་པ་དང་། བློ་ཡིས་མ་བརྟགས་པ་དང་། དུས་མཐའ་ལ་མི་གནས་པ་དང་། འདུས ་མོ་བྱས་པའི་གཅིག་པའོ།། འགྲེལ་བར་གྱུར་པ་མཱ་ཡིན་ཏེ། ལྡོག་ཆོས་ཐ་དད་ཀྱང་། བདག་ཉིད་གཅིག་པིའི་བུམ་པ་བཞིན་ནོ།། ད་ནི་དུ་མར་རིགས་པ་སྟོན་པ་ཏེ། རྡོ་རྗེ་རིན་པོ་ཆེ་ནི་རིན་ཆེན་འབྱུང་ལྡན་ནོ།། དབང་བསྐུར་དཔལ ་ནི་རོ་ནི་ཆེན་སེམས་དཔའོ།། རིན་ཆེན་ཀུན་བདག་ནི་མི་བསྐྱོད་པའོ།། དབང་ཕྱུག་སྟེ་ཞེས་པ་ནི། རྡོ་རྗེ་སེམས་མའོ།། འཇིག་རྟེན་དབང་ཕྱུག་ནི་སྣང་བ་མཐའ་ཡས་སོ།། ཀུན་གྷི་བདག་ཅེས་པ་ནི། ཆོས་ཀྱི་སེམས་མའོ།། རྡོ་རྗེ ་འཆང་ཞེས་པ་ནི་དོན་ཡོད་གྲུབ་པའོ།། ཀུན་གྱི་རྗེ་ཞེས་པ་ནི་ལས་ཀྱི་སེམས་མའོ།། སངས་རྒྱས་ཀུན་གྱི་རྣམ་པར་སྣང་མཛད་དོ།། ཐུགས་ཆེ་བ་ཞེས་པ་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མའོ།། འདྲེས་ཤིང་གཅིག་པ་ནི། རིགས ་ནི་རྣམ་པ་དྲུག་ཏུ་བརྗོད།། མདོར་བསྡུས་པ་ནི་རྣམ་པ་ལྔ།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིན།། ཕྱིས་ནི་རྣམ་པ་གསུམ་དུ་འགྱུར།། ཞེས་གསུངས་པས། སྐུ་གསུང་ཐུགས་རྡོ་རྗེ་འདུས་པ་སྟེ། དེ་ཡང་འཇམ་དཔལ་ཡེ ་ཤེས་སེམས་དཔའ་ཁོ་ནར་བསྟོད་པའོ།། རྫོགས་པའི་རིམ་པའི་ཚུལ་གྱིས་ནི། སྤྲོས་པ་མེད་པའི་རང་བཞིན་དུ།། སྔགས་དང་ལྷར་ནི་ཡང་དག་གནས།། ཞེས་གསུངས་པས་ན། དོན་དང་དོན་གྱི་ཁྱད་པར་བརླག་པར་བྱའོ།། ་ཆགས་བྲལ་ལ་སོགས་ཆགས་པ་ཆེ་ཞེས་པ་ནི། ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་གཞུང་ལུགས་ནི་ཆོས་ཅན་དང་ཆོས་ཉིད་ཀྱི་ལམ་པ་སྟེ། དེའི་དགོངས་པ་ཡང་འཇམ་དཔལ་ཡེ་ཤེས་སེམས ་དཔའ་སེམས་ཅན་རིག་པ་དང་། བསམ་པ་དང་དབང་པོ་དང་། མྱོས་པ་མཁྱེན་པས་ཁོ་དོག་སྣ་ཚོགས་འབར་བའི་འོད་དུ་འཕྲོས་ནས་ཆོས་སྟོན་ཏོ།། གཉིས་ཀ་ཐུག་པ་ཆེན་པོར་འཐད་དེ། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས ་ཞེས་པས་གཅིག་ནི་བདེན་པ་རྣམ་པ་གཉིས་ལྔ། འདིར་ནི་པདྨའི་ནམ་མཁའ་ཟེའུ་འབྲུ་གླང་། རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པའི་གནས་དག་ཏུ། སེམས་ཀྱི་ནོར་བུ་ནང་དུ་ཆུད་པ་ལ། ཡེ་ཤི་ས་གིང་སྐྱེས་དེ་ནི་བརྗོད ་མེད་གཟུགས། ཞེས་གསུངས་པའི་མན་ངག་གིས་སངས་རྒྱས་པའོ།། དམུན་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཐུགས་རྗེ་ཆེན་པོའི་སྟོབས་ཀྱིས་འགྲོ་བ་དང་། མཐུན་པའི་ཚོད་འདོད་ཆགས་ལ་སོགས་པ་དེ་ཉིད་ཐབས་ཁྱད ་པར་ཅན་གྱིས་བྱང་ཆུབ་ཀྱི་ཡན་ལྷག་ཏུ་འགྱུར་བའི་སྒོ་ནས་སེམས་ཅན་འཛིན་པར་མཛད་པ་སྟེ། དེ་ཡང་ཐབས་ཆེན་རྣམས་དང་ལྡན་པ་ལ།། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར།། སྔགས་ཀྱིས་བསད་པའོ ་དུག་བཞིན་དུ།། འཁོར་བཞི་པའི་བདག་ཉིད་དོ།། ཞེས་གསུངས་སོ།། དྲང་བའི་དོན་མ་ཡིན་ཏེ། དཔལ་ལྡན་པདྨ་སངས་རྒྱས་སྐྱེས་གསུངས་སོ།། དེ་བས་ན་ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པར་མཛད་པའོ།། རྒྱུལ ་པོ་ནི་བདེ་བར་གཤེགས་པ་སྟེ། སྒྱུ་འཕྲུལ་སྣ་ཚོགས་འཆང་བ་ནི། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་མན་ངག་གོ། ཆེ་བ་སངས་རྒྱས་རིག་སྔགས་རྒྱལ་ཞེས་པ་ནི། ཆོས་ཆ་ཤས་དང་བཅས་པར་རིག་པ་དང་། དོན་མ་སྐྱེས ་པར་རིག་པ་དང་། སྔགས་ཆེས་ཉི་དེ་ལམ་དུ་རིག་པ་དང་། བཟོད་པ་ཆོས་ཉིད་ལམ་དུ་རིག་པ་དང་། བཟོད་པ་ཆོས་ཉིད་དུ་རིག་པ་དུས་ཀྱི་ཚེ་ཆེ་བ་སྟེ། སངས་རྒྱས་ཀྱི་རང་བཞིན་ནོ།། དེའི་ཕྲིན་ལས་ནི་རིག་སྔགས་པ་གས ་པའོད་དེ་ཁོ་ན་མ་ཡིན་པ་ནི་རྡོ་རྗེ་རྣོན་པོ་ཞེས་པས་ཡིད་ལ་མ་བྱེད་པའོ།། རལ་གྲི་ཚེ་ཞེས་པས་དེ་དང་འདྲ་བའི་ཡེ་ཤེས་སོ།། ཡི་གེ་ནཱི་ལྔ་སྟེ། སྐྱེ་མང་བདེ་བའི་སྙིང་པོ་ཅན་ནི་མཆོག་གོ། སྟེ་ཞེས་པ་དེ་ཉིད་ཀྱང་བཅོས་པར ་སྟོན་པའོ།། རྣམ་པར་དག་པ་ནི་སྙིང་རྗེ་ཆེན་པོའི་དམ་ཚིག་གོ།། དེ་ཡང་ཐབས་དང་ཤེས་རབ་སྙོམས་འཇུག་པ། རྣལ་འབྱོར་ཞེས་ནི་བཤད་པོ་ཡིན་ཞེས་གསུངས་པས། གང་ལ་ཟུང་དུ་འཇུག་པ་གནས་པ་ནི་ཐེག་པ་ཆེན ་པི་སྟེ་ངེས་ཉེར་ལེན་གྱི་ཕུང་པོ་ལྔ་འཇོམས་པ་སྡུག་བསྔལ་གཅོད་ཅེས་བྱའོ།། མཚོན་ཆ་ཆེན་པོ་ནི་ལྡུམ་གྱི་བདེན་པ་སྟེ། ལྡིང་འཇུག་མེད་པའོ།། དེ་ཡང་གཟུགས་ལ་རྣམ་གསུམ་ཤེས་བྱ་སྟེ། མཆོད་པ་བྱེད་པས ་མཆོང་བར་བྱ།། ཞེས་བྱ་བ་ལ་སོགས་པས་སོ།། རྡོ་རྗེ་ནི་ཆོས་སོ།། རྡོ་རྗེ་ཐོབ་མོ་ནི་ཐུགས་སོ།། ཛི་ན་ཛི་ཀ་ནི་སྐུ་སྟེ། དེ་གསུམ་དབྱེར་མཾ་ཕྱེང་བ་ནི་རྡོ་རྗེའོ།། བློ་གྲོས་ནི་ཤེས་རབ་སྟེ། དོན་བཞིན་རེག་པ་ནི་ཇི་འགོན་པའོ།། ་རོལ་ཏུ་ཕྱིན་པ་ནི་བཤད་ཟིན་ཏོ།། བརྩོན་ཆེན་ཞེས་པ་ནི་རྩོན་འགྲུས་ཆེན་པོ་སྒྱུ་འཕྲུལ་དྲ་བར་རྫོགས་པར་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། བྱ་བ་ལ་སོགས་པའི་རྒྱུད་ཀུན་གྱི་རྒྱལ་པོ་འཇམ་དཔལ་ཡེ་ཤེས་སེམས ་དདའ་ཉིད་མ་ཡིན་ལ། དེའི་ཆེད་དུ་བརྗོད་པའི་མཆོག་འདིར་སྟོན་པའི་ཕྱིར་རོ།། རྡོ་རྗེ་གདན་ནི་མཱ་ལུ་ས་ལྡན། ཞེས་པ་ནི་གསེར་དང་གསེར་བཞིན་ནམ། རྒྱ་མཚོར་ཆུ་བྲོ་འབེ་བཱ་པ་བཞིན་རིག་པར་བྱའོ།། ཡེ་ཤེས་ཀྱི་སྐུ ་ནི་ཡེ་ཤེས་སྐུ་རྣམས་སོ།། ཀུན་ཏུ་བཟང་པོ་དང་བློ་གྲོས་བཟང་པོ་ནི་འཇམ་དཔལ་དང་། སའི་སྙིང་པོ་དང་འགྲོ་བ་འཛིན་ནི་སྤྱན་རས་གཟིགས་དབང་ཕྱུག་ལ་སོགས་པ་སྟེ། དེའི་རྣམ་པར་དག་པ་ནི་ཐབས་དུ་མ་སྤྲུལ་པའོ།། ་མཚན་མ་མི་དམིགས་པ་དང་། ཐམས་ཅད་ཡོད་པ་དང་། སྙིང་རྗེའི་སྙིང་པོ་ཅན་ཉིད་ཀྱིས་གསང་བ་ཆེན་པོའོ།། ཡང་ན་ས་དང་འགྲོ་བའི་རྟེན་གཞལ་ཡས་ཁང་དང་། བརྟེན་པ་ལྷའི་འཁོར་ལོ་མཚོན་པའོ།། སངས་རྒྱས་ཀུན་གྱི ་ཞེས་པ་ནི། རིགས་སོ་སོའི་དཀྱིལ་འཁོར་གྱི་འཁོར་ལོའོ།། སྙིང་པོ་ཆེ།། ཞེས་པ་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེའོ།། དེ་ལས་ཐམས་ཅད་དུ་སྣང་བས་སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་ཞེས་སྟོན་ཏེ། འཇིག་རྟེན་དང་འཇིག་རྟེན ་ལས་འདས་པ་ཐམས་ཅད་ལྷའི་འཁོར་ལོར་སྣང་བའོ།། དངོས་པོ་ཀུན་གྱི་རང་བཞིན་མཆོག། ཅེས་པ་ནི། སྟོང་པའོ།། དངོས་པོ་ཀུན་གྱི་རང་བཞིན་འཛིན།། ཞེས་པ་ནི་སྣང་བའོ།། སྐྱེ་མེད་ཆོས་ཏེ་ཞེས་པ་དང་། སྣ་ཚོགས་དོང་ཞེས ་པ་ནི་རང་རང་གི་ངོ་བོ་སྟོན་པའོ།། ཆོས་ཀུན་ངོ་བོ་ཉིད་འཆང་བ། ཞེས་པས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་དབྱེར་མེད་བསྟན་པའོ།། ཤེས་རབ་ལ་སོགས་པ་ནི་དུས་ཀྱི་མཐའི་སྐད་ཅིག་མའོ།། དེ་ཉིད་འདིར་རྣལ་འབྱོར་གྱི་ལམ་དུ་བྱ ་བའི་ཕྱིར། མི་གཡོ་ཞེས་པ་ནཱི་ཏིང་ངེ་བཛྲན་གྱི་སྐྱོན་དྲུག་དང་བྲལ་བའོ།། རབ་ཏུ་དང་བའི་བདག་ཅེས་པ་ནི། ལམ་གྱི་ལུས་ཀྱི་རྙོག་པ་བརྒྱད་པའོ།། མངོན་སུམ་པོ་ཞེས་པ་ནི་མངོན་སུམ་པ་འདིར་རིག་པའོ།། ཇི་ལྟར་ན་ཡེ་ཤེས་ལ ་སོགས་པའོ།། དེ་དག་གིས་ནི་སོ་སོར་རྟོགས་པོའི་ཡེ་ཤེས་ལ་བསྟོད་པའོ།། །། འདོད་པ་ལ་སོགས་པ་ནི་མདོ་བཤད་པར་བྱ་སྟེ། འདོད་པ་ནི་མཐུན་པ་སྟེ་རབ་ཏུ་བསྟན་པའི་འདོད་པའོ།། དོན་ནི་བསྒྲུབ ་པར་བྱ་སྟེ། རིན་ཆེན་འབྱུང་ལྡན་ནོ།། གྲུབ་པ་ནི་མ་ཆགས་པའོ།། དམ་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པས་སེར་སྣ་དག་པར་བྱས་པའོ།། ངན་སོང་ཐམས་ཅད་རྣམ་སྦྱོང་བ།། ཞེས་པ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་མ་ཆགས ་པའི་དོམྱལ་བ་སྦྱོང་བར་བྱེད་དོ།། བྱིན་པས་ཡི་དྭགས་སྦྱོང་བར་བྱེད་དོ།། རེ་བ་མེད་པས་བྱོལ་སོང་སྦྱོང་བར་བྱེད་དོ།། ཡོད་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། དེ་བས་ན། མགོན་པོ་སེམས་ཅན་ཀུན་གྱི་མཆོག་ཅེས་བྱ་སྟེ། ་གཞན་གྱི་དོན་ལ་དམིགས་པས་སོ།། ཇི་ལྟར་ནི་སེམས་ཅན་ཐམས་ཅད་སྒྲོལ་བ་ཞེས་པ་ནི་མཛད་པ་སྟེ། རིགས་ལ་སྤྱོད་པ་དང་། བག་ལ་ཉལ་བ་ལ་སྤྱོད་པ་དང་། མོས་པ་ལ་སྤྱོད་པ་དང་། ལས་དང་པོ་པ་རྣམས་ལ་གསང་སྔོགས ་དང་ཕ་རོལ་ཏུ་ཕྱིན་པ་བཅུ་དང་། བསླབ་པ་གཉིས་དང་། བདེན་པ་བཞི་བསྟན་པའོ།། ཉོན་མོངས་པ་ཞེས་བྱ་བ་ལ་སོགས་རྒྱས་པར་བཤད་པ་སྟེ། དེ་ཡང་འདི་ནི་རང་འབྱུང་བཅོམ་ལྡན་འདས་གཅིག ་པུ་ཁོ་ན་ལྷག་པའི་དབྱེ་ཞེས་གསུངས་པའི་ཕྱིར་རོ།། མི་ཤིས་པ་ནི་གཏི་མུག་གོ།། དགྲའི་དྲེགས་པ་ནི་བདེན་པ་གཉིས་མེད་ལ་ཐེ་ཙོམ་ཟོ་བའོ།། དེ་ཡང་རིག་པའི་ཡེ་ཤེས་ཀྱིས་འཇོམས་པའོ།། དཔལ་ལྡན་བློ་དང་སྟེགས་པར ་ལྡན་ཞེས་པ་ནི། དཔལ་ནི་གཞུང་ལུགས་ཀྱི་བྱིན་གྱིས་བརླབས་སོ།། བློ་ནི་སངས་རྒྱས་ཀྱི་སྙིང་པོའི་ས་བོན་ནོ།། སྟེགས་ནི་ལྷག་པ་བྱང་ཆུབ་ཀྱི་སེམས་སོ།། དེ་རྣམས་རོ་གཅིག་ཏུ་སྐྱེས་པ་ནི་ལྡན་པ་སྟེ། དེ་ཡང་བླ་མའི་བརྒྱུད ་ཐིབས་བསྟན་པ་དང་། བསོད་ནམས་ལས་ནི་ཡང་དག་ཤསྭཱ། ཞེས་གསུངས་པའི་ཕྱིར་རོ།། བརྟན་པོ་མི་སྡུག་གཟུགས་འཆང་བ།། ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པས་འཁོར་བ་སྡིགས་པའི་བརྡའོ།། ལག་པ་བརྒྱ ་བ་ཀུན་བསྒྱིད་ཅིང་།། ཞེས་པ་ནི། ཕྱི་ནང་གསང་བའི་བྱེ་བྲག་གིས།། བརྟགས་དང་ཐོབས་ཀྱི་བྱེ་བྲག་དང་།། ཡུལ་སྣ་ཚོགས་པ་ཐམས་ཅད་བདེ་བཱར་བསྐྱོད་པའོ།། གོམ་པའི་སྟོབས་ཀྱིས་གར་བྱེད་པ་ཡང་དེ་བཞིན་ཏེ། རྟགས ་ལ་འབྱུང་བ་བཞི་བདེ་བས་ནོན་པ་དང་། དགའ་བ་བཞི་དོན་གྱིས་ལྷན་ཅིག་སྐྱེས་པས་གནོད་པ་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོ་གཅིག་གིས་གངན་ལ་རེག་པར་གཞེས་སོ་ཞེས་པའི་དོན་ཏོ།། དེ་ངེས་དོན་དུ་བསྒྲུབ་པའི་ཕྱིར ་རྐང་མཐེབ་ལ་སོགས་པ་གསུངས་ཏེ། སྲིད་པ་དེ་ཉིད་དུ་བྱེད་པར་ཡང་སྦྱར་རོ།། དོན་གཅིག་ཅེས་པ་ལ་སོགས་པ་ནི་འབྲེལ་པ་སྟེ། དེ་ཡང་དོན་གཅིག་གཉིས་མེད་ནི་གཉུག་མའོ།། ཆོས་ཀྱི་དོན་ནི་དཔེའོ།། དེས་ཅིར་འགྱུར་ཞེ་ན། དམ ་པའི་དོན་དེ་ཞེས་པ་ནི་མ་བཅོས་པ་སྟེ། འཁོར་བས་འཇིགས་པ་མེད་པ་དེ་ནི་མཚོན་པའོ།། ཉམས་སུ་མྱོང་བ་ནི་རྣམ་པར་རིག་པ་ཉིད་ལས་སྣ་ཚོགས་པར་སྣང་བ་གཟུགས་ལ་སོགས་པའི་དོན་དང་། གཉིས་སུ་མེད་པ་མྱོང་བས ་ན་ཅན་ཞེས་བྱའོ།། རྣམ་པར་ཤེས་པའི་ཚོགས་ནི་ཐམས་ཅད་ལྷན་ཅིག་སྐྱེས་པའི་རྗེས་སུ་འཇུག་པར་འགྱུར་ཏེ། རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན་ཞེས་པས། ཐམས་ཅད་དོན་དམ་པར་བྱང་ཆུབ་ཀྱི་སེམས་སུ་ལྡན་ཞེས་བྱའོ།། ་དེ་བས་བླ་མོ་མཉེས་པ་ལས་དེའི་བཀའ་ལུང་གིས་དེ་ལྟ་བུའི་རླུང་དབང་པོ་རྣམས་ལ་བཀུག་སྟེ། རྒྱུན་ཏུ་འཇུག་པ་དང་འབྱུང་བའི་བྱ་བ་བྱེད་པའི་རྣལ་མའི་ཡིད་ཉིད་དུ་འཇོག་པར་བྱེད་དོ།། ཞེས་གསུངས་པས་སོ།། ཕྱིས་ཞོན་པར ་མི་འགྱུར་བ་ནི། དངོས་དོན་མ་ལུས་རྣམས་ལ་དགའ་ཞེས་བྱ་སྟེ། ཉམས་སུ་མྱོང་བའི་ཕྱིར་ན་དེས་ན་སྔོན་ཡོངས་སུ་བཏང་བའི་དབང་པོ་དྲི་ཡང་ཡིད་དང་བྲལ་བར་བྱེད་པ་མེད་པར་འགྱུར་ཏེ། མས་བོར་བའི་བེའུ་ཉིད་རྗེས་སུ ་འཚོལ་བ་བཞིན་དུ་འདིར་ཡང་དབང་པོ་རྣམས་ཡིད་ཀྱི་རྗེས་སུ་འབྱུང་བར་འགྱུར་ཏེ། གང་དུ་ཡིད་འཇུག་པ་དེར་རབ་ཏུ་འཇུག་སྟེ། གང་གིས་ཕྱིར་དེ་མ་རྟོགས་པར་འདི་དོག་རབ་ཏུ་སྦྱོར་བར་མེད་པ་མ་ཡིན་ཞེས་གསུངས་པས་སོ།། ་ཟུང་འཇུག་ཏུ་མི་འགྱུར་བ་མ་ཡིན་པ་ནི། སྟོང་པ་ཉིད་དགའ་འདོད་ཆགས་བློ་ཞེས་བྱའོ།། སྲིད་པར་གྱུར་པ་མ་ཡིན་པ་ནི་སྲིད་པའི་འདོད་ཆགས་སྤངས་པ་སྟེ་ཞེས་བྱའོ།། ལོག་པར་རྟོགས་པ་གསལ ་བའི་ཕྱིར་སྲིད་པའི་འདོད་ཆགས་ནི་སྲིད་པའི་འདོད་ཆགས་ཏེ། རྒྱུད་ཐབས་བསྟེན་པ་ཉིད་ཀྱིས་འདྲ་བར་གྱུར་པ་སྟེ། ཟེངས་ལས་ར་གན་དུ་གྱུར་ཏེ། གསེར་མ་ཡིན་པ་བཞིན་ནོ།། སྤངས་པ་ནི་སྤངས་པ་སྟེ་གསེར་རྙེངད ་པའི་དུས་ནི་སྔར་གྱི་དྲ་བ་ལ་དགོས་པ་མེད་པའོ།། བདེ་བ་དང་བྲལ་བ་མ་ཡིན་ཏེ། སྲིད་པ་གསུམ་གྱི་རང་བཞིན་དགའ་བ་ཡིན་ལྔ། དེ་ལ་ཡང་ཆེན་པོ་པ་ཞེས་པས་དོགས་པ་མེད་པའི་ལྷན་ཅིག་སྐྱེས་པ་ཉིད་དེ། ་དཔེར་ནེ་ན་མཁའ་ལ་སྤྲིན་ནག་པོ་དང་། སེར་པོ་ལ་སོགས་པ་གསེལ་བའི་རྗེས་སྦྱིན་དཀར་ཡང་དག་པའི་དཀར་བ་བཞིན་དུ་དཀར་བའི་བདེ་བའི་སྟོང་པ་ཕྲ་མོ་ཙམ་མི་གནས་ཀྱང་བདེ་བར་འཐད་དེ།། ལོད་བཟངས་སྟོན ་ཀླུའི་ཟླ་བའི་འོདསྨྲ་པས་ཟླ་བ་དང་འོད་བཞིན་དག་པ་དང་བདེ་བ་ལ་ཐ་མི་དད་པར་འཆར་རོ།། ཕྱིའི་སྒྲོ་འདོགས་ཚོད་པའི་དགར་བའི་འཆིར་བ་མེ་ཡིན་ཏེ། ནུང་རྟེན་འབྲེལ་གྱི་དུས་ན་ཉི་མ་འཆར་ཁཱ་དང་ཤང ་བིའི་དཀྱིལ་ལྟར་མཛེས་སོ།། དེས་ཐ་དད་དུ་གྱུར་པ་མ་ཡིན་ཏེ། མཚོན་པར་བྱེད་པ་གཅིག་གིས་མཚོན་པའི་ཕྱིར་རོ།། ཕྱིས་རང་རྒྱུད་དུ་འགྱུར་བ་མ་ཡིན་ཏེ། འདི་ནི་ཐབས་དང་ཤེས་རབ་ལས་སྐྱེས་པའི་བདེ་བ ་ཆེན་པོ་ཉིད་ཡིན་པས། རྣམ་པར་རྟོག་པའི་ཚོགས་ཐམས་ཅད་མཐའ་དག་ཡོངས་སུ་སྤངས་ནས་བླ་ན་མེད་པའི་ལོངས་སྤྱོང་དུ་ཉེ་བར་འགྲོ་ཞིང་། འགྲོ་བ་འདི་དག་ནི་བདེ་བ་ཆེན་པོའི་རྣམ་པར་འགྲོ་བར་འགྱུར་ཏེ། དཔེར་ན་ཉི་མའི་འོད་ཟེར ་གྱི་ཚོགས་ཀྱིས་ཕོག་པའི་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བཞིན་དུ། འགྲོ་བ་རྣམས་སྙིང་པོ་མེད་པར་སྣང་ཞེས་གསུངས་པས་སོ།། སེན་མོ་འོང་ལ་སོགས་པ་ལ་ཕྱི་ནང་སྦྱར་བར་བྱ་སྟེ། སྔར་བཤད་པ་དང་འཆད་པར་འགྱུར ་བ་ཐམས་ཅད་གྲགས་པའི་མཚན་དཔེཔ་སྦྱར་བ་དང་། དེ་ཉིད་རྣམ་པར་དག་པ་བདེ་བ་ལ་སྦྱར་བའོ།། དེ་ལྟར་ན་བདེ་བ་ཉམས་སུ་མྱོང་བའི་གནས་བསྟན་པའི་ཕྱིར།། ནོར་བུ་ཆེན་པོ་འོད་ཆགས་དཔལ་ཞེས་གསུངས་ཏེ། ནར ་བུ་ཆེན་པའང་ཆགས་དཔལ་ཞེས་གསུངས་ཏྲ། ནོར་བུ་ནི་རིན་པོ་ཆེའོ།། ཆེན་པོ་ནི་པདྨའི་ཟེ་འབྲུའོ།། ཚིགས་པ་ནི་ཐིག་ལེ་སྟེ་བདེ་བ་དང་ལྡན་པའོ།། དཔལ་ནི་དེས་གཞན་གྱི་དོན་དུ་འགྱུར་བའོ།། ཇི་ལྟར་འགྱུར་བ་བསྣུན ་པའི་ཕྱིར། སངས་རྒྱས་ནི་ཤིགས་པ་མེད་པའི་ཧཱུཾ་ངོ་།། སྤྲུལ་པ་ནི་བྱང་ཆུབ་ཀྱི་སེམས་སོ།། རྒྱུ་ད་ནི་དགའ་བ་བཞིའོ།། མཚན་ཉིད་མི་མཐུན་པས་མཚོན་པར་མི་ནུས་པ་མ་ཡིན་ཏེ། དང་ལྡན་ཞེས་པས་སྔ་མ་བཞིན་ནོ།། ་འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། ཞེས་པ་ནི། ཕྱི་ནང་གི་བྱེ་བྲག་གིས་སངས་རྒྱས་ཀྱི་རྫུ་འཕྲུལ་དང་། ཡེ་ཤེས་མཐོང་བའི་དུས་ན་ས་གཡོས་ལ་སོགས་པའི་རྟགས་འབྱུང་བར་བཤད་པ་བཞིན་ནོ།། རྫུ་འཕྲུལ་རྐང ་པའི་སྟོབས་ཆེན་ལྡན་ཞེས་པ་ནི། སྔར་བཞིན་གྱིས་ཀུན་རྫོ་བ་ཀྱི་རྫུ་འཕྲུལ་བསྟན་པ་ལས། དོན་གྱི་སྟོབས་ཆེན་པོ་ལྔ་དང་ལྡན་པ་ཐོབ་པར་འགྱུར་རོ།། དེ་ཉིད་དྲན་པ་ཆེན་པོ་འཆང་ཞེས་པ་ནི། སྔར ་གྱི་བྱེ་བྲག་གིས་དབང་པོ་དམན་པས་མཚན་མེའི་རྣལ་འབྱོར་དུ་བྱ་བ་དང་། དེ་ལས་གཞན་པ་ས་བདེ་བ་ཆེན་པོའི་དྲན་པ་འཆང་བ་པོ།། དྲན་པ་བཞི་པོ་ཞེས་པ་ནི་སྔར་གྱི་བྱེ་བྲག་གིས་ཚོར་བ་དྲན་པ་ཉེ་བར་གཞག་པ་དང ་དུས་ཀྱི་ཡེ་ཤེས་དྲན་པ་དང་། ཆོས་དྲན་པ་ཉེ་བར་གཞག་པ་དང་། དུས་ཀྱི་ཡ་ཤེས་སྣང་བར་དྲན་པའོ།། སེམས་དྲན་པ་ཉེ་བར་གཞག་པ་དང་། དུས་ཀྱི་ཡེ་ཤེས་སྡུག་བསྔལ་དུ་དྲན་པའོ།། ལུས་དྲན་པ་ཉེ་བར་གཞག་པ་དང ་ལུས་ཀྱི་ཡེ་ཤེས་བདེན་པར་དྲན་པའོ།། ཏིང་འཛིན་རྒྱལ་ཞེས་པ་ནི། སྔར་གྱི་བྱེ་བྲག་གིས་སེང་གྲེ་རྣམ་པར་རྩ་བ་དང་། ནམ་མཁའ་མཛོད་དང་། དྲི་མ་མེད་པ་དང་། ཀུན་ཏུ་སྣང་བའི་ཏིངངེ་འཛིན་དང་། འབྲས་བུ་དང་རྗེས་སུ ་མཐུན་པའི་ཁ་སྦྱོར་བ་ལ་སོགས་པའི་ཡན་ལག་བརྒྱད་དོ།། བྱང་ཆུབ་ཡན་ལག་གི་སྔར་བཞིན་གྱི་བྱེ་བྲག་གིས་བདུན་དང་རྣམ་པར་ཤེས་པའི་བདུན་གྱིས་ལུས་རྒྱུན་གྱིས་རྟགས་པ་ཉིད་དོ།། མེ་ཏོག་སྤྲོས་ནི་དངོས་དང་མ ་བཅོས་ཤིང་རང་སྣང་བའོ།། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ཞེས་པ་ནི། སྔར་བཞིན་གྱི་བྱེ་བྲག་གིས་འཕགས་པའི་བདེན་པ་བཞི་ལ་སོགས་པའི་ཐམས་ཅད་དང་། ཡོན་ཏན་མཚོ་རྙེད་ཀྱི་གནས་བྱང་ཆུབ་ཀྱི་སེམས་སོ།། ་ལམ་གྱི་ཡན་ལག་བརྒྱད་རིགས་པ་ཞེས་པ་ནི། སྔར་གྱི་བྱེ་བྲག་གིས་དེ་ཉིད་དང་འཇིག་རྟེན་ལས་འདས་པའི་ལྟ་བ་གང་གིས་བདག་དང་སེམས་ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་དང་། ཤེད་བུ་དང་། ཤེད་ལས ་སྐྱེས་པ་དང་། བྱེད་པ་པོ་དང་། ཚོར་བ་པོ་དང་། མཐོང་བ་པོའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་ཅིང་། རྟག་པ་དང་། ཆད་པ་དང་། སྐྱེ་བ་དང་། འགག་པ་དང་། དགེ་བ་དང་། མི་དགེ་བ་ཀུན་ནས་སྤང་བ་དང་། སྲིད་པ་དང་བྲལ་བའི ་ཀུན་ནས་བསླང་བ་དང་། སྲིད་པ་དང་བྲལ་བར་བསྟན་པས་ལྟ་བ་ཀུན་ནས་བསླང་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ལྟ་བ་ཀུན་ནས་ལྡང་བར་མི་བྱེད་པ་ནི་ཡང་དག་པའི་ལྟ་བའོ།། ཀུན་ཏུ་རྟོག་པ་གང་གིས་འདོད་ཆགས ་དང་ཞེ་སྡང་དང་། གཏི་མུག་གི་ཀུན་ནས་ཉོན་མོངས་པ་སྐྱེ་བ་དང་མཐུན་པར་གང་དུ་མི་རྟོག་ཅིང་ཚུལ་ཁྲིམས་དང་། ཏི་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྐྱེ ་བ་དང་མཐུན་པར་ཀུན་ཏུ་རྟོག་པ་འདི་ནི་ཡང་དག་པར་རྟོག་པའོ།། དགེ་གང་གིས་བདྲེག་དང་གཞན་གདུང་བར་མི་འགྱུར་བ་དང་། ཉོན་མོངས་པར་མི་འགྱུར་བ་དང་། བསྣུན་པར་མི་འགྱུར་བ་དང་། བཞད་གད་དུ་མི་འགྱུར ་ཞིང་། རིག་པ་དང་བྲལ་བས་ཡང་དག་པའི་ངག་ལ་འཛུད་པར་བྱེད་པ་འདི་ནི་ཡང་དག་པའི་ངག་གོ། ལས་གང་ལས་ཀྱང་གནག་ལ་རྣམ་པར་སྨིན་པ་ཡང་གནག་པའི་མངོན་པར་འདུ་མི་བྱེད་པ་དང་། ལས་གང་ལས་ཀྱང་དཀར་བ ་རྣམ་པར་སྨིན་པ་ཡང་དཀར་བ་དེ་མངོན་པར་འདུ་བྱེད་པ་དང་། ལས་གང་ལྔ་དཀར་བ་ཡང་རྣམ་པར་སྨིན་པ་གནས་པ་དེ་མངོན་པར་འདུ་མི་བྱེད་ཅིང་།། ལས་གང་ལ་གནག་ཀྱང་རྣམ་པར་སྨིན་པར་དཀར ་ན་ནག་པོ་ཟད་དེ། དཀར་པོའི་ཕྱོགས་འཕེལ་བར་བྱེད་ཅིང་། མངོན་པར་རུདུ་བྱེད་ཅིང་དམ་པའི་ལས་ཀྱི་རྗེས་སུ་འབྲང་བ་འདི་ནི་ཡང་དག་པའི་ལས་ཀྱི་མཐའོ།། གང་ལ་ཡོད་འཕགས་པའི་རིག་པ་ཅན་གྱི་སྐྲངས་པའི་ཡོན་ཏན་ཅུང ་ཟད་ལ་གནས་ཤིང་། ཚུལ་འཆོས་དང་ཁ་བསགས་ལ་སོགས་པས་འཚོ་བ་སྤངས་ཏེ། རང་གི་སྤྱོད་པའི་ངང་ཚུལ་རིགས་པ་དང་ལྡན་པས་སྐྱེ་བོ་གཞན་ལས་རྙེད་ཀྱང་རུང་སྟེ། ཅུང་ཟད་ཙམ་གྱིས་མ་གུས་ཤི་། ཁ་ན་མ་ཐོ་བ་མེད ་བ་དང་། འཕགས་པས་རྗེས་སུ་གནང་བའི་འཚོ་བ་འདི་ནི་ཡང་དག་པའི་ཚོ་བའོ།། རྩོལ་བ་གང་གིས་བསགས་པ་རྗེས་སུ་གནང་བའི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལ་སོགས་པ་བསྟེན་པར་མི་བྱེད་ཅིང་། ཡང་དག ་པའི་འཕགས་པའི་ལམ་གྱི་བདེན་པར་ཞུགས་ཏེ། མྱ་ངན་ལས་འདས་པའི་འདོད་པ་བསྟན་ཅུང་རྫས་སུ་འགྲོ་བ་འདི་ནི་ཡང་དག་པའི་རྩོལ་བའོ།། གང་དུ་ཉེ་བར་གནས་ན་སྐུ་མི་གཡོ་ཞིང་འཁྱོགས་པ་མ་ཡིན་པར་འགྱུར་བ་སྟེ། འཁོར ་བའི་སྐྱོན་རྣམས་དང་མྱ་ངན་ལས་འདས་པ་དང་། ལམ་གྱི་ཡོན་ཏན་རྗེས་སུ་དྲན་ཞིང་ལམི་གྱི་མཐར་ཐུག་པ་ལ་ཡང་དག་པར་སྦྱོར་བ་འདི་ནི་ཡང་དག་པའི་དྲན་པའོ།། དེ་ཉིད་ཀྱི་ཏིངངེ་འཛིན་གོང་ལ་གནས་ནས་སན་ཐམས་ཅད་རྣམ་པར་ཐར ་བ་མཛད་ཅིང་། མྱ་ངན་འདས་པར་བརྟན་པོར་གནོན་པ་འདི་ནི་ཡང་དག་པའི་ཏིང་འཛིན་ཏེ་ཞེས་དགོངས་སོ།། དེ་ཉིད་གཅིག་ཏུ་བྱས་པའི་ཡེ་ཤེས་ནི། ཡང་དག་སངས་རྒྱས་ལྔམ་རིག་པ་ཞེས་བྱ་སྟེ། ལྷན་ཅིག་སྐྱེས་པའི་ཆོས་ཀྱི་དབྱིངས་སུ ་ལམ་མོ།། སེམས་ཅན་ཀུན་ལ་ཤས་ཆེར་ཆགས། ཞེས་པ་ནི་སྔར་བཞིན་གྱི་བྱེ་བྲག་གིས་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། གཉིས་པ་ནི་ཐུན་མོང་མ་ཡིན་པའི་སྙིང་རྗེ་དང་། དེ་སྐྱེ་བར་བྱེད་པའི་དབང ་ལ་སོགས་པ་གསུམ་སྟོན་པའོ།། ནམ་མཁའ་ལྟ་བུར་ཆགས་པ་མེད་ཅེས་པོ་ནི། དམྱིགས་པ་མེད་པའི་སྙིང་རྗེ་དང་། སེམས་ཅན་གྱི་ཡུལ་མ་སྣང་བའོ།། སེམས་ཅན་ཀུན་གྱི་ཡིད་ལ་འཇུག་ཅེས་པ་ནི། ཡེ་ཤེས་ཀྱི་སྙིང་པོ་ཅན་དུ ་བསྟན་ཅིང་། དེ་གསལ་བར་མཛད་པ་པོར་ཡང་འགྱུར་བའོ།། སེམས་ཅན་ཀུན་གྱི་ཡིད་ལྟར་འགྱོགས། ཞེས་པ་ནི་སྔར་བཤད་པ་དང་བྱང་ཆུབ་ལ་མྱུར་བའོ།། དྲིའི་རྒྱུ་མཚན་ནི་སེམས་ཅན་ཀུན་གྱི་དབང་དོན་ཤེས་ཞེས་བྱ་སྟེ། ་དེ་ཉིད་ཀྱི་ཕྱིར། དོན་མཛད་པ་དང་། མྱུར་བ་དང་། སྣང་བ་དང་། སེམས་ལྷན་ཅིག་སྐྱེས་པ་ཤེས་པར་མྱོང་བའོ།། ལོག་རྟོགས་བཟློག་པའི་ཕྱིར།། སེམས་ཅན་ཀུན་གྱི་ཡིང་འཕྲོག་པ།། ཞེས་གསུངས་པ་ནི། གདུལ་བྱའི་དབང ་པོ་ལ་མི་བཟད་པའི་གཟུགས་སུ་གྱུར་པ་དང་། ཡིད་རྣམ་པར་དག་ནས་ལྷན་ཅིག་སྐྱེས་པར་གྱུར་པ་ལ་འཕྲོག་ཅེས་བྱ་སྟེ། གསེར་འགྱུར་མི་རོ་བཞིན་ནོ།། ཕུང་པོ་ལྔ་དོན་དེ་ཉིད་ཤེས་ཞེས་པ་ནི། ཇི་ལྟར་སྟོན་པ་བསྟན་པ་སྟེ། རིགས ་ལྔ་དང་ཟག་པ་མེད་པའི་ཕུང་པོ་ལྔར་ཤེས་པ་དང་། དེ་ཁོ་ན་ཉིད་དུ་དབྱེར་མེད་པའོ།། དེའི་ཕྱིར། རྣམ་དགྲ་ཕུང་པོ་ལྔ་འཆང་བ་ཞེས་པ་ནི་གཉི་ག་ལའོ།། ངེས་འབྱུང་ཀུན་ནི་ཐེག་པ་གསུམ་སྟེ། མཐའ་ལ་གནས་པ ་ནི་ས་གཉིས་སོ།། གཞན་སྤངས་པ་མ་ཡིན་ཏེ། ངེས་པར་འབྱུང་བ་ཀུན་ལ་མཁས་ཞེས་པས་སོ།། ངོས་འབྱུང་ཀུན་གྱི་ལམཽ་ལ་གནས་ཞེས་པ། ཐེག་པ་གསུམ་གྱི་ལམ་ལ་རིམ་གྱིས་སྦྱངས་པ་དང་། གནས་ཤེས་པས་ལྡན་པ་སྟེ་སྐྱེ་བའི་རིམ ་པ་བཞིན་ནོ།། ངེས་པར་འབྱུང་བ་ཀུན་སྟོན་པ་ཞེས་པ་དེ་ནི་བཤད་ཟིན་ཏོ།། ཡན་ལག་ལ་སོགས་པ་ཕུན་སུམ་ཚོགས་བཤད་པར་བྱ་སྟེ། ཡན་ལག་བཅུ་གཉིས་ནི་མ་རིག་པ་ལ་སོགས་པའོ།། སྲིད་རྩ་བཏོན་པ་ནི་དུས་ཀྱི་གསུམ་པས ་བྱིན་རླབས་ཐོབ་པ་དང་། ལམ་གྱི་གསུམ་པ་རྟེན་མེད་པ་ལས་ཐོས་པས་ས་བོན་གྱི་བག་ཆགས་དང་། མངོན་དུ་རྒྱུ་རྩ་བ་ནས་བཏོན་པའོ།། ཕྱིས་དེ་ལྟར་མི་འགྱུར་བ་ནི། དག་པ་རྣམ་པ་བཅུ་གཉིས་འཆང་ཞེས་པས། སྐྱེ་མཆེད་བཅུ ་གཉིས་རང་གི་ངོ་བོ་དག་པ་སྟེ། དེ་ཡང་མིག་ཅེས་བྱ་བ་སྟོང་པ་སྟེ། དབུས་ན་རྣམ་ཤེས་ཇི་ལྟར་མཆིས་ཞེས་པ་ལ་སོགས་པ་ལ། དེ་ལྟར་ན་གཟུགས་མ་མཆིས་པས་ལྟས་པ་མ་མཆིས་སོ་ཞེས་པས་སོ།། སྲིད་པ་རྒྱུར་འགྱུར་བ་མ ་ཡིན་ཏེ། བདེན་བཞིའི་ཚུལ་གྱི་རྣམ་པ་ཅན་ཞེས་པ། སྡུག་བསྔལ་གྱི་རྒྱུ་ཡེ་ཤེས་སུ་ཤེས་པ་དང་། ཀུན་པ་བྱུང་བདེ་བར་སང་པ་དང་། འགོག་པ་རང་འབྱུང་བ་དང་། ལམ་འབྲས་བུ་རང་ཆས་སུ་ལྡན་པའོ།། ཉན་ཐོས་དང་མཚུངས་པ་མ་ཡིན ་ཏེཏ་ཤེས་པ་བརྒྱད་པོ་རྟོགས་པ་འཆང་ཞེས་པས་བརྒྱད་ལ་ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པས་ཁྱབ་པའི་ཕྱིར། དེ་ཉིད་དུ་བྱས་པའོ།། མན་ངག་གི་དྲིན་ཡིན་པས་བསྟན་པའི་ཕྱིར། བདེན་དོན་རྣམ་པ་བཅུ་གཉིས་ལྡན་ཞེས ་བདེན་པ་བཞིའི་ཚུལ་གསུམ་དགའ་བ་བཞིར་རབ་ཏུ་ལྡན་པས་སོ།། དེ་ཉིད་རྣམ་པོ་བཅུ་དྲུག་རིག་ཅེས་པ་ནི།། འདི་དང་ལྡན་པའི་ཕྱག་རྒྱ་ལས་རིག་པར་འགྱུར་བ་འམ། དགའ་བོ་ཉིད་བྱེ་བྲག་གིས་དོན་གྱིས་བཅུ་དྲུས ་དགའ་བ་ཉིད་བཅུ་དྲུག་འགྱུར་དུ་བཤད་དེ། དེ་ཡང་དེ་ཡེ་ཤེས་སེམས་དཔའ་འཛིན་པའི་བདག། བཅུ་དྲུག་ཆར་ཡང་མི་ཕོང་ངོ་།། ཞེས་གསུངས་པའི་དོན་གྱིས་སོ།། རྣམ་པ་ཉི་ཤུས་བྱང་ཆུབ་པ་ཞེས་པ་ན། སྔར ་ཇི་ལྟར་ས་གསེར་ཟླ་བ་མེ་ལ་སྔགས་པ་དང་། དེ་ཉིད་རྣམ་པར་དག་པར་དག་པའི་རིགས་ལྔ་དང་། སངས་རྒྱས་ལྔ་དང་། སྐུ་ལྔ་དང་། ཡེ་ཤེས་ལྔ་དང་དབྱེར་མི་ཕྱེད་པར་གྱུར་པསྡུ། ཕུང་པོ་ལྔ་དང་། འབྱུང་བ་སྔ ་ལྔ་དང་། དུག་ལྔ་རང་བཞིན་གྱིས་ཞི་བར་གྱུར་པ་ལ་བྱ་སྟེ། དེ་ཡེངས་དང་བཅས་པ་དང་། ས་ཕྱོགས་པར་ཤེས་པར་བྱའོ།། དེའི་ཕྱིར་རྣམ་པར་དགོ་པས་སངས་རྒྱས་ཀུན་གྱི་ཡ་ཤེས་རིག་པ་སྟེ། མཆོག་ཤེས་གསངས་པ ་རང་གི་དོན་ཏེ། སངས་རྒྱས་དང་ཆོས་ལ་སོགས་པ་ནི་གཞན་གྱི་དོན་ཏོ།། ད་ནི་སྐད་ལ་སོགས་པ་གཞོན་གྱི་དོན་བསྟན་པར་བྱ་སྟེ། སྐད་ཅིག་ནི་མཚན་ཉིད་དང་བྲལ་བའོ།། ཐམས་ཅད་ནི་ཐམས་ཅད་ཀྱི་རང་བཞིན་ནོ།། མས་པ ་ནི་ཐེ་ཙོམ་མེད་པའོ།། དེ་ཡང་ཡེ་ཤེས་ཐ་དད་པ་མ་ཡིན་པ་ནི་སེམས་ཀྱི་ཞེས་པ་ནི་ལྷན་ཅིག་སྐྱེས་པ་སྟེ། རང་གི་རང་བཞིན་དུ་བསྟན་པ་ནི་གྱི་ཞེས་བྱ། དེ་སྐད་ཅིག་གིས་དུས་དམིགས་པ་ན། དགའ་བ་སྣ་ཚོགས ་ཉིད་དུ་བརྗོད།། མཆོག་དགའ་རྣམ་པར་སྨིན་པ་ཉིད།། དགའ་བྲལ་རྣམ་པ་མེད་པ་སྟེ།། ལྷན་ཅིག་དགའ་བ་མཚན་ཉིད་བྲལ་ཞེས་གསུངས་པས་སོ།། དོན་ཀུན་རིག་ཅེས་པ་ནི། གཞན་མི་དམིགས་པར་བསྟན་པའོ།། འགྲོ་བ་ལ་གདོད་མ ་ནས་བསྟར་བར་རིགས་པ་མ་ཡིན་ཏེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ་བ་འདོན་པར་མཛད་པ་ཡིན་གྱིས།། དྲོན་ལ་རྟོག་པ་བསྐྱེད་པའི་ཕྱིར་ཏེ་བཤད་ཟིན་ཏོ།། གོང་མ་ལ་འཇུག་པར་མི་འགྱུར་བ་སྟེ། སྨོན་ལམ་གྱིས ་དགེ་བའི་བཤེས་གཉེན་དང་ཕྲད་ལ། དེས་གོ་རི་མི་སྟོན་པའི་ཕྱིར་ཐིག་ཞེས་བྱ་བ་ལ་སོགས་པ་གསུངས་སོ།། ཐེག་པ་བཞི་པོ་ཡོད་པར་ནི་མ་ཡིན་ཏེ། གཅིག་ཉིད་ཁྱད་པར་དུ་བྱས་པའོ།། ཉོན་མོངས་པ་ལ་སོགས་པ་བག ་ཆགས་ཀྱི་ས་བློན་མི་གནས་པར་སྟོན་ཏེ། ཉོན་མོངས་པ་ནི་ལྔའོ།། ཁམས་རྣམས་ཤེས་པ་ནི་བཅོ་བརྒྱུད་དོ།། དག་པའི་བདག་ཅེས་པ་ནི་རང་བཞིན་གྱིས་ལུས་སུ་གྱུར་པའོ།། ལས་ཀྱི་ཁམས་རྣམས་ཞེས་པ་ནི་གསུམ་སྟེ་ཟད་པར ་བྱེད་པའོ།། ཆུའི་རྒྱ་མཚོ་ནི་འདོད་པ་དང་། སྲིད་པ་དང་། ལྟ་བ་དང་། མ་རིག་པའོ།། བརྒལ་བ་ནི་ཐར་པའོ།། དེ་ཡང་སྦྱོར་བ་ནི་ནང་རྟེན་ཅིང་འབྲེལ་པར་འབྱུང་བའི་སྦྱོར་བའི།། སེམས་དབེན་པ་ཐོབ་པའི་དགོན་པ་ལས་འབྲས་བུ་འབྱུང ་བས་ན། ཐེག་པའི་བྱེ་བྲག་བླ་ན་མེད་པ་ལ་དགོས་པ་ཡོད་དོ།། བག་ཆགས་དང་རྗེས་སུ་མཐུན་པར་ས་བོན་བྲལ་བ་ནི་མ་རིག་པ་དང་། སྲེད་པ་དང་། ལེན་པ་ལ་ཉོན་མོངས་པ་ཞེས་བྱའོ།། སྲིད་པ་དང་། འདུ་བྱེད་ལ་ཉེ་བའི་ཉོན་མོངས་པ་ཞེས ་བྱའོ།། རྣམ་པར་ཤེས་པ་དང་། མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྐྱེ་བ་དང་། རྒ་ཤི་ནི་ཀུན་ནས་ཉོན་པ་མོངས་པ་ཞེས་བྱ་སྟེ། གཏན་སྤངས་པ་ནི་དུག་སྔགས་ཀྱིས་བཏུལ་བ་འགྱུར་བ་བཞིན་ནོ།། བདེ ་བ་ཆེན་པོའི་ཐབས་ཁོ་ནར་གྱུར་པ་མ་ཡིན་ཏེ། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས་ཞེས་པས་ཟུང་དུ་འཇུ་ག་པའོ།། དེས་ཇི་ལྟར་འགྱུར་བ་ནི་དོན་ཆེན་འགྲོ་བའི་དོན་བྱེད་པ་ཞེས་སོ།། དེ་ཡང་འགོག་པའི་སྙོམས་པར་འཇུག་པའི་དོན་དང ་འདུ་ཤེས་མེད་པ་སྙོམས་པར་འཇུག་པའི་དོན་དང་། གཟུགས་ཀྱི་ཁམས་ཀྱི་དོན་དང་། གཟུགས་མེད་པའི་ཁམས་ཀྱི་དོན་སྤོང་བས་ན་འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་ཞེས་པ་ནི་བཅོམ་ལྡན་འདས་སོ།། རྣམ་ཤེས་ནི་རྣམ་ཤེས་མཐའ་ཡས ་ལ་སོགས་པ་སྟེ། གཟུགས་མེད་པའི་སྐྱེ་གནས་ཀྱི་དོན་ནི་འགོག་པར་བྱེད་པའོ།། གང་གིས་དོན་བྱེད་པ་བསྟན་པའི་ཕྱིར། སེམས་ཅན་ཀུན་གྱི་ཡུལ་དང་ལྡན་ཞེས་གསུངས་ཏེ། ཡིད་དང་མཐུན་པར་རོ།། དེས་ཇི་ལྟར་འགྱུར་ཞེ་ན། སངས ་རྒྱས་ཀུན་གྱི་ཐུགས་སེམས་ཅན་གྱི་རིག་པར་ནུས་སོ།། དཔེ་ཉེ་བར་གྲུབ་པ་མ་ཡིན་ཏེ། སེམས་ཅན་ཀུན་གྱི་ཡིད་ལོ་གདོད་མ་ནས་སངས་རྒྱས་ཀྱི་ཐུགས་གནས་པས་སེམས་ཅན་དེ་དག་གི་སེམས་ངག་དང་། སངས་རྒྱས་ཀུན་གྱི་ཐུགས ་ཀྱི་རང་བཞིན་གཅིག་པས་མཐུན་པར་འཇུག་པའོ།། གཞན་གྱི་དོན་གྱིས་འགྱུར་བ་མ་ཡིན་ཏེ། སེམས་ཅན་གྱི་ཡིད་ཚིམ་པར་མི་ནུས་པའི་ཕྱིར་རོ།། དེ་བས་ན་སེམས་ཅན་ཀུན་གྱི་ཡིད་ཚིམ་པར་བྱེད་པ་སྟེ། ་རྣམ་རྟོག་ཟད་པར་བྱེད་པའོ།། དེ་ཙམ་དུ་མ་ཟད་ཀྱི་སེམས་ཅན་ཀུན་གྱི་ཡིད་དགའ་བ་ཞེས་པས་ལྷན་ཅིག་སྐྱེས་པ་ཐོབ་པའོ།། གཏན་ལ་ཕབ་པའི་ཡིད་མེད་པས་གྲུབ་པའི་མཐར་ཕྱིན་འཁྲུལ་པ་མེད་པའོ།། ནོར་བ་ཐམས་ཅད་རྣམ་པར ་སྤངས་ཞེས་པས། དོན་ཇི་ལྟ་བ་ལ་བློ་ཇི་ལྟ་བ་བཞིན་ཞུགས་པའོ།། དོན་གསུམ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་གསུམ་དུའོ།། ཐེ་ཙོམ་མེད་པའི་བློ་ཞེས་པ་ནི་རྒྱུན་གཅིག་པར་རོ།། ཀུན་དོན་ནི་གཡོ་བ་དང་། མི་གཡོ ་བ་ཀུན་གྱིས་དོན་མཛད་པའོ།། དེའི་ཐོད་པ་ནི། ཡོན་ཏན་གསུམ་གྱི་བདག་ཅེས་བྱ་སྟེ། རྡུལ་མུན་པ་སྙིང་སྟོབས་གསུམ་ཡང་འགྲོ་བའི་དོན་དུ་བསྟན་པའོ།། ཉན་ཐོས་ལ་ཕུང་པོ་དང་དོན་གསུམ་དུ་བདག་མེད་པར་སྟོན་པའོ།། ཐེག ་པ་ཆེན་པོ་ལ་སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད་ཅེས་པ་སྟེ། རྒྱུའི་དུས་སུ་དགེ་བའི་ཆོས་ཚོལ་བ་དང་ཐོས་པ་དང་བསམ་པ་དང་བསྒོམ་པ་ཐམས་ཅད་ཤེས་རབ་ཀྱིས་སོ་སོར་རིག་པས་སོ།། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས ་ཞེས་པ་འབྲས་བུའི་དུས་ན་ཟད་པའི་ཡེ་ཤེས་དང་། མི་སྐྱེ་བའི་ཡེ་ཤེས་ཐོབ་པར་སྟོན་ཏོ།། རྒྱུ་འབྲས་རྗེས་སུ་མཐུན་ཏེ། ལྷན་ཅིག་སྐྱེས་པའི་རྐྱེན་ནི་དུ་མ་ཡིན་ལ། ཉེ་བར་ལེན་པའི་རྒྱུ་ནི་གཅིག་ཁོ་ནས། སངས་རྒྱས་ཀུན་གྱི་རང་བཞིན ་འཆང་།། ཞེས་པས་རྒྱུ་འབྲས་རྗེས་སུ་མཐུན་པས་ཐམས་ཅད་གཅིག་པ་ཉིད་དོ།། ལུས་མི་འབྱུང་བ་མ་ཡིན་ཏེ། ལུས་མེད་ཅེས་པས་རྣམ་པར་སྨིན་པའི་ལུས་མེད་ཅེས་པ་ནི་ཆོས་ཀྱི་སྐུ་ཅན་ནོ།། ལུས་ཀྱི་མཆོག་ཅེས་པས་ཡེ་ཤེས་ཀྱི་ཕུང་པོ་ཅན ་དུ་སྣང་བའོ།། དུ་མ་དང་སྣ་ཚོགས་འབྱུང་བ་ནི་ལུས་མཐའ་རྟོགས་པའི་ཕྱིར་རོ།། དེ་བས་ན་གཟུགས་ལ་སོགས་པའོ།། ཇི་ལྟར་འགྱུར་བི་ན་ནོར་བུ་རིན་ཆེན་ལྟར་རོ།། ངག་རི་བ་མ་ཡིན་ཏེ། རིན་ཆེན་ཏོག་ཅེས་པས་ཁམས་གསུམ་གྱི ་རྒྱལ་མཚན་ནི། དེ་དག་གིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པའོ།། །། ད་ནི་སངས་རྒྱས་ཞེས་བྱ་བ་ལ་སོགས་པ་བསྡུས་ཏེ་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱིས་རྟོགས་པ་དང་མཁྱེན་པ་དང་། མངོན་དུ ་མཛད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་གསུམ་དང་། བླ་ན་མེད་པའི་བདེ་བ་ཆེན་པོ་སྟེ། བྱ་བ་ནན་ཏན་དེ་བཞིན་དུ་འདིར་སངས་རྒྱས་དང་སེམས་ཅན་རྒྱུད་གཅིག་ཏུ་རྟོགས་པར་བྱ་བ་དང་། ཐམས་ཅད་སེམས་ཀྱི་ཁྱད་པར་དུ་ཤེས་པར ་བྱ་བ་དང་། འབད་པ་མེད་པོ་རང་གི་ངང་གིས་འབྱུང་བ་ལ་མངོན་དུ་བྱུང་བ་ནི་བླ་ན་མེད་པ་སྟེ། བྱ་བ་ནན་ཏན་གྱི་ཡེ་ཤེས་སོ།། དེ་ཉིད་གསལ་བར་བྱ་བའི་ཕྱིར། གསང་སྔགས་འཆང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཡེ་ཤེས ་ཉིད་དང་། དེའི་རྣམ་འཕྲུལ་དང་། མ་རིག་པའི་རླུང་དང་། རླུང་བཅུ་དང་། ངག་དང་། ཡི་གེ་དང་། མིང་དང་། ཚོགས་རྣམས་ནི་བསམ་གྱིས་མི་ཁྱབ་པའི་གསོང་སྔགས་འབྱུང་བས་སྐྱེ་གནས་སོ།། ཡི་གེ་མེད་ཅེས་པ་ནི་དེ་ཉིད་གདོད་མའི་གནས ་སུ་ཐིམ་པས་སྤྲོས་པ་ལས་འདས་པའོ།། དེ་ཉིད་མཚོན་པར་བྱེད་པ་ནི་ཡི་གེ་སྟེ། ཨོཾ་ཨཱཿཧཱུཾ་ངོ་།། དེ་ལ་གསང་སྔགས་ཆེན་པོ་ཞེས་གསུངས་ཏེ། སྐུ་གསུང་ཐུགས་ཀྱི་རིགས་ཡིན་པའི་ཕྱིར་རོ།། ་དེ་ལས་རིགས་ལྔ་དང་། དྲུག་ཏུ་འགྱུར་ཞིང་གསང་སྔགས་ཀྱི་དོན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཀུན་སྐྱེད་པ་པོར་བྱེད་པ་ནི་བྱ་བ་ནན་ཏན་ནོ།། དེ་ཡང་ཐབས་དང་ཤེས་རབ་ཀྱི་རིགས་གཉིས་སུ་བསྡུ་བའི་ཕྱིར།། ཐིག་ལེ་ཆེན་པོ ་ཞེས་བྱ་སྟེ། ཨཱ་བཾ་དེ་ཡང་བདེ་བ་ཆེན་པོའི་རིགས་གཅིག་ཏུ་བྱ་བའི་ཡི་གེ་མེད་ཅེས་བྱའོ།། དེ་ཉིད་ཡི་གེ་སྣ་ཚོགས་སུ་སྣང་བས་སྟོབས་པོ་ཆེ་ཞེས་བྱའོ།། དབྱངས་ཡིག་བཅུ་གཉིས་སོ།། ཡི་གེ་ལྔ་སྟེ། ཨོཾ་ཧཱུཾ་ཏྲཾ་ཧྲཱིཿའོ།། ་ཐིག་ལྀ་རང་གི་ས་བོན་ཏེ། སུཾ་སེམས་ཀྱི་ངོ་བོའོ་སྟོང་པ་ནི་རིག་པར་འཛིན་པ་མེད་པའོ།། ཡི་གེ་བརྒྱ་ཞེས་པ་ནི་ཕྱོགས་གཅིག་མཚོན་པ་ཙམ་དུ་ཟད་ཀྱི། རི་རབ་ཀྱི་རྡུལ་ཕྲ་རབ་སྙད་དུ་ཡང་འགྱུར་ལ། ཡོན་ཏན་ཡང་དེ་སྙེད ་དུ་འགྱུར་བ་སྟེ། དོན་སྔར་བཤད་པའི་ཡི་གེ་དྲུག་ཡི་རང་བཞིན་དུ་བསྡུ་བར་བྱའོ།། རྣམ་པ་ཀུན་ལྡན་ནི་འཇིག་རྟེན་ལས་འདས་པའོ།། རྣམ་པ་མེད་པ་དེ་ཉིད་གཟུགས་བརྙན་གྱི་རྣམ་པར་རོ།། བཅུ་དྲུག་གི་དབྱངས་ཡིག་གོ།། ཕྱེད ་ནི་གྲོང་ཁྱེར་དཀྲུག་པའོ།། གཉིས་པ་ནི་གླེང་གཞིའོ།། ཐིག་ལེ་ནི་རྡོ་རྗེ་དང་མི་བསྐྱོད་པའོ།། འཆིང་བ་ནི་དབུགས་དབྱུང་བའོ།། ཡན་ལག་མེད་པ་ནི་ཕྱི་རོལ་གྱི་རྫབ་དདག་པའོ།། རྩིས་ནི་བཏགས་པའོ།། དེ་ལས་འདས་པ་ནི་བདེ་བ ་ཆེན་པོའོ།། བསམ་གཏན་བཞི་ནི་དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་དང་། དྲན་པ་སྟེ་དགའ་ལ་སོགས་པ་ཉིད་དོ།། རྩེ་མོ་ཅན་ནི་རོ་གཅིག་པ་ཉིད་དོ།། འཇིག་རྟེན་པར་འགྱུར་བ་ཡིན་ཏེ། བསམ་གཏན་ཡན་ལག་ཀུན་ཤེས ་ཤིང་རཞེས་པས་རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། བདེ་བ་ནི་དང་བའོ།། རྟོག་པ་དང་བཅས་དཔྱོད་པ་མེད་པའི་དགའ་བ་དང་། བདེ་བ་ནི་གཉིས་པའོ།། དགའ་བ་མེད་པའི་བཏང་སྙོམས་དང་། དྲན་པ་ཡང་དག་པུརཱ་བརྗོད་པ་ནི ་གསུམ་པའོ།། སྡུག་བསྔལ་དང་། བདེ་བ་མེད་པ་བཏང་སྙོམས་ཀྱི་དྲན་པ་ཡོངས་སུ་དག་པ་ནི་བཞི་པའོ།། མཁྱེན་པས་དོན་ཡོད་པ་ནི་ཏིང་འཛིན་གྱི་རིགས་དུ་མ་དང་། གང་ཟག་གི་རྒྱུད་དུ་མ་རིགས་རྩེ་གཅིག་བསྒོམས་པའི་རིགས་ཀྱི ་དབྱེ་བས་ཉན་ཐོ་ས་ལ་སོགས་པའི་བཟུང་བའི་མཆོག་ཡི་དབུགས་དབྱུང་གཉིས་ལྷག་པར་སྟོན་ཏེ། ཏིང་འཛིན་ལུས་ཅན་ནི་གང་ཟག་གོ། ལུས་ཀྱི་མཆོག་ནི་ཆོས་སྐུའོ།། དེ་ཉི་ད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། ་ལོངས་སྤྱོད་རྫོགས་པ་ལ་སོགས་པར་སྣང་ངོ་།། ཐུན་མོང་འཕྲུལ་པ་ནི་དེ་བཞིན་འགྲོ་བའི་དོན་བྱེད་པ་ཞེས་པ་སྟེ།། ལྷའི་དབང་པོ་ནི་ཁྱབ་འཇུག་གོ།། ལྷའི་ལྷ་ནི་ཚངས་པའོ།། ལྷའི་བདག་པོ་ནི་བརྒྱ་བྱིན་ནོ།། ལྷ་མིན་བདག་ནི་རཱ་ཧུཧུཾ་ལའོ།། ་འཆི་མོ་དེ་དབང་པོ་ནི་ཉེ་དབང་ངོ་།། ལྷའི་བླ་མ་ནི་ཕུར་བུའོ།། འཇོམས་བྱེད་ནི་ཐག་བཟངས་རིསོ་སོ།། གཉིས་པ་ནི་སྲིན་པོའི་བང་པོའོ།། དབང་ཕྱུག་ནི་མ་ཧཱ་དེ་བ་སྟེ། བཅོམ་ལྡན་འདས་ལ་སོགས་པའི་རང་རང་གི་རྒྱལ་པོར་བསྟོད་པའོ།། ་དེ་བསྣ་སེམས་ཅན་ཐམས་ཅད་སྲེད་པའི་དགོན་པ་ལས་རྒལ་བར་མཛད་པ་ནི་སྟོན་པ་གཅིག་པུ་སྟེ། དེ་བས་ན་འགྲོ་བའི་བླ་མར་གྱུར་པའོ།། དེ་ལྟར་གྱུར་པར་བསྟན་པའི་ཕྱིར་འཇིག་རྟེན་ལ་སོགས་པའོ།། ་དགོས་པ་ཇི་ལྟ་བུ་མངའ་བ་བསྟན་པའི་ཕྱིར་བྱམས་པའི་གོ་ཆ་ཆས་པ་སྟེ། ཞེས་པ་ནི་ཕྱོགས་མེད་པའོ།། སྙིང་རྗེ་ཡི་ནི་ཡལང་བགོས་ཞེས་པ་ནི་སྡུག་བསྔལ་དང་བྲལ་བར་བྱེད་པ་སྟེ་བསྲུང་བའོ།། ཤྲེསོ་རབ་རལ་གྲི་མདའ་གཞུ་ཐོགས ་ས་པ་ནི་རྟགས་དང་དོན་ཏེ། ཤེས་རབ་དང་རིགས་པས་ནང་དང་ཕྱིའི་སྒྲོ་འདོགས་མི་མངའ་བ་དང་ཁ་སྦྱོར་སྙོམས་འཇུག་པའོ།། མི་ཤེས་པ་ནི་གཏི་མུག་གོ། གཡུལ་ངོ་ནི་སེམས་དང་པོ་བསྐྲད་པའི་དུས་སོ།། སལ་བ་ནི་དག་པར ་མཛད་པའོ།། དཔའ་བོ་ནི་བཅོམ་ལྡན་འདས་སོ།། བདུད་ནི་བཞིའོ།། དགྲ་ནི་ལོག་པར་འདྲེན་པའོ།། བདུད་འདུལ་བ་ནི་བཏུལ་བ་སྟེ་རྡོ་རྗེ་གདན་ལའོ།། དེའི་མཐུ་ནི་བདུད་བཞི་ལ་སོགས་པའོ།། མ་ཚོང་པའི་འོས་སུ་བསྟན་པའི་ཕྱིར། དེ ་བས་ན་རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན་ཞེས་བྱ་སྟེ། ཁྱོད་ཉིད་ཐམས་ཅད་དུ་འཁྲུལ་ཞིང་རིམ་གྱིས་དབང་པོའི་བྱེ་བྲག་དང་མཐུན་པར་བསྟན་པ་ཁྱོད་ཉིད། ཉིད་དུ་མ་གྱུར་པ་དང་། མི་འགྱུར་བ་མེད་ཅེས་བྱ་བའི་དོན་ཏོ།། དེ ་བས་ན་འདི་དག་ལ་གཉིས་སྦྱར་ཏེ། རྟགས་ནི་གཞུང་ལྟར་རོ།། གཞན་པ་ཡང་མཆོད་འོས་ནི་ཐོས་པ་དང་དྲན་པ་མཐར་ཕྱིན་པའོ།། བསྟོད་འོས་ནི་རང་བཞིན་གཅིག་ཏུ་རྟོགས་པའོ།། ཕྱག་གི་གནས་ནི་ཐམས་ཅད་ཀྱི་སྐྱེ་གནས་སུ་གྱུར་པསོ།། ་རྟག་ཏུ་རི་མོར་བྱ་བའི་བློས་ནི་ཐེག་པ་གསུམ་གྱི་རང་རང་གི་ལམ་རྒྱུད་ལ་སྦྱངས་བྱའོ།། བཀུར་འོས་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྟེ། ལམ་དངོས་བསྟན་པའོ།། བརྗོད་པར་བྱ་བའི་མཆོག་ནི་ཐེག་པ་ཆེན་པོ་པ་རྣཾས་ཀྱི་སྟེ་རང་བཞིན ་གྱིས་དོན་ཕུན་སུམ་ཚོགས་པ་སྣང་བས་སོ།། ཕྱག་བྱ་བའི་འོས་ནི་སྔགས་སྤྱོད་པ་རྣམས་ཀྱི་སྟེ། རང་རིག་སྟོན་པས་སོ།། བླ་མའི་རབ་ནི་དབང་པོ་ཐོབ་པ་རྣམས་ཀྱི་སྟེ། དེ་ཁོ་ན་ཉིད་མཐོང་བ་དང་། ཆོས་ཐམས་ཅད་བྱིན་གྱིས་བརླབས ་པས་སོ།། བྱེ་བ་ནྡན་ཏཱན་གྷི་ཡེ་ཤེས་ཐུགས་སུ་ཆུད་པའི་རྫུ་འཕྲུལ་གྱིས་ཇིག་རྟེན་ལ་སོགས་པའོ།། གསུམ་རིག་ནི་དུས་མཁྱེན་པ་དང་། མཆོད་པ་མཁྱེན་པ་དང་མཉམ་པའི་མཚན་ཉིད་མཁྱེན་པ་ཡིན་ལ། གཙོང་མ་དགེ ་པ་སྟེ། ཞེས་བྱ་བ་ནི་སྤྱི་སྨྲ་ཞིང་རིག་པ་ལ་ཐེ་ཙོམ་མི་མངའ་བའོ།། མངོན་ཤེས་དྲུགུ་ཝཱན་ནཱི་ལྷའི་མིག་ལ་སོགས་པའོ།། རྗེས་དྲན་དྲུག་ནི་སངས་རྒྱས་དང་ཆོས་དང་དགེ་འདུན་དང་ཡི་དམ་དང་དུམ་ཚིག་དྲན་པ་མངའ་བའོ།། བྱུ ་ཆུབ་སེམས་དཔའ་ནི་ཐེག་པ་གཞན་གྱིས་ཡབ་ཏུ་འགྱུར་བའོ།། སེམས་དཔའ་ཆེན་པོ་ནི་ཐག་པ་ཆེན་པོའི་ཡང་ཡབ་ཏུ་འགྱུར་བའོ།། རྫུ་འཕྲུལ་ཆེན་པོ་ནི་བསོད་ནམས་ཀྱི་ཚོགས་རྫོགས་པའོ།། འཇིག་རྟེན་འདས་པ་ལ་སོགས་པ་ནི་ཡེ ་ཤེས་ཀྱི་ཚོགས་རྫོགས་པའོ།། མཇུག་བསྡུ་བར་བྱ་བའི་ཕྱིར། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ་ཞེས་བྱ་བའི་དོན་ནི་འདིར་ཕྱག་རྒྱ་བཞིའི་དོན་སྟོན་པ་ཞེས་བྱ་བའི་དོན་ཏེ། རིགས་ཕྱག་རྒྱ་བཞི་ནི་བསྐྱེད་པའི་རིམ་པའོ།། རྟགས་ཕྱག་རྒྱ་བཞིན ་བྱིན་གྱིས་བརླབས་པའི་དུས་སུའོ།། དོན་ཕྱག་རྒྱ་བཞི་ནི་ལམ་གྱི་དུས་སླུའོ།། ཉེས་མཆིས་གྱུར་པ་ལ་སོགས་བཟོད་པ་མཛོད།། ཤེས་རབ་ཡུལ་ནི་མཐའ་དང་བྲལ།། ཟབ་མོའི་དོན་ནི་གཞལ་དཀའ་བས། ་གཞལ་བྱ་འཇལ་བྱེད་ཀྱིས་སྟོང་པའི།། འགྲོ་ཀུན་སྙིང་པོ་ལོན་པར་ཤོག། སྔགས་པ་རྣལ་འབྱོར་ལ་མི་མཁས།། ཕལ་ཆེར་བག་མད་ལམ་འགྲོ་ལ།། སྙིང་པོ་མངོན་རྟོག་འདི་བརྗོད་པས།། ཐམས་ཅད་རྣལ་འབྱོར་ལ་འཇུག་ཅིང་།། ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས།། དོན་ནི་ངོ་བོར་འགྱུར་བར་ཤོག། འཕགས་པོ་འཇམ་དཔལ་གྱི་མཚན་ཡང་དག་པར་རྗོད་པའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ཞེས་བྱ་བ། སློབ་དཔོན་ཆེན་པོ་དཔལ་གཉིས ་མེད་རྡོ་རྗེས་མཛད་པ་རྫོགས་སོ།། ། རྣལ་འབྱོར་པ་ཆེན་པོ་པྲཛྙཱ་ཤྲཱིཛྙཱ་ན་ཀཱིརྟིས་རང་འགྱུར་དུ་བྱས་པའོ།། ། རྒྱ་གར་སྐད་དུ། ཨཱརྱཱ་ཛྙཱ་ན་སཏྭ་མཉྫུ་ཤྲཱི་ནོ་བི་ཀ་ནཱ་མ། བོད ་