| Wylie | e-texts produced with BDRC’s OCR application |
ཀླུ་རིགས་མཆོག་ཏུ་སངས་རྒྱས་ཀྱང་།། ཀུན་ཏུ་གཟིགས་པས་འདོད་བྱོན་པ།། སངས་རྒྱས་ཀུན་བསྐྱེད་ཡབ་འགྱུར་ཞེས།། མཚན་གསོལ་འཇམ་དབྱངས་དེར་བཏུད་ནས།། རྙེད་ལ་གདུང་སོགས་ད་མིན་གྱི།། མུ ་འདྲེས་མཚན་ལ་དད་སེམས་ཀྱིས།། བདག་དྲན་ཕྱིར་བྱས་འགལ་བ་མེད།། གཞན་དུ་གྱུར་ནའང་དེ་མི་འགལ།། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ།། གཙུག་ཏོར་ཆེན་པོ་ཚིག་བདག་གི། མཚན་རྣམས་ཡང་དགེ་བརྗོད་པ་ལ།། སྤྱི་དོན་བཅུ་བཞི་དྲེང་བསྡུས ་བཞི་དེ་ལ་སྤྱི་དོན་བཅུ་བཞི་ཡི།། རྣར་དབྱེ་བ་བྱ་བ་ནི།། ཞུས་ནས་སྐོར་གསུངས་རིགས་དྲུག་གཟིགས།། སྒྱུ་འཕྲུལ་མངོན་པར་བྱང་ཆུབ་དང་།། རྡོ་རྗེ་འཆང་ཆེན་དཀྱིལ་འཁོར་དང་།། རྣམ་པར་སྲུང་མཛད་མི་བསྐྱོད་དང་།། ཚེ་དཔག་མ་དེ་དང་རིན ་ཆེན་འབྱུང་།། དོན་ཡོད་འཁོར་ལོ་དག་བསྟོད་པ།། ཕན་ཡོན་དང་ནི་སྔགས་རིངས་དང་།། བསྡུས་པའི་ཚིགས་སུ་བཅད་པའོ།། ཞུས་ལ་ཚིགས་བཅད་བཅུ་དྲུག་སྟེ།། དེ་ལ་ནང་བསིས་རྣམ་པ་བདུན།། གང་གིས་ཞུས་ལ་ཚིགས་བཅད ་ལྡལྔལྡ་གང་ལྟར་ཞུས་ལ་ཚིགས་བཅད་གཅིག། གང་ཕྱིར་ཞུས་ལ་གཉིས་སུ་གནས།། གང་ལ་ཞུས་ལ་གཅིག་ཡིན་ནོ།། གང་ཞུས་པ་ལ་ཚིགས་བཅད་བཞི།། ཇི་སྐད་ཞུས་པའི་དོན་བཞིན་དུ།། སྒྲུབ་པར་ཁས་བླངས་པ་ལ་གཉིས།། དེ་ཕྱིར ་གུག་ཉན་ཚིགས་བཅད་གཅིག། སླར་གསུངས་པ་ལོ་ཚིགས་བཅད་དྲུག། ནང་གི་དབྱེ་བ་རྣམ་པ་བདུན།། གང་གིས་གསུངས་ལ་ཚིགས་རྐང་གཉིས།། གང་ལྟར་གསུངས་ལ་ཤུ་ལོག་གཉིས།། གང་ལ་གསུངས་ལ་ཤུ་ལོག་ཕྱེད།། གོང ་ཕྱིར་གསུངས་ལྔ་ཚིགས་རྐང་གཉིས།། གང་གསུམ་པ་ལ་རྒུང་པ་གསུམ།། རྣ་གཏོད་ཉོན་ཅིག་འདོམས་པ་ལ།། ཚིགས་བཅད་ཕྱེད་དང་གཉིས་སུ་གཞེས།། གནང་ནས་བཏུང་རག་ཕུལ་རྐང་གཅིག། རིགས་དྲུག་གཟིགས ་ལ་ཚིགས་བཅད་གཉིས།། འདིས་གཟིགས་དང་བློ་ཚིག་རྐང་གཅིག། དེ་འོག་ཚིག་གཅིག་སྤྱིར་གཟིགས་པ།། ལྷ་དྲུག་དོན་ཡོད་རྣམ་སྣང་མཛད།། མི་བསྐྱོད་མཐའ་ཡས་རིན་ཆེན་བྱུང་།། རྡོ་རྗེ་སེམས་དང་དྲུག་རིམས་བཞིན།། གཞན་ལུགས ་གཞན་ལ་གཞན་དུ་སྣང་།། དེ་ལ་གཟིགས་ནས་འདི་མཛད་བརྗོད།། དཀྱིལ་འཁོར་དྲུག་གི་བསྟོད་པ་དང་།། ཕན་ཡོན་སྔགས་རིགས་བསྡུས་སོགས་ཀྱི།། གཞུང་ཚད་མཚན་དྲོན་གོ་རིམས་བཞིན།། རང་རང་སྐབས་སུ་འོག་ནས་འཆད།། ་བསྡུས་པའི་དོན་བཞི་རི་བཞག་པ་ཡིན།། རྣམ་པར་དབྱེ་བར་བྱ་བ་ནི།། ཞུས་དང་སླར་གསུངས་རིས་དྲུག་གཟིགས།། དམིགས་པའི་ཡུལ་དུ་བཞག་པར་བྱ།། མངོན་རྟོགས་དཀྱིལ་འཁོར་དྲུག་དང་བསྟོད།། སྔགས་རངས་དང ་དགུས་ཉམས་བླངས་ཐབས།། ཕན་ཡོན་གྱིས་ནི་བསྐྱེད་པ་དང་།། ཐོབ་བྱའི་འབྲས་བུ་བསྟན་པ་ཡིན།། བསྡུས་པའི་ཚིགས་སུ་བཅད་པ་ལྔས།། དམིགས་ཐབས་འབྲས་བུ་གསུམ་བསྡུས་བསྟན།། འདིས་ཞུས་འདིས་གསུངས་འདིས་གསུངས ་འཁོར་དང་སྟོན་པ་རྣམ་པ་གསུམ།། མཆོག་གསུམ་རྒྱུ་འབྲས་ཐབས་དང་གསུམ།། ཐོབ་བྱའི་ཡུལ་དུ་བཞི་རིག་པ་ཡིན།། གཞན་ཡང་ཞུས་ལན་གཟིགས་པ་གསུམ།། ཐབས་དང་དེ་བཞིན་ཤེས་རབ་དང་།། གཉིས་སུ་མེད་དང ་རྣམ་གསུམ་དུ།། ནང་གི་ཚེ་ན་བཞག་པ་ཡིན།། ཉམས་སུ་བླང་བའི་ཐབས་དག་ནི།། རྣལ་འབྱོར་གཞུང་གི་འཁོར་ལོ་སྟེ།། དེ་ཡང་ཕྱི་ནང་དབྱེ་བ་ཡིས།། རྣམ་པ་གཉིས་སུ་བསྟན་པ་ཡིན།། ཕྱི་རོལ་ལ་ཡང་རྣམ་གསུམ་སྟེ།། སྙིང་ཁ་ཤེས་རབ ་འཁོར་ལོ་དང་།། ཕོ་བྲང་ལྷ་ཡི་འཁོར་ལོ་དང་།། འཁྲུལ་འཁོར་ལས་ཀྱི་འཁོར་ལོའོ།། ནང་གི་འཁོར་ལོ་གཅིག་ཉིད་དེ།། ལུས་གནས་རྩ་ཡི་འཁོར་ལོའོ།། འཁོར་ལོ་བཞི་པོ་དེ་དག་ལ།། རེ་རེ་ལ་ཡང་བདུན་བདུན་ནོ།། དེ་ལ་ཤེས་རབ ་འཁོར་ལོ་ནི།། ཇི་ལྟར་རྣམ་པར་བསམ་ཞེ་ན།། དང་པོར་རང་འདོད་པའི་ལྷ།། ས་བོན་མདོག་དང་སོ་སོའི་རྒྱ།། དེ་ཐུགས་དང་པོའི་སངས་རྒྱས་ནི།། ཞལ་ལྔ་ཕྱག་བརྒྱད་ཀུན་ཐུན་མོང་།། དེ་ཡི་ཐུགས་ཀར་འཁོར་ལོ་ནི།། རིག་དྲུག་དབྱེ ་བས་རྣམ་པ་དྲུག། བསྡུས་པ་དང་ནི་བདུན་གྱུར་ཏེ།། ལྟེ་བ་རྩིབས་དང་རྩིབས་རྟེ་ན་ཅནྡ།། ལྟ་བཱ་མུ་ཁྱུད་གཉི་སི་ཀྱིས་བསྐོར།། རྩིབས་རྟེན་མུ་ཁྱུད་གཉིས་ཡོད་པ།། ལྟེ་བའི་མུ་ཁྱུད་ནང་མ་ལ།། སྔགས་རིངས་གཉིས་ཕྱེད་རྩ་བ ་དགོད།། ཕྱི་ལ་ཨཱ་ལི་རྣམས་དགོད་དེ།། རྩིབས་རྟེནི་མུ་ཁྱུད་ནང་མ་ལ།། སྔགས་རིངས་གཉིས་ཕྱེ་ཕྲེང་སྔགས་དགོད།། ཕྱི་ལ་ཀཱ་ལི་ལེགས་པཱ་ར་དགོད།། མུ་ཁྱུད་སྔགས་དང་མདོག་དཀར་མཚུངས།། རྩིབས་གྲངསོ་སོ་སོའི ་དང་པོ་ལ།། དྲུག་སྟེ་སྔགས་དྲུག་མཚན་རཾ་དགོད།། མདོག་དྲུག་ལྡན་པར་བསྒོམ་པར་བྱ།། དབུས་སུ་ཨོཾ་ནི་དཀར་པོར་བཀོད།། སོ་སོརརེ་རྟོག་པའི་རྩིབས་བརྒྱད་ལ།། བཛྲ་ཏིཀྵ་ལ་སོགས་དགོད།། ཡི་གེ་འབྲུ་རེ་རེ་ཁ་དོག་དམར།། དབུས ་སུ་ཧྲཱིཿཡང་ཁ་དོག་མཐུན།། མེ་ལོང་ལྟ་བུའི་ཡང་བརྒྱད་པ།། དུཿཁེ་ཙྪེ་ད་ལ་སོགས་པ།། འབྲུ་རེ་རཱི་སྟེ་ཁ་དོག་སྔོ།། ལྟེ་དབུས་ཧཱུཾ་ཡང་མདོག་མཆོག་སྔོ།། ཆོས་དབྱིངས་ཡེ་ཤེས་རྩི་བུས་བཅུ་པ།། རྩིབས ་རྣམས་ཀུན་ལ་དགོད་པ་ནི།། པྲྀ་ཛྙཱ་ཛྙཱ་ན་ལ་སོགས་བཅུ།། དབུས་ཀྱི་ཨ་དང་དོ་ཀུན་དཀར།། བྱི་གྲུབ་ཡེ་ཤེས་འཁོར་ལོ་ནི།། རྩིབས་བརྒྱད་ཛྙཱ་ན་ཀཱ་ལ་སོགས།། རྩིབས་རཱི་འབྲུ་རེ་ལྟེ་པ་རོ་ཨ།། ཤིན་ཏུ་མཛེས་པའི་ལྗང་ཁུའོ།། ་མཉམ་ཉིད་འཁོར་ལོ་རྩིབས་བརྒྱད་པ།། དེ་ལ་བཱ་གི་ཤྭ་ར་སོགས།། འབྲུ་རེ་དགོད་ཅིང་ཁ་དོག་སེར།། དྲུག་པའི་འཁོར་ལོ་རྩིབས་དགུ་པ།། ཨ་ར་པ་ཙ་ལ་སོགས་པ།། ཡིག་དགུ་གཅིག་ལ་གཉིས་དགོད་བྱ།། དབུས་སུ་ཨ ་ནི་རབ་ཏུ་དཀར།། ཤེས་རབ་འཁོར་ལོའི་ལྟེ་བ་རུ།། དང་པོ་ལ་ནི་ཡེ་ཤེས་སེམས།། ཐུན་མོང་མཚན་དང་ལྡན་པར་བསམ།། གཞན་ལ་མཆིན་ཡང་སོ་སོ་སྟེ།། སོ་སོར་རྟོག་ལ་རྡོ་རྗེ་རྣོ།། མེ་ལོང་རལ་གྲི་སྡུག་བསྔལ་གཅོད།། ཆོས་དབྱིངས ་ཤེས་རབ་ཡ་ཤེས་སོ།། བྱ་བ་གྲུབ་པའི་ཡེ་ཤེས་སྐུ།། མཉམ་པ་ཉིད་ལ་ངག་དབང་ཕྱུག། རྡོ་རྗེ་སེམས་ལ་མཚན་མཆོག་ནི།། ཨ་ར་པ་ཙ་ན་ཞེས་བྱ།། མདོག་དང་ཕྱག་མཆིན་སོ་སོར་བསམ།། མ་ངོན་རྟོགས་ལ་ནི་ཚིགས ་བཅད་གསུམ།། ཚིགས་བཅད་དངོས་གཅིག་སྔགས་ལ་གཉིས།། དེ་ལྟར་ཤེས་རབ་འཁོར་ལོ་ནི།། གཞུང་ཚད་བཅད་པ་ལེགས་བསྟན་ནས།། ད་ནི་ཕོ་བྲང་ལྷ་འཁོར་ལོ།། དེ་ཡི་དབྱེ་བ་བསྟན་པར་བྱ།། རྣམ་པར་སྣང་མཛད ་ཆེ་ཞེས་པ།། བྱང་ཆུབ་སེམས་ཀྱི་རྡོ་རྗེ་ནི།། ལྔ་ཡི་རང་བཞིན་དྲུག་པ་སྟེ།། རྩ་བའི་དཀྱིལ་འཁོར་ལྷ་དང་མཚན།། གཙོ་བོའི་ཐུགས་ཀའི་ཡེ་ཤེས་སེམས།། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས།། མཚན་རྣམས་རྣམ་པ་གཉིས་བཞེད།། ་དེ་ཡིས་ཐུགས་ཀའི་ཟླ་དཀྱིལ་ན།། མཚན་ནི་རྣམ་པ་གཉིས་ཡིན་ཏེ།། རྫོགས་སངས་རྒྱས་དང་ཨ་ལཱས་བྱུང་།། དྲི་སྟེང་ཨ་ལཱ་རྣམ་གསུམ་སྟེ། ཨ་ནི་ཡིག་འབྲུ་ཀུན་མཆོག་དང་།། དོན་ཆེན་ཞེས་ནི་འབྱུང་བ་དང་།། ཡི་གེ་དམ ་པ་ཞེས་པ་གསུམ།། དྲི་ལྟར་དེ་དག་གསུམ་པོ་ནི།། མཚན་མཆོག་རྣམ་པ་བདུན་དུ་བཞེད།། གསང་བའི་ཡུམ་བཞིའི་རྣམས་ལ་ནི།། ཁོང་ནས་བྱུང་དང་སྐྱེ་མེད་གི་ཉེས།། སཏྭ་བཛྲི་མུ་ཡི་མཚན།། ཚིག་ཏུ་བརྗེད་པ་སྤངས ་གཅིག་པུ།། རཏྣ་བཛྲཱི་མ་ཡི་མཚན།། བརྗོད་པ་ཀུན་གྱི་རྒྱུ་མཆོག་ཉིད།། དྷརྨ་བཱ་ཛཱི་མ་ཡི་མཚན།། ཚིག་ཀུན་ཤེས་ནི་འབྱུང་བ་དང་།། རབ་ཏུ་གསལ་བྱེད་མ་དང་གཉིས།། ཀརྨ་བཛྲི་མ་ཡི་མཚན།། དེ་དག་ལ་ནི་མཚན་དྲུག ་སྟེ། དང་པོ་ཐ་མི་གཉིས་གཉིས་སོ།། རྒྱལ་བ་ལྔ་ལ་མཚན་གསུམ་གསུམ།། ཚིག་རྐང་དང་པོ་གཉིས་གཉིས་སོ།། འོག་མ་འོག་མ་རེ་རེ་ལ།། མཆོད་པ་ཆེན་པོ་ཆགས་ཆེན་ནས།། ཁྲོ་བ་ཆེན་པོ་དགྲ་ཆའི་མཐར།། རྒྱལ་རྣམས ་བཅོ་ལྔ་ཡུམ་བཞི་དྲུག། ཉི་ཤུ་རྩ་གཅིག་དག་ཏུ་བཤད།། འདོད་པ་ཆེ་དང་བདེ་བ་ཆེ།། རྡོ་རྗེ་སེམས་དང་རྒྱལ་པོ་གཉིས།། དགའ་བ་ཆེ་དང་མགུ་ཆེ་གཉིས།། ཆགས་པ་དང་ནི་ལེགས་པའི་མཚན།། ཚིག་རྐང་གཉིས་ལ་བཞིར ་བཞེད་དེ།། བྱང་ཆུབ་སེམས་ཀྱི་མཚན་རྣམས་སོ།། གཟུགས་ཆེ་ལུས་ཀྱང་ཆེ་བ་ནས།། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན།། ཚིགས་སུ་བཅད་པ་གཅིག་ལ་ནི།། སེམས་དཔའ་བཞི་སྟེ་མཚན་རྣམས་ལྔ།། དེ ་དག་དབང་བསྐུར་སེམས་དཔའ་བཞི།། ཤེས་རབ་མཚོན་ཆེན་འཆང་བ་ནས།། སྣང་བ་ཆེན་པོ་གསལ་ཚོའི་མཐར།། ཚིགས་སུ་བཅད་པ་གཅིག་པ་ལ་ནི།། སེམས་དཔའ་བཞི་སྟེ་མཚན་མཆོག་བདུན།། རྐང་པ་དང་པོ་རྡོ་རྗེ་ཆོས ་མཚན་མཆོག་གཅིག་ཏུ་ཤེས་པར་བྱ།། རྣོན་པོ་ལ་ནི་གཉིས་ཡིན་ཏེ།། ཉོན་མོངས་ལྕགས་ཀྱུ་ཆེ་དང་མཆོག། རྒྱུ་ལ་གྲགས་ཆེན་སྙན་གྲགས་གཉིས།། སླ་ལ་སྣང་ཆེ་གསལ་ཚེ་གཉིས།། ཡེ་ཤེས་སེམས་དཔར་གྲགས་པ ་ཡིན། མཁས་པ་སྒྱུ་འཕྲུལ་ཆེ་འཆང་ནས།། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་མཐར།། ཚིགས་བཅད་གཅིག་ལ་སེམས་དཔའ་བཞི།། མཚན་རྣམས་དྲུག་ཏུ་བཞེད་པ་ཡིན།། མཁས་པ་སྒྱུ་འཕྲུལ་ཆེ་འཆང་གཉིས།། རྡོ་རྗེ་ལས ་སུ་ཤེས་པར་བྱ།། སྒྱུ་འཕྲུ་ལ་ཆེ་དང་དོན་གྲུ་བ་བ།། རྡོ་རྗེ་བསྲུང་བའི་མཚན་ཡིན་ནོ།། ལྷག་མ་གཉིས་ལཱ་རེ་རེའོ།། སེམས་དཔའ་དེ་དྲག་བཞི་པོ་ནི།། ལས་ཀྱི་སེམས་དཔའ་རྣམྲ་ས་ཡིན་ནོ།། སེམས་དཔའ ་བཅུ་དྲུག་རྣམས་ལ་ནི།། ཚིགས་སུ་བཅད་པ་ཕྱེད་དང་བཞི།། མཚན་རྣམས་ཉི་ཤུ་རྩ་གཉིས་ཏེ།། སེམས་དཔའི་བསྡུས་དོན་དེ་ཡིན་ནོ།། སྦྱིན་བདག་ཆེན་པོ་ཞེས་པ་ནས།། སྨོན་ལམ་ཡེ་ཤེས་རྒྱ་མཚོའི་བར།། ཕ་རོལ་ཕྱིན ་བཅུའི་ཚིགས་བཅད་གཉིས།། ལྷ་མོ་བརྒྱད་དང་སྤྲོ་བར་བཞེད།། སྦྱིན་བདག་ཆེ་དང་གཙོ་བོ་གཉིས།། སྒེག་མོ་ཡི་ནི་མཚན་ཡིན་ནོ།། ཚུལ་ཁྲིམས་ཆེན་དང་འཆང་མཆོག་ནི།། ཕྲེང་བ་མ་ལཱ་གཉིས་སུ་བཞེད།། བཟོད་ཆེན་འཆང་དང་བརྟན ་པ་གཉིས།། གླུ་མ་ཡིས་ནི་མཚན་ཡིན་ནོ།། བརྩོན་འགྲུས་ཆེ་དང་བཏུལ་བ་གཉིས།། གར་མཁན་མ་ཡི་མཚན་ཡིན་ནོ།། མེ་ཏོག་མ་ལ་མཚན་ཅིག་སྟེ།། བསམ་གཏན་ཆེན་པོའི་ཏིང་འཛིན་གནས།། ཤེས་རབ་ཆེ་དང་ལུས ་འཆང་གཉིས།། བདུག་པ་མ་ཡི་མཚན་ཡིན་ནོ།། བསམ་གཏན་ཞེས་པ་མར་མེ་མ།། ཐབས་ཆེན་ཞེས་པ་དྲི་ཆུབ་མ།། ཡུན་ལག་བདུན་དང་འཕགས་ལམ་བརྒྱད།། སྟོབས་དང་ཡེ་ཤེས་སྒོ་བར་བཞེད།། གསུང་མཆོད་ལ་བརྒྱད ་ཕྱི་ལྔ་ལྔ།། སྒོ་བ་ལ་གཉིས་སྤྱིར་བཅོ་ལྔ།། བྱམས་ཆེན་རང་བཞིན་ཞེས་པ་ནས།། མཁས་པ་ཆེན་པོ་ཐབས་ཆེའི་བར།། ཚིག་རྐང་བཞི་ལ་རིམས་བཞིན་དུ།། ཤར་ཕྱོགས་གནས་པའི་སྐལ་བཟངས་བཞི།། ཚིག་རྐང་དང་པོ་བྱམས ་པོཔོ་ཡིན།། སྙིང་རྗེ་དང་ནི་བློ་མཆོག་གཉིས།། འཇོམ་དཔལ་གྱིས་ནི་མཚན་ཡིན་ནི།། སྤོས་གླང་ཤེས་རབ་བློ་ཆེན་གཉིས།། མཁས་པ་ཆེ་དང་ཐབས་ཆེ་གཉིས།། ཡ་ཤྲཱིས་ཏོག་གི་མཚན་ཡ་ནི་ནི།། ལྷོ་ཡི་སེམས་དཔའ་རྣམས་བཞི ་ནི། རྫུ་འཕྲུལ་སྟོབས་ལྡན་བཟང་སྐྱོང་གི། ཤུགས་ཆེན་མགྱོགས་པ་ཆེན་པོ་ནི།། བློ་གྲོས་རྒྱ་མཚོའི་མཚན་ཡིན་ནོ།། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ།། བློ་གྲོས་མི་བཟད་པ་ཡི་མཚན།། སྤོབས་པ་རྩེགས་པ་ཞེས་བྱ་བ།། སྟོབས ་ཆེན་ཕྲ་རོལ་གནོན་ཅིག་པུ།། ནུབ་ཀྱི་ཕྱོགས་ཀྱི་སེམས་དཔའ་བཞི།། སྲིད་པའི་རི་བོ་ཆེ་འཇོམས་ནས།། འཇིགས་ཆེན་འཇིགས་པར་བྱེད་པའི་མཐར།། མཐུ་ཆེན་ཐོབ་དང་ངན་སོང་འདྲེན།། མྱ་ངན་འཇོམས་དང ་དྲ་བ་ཅན།། གོ་རིམས་བཞིན་དུ་ཚིག་རཾ་ལྔ།། མཚན་ཡང་རེ་རེ་དག་ཏུ་འདོད།། བྱང་ཕྱོགས་ཀྱི་ཡང་སེམས་དཔའ་བཞི།། མགོན་པོ་རིགས་མཆོག་ཆེན་པོ་ནས།། ཐེག་པ་ཆེན་པོ་ཚུལ་མཆོག་མཐར།། གོ་རིམས་བཞིན་དུ་ལེགས ་སྦྱར་ཏེ།། མགོན་པོ་རིགས་དང་མཆོག་ཆེན་གཉིས།། ཟླ་འོད་གཞོན་ནུའི་མཚན་ཡིན་ནོ།། འོད་དཔག་མེད་དང་ན་མཁའ་མཛོད།། སྒྲིབ་པ་རྣམ་པར་སེལ་དང་གསུམ།། ཚིག་གསུམ་མཚན་གསུམ་གོ་རིམས་བཞིན།། ཚིགས ་བཅད་དག་ནི་བཅུ་བཞི་སྟེ།། མཚན་དོན་བརྒྱད་ཅུ་རྩ་དྲུག་བཞེད།། རིགས་བསྡུས་ཚེ་ན་དབུས་དཀྱིལ་འཁོར་ནས།། བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་ནི།། སེང་གེ་དང་ནི་རབ་གསལ་བྱེད།། ཐུབ་པ་དང་ནི་མེ་ཏོག་དང་། ་མེ་ཏོག་མཛེས་དང་སྤྱན་བཟང་ངོ་།། ཀུན་དེད་དཔོན་དང་ཕྱག་རྒྱ་ཆེ།། སྟོབས་པོ་ཆེ་དང་རྨྱ་སྐར་རྒྱལ།། སྨན་པ་དང་ནི་གྲགས་པ་དང་།། རྒྱལ་མཚན་དང་ནི་འོད་ཟེར་ཆེ།། ཀྲོལ་ཕུང་དང་ནི་རྣམ་སྣང་མཛད།། ཉི་བཟང་པོ་དང ་ཟླ་བ་བཟང་།། འོད་ཟེར་ཅན་དང་འོད་འཕྲོ་བཟང་།། མྱ་ངོན་མེད་དང་དེ་བཞིན་སྐགས།། འོད་འཕྲོ་འཛིན་དང་ཡོན་ཏན་འོད།། དེར་སྟོན་པ་དང་མར་མེ་ལྡན།། རབ་བཟང་དང་ནི་སྨན་བཟང་པོ།། དཔར་བོ་དང་ནི་མཛོད་སྤུ་དང་། ་བརྟན་པོ་དང་ནི་དཔལ་གྱི་ལྷ།། མཐོང་བར་དཀའ་དང་ཡོན་ཏན་འོད།། སྐྲ་ཅན་དང་ནི་གྲངས་ཅན་དང་།། ཚངས་པའི་དབྱངས་དང་བརྟན་པའི་མཚམས།། རིག་པ་དང་ལྡན་དང་འོད་མཛད་པ།། རི་བོ་ཆེ་དང་རྡོ་རྗེ་ཆེ།། རྒྱལ་མིནྡ་དང་ནི་འཇིགས ་མེད་པ།། རིན་པོ་ཆེ་དང་པདྨ་དང་།། སྟོབས་སྡེ་ཅན་དང་མེ་ཏོག་འོད།། ཡེ་ཤེས་འོད་ད་ང་ལྷ་ཆེན་པོ།། ཚིག་གི་བདག་དང་སྣང་མཐའ་ཡས།། ཀུས་སྦྱིན་དང་ནི་བརྟན་པོའི་རིམ།། དོན་ཡོད་མཐོང་དང་དབང་པོ་སྦྱིན།། མི་ལྟུང་བ་དང ་རྣལ་། རྒྱ་ནི་ས་པ་སྟེ།། དགའ་བའི་རྒྱམ་དང་དན་འདང་གི།། དགའ་དི་མཛང་ད་ན་ཡྀ་།། སེཾན་ཏན་ལག་དང་སྒྲས། དེན་ཡང་དངས་དང་སྡིགས་བཟང་བ།། ཟླ་བ་ད་ནྀ་ཤཱ་རྣམ ་ཆེན་པ་དང་གཙུག་ནོར་བུ།། དྲུག་པོ་དང་ནི་སེང་གེ་འགྲོས།། དང་པ་དང་ནི་རྣམ་རྒྱལ་དོན།། ཤེས་རབ་བརྩེགས་དྲང་ལེགས་གནས་པ།། བློ་གྲོས་དང་ནི་ཡན་ལག་སྐྱེས།། བདུད་རྩེ་བུ་དང་གཟུགས་བཟང་པོ།། ཡེ་ཤེས་ཅན ་དང་འོད་ཟེར་ཅན།། དཀའ་ཐུབ་བརྟན་དང་བཀྲ་ཤིས་ལྡན།། བདེ་བའི་ཏོག་དང་པདྨ་དང་།། མི་ཡི་ཐེག་དང་བདྲེ་བའི་ཕྱག། ཡེ་ཤེས་མཛད་བློ་དང་འོད་བྲལ།། ཚངས་པས་བྱིན་དང་རིན་ཆེན་མཛོད།། མེ་ཏོག་ལྷ་དང་ལེགས་པའི ་དོན། ཆོས་དབང་ཕྱུག་དང་བློ་གྲོས་གྲགས།། རྡོ་རྗེ་ཏིག་དང་པདྨ་སྒྲུབ།། རྣམ་པར་རོལ་དང་དུ་མའི་ལྷ།། རི་ཡི་ཏོག་དང་འོད་ཀྱི་ཚོགས།། མི་ཟད་པོ་དང་རིན་ཆེན་སྙིང་།། བཟོད་ཆེན་པ་དང་ཆོས་ཀྱི་ཟློ།། ཡིད་ཀྱི་ཡུལ་དང ་ཡོན་ཏན་གྲགས།། ཟླ་བའི་འོད་དང་གསལ་བའི་རོ།། སེང་གེ་རྟོག་དང་ལུས་ལས་བཟློག། སྙིང་པོ་དཔལ་དང་ངེས་པའི་ཏོག། གློག་གི་འོད་དང་གསེར་སྦྱིན་ཆ།། གཞན་གྱིས་མི་ཐུབ་ཏོག་གི་རྒྱལ།། རབ་ཏུ་གྲགས ་དང་བརྩོན་འགྲུས་བརྟན།། དཔེ་བྲལ་གྲགས་དང་གཤིན་རྗེ་འཇིགས་འགྱུར།། དགྲ་བཅོམ་ལྷ་དྲང་མར་མེ་ཆེ།། འཇིག་རྟེན་འོད་དང་དྲི་དང་པོ།། ཡོན་ཏན་འཇིགས་དང་མུན་བྲལ་འགྱུར།། སེང་གེ་སྒྲ་དང་རིན་ཆེན་གྲགས།། སྐྱེ་རང ་བཞིན་དང་ཡིད་སྐྱེས་ཟླ།། ལེགས་པར་སྟོན་དང་གཟུགས་བརྙན་བརྒྱན།། ནོར་བུ་བཟང་དང་རིན་ཆེན་ཏོག། ཆོས་འབྱུང་གནས་དང་རྣམ་ངེས་དོན།། ཚེ་སྟེར་བ་དང་རིན་ཆེན་གནས།། རྒྱལ་དབང་པོ་དང་རིན་ཆེན་མནན།། གནས ་བའི་བློ་དང་བསྐམོ་བྲལ་གདུགས།། རྣམ་སྣང་དཔལ་དང་སེང་གེ་སྒྲ།། རྣམ་པར་རོལ་དང་ཀྵ་ཡི་འོང་།། མེ་ཏོག་རོ་དང་ཀླུ་དབང་ཅན།། རི་དབང་ཕྱུག་དང་ཤིན་ཏུ་བསམ།། སྟོབས་ཀྱི་ལྱཱ་དང་ཡོན་ཏན་ཕྲེང་།། ཀླུ་ཡི་ཕྱག་དང་གཟུག ་བརྙན་བརྒྱན།། རྒྱལ་བའི་བློ་དང་ཡེ་ཤེས་ཁྱབ།། བདུད་རྩི་སྒྲ་དང་བདེན་པར་སྨྲ།། རབ་ནི་བློ་དང་མཐའ་ཡས་གཟུགས།། རྣམ་སྣང་མཛད་དེང་རིནཱི་ཆེནྡ་ཏིག། འདོད་པ་བྲལ་དང་ལེགས་གཞིབས་པ།། དོན་ཡོད་སངས་རྒྱས ་རྟོགས་པ་འཆང་།། མེ་ཏོག་དང་ནི་རྡོར་དབང་རྒྱལ།། ག་ཟི་བརྗིད་ཅན་དང་དོན་སྟོན་པ།། ཚེ་དཔག་མེད་དང་ཁྲོ་དབང་ཕྱུག། དོ་ན་གནས་ཅན་དང་མི་ཤིགས་གྲགས།། མྱ་ངན་མེད་དང་དྲི་མ་བྲལ།། ཚ་བའི་ལྷ་ཞེས་བྱ་བའོ།། ་འདི་ཡི་གཞུང་གི་ཚད་དག་ཀྱང་།། ཚིགས་བཅད་ཉི་ཤུ་རྩ་ལྷུར་ནི།། ཚིག་རྐང་གཅིག་གིས་མ་ཚང་བ།། རྒྱལ་བ་ལྔ་ལ་རིམ་བཞིན་དུ།། སུམ་ཅུ་རྩ་དྲུག་རྩ་དྲུག་མཚན།། སྡོམས་པས་བརྒྱ་དང་བརྒྱད་ཅུ་གཅིག། མི་བསྐྱོད་དཀྱིལ ་འཁོར་ལྷ་རྣམས་ནི།། རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས།། ཁྲོ་བོ་རྣམ་རྒྱལ་སྒྱུ་འཕྲུལ་དྲ།། ཕྱག་རྡོར་དབང་བསྐུར་རྒྱུད་ལས་གཉིས།། རྡོ་རྗེ་བརྒྱན་དང་རིག་པ་མཆོག། བདེ་མཆོག་རྒྱུན་དང་རྡོ་འདུས།། དོན་ཡོད་ཞགས་དང་རྡོ་ཐ~ཾང་། གས་དཔ་འདྲས ་རྣམ་སྣང་འདྲ།། དམ་ཚིག་ཆེ་དང་ཟླ་གསང་ཐིག། གཉིས་མེད་མཉམ་དང་ཟླ་ག་སང་ཐིག། རྒྱུ་དེ་རྣམས་ལ་ས་མཚན་རེ་རེ།། སྒྱུ་འཕྲུལ་དྲུག་སྟོང་པ་ལས་གཉིས།། འབྱུང་པོ་ཕྱོགས་དང་རྡོར་ས་འོག། རྡོར་སྙིང ་རྒྱན་དང་ས་འོག་རྒྱུད།། སྒྱུ་འཕྲུལ་དྲ་དང་བདེ་མཆོག་རྒྱུད།། ཁྲོ་བོ་བདེ་མཆོག་སརྦ་དང་ནི།། རྒྱུད་དེ་རྣམས་ལ་མཚན་རེ་འབྱུང་།། ཁྲོ་བོ་རྣམ་རྒྱལ་རྒྱུད་གཉིས་ལས།། ཁྲོ་ཟླ་དང་ནི་རྟ་མཆོག་རྒྱུད།། མཚན་ནི་རེ་རེར ་ཤེས་པར་བྱ།། མི་མཉམི་མཉམ་དང་གསང་རྒྱུ་ད་དེ།། རྒྱུད་དེ་ལུས་ནི་བཞི་འབྱུང་ངོ་།། དཔལ་མཆོག་དང་པོ་གསང་བ་འདུས།། གསུང་བ་མ་ཛོད་དང་གསང་བ་འདུས།། རྡོ་རྗེ་གསང་རྒྱ་ན་ནོར་བུ་གསལ།། དེ ་ཉིད་འདུས་པོའི་རྒྱུད་དང་ནི།། རྒྱུད་དེ་རྣམས་ལས་མ་ཚན་རེ་རེ།། དམ་ཚིག་ཆེན་པོའི་རྒྱུད་ལས་གཉིས།། རྣམ་སྣང་མངོན་བྱང་ཆུབ་ལས་གཉིས།། གཉིས་མེད་མཉམ་དང་ཁམས་གསུམ་རྒྱལ།། རྒྱུད་དེ་ལས་ནི་རེ ་རེའོ།། རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས།། ཕྱག་ན་རྡོ་རྗེ་དབང་བསྐུར་བའི།། རྒྱུད་ལས་ཁྲོ་བོ་བཞི་འབྱུང་། རྡོ་ཌཱི་པོའི་རྒྱུད་ས་ས་གཉིག། རྡོ་ཟེང་ཕྲེང་ཆུད་པས་9། ཁྲོ་བོ་རྣམ་རྒྱལ་རྒྱུད་ལས་གཉིས།། དཔུང་བཟངས་རྒྱུད ་དྲང་ལེགས་པར་གྲུབ།། ཡི་གེ་དྲུག་དུང་འབུམ་པ་དང་།། འཇམ་དཔལ་རྒྱུད་དང་མངོན་དམ་རྒྱན།། དེ་བཞིན་ཁམས་གསུམ་རྣམ་རྒྱལ་དང་།། རྒྱུད། དེ་རྣམས་ལས་རེ་རེའོ།། འཇོམ་དཔལ་རྒྱུད་ལས་གཉིས་འབྱུང་ངོ་།། འདི ་ཡིད་གཞུང་ཚད་བསྟན་པ་ནི།། ཆ་གས་བཅད་བཅུ་དང་རྐང་པ་གཅིག། མཚན་རྣམས་བདུན་ཅུ་རྩ་གཅིག་སྟེ།། རྒྱལ་བ་ལྔ་ལ་བཅུ་བཞི་རེ།། རྒྱུད་སྡེ་སོ་སོར་ལྷ་དབྱེ་བྱས།། པདྨ་གུར་དབང་དེ་ཀྱིལ་འཁོར་གྱི།། ལྷ་རྣམས ་ངེས་པར་བརྗོད་པ་ནི།། ཡེ་ཤེས་གྲགས་དང་དེ་བཞིན་རྒྱལ།། ཡོན་ཏན་འོད་དང་ཁྱད་པར་ཆེ།། ཟླ་བ་རྒྱལ་དང་པདྨའི་འོད།། དཀའ་ཐུབ་རྒྱལ་དང་མར་མེ་བཟང་།། གློག་གི་ཏོག་དང་འོད་ཀྱི་རྒྱལ།། གསལ་བ་པ་དང་དཔེ་བྲལ ་གྲགས།། པདྨ་གྲགས་དང་མེ་ཏོག་མཚན།། སྤྱན་བཟང་མཆོག་དང་གྲངས་མེད་དོན།། དྲག་པོ་སྟེ་དྲང་བསོད་ནམས་འོད།། ཁྱད་པར་ཅན་དང་ཚོགས་མྱེད་བློ།། རཱ་ཧུ་ལཱ་དང་ཡེ་ཤེས་འོད།། གྲགས་དབང་དང་ནཱི་ཡེ་ཤེས་དབང་།། སྐར ་མའི་ཏོག་དང་རཱི་ཧུ་ལ།། སྨན་པ་ཆེ་དང་སྨན་པའི་རྒྱལ།། བསོད་ནམས་དབང་དང་རྒྱུ་བ་བོ།། སྐར་མའི་རྒྱལ་དང་རྒྱལ་བ་པ།། ནི་འོང་འཆར་དང་ཆོས་ཀྱི་མཛོད།། བློ་གྲིས་ལེགས་དང་རྒྱལ་དབང་པོ།། རྡོ་རྗེ་སྡེ་དང་རྡོ་རྗེ་བརྩེགས།། ལེགས ་པར་གནས་དང་རྒྱལ་བའི་བློ།། ཚུངས་པའི་དབྱངས་དང་ཀླུ་དབང་པོ།། གཡོན་གསལ་དབང་དང་མངོན་ཤེས་ཏོག། འོད་ཀྱི་ཏོག་དང་དགའ་ཚངས་པ།། སྒྲ་མི་སྙན་དང་རོལ་པའི་གར།། མཁས་དང་གཞན་གྱིས་མི་ཐུབ་དབྱངས།། རིན ་ཆེན་འོད་དང་གསུངས་དབྱངས་སྦྱིན།། སེང་གཽ་དང་ནི་ཉི་སྣ་ཚོགས།། ཡེ་ཤེས་དཔལ་དང་པདྨ་ཕུང་པོ།། མེ་ཏོག་དང་ནི་རྣམ་མནན་འགྲོ། གསལ་བ་དང་ནི་ཟླ་མར་མེ།། མི་བཟད་པ་དང་བློ་བཟངས་སྤྱན།། ཡན་ལག་བཙུགས་དང ་ཤེས་རབ་ཡུལ།། མཆོག་ཏུ་གྱུར་དང་རབ་འཇོམས་ཟེར།། ཤེས་རབ་སྦྱིན་དང་འཇམ་པའི་དབྱངས།། ཚིགས་མེད་སྤྱོད་དང་མཐུ་བོ་སྦྱིན།། དག་པ་དང་ནི་ཡེ་ཤེས་གནམ།། བདེ་གཤེགས་འོད་དང་དབང་པོའོ།། ཐུབ་པ་འཆང ་དང་ལྷ་ཞེས་པ།། འོད་ཟེར་བཟང་དང་གཟུགས་བཟང་པོ།། རྒྱལ་པོ་དང་ནི་དྲོན་གྲུབ་མཛད།། སེང་གེ་དང་ནི་དྲི་ལྡན་དང་།། གྲགས་པ་ཞེས་དང་རྒྱལ་བའོ།། མཆོག་སྙིང་དང་ནི་བསོད་ནམས་ཟེར།། མདོག་བཟངས་དང་ནི་ཉན ་འདོད་པ།། མར་མེ་དང་ནི་རིན་ཆེན་བརྩེགས།། ཚིགས་མེད་ལྷ་དང་དང་བའི་བདག། གྲོལ་བར་འགྲོ་དང་གསེར་གཙུག་ཕུད། སྒྲ་གཅན་བཟང་དང་མི་ཐུབ་པ།། རང་བཞིན་ཐུབ་དང་ཟླ་བའི་འོད།། གསེར་མདོག་བཟང་པོ་དང་དགེན། ་གཡོན་དབང་ལྷ་དང་ཆོས་ཀྱི་གདུགས།། ཡོན་ཏན་ལེགས་དང་གྲོལ་ཞེས་པ།། ཡེ་ཤེས་རྫོགས་དང་ཞིབ་མོའི་བློ།། འོད་རབ་འབར་དང་སྐྱབས་ཀྱི་སྨན།། རྣམ་གྲོལ་ཏོག་དང་ཤེས་རབ་མཆོག། ཡེ་ཤེས་རྒྱལ་དང་འཇིགས་པའི ་གཟུགས།། གློ་བུར་འཇོམས་དང་ཐོགས་མེད་གྲགས།། བདེན་པར་གསུང་དང་ངག་སྙན་པ།། རི་དབང་གྲགས་དང་ཆོས་བརྩེགས་ལ།། འགྲོ་བའི་འོད་དང་ལེགས་པར་བརྒྱན།། རང་གི་ལུས་དང་ཡེ་ཤྭེ ་ངགྲ། སེང་མཆེ་རྣོ་དང་སེལ་བ་པོ།། འགྲོ་བ་མཆོད་དང་སེང་གེ་གྲགས།། ཆོས་ཀྱི་མཚན་དང་སྐལ་པ་བཟང་།། མི་བསྐྱོད་མདོག་དང་འབར་བའི་རྒྱལ།། རྟོགས་པ་དང་ནི་སྤྱན་བཟང་པོ།། དོན་རིག་བློ་དྲང་འཇིགས་མེད ་གསེར།། དྲི་ཡི་འོད་དང་དགའ་བའོ།། དོན་ཡོད་འགྲོ་དང་ཁྲོ་ཐལ་མདོག། མཆོག་གི་གཟུགས་དང་ཉན་པ་པོ།། གཙོ་བོ་གྲུགས་དང་དྲག་པོ་སྦྱིན།། ཉི་མའི་ལྷ་དང་གཤོན་འཇོམས་ལྷག། ཤིང་རྟའི་འགྲོས་དང་བློ་གྲོས ་བཟང་།། གསེར་བཙོ་མ་དང་སྐལ་ལྡན་གཙུག། དབང་ཕྱུག་དང་ནི་དགའ་བ་བསྟན།། མོས་པ་འཇོམས་དང་ཡེ་ཤེས་མཛོད།། ཚངས་པའི་འགྲོས་དང་ཙན་དན་དང་།། མྱ་ངན་མེད་དང་སེང་གེའོ།། ཏོག་གི་ཡུལ ་དང་པདྨའི་སྙིང་།། འོད་མཐའ་ཡས་དང་ལྷ་ཡི་ཡུལ།། བསོད་ནམས་མྱེ་ཏོག་རིག་པའི་ལྷ།། ཡེ་ཤེས་དབང་དང་ཚངས་པ་གསལ།། རིན་ཆེན་ཕྱག་དང་དབང་པོ་ལྡན།། དཔེ་བྲལ་འགྲོས་དང་ཐེ་ཙོམ་ལྡན།། མཆོད་པ ་དང་ནི་འབར་བ་དང་།། སངས་རྒྱས་གདགས་དང་འདམ་གྱི་མཆོག། ཡིད་འོང་ལྡན་དང་བྱ་གྲུབ་པ།། རྨ་བྱ་དང་ནི་ཆོས་ལྡན་དང་།། ཕན་ལྡན་གཟུགས་དང་ཡེ་ཤེས་དང་།། གྲགས་པ་དང་ནི་འོད་ཟེར་འབར།། མ་ལུས ་ཕན་དང་བེ་དུའི་སྙིང་།། རྒྱུ་སྐར་དང་ནི་ལྷ་ཉིད་ལྷན།། རི་བོང་ཅན་དང་དྲ་བའི་འོད་།། དགེ་བའི་འོད་དང་ཡོན་ཏན་ཟེར།། ཡིད་ལེགས་པ་དང་རིགས་ཀྱི་འོད།། སྤྱོད་པ་པོ་དང་རིགས་ཀྱི་མཚོ།། ཆོས་དབང་ཕྱུག་དང་སྐུ་ཡི་ལྷ།། ཡོན་ཏན ་སྟོབས་དང་འཁོར་ལོ་དབང་།། ལེགས་པའི་དབྱངས་དང་ལེགས་པར་རེག། དོན་གྲུབ་པ་དང་གཟི་བརྗིད་དཔལ།། ཀུན་མཉམ་ཉིད་དང་བདུད་རྩི་དབྱངས།། བདེ་བར་སྣང་དང་ལེགས་པའི་བློ།། རྣམ་གྲོལ་དོན་དང་ཁྱད་དབང་ཕྱུག། ་རོལ་པའི་མཆོག་དང་ལྷག་མཐོང་གནས།། ཉེས་པ་སྤངས་དང་ཉི་མའི་འོད།། བཀྲ་རྒྱལ་བློ་དང་པདྨའི་མཆོག། ཉི་མཱཾའི་འོད་དང་སོ་སོར་གསུངས།། ལེགས་པ་དང་ནི་ཚོགས་དབང་པོ།། འཇིགས་པ་བྲལ་དང་ཡེ་ཤེས་སྲིད།། ་སྤོབས་པའི་མཚན་ཉིད་དང་བློ་མཆོག། རི་བོང་ཅན་དང་རིན་ཆེན་ཟླ།། མི་འཇིགས་པ་དང་མེ་ལོང་ཆེ།། ཚངས་པའི་དབྱངས་དང་སྙན་པའི་གསུང་།། ཤེས་རབ་འོད་དང་ཀུན་མཉམ་བློ།། རྡོ་རྗེ་བློ་དང་བློ་དང་ལྡན།། ནམ ་མཁའི་དབང་དང་ངག་དབང་ཕྱུག། ཡོན་ཏན་དཔལ་དང་གནས་ཀྱི་དཔལ།། འཕགས་པའི་འོད་དང་གསལ་བའི་ཤུགསོ།། གསལ་བའི་རོ་དང་དྲི་དབང་ཕྱུག། འདོད་ཅན་གདོང་དང་ཡེ་ཤེས་གསུང་།། རབ་ཏུ་འདུག་དང ་ཆོས་རྒྱལ་མཚན།། དྲི་མ་བྲལ་དང་ཆོས་དབང་ཕྱུག། སྐལ་བྲལ་སྒྲ་དང་གཟི་བརྗིད་འོད།། དྲང་སྲོང་དབང་དང་བློ་གྲོས་ཕན།། སྤོབས་པའི་འཁོར་ལོ་དང་ཟླ་ཞལ།། ཉི་ཟླའི་འོད་དང་ཡོན་ཏན་མཚོ།། ཡོན་ཏན་གསུང་པད ་བློ་མེ་ཏོག། བསོད་ནམས་ཏོག་དང་སྤོབས་པའི་ཡུལ།། རིགས་པ་བསྐྱེད་དང་རྒྱལ་རིགས་དང་།། རྣམ་གྲོལ་བསམ་དང་དབང་ཕྱུག་དང་།། མཆོག་ཅེས་པ་དང་ཡེ་ཤེས་དབྱངས།། ན་མཁའི་མཁའ་དང ་མཆོད་པ་དང་།། དཔུང་ཚོགས་དཔལ་དང་ཡོན་ཏན་ཟླ།། རཱ་ཧུ་ལ་དང་བདུད་རྩི་འོད།། རིན་ཚེ་ན་འོད་དང་ཟླ་བའི་འོད།། ཡེ་ཤེས་སྟོབས་དང་ཡེ་ཤེས་སྐུ།། འདི་ཡི་གཞུང་ཚད་བསྟན་པ་ནི།། ཚིགས་བཅང་བཞི་བཅུ་རྩ ་གཉིས་སོ།། མཚན་ནི་ཉིས་བརྒྱ་བདུན་ཅུ་ལྔ།། ཡེ་ཤེས་ལྔ་པོ་རེ་རེ་ལ།། ལྔ་བཅུ་རྩ་ནི་ལྔ་ལྔའོ།། རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་གྱི།། ལྷ་རྣམས་མེ་ལུས་བསྟན་པ་ནི།། དོན་གྲུབ་དཔལ་དང་ཡེ་ཤེས་ཉི་མ།། དོན་ཡོད ་གྲུབ་དང་རི་དབང་བརྩེགས།། དགྲས་སྦྱིན་དང་ནི་པདྨ་དང་།། དགྲ་བཅོམ་གྲགས་དང་ཡེ་ཤེས་ཏོག། ཉོན་མོངས་འཇོམས་དང་མེ་ཞེས་པ།། བདེ་བ་དྲི་དང་དཔེ་བྲལ་འོད།། རཱི་བོ་གྲགས་དང་སྲིད་མཐའ་སྟོན།། ཟླ་བ་དང་ནི ་རིན་ཆེན་ཟླ།། སེང་གེ་རྒྱལ་དང་བསམ་གཏན་འདོད།། དཔེ་དང་བྲེལ་དང་རྣམ་པར་རོལ།། ཡོན་ཏན་རིན་ཆེན་དང་དོན་གྲུབ།། དགྲ་བཅོམ་གྲགས་པ་རིན་ཆེན་འོད།། སྲིད་པ་བཅིངས་དང་སྤྱོད་རྣམས་འཕྲུལ།། མཛོད་སྤུ་དང ་ནི་སྤོབས་པ་གྲགས།། རྡོར་ནོར་བུ་དང་ཚེ་དཔག་མེད།། ནོར་བུ་འོད་དང་རི་བོ་གྲགས།། འོད་ཟེར་བཅུ་དང་གཉིས་དང་བྲལ།། ཀླུ་ཡི་སྟོབས་དང་ཡིད་དུ་འོང་།། རིན་ཆེན་ཟླ་དང་ཤུགས་ཅན་དང་།། ། གསལ་བ་དང་ནི་དགའ་དི་བང ་ཕྱུག། གཙུག་ཕུད་འོད་དང་འཇིགས་བྲལ་དང་།། ཡོན་སྙིང་པོ་དང་དྲི་མེད་གྲགས།། གཟི་བརྗིད་ཞིང་དང་གདང་བ་གྲགས།། སངས་རྒྱས་ལྔ་འདོད་རིན་ཆེན་གཟུགས།། སངས་རྒྱས་སྟོབས་དང་སེང་གེ་གཤོག། གྲོང་ཆེ་མཐོ་དང་བློ།། ་གྲོས་ལེགས།། འཇིག་རྟེན་འོད་དང་རིན་ཆེན་ལྷ།། སྐལ་ལྡན་ཤིང་རྟ་ཡང་དག་རྒྱལ།། དགའ་བ་བཀོད་དང་འོད་ཀྱི་མུ།། དཀའ་ཐུབ་ཆེ་དང་ཟླ་བ་དང་།། ཆོས་བསྟན་པ་དང་མི་ཐུབ་ཟླ།། རི་བོ་འོད་དང་འཆང་བའི་དབྱངས།། བདེན ་པའི་ལྷ་དང་ཡོན་ཏན་བརྩེགས།། སེང་གེ་ལཱུ་དང་ནོར་གོ་ཆ།། ཟླ་བ་དང་ནི་སྒྲ་དང་མཚུངས།། གྲགས་ཆེན་དང་ནི་གཟི་བརྗིད་ཤུགས།། ཆོས་ཀྱི་གྲགས་དང་དགའ་བ་ལྡན།། དྲི་བཟང་པོ་དང་རི་རྒྱལ་མཚན།། དགོའ་བའི་འོད་དང ་མཆོད་ཡོན་ཅན།། སྲིད་མཐའི་ནོར་བུ་དང་བདེན་གསུངས།། རྣམ་སྣང་མཛད་དང་རྣམ་པར་ངས།། གྲགས་པའི་མཐའ་དང་གློག་འཆང་བ།། སེང་གེ་འོད་ཟེར་སྲོག་དང་ལྡན།། འགྲོ་བའི་ཐེག་དང་ཐུན་ཚོད་དང་།། གྲགས་པ་མཆོག ་བློ་བཟང་ཆུབ།། ནོར་ཟླ་འོད་བསྲང་ཐུབ་མི་བཟད།། སྐར་རྒྱལ་དོན་བྱེད་དང་ནོར་འཁོར།། སེང་གེ་གླང་དེས་ཡོན་ཏན་བརྒྱན།། རིན་ཆེན་འོད་ས་བྱ་བ་སྟེ།། མཉམ་ཉིད་ཡེ་ཤེས་འཁོར་ལོ་ལ།། གཞུང་ནི་ཚིགས་བཅད་ཉི ་ཤུ་བཞི།། མཚན་ནི་བརྒྱ་དང་རྩ་བཞིའོ།། རིགས་རེ་ཉི་ཤུ་ཀི་ཤུ་སྟེ།། ཉི་ཤུ་རྩ་བཞི་གཙོ་བོ་ལ།། གོ་རིམས་བཞིན་དུ་བརྟག་པར་བྱ།། དེ་ཕྱིར་བརྒྱ་དང་རྩ་བཞིར་ངེས།། དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལྷོ།། ངེས་པར་སྦྱར ་བར་བྱ་བ་ནི།། དབང་བྱེད་རྒྱལ་དང་བདུད་རབ་ཞི།། སངས་རྒྱས་མཉམ་དང་རྟོག་བྲལ་དང་།། དཱི་རབ་ཞི་དང་རྨོངས་ལ་སྟོན།། རོལ་པ་དང་ནི་དགེ་བཟང་པོ།། ཡེ་ཤེས་ཐུགས་དང་སྨྲ་བའི་དབང་།། ལྷ་ཆེན ་པོ་དང་བློ་གྲོས་བཟང་།། ཚེ་དཔག་མེང་དང་ཆོས་ཀྱི་སྟོབས།། འཇིག་རྟེན་མཆོག་དང་སྒྲ་གཅན་ཉི།། རྒྱལ་མཚན་གྲོལ་དང་སྨན་པ་མཆོག། མེ་ཏོག་དང་ནི་དགེ་གཙུག་བུད་།། བདུད་རྩི་འད་དང་བྱ་ང་སེམས་རྡོར།། རྒྱ ་མཚོ་བརྟན་དང་རིན་ཆེན་དཔུང་།། རོལ་པའི་སྟོབས་དང་ཉི་མའི་དཔུང་།། དགའ་བའི་འོད་དང་རིན་ཚུག་དང་།། རྗེས་མཐུན་དཔལ་དང་སེང་གེ་འགྲོས།། གསུངས་པ་པོ་དང་མེ་ཏོག་སྦྱིན།། གྲོལ་བ་འི་འོད་དང་པདྨ་དང་།། ཡེ་ཤྭེ ་འོད་དང་རོལ་པའི་བཀོད།། དོན་ཡོད་གནས་དང་བསྟན་པའི་འོད།། རྒྱལ་མཚན་ཏོག་དང་བདེ་བའི་བ་སམ།། རྣམ་གྲོལ་རྒྱལ་དང་སེམས་ཚུལ་ཤེས།། རྒྱ་མཚོ་དགའ་དང་རིན་ཆེན་འཛིན།། མི་ཐུབ་པ་དང་འགྲོ་བ་མཉེས།། སྒྲ ་ཆེན་པོ་དྲང་དུལ་བ་དང་།། དཀྱིལ་འཁོར་ལྔར་གསུངས་ཀུན་ལྷ་དང་།། སྲིད་དྲི་སྤོང་དང་མཆོག་གི་མུ།། ལྷ་མང་སྒྲ་དང་རིན་ཆེན་སྟོབས།། པདྨའི་ཕྱག་དོང་དགའ་ཡས་རྒྱལ།། རྟོགས་གྲུབ་དང་ནི་ཡུལ་བཟང་པོ།། མེ་ཏོག ་འོད་དང་སེང་གེ་སྒྲ།། ཟླ་བ་སྨྲ་དང་རྡུལ་སྤངས་པ།། མི་གཡོ་བ་དང་བློ་གྲོས་དང་།། བསོད་ནམས་མར་མཾ་དང་རྟོགས་སྒྲ།། གཟི་བརྗིད་སྟོབས་དང་བློ་གནས་གཟུགས།། ཟླ་བ་གསང་དང་བྱང་ཡོན་ཏན།། སྟོན་པ་དང་ནི་གཟི ་བརྗིད་བཟང་།། ཡེ་ཤེས་གཟི་སྟོབས་དང་དགེ་འོད།། བརྟེན་པའི་སྟོབས་དང་ལྷ་ཡི་བུ།། རབ་ཞི་བ་དང་ཉི་མའི་ཞལ།། གྲོལ་བའི་འོད་དང་ཚུལ་ཁྲིམས་འོང་།། དཀའ་ཐུབ་དང་ནི་རྡུལ་མེད་དང་།། རྒྱ་མཚོའི་གསུང་དང་མིག་སྨན་དང་།། ཀུན ་ལས་རྒྱལ་དང་སེམས་ཅན་འོད།། དྲི་མང་འོད་དང་དྲན་པ་པོ།། ཞལ་རས་སྡུག་དང་རྒྱལ་མཐའ་ཡས།། བློ་ཡི་མཆོག་དང་དཔུང་རབ་ཞི།། རིན་ཆེན་འོད་དང་ཆོས་དབང་ཕྱུག། སྣ་ཚེགས་ལྷ་ཞེས་བྱ་བའོ།། བྱ་བ་གྲུབ་ཡེ་ཤེས ་འཁོར་ལོ་ལ།། ཚིགས་བཅད་བཅོ་ལྔ་གཞུང་ཚད་ཡིན།། མཚན་ནི་དགུ་བཅུ་དགུ་རྩ་ལྔ་སྟེ།། རིགས་རེ་རེ་ལ་བཅུ་དགུ་དགུའོ།། སྒྱུ་འཕྲུལ་མངོན་པར་བྱང་ཆུབ་པ།། ཚིག་གི་བདྲིག་པོས་ཚིགས་བཙོད་ནས།། ཡ་ཏེ་ནེ་མའི་མཐའ ་ཚིག་གསུམ།། མ་ལུས་པ་དང་དེ་བཞིན་དུ།། རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི།། འདི་ལྟར་སངས་རྒྱས་བཅོམ་ལྡན་ནས།། ཚིག་ཀུན་གསལ་བར་བྱེད་པའི་མཐར།། གཉིས་ཏེ་ལྔ་ཡིས་སྤྱི་གཙུག་འཁོར།། བྱམས་ཆེན ་རང་བཞིན་ཞེས་པ་ནས།། ཐེག་པ་ཆེན་པོའི་ཚུལ་མཆོག་མཐར།། ཚིགས་བཅད་བཞི་དང་པདྨ་གཤེགས་ཀྱི།། ཉི་ཤུ་རྩ་ལྔ་འཆང་བ་དང་།། མེ་ལོང་རྡོ་རྗེ་འཛུགས་བྱེད་ནས།། གླང་ཆེན་ཀོ་རློན་ཞེས་པའི་མཐུར།། ཚིགས་བཅད ་གསུམ་དང་རྐང་གཅིག་སྟེ།། སུམ་ཅུ་རྩ་གཉིས་དཔྲལ་འཁོར་ལོ།། རྡོ་རྗེ་དབྱིངས་ཀྱི་དུམ་བུ་ཡི།། མཆོད་པ་ཆེན་པོ་ཆགས་ཆེ་ནས།། སྨོན་ལམ་ཡེ་ཤེས་རྒྱ་མཚོའི་མཐར།། ཚིགས་བཅད་བརྒྱད་ཀྱིས་སྙིང་འཁོར་ལོ།། མེ་ལོང་ལྟ་བུའི ་ཡ་ཤེས་ཀྱི།། དྲག་ཆེན་ཧ་ཧ་ཞེས་བསྒྲགས་ནས།། སྒྲ་དང་ལྡན་མཐར་ཚིགས་བཅད་བདུན།། ལྟེ་བའི་འཁོར་ལོའི་ཚིག་དུ་འགྱུར།། སོ་སོར་རྟོག་པའི་ཡེ་ཤེས་ཀྱི།། བཞི་བཅུ་རྩ་གཉིས་འཆང ་བ་དང་།། མཉམ་ཉིད་ཡེ་ཤེས་དཀྱིལ་འཁོར་གྱི།། འདོད་པའི་དོན་གྲུབ་དམ་པ་ནས།། རྣམ་པ་ཀུན་རིག་སངས་རྒྱས་པར།། ཚིགས་སུ་བཅད་པ་བ་ཅོ་ལྔ་སྟེ།། སྤྱི་སྡོམ་དྲུག་ཅུ་རྩ་བཞི་ཡིས།། ལྟེ་བའི་འཁོར་ལོར་རབ་ཏུ ་གྲགས།། མཉམ་ཉིད་ཡེ་ཤེས་དགུ་ལས་པའི།། སངས་རྒྱས་ཀུན་གྱི་སྤྲུལ་སྐུ་ནས།། སངས་རྒྱས་ཀུན་གྱི་རང་བཞིན་མཐར།། བརྒྱད་ནི་མགྲིན་པའི་འཁོར་ལོ་རཾ་བཞེད།། བྱེ་བ་གྲུབ་པའི་ཡེ་ཤེས་ཀྱི།། ཚིགས་བཅད ་བཅོ་ལྔ་ཚང་བ་ལ།། མཉམ་ཉིད་མཐའ་མའི་ཚིག་བསྣུན་པས།། བཅུ་དྲུག་གསང་བའི་འཁོར་ལོའོ།། སྒྱུ་འཕྲུལ་མངོན་པར་བྱང་ཆུབ་དང་།། རྡོ་རྗེ་དབྱིངས་དང་དེ་བཞིན་གཤེགས།། རྡོ་རྗེའི་རིགས་དང་པདྨའི་རིགས ་རིན་པོ་ཆེ་དང་ལས་རིགས་བདུན།། ཚིགས་བཅང་བརྒྱ་དང་སུམ་ཅུ་གསུམ།། ནང་གི་འཁོར་ལོ་དྲུག་པའོ།། འདས་གྲངས་ཚིགས་བཅད་གྲངས་ཀྱང་མོཉམ།། གནས་ལུགས་གོང་དུ་བསྟན་པ་ཡིན།། ལས་ཀྱི ་འཁྲུལ་འཁོར་སྐབས་འདིར་བྱ།། བསྟོད་པའི་རིམ་པར་ཕེ་བ་ལ།། ཚིག་རྐང་ཉི་ཤུ་ཚིགས་བཅད་ལྔ།། མེ་ལོང་ཆོས་དབྱིངས་སོ་སོར་རྟོག། མཉམ་ཉིད་བྱ་གྲུབ་གོ་རིམས་བཞིན།། བྱང་སེམས་རྡོ་རྗེའི་འཁོར་ལོ་ལ།། ་ཚིགས་བཅད་ལྔ་པོ་ཀུན་གྱིས་བསྟོད།། ལྷག་མ་འཁོར་ལོ་ལྔ་ལ་ནི།། བདུད་རྩི་ཚིགས་བཅད་རེ་རེ་དང་།། སྦྱར་ཞིང་སོ་སོར་བསྟོད་པར་བྱ།། རིགས་ཀུན་བསྡུས་པའི་འཁོར་ལོ་ལ།། དང་པོའི་སྒོ་ལ་ཀུན་གྱིས་བསྟོད།། ལྷག་མ་སྒོ ་རྣམས་སོ་སོ་ལ།། ཚིགས་བཅད་ཡེ་ཤེས་བསྟན་ཞིང་བསྟོད།། གསང་བ་ལུས་ཀྱི་འཁོར་ལོ་ལ།། བསྟོད་པ་དག་དང་ཡེ་ཤེས་སུ།། སྦྱར་ཏཱི་དང་པོ་འདུད་བཞིའོ།། མཆོག་གི་དགའ་བཞི་མེ་ལོང་ངོ་།། ལྷག་མ་བཞི་ཚིག་བཅུ ་དྲུག་གོ། དགའ་བ་བཅུ་དྲུག་རིམ་པ་བཞིན།། ཆོས་དབྱིངས་ཀུན་རྟོག་མཉམ་ཉིད་དང་།། བྱ་གྲུབ་རིམས་བཞིན་འདུད་བཞི་བཞི།། ནོ་ང་གི་རྒྱས་བཤད་འདིར་མ་བྱས།། གསང་བའི་ཕྱིར་དང་མདོར་བསྡུས་ཕྱིར།། ཕན་ཡོན ་བརྗོད་པའི་གཞུང་ཚ་ནི།། བརྒྱ་དང་ལྔ་བཅུར་ཤེས་པར་བྱ།། ལག་ན་རྡོ་རྗེ་རྡོ་རྗེ་འཆང་།། ཞེས་པ་བོས་ནས་གསུངས་བདུན་ལ།། དང་པོ་གཉིས་ཀྱི་འཁོར་ལོ་ནི།། དང་པོ་ཡི་ནི་ཕོན་ཡོན་བསྟན།། ལྷ་ག་མཽ་བཞི་ནི་འཁོར ་ལོ་བཞིའི།། རཱི་མེ་པ་བཞིན་དུ་ཕན་ཡོན་ཡིན།། ཞེས་པ་རང་ལྀ་བསྡུས་ཕན་ཡོན།། ཡང་ན་ཀློག་སེམས་ལ་སོགས་སོ།། གསང་སྔགས་རིམ་པར་དབྱེ་བ་ཡིས།། གཞུང་ཚད་ཚིགས་བཅད་ཕྱེད་དང་བཞི།། དེ་ལ་དབྱེ་ན་རྣམ ་གཉིས་ཏེ།། ཨོཾ་ཞེས་པ་ནས་ཨཾ་ཨཿམཐར།། རྩ་བའི་སྔགས་སུ་ཤེས་པར་བྱ།། པྲ་ཀྲྀ་ཏི་ནས་ཨ་ཡི་མཐར།། ཕྲེང་བའི་སྔགས་ཞེས་བྱ་བ་ཡིན།། སྙིང་པོ་ལ་སོགས་སྔགས་ཀུན་ལ།། ཐུན་མོང་མིང་ནི་རྣམ་བཞི་སྟེ།། མགོན ་མེད་མཐའ་མེད་བསྡུས་པ་སྤྲུལ།། འདི་ནི་མཐའ་མེད་ཅེས་བྱ་ཡིན།། སྒྲ་ཀུན་བསྐྱེད་པའི་སྔོན་དུ་ནི།། བཟླས་དང་རྒྱུན་དུ་བཟླས་པ་དང་།། འཁོར་ལོ་དགོད་པར་བྱ་བ་དང་།། བྱ་བ་ཐམས་ཅད་འདིས་བྱེད་དེ།། སངས་རྒྱས ་མཛད་པ་ཀུན་བྱེད་ཕྱིར།། བསྡུས་བིའི་ཚིགས་སུ་བཅད་པ་ལ།། ཚིགས་རྐང་ཉི་ཤུ་ཚོགས་བཅང་ལྡེ།། འོད་གཤེགས་རྣམས་ཀྱི་དྲི་མེད་ཤེས་རབ་སྐྲ།། འཇམ་དབྱངོས་མཚན་གོ་སོལ་ཟབ་ཅིང་རྒྱ་ཆེ་བ།། ངེས་ལུང་མི་འགལ་བླ ་མས་མན་ངག་རྒྱུད།། དེ་ལ་བརྟེན་ནས་བདག་དོན་ཙམ་བརྩམས་ཏེ།། བཤད་མཛད་དགོངས་འགྲེལ་བདུག་གིས་འགལ་བ་མེད།། ཉེས་པ་ཅི་མཐོང་བ་དག་བློ་དཔྱ་བི་འི་རིགས།། བདག་པས་དམན་ལ་ཕན་པ་འགའ་སྲིད་ན།། དགེ ་དེས་འགྲོ་ཀུན་མཚན་མཆོག་རྟོགས་གྱུར་ཅིག།། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཁྲི་དྲུག་སྟོང་པ་ཏིངེ་འཛིན་དྲ་བའི་ལེའུ་ལས། འཕགས་པ་མཚན་ཡང་དག་པར་བརྗོད་པ་ཕན་ཡོན་དང་བཅས་པའི་བཤད་པ། ནོར་བུའི ་གླིང་དུ་འཁྲུངས་པ་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་ཅན། པ་ལ་སྣ་ཚོགས་གཟུགས་ཀྱིས་མཛད་པའི་འགྲེལ་པ། སྔགས་དོན་རྣམ་པར་གཟིགས་པ་དང་། དེའི་རྗེས་སུ་འབྲེང་བ་སློབ་དཔོན་ཆེན་པོ ་གཉིས་མེད་རྡོ་རྗེས་མཛད་དེ། ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་དང་སྦྱར་བའི་བསྡུས་དོན་མཚན་གྱི་སྒྲོན་མ་ཞེས་བྱ་བ་རྫོགས་སོ།། པྲདྡྷ་གུ་རུས་མཛད་དོ།། དགེའོ།། ་