| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ནཱ་མ་ས་གཱི་ཏཱ་བྲྀཏྟཱནཱ ་མཱརྠཔྲ་ས་ཀཀྵ་ར་རཱ་པ ་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ཞེས་བྱ་བ། འཇམ་དཔལ་གཞོན་ནུར་གྱུར ་བ་ལ་ཕྱག་འཚལ་ལོ།། ཟབ་ཅིང་རྒྱ་ཆེའི་སྐུ་མངའི་བའི།། འཇམ་པའི་དཔལ་ལ་ཕྱག་འཚལ་ཏེ།། སྐལ་ལྡན་རྣལ་འབྱོར་གང་ཞིག ་གིས།། རྗེ་བཙུན་མཚན་བརྗོད་རྟོགས་ཕྱིའི་ཕྱིར།། བཤད་པའི་རྒྱུད་དང་གདམ་ངག་ལ།། བརྟེན་ཏེ་འབད་པས་བཤད་པར་བྱ།། ་བཤད་ཚུལ་ལྔ་ཡི་སྒོ་ཕེ་ལ།། ཇི་སྙེད་རིགས་རྣམས་དག་བསྡུས་ཏེ།། ཕན་ཡོན་བཅས་པ་བཤད་པ་ཡིན།། དེ་ལ་འཇམ་དཔལ་ཡས་སདའི་མཚན་ཇི་ལྟར་ཡིན་པ་རྟོགས་པར་འདོད་པའི་ནོར་པྲ ་དབང་པོ་རབ་འབྲིང་གསུམ་དུ་འགྱུར་ཏེ་རབ་ལ་བཀའ་རྒྱུད་མདོའི་བདག་ཉིད་ཅན་འདིའི་མཚན་བཤད་པར་བྱ།། འབྲིང་ལ་གཞུང་དབུ་ཞབས་ཀྱི་དབྱེ་བ་བསྟན་པར་བྱ།། ཐ་མ་ལ་ཡི་འབྲུ་རེ་ནས་བསྟན་པར་བྱ། ་དེ་ལ་དྲིས་ལན་གྱི་ཚུལ་དུ་བཤད་པ་དང་།། མཐའ་སྔ་དེ་གསུམ་གྱི་ཚུལ་དུ་བཤད་པའི་དོན་གནས་སྐབས་སྦྱར་བར་བྱའོ།། དེ་ལ་དང་པོ་རབ་མགོ་སྨོས་པས་གོ་བནྡེ་ཀྱི་དོན་དུ་རྒྱུད་ཀྱི་མཚན་བསྟན་པ་འཕ ་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེསྤ་འདིས་བསྟན་ཏེ། དེ་ལ་འཕཊ་པ་ནི་གཉི་སྟེ། བརྗོད་བྱ་དོན་གྱི་སྒོ་ན་འཕཌ་བ་དང་། བརྗོད་བྱེད་ཆེ་གི་སྒོནྡ་འཕཌ་པྲོ།། དེ་ཡཱ་ཇི་ལྟར་བསྟྲཾ་སྣཱ་རབྲཱ་ལ་མཱདཱ་ན་ཉ་དཱིསྨ། ་བཞིན་དུ།། ཆོས་ཀྱང་དེ་བཞིན་གཉིས་སུ་གནས།། དོན་དང་ཡི་གེར་ཤེས་པར་བྱ།། ཞེས་གསུངས་པ་ལྟ་བུའོ།། དེ་ལ་བརྗོད་བྱ་དོན་གྱི་སྒོ་ནས་འཕགས་པ་ནི།། རྗེ་བཙུན་ཉིད་ལ་འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི ་མཐའ་གཉིས་ལས་འཕགས་ཏེ། མཐའ་གཉིས་ལ་ཞེན་པ་ནི་སྒྲིབ་པ་ཡིན་ཏེ། འདི་གཉིས་ལས་སྒྲིབ་པ་ཀུན་ལས་ངེས་པར་གྲོལ།། མཁའ་ལྟར་མཉམ་པ་ཉིད་ལ་གནས་ཤེས་འབྱུང་ངོ་།། བརྗོད་བྱེད་ཚིག་གི་སྒོ་ནས་འཕགས་པ་ནི་ཐབས་ཀྱི་ཐེག་པ་འདི ་ཉིད་ཡིན་ཏེ། ཐབས་མང་བ་དང་། ཐབས་མཁས་པ་དང་། ཐབས་སླ་བ་དང་། ཐབས་མྱུར་བ་དང་། བཞིས་འཕགས་ཏེ་དེ་ཡང་དོན་གཅིག་ན་ཡང་བྱེ་བྲག་ནི།། ཐབས་མང་བ་དང་མཁས་པ་དང་། དེ་བཞིན་སླ་དང་མྱུར་བ་ཡིས།། སྔགས་ཀྱི་བསྟན་པ་ཁྱད་པར ་འཕགས་ཞེས་འབྱུང་ངོ་།། དེ་ལ་ཐབས་མང་བ་ནི་གདུལ་བྱ་རྣམས་ཀྱི་བློ་ལ་ཇི་ལྟར་མོས་པ་ལ་མ་བཟློག་པར་གྲོལ་བའི་ཐབས་མཐའ་ཡས་པར་སྟོན་པའོ།། དེ་ཡང་ངེས་འབྱུང་ཀུན་གྱི་ལམ་ལ་གནས་ཞེས་སོ།། ཉོན་མོངས་མ་སྤངས་ཀྱང་གྲོལ་བའི་ཐབས ་ཤེས་པས་ཐབས་མཁས་པའོ།། དེ་ཡང་མཁས་པ་ཆེན་པོ་ཐབས་ཆེ་བ་ཞེས་པའོ།། སྒོ་གསུམ་དཀའ་ཐུབ་ཀྱིས་མ་གཟིར་བར་འདོད་པའི་ལོངས་སྤྱོད་ལ་གནས་བཞིན་དུ་གྲོལ་བའི་ཐབས་སྟོན་པས་ཐབས་སླ་བའོ།། དེ་ཡང་ལོངས་སྤྱོད་རྫོགས་སྐུ་ཀུན ་གྱིས་རྒྱལ་ཞེས་སོ།། ཐབས་ཀྱི་ཐེག་པའི་རིགས་ཅན་གྱིས།། ཐམས་ཅད་གཉིས་མེད་དུ་རྟོགས་པས།། ཚེ་འདི་ཉིད་ལ་བྱང་ཆུབ་འགྲུབ་པས་ཐབས་མྱུར་བའོ།། དེ་ལ་འཇམ་དཔལ་ནི་དབྱེན་རྣམ་པ་ལྔ་སྟེ། རང་བཞིན་རྒྱུའི་འཇམ་དཔལ་དང་། སྒོམ་པ་ལམ ་འཆས་པ་མཐ་ཐག་བབས་པའི་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་དང་། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་།། དེ་ལ་རང་བཞིན་རྒྱུའི་བཇན་@ ་མེ་འགྱུཔར་འགྲོ་ཁྱབ་པའོ།། ཕྲ་ཞིང་ཟག་མེད་ས་བོན་བྲལ་ཞེས་འཐུང་ངོ་།། དེ་ལ་མཚན་མེའི་རྣམ་པརུ་བ་བ་དང་རྟོགས་ས ་སོག། ལམ་གྱི་ཆོས་སུ་གྱུར་པ་རྣམས་ཡིན་ཏེ། འདི་ཉིད་ལས། ངེས་འབྱུང་ཀུན་གྱི་ལམ་ལ་གནས་ཞེས་འབྱུང་ངོ་།། དེ་ཉིད་ཀྱིས་གནས་སྤངས་རྣམས་ནི་སྤངས ་ལས་བདག་དང་གཞན་གྱི་དོན་འབྱུང་བས་དཔལ་ལོ།། མཐར་ཐུག་འབྲས་བུའི་འཇམ་དཔལ་ནི་སྐུ་གསུམ་ཡེ་ཤེས་ལྔའི་བོ་བ་ཉང་ལ་བྱ་སྟེ། འང་ཉིད་ལས་མཆོག་གི ་ས་ནཱ། ཆོས་སུ་སྒྲ་མེ་ཁའ་ལྔ་བུ་ལ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་སྣང་མཛད་སྤྲིན་ལྟ་བ་འཐུང་པོ་དེ་ལས་སྦྲུལ་ས་ཤཱཀྱ་ཐུབ་པ་ཚོར་ལྟ་བུས་འགྲོ་བའི་ངང་མ ་ན་ལོངས་སྤྱོང་རྩིགས་པའི་སྐུ། གི་པ་སྣ་ཚོགས་སུ་འཆང་བ་སྤྲུལ་པའི་སྐུ། ཇི་ལྟར་སྣང་ཡང་ངན་སྐྱེ་མེང་པ་ལས་མི་བངས་པ་ཆོས་ཀྱི་སྐུའོ།། དེ་ལ་ཡེ་ཤེས་ལ ་ཀྱི་ཡེ་ཤེས། དེ་ཉིད་གསལ་ལ་རྟོག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས། དེ་གཉིས་སུ་དབྱེར་མེད་ཅིང་བླང་དོར་མེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་གསལ་བ་ནི་སོ་སོར་རྟོག་པའི་ཡེ་ཤེས ་བདག་དང་གཞན་གྱི་དོན་རྩོལ་བ་མེད་པར་གྲུབ་པས་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ།། དེ་ཡང་འདི་ཉིད་ལས། ཁྱབ་བདག་ཡེ་ཤེས་ལྔའི་བདག་ཉིད་ཅེས་འབྱུང་ངོ་།། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་ནི་རྣལ་འབྱོར་པའི་ཏིངངེ་འཛིན་གོམས་པའི་མཐུས ་ལྷའི་སྐུའི་ཞལ་མཐོང་བའོ།། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ནི་སྐུའི་གཟུགས་བརྙན་དུ་གྱུར་པ་རལ་བལ་ལ་རི་མོ་བྲིས་པ་དང་། ཟངས་ལྕགས་ལ་འབུར་དུ་གཏོད་པ་དེ་རྣམས་སོ།། ཀྱི་ཞེས་པ་ནི་འབྲེལ་པའི་ཡི་གེ་སྟེ། ཇི་སྐད་དུ་སྨོས་པའི་ཡོན་ཏན ་རྣམས་དང་། ཡོན་ཏན་ཅན་རྗེ་བཙུན་འཇམ་དཔལ་དུ་འབྲེལ་པར་སྟོན་ཏེ། བརྒྱ་བྱིན་གྱི་བ་ཁྲ་མོ་ཞེས་བྱ་བ་ལྟ་བུའོ།། མཚན་ཡང་དག་པར་བརྗོད་པ་ཞེས་པ། མཚན་ནི་འོག་ནས་འབྱུང་བའི་ཡོན་ཏན་གྱི་ཆོས་རྣམས་ཡིན་ལ། ཡོན་ཏན་དེ་དོག་དང་རྗེ་བཙུན་ཉིད ་ན་ལ། ལྡན་པ་ཁོ་ན་ལྟར་བརྗོད་པའོ།། ཚུལ་ཇི་ལྟར་བརྗོད་ན་གཉིས་ཏེ། ཟབ་པའི་དོན་གྱི་སྒོ་ནས་བརྗོད་པ་དང་། རྒྱ་ཆེ་བ་ཚིག་གིས་སྒོ་ནས་བརྗོད་པའོ།། དོན་གྱི་སྒོ་ནས་བརྗོད་པ་ནི་དོན་གཉིས་ས་སུ་མེད་པའི་ཡེ་ཤེས་སུ་གསལ་བའོ།། ཚིག་གིས་སྒོ་ནས ་བརྗོད་པ་ལ་གསུམ་སྟེ། མཚན་ཉིད་གཉིས་སུ་མང་བའི་ཚུལ་དུ་བརྗོད་པ་དང་། གསང་སྔགས་ཀྱི་ཚུལ་དུ་བརྗོད་པ་དང་། ཡོན་ཏན་གྱི་ཚུལ་དུ་བརྗོད་པའོ།། དེ་ལ་མཚན་ཉིད་གཉིས་སུ་མེད་པའི་ཚུལ་དུ་བརྗོད་པ་ནི་རང་གི་སེམས་ཀྱི་མཚན་ཉིད་གཉིས་སུ་མེད ་པའི་ཡེ་ཤེས་སུ་ངོ་ཤེས་པར་བྱས་ལ་མཚན་བརྗོད་པར་བྱ་སྟེ། བརྗོད་པའི་སྒྲ་དེ་དག་བྱུང་ཡང་སྐྱེ་འགག་མེད་པའི་དབུ་ལས་བྱུང་ལ། ཐིམ་ཡང་དེ་ཉིད་དུ་ཐིམ་སྟེ། མདོར་ན་ཆོས་ཀྱི་རང་སྐུར་ཤེས་པར་བྱའོ།། འདི་ཉིད་ལས། གཉིས་མེད་གཉིས་སུ་མེད ་པར་སྟོན།། ཡང་དག་མཐའ་ལ་རྣམ་པར་གནས་ཞེས་འབྱུང་ངོ་།། མཚན་སྔགས་ཀྱི་ཚུལ་དུ་བརྗོད་པ་ནི། བདག་ཉིད་རྗེ་བཙུན་འཇམ་དཔལ་དུ་བསྒོམས་ཏེ། མཚན་བརྗོད་པ་ཐུགས་ཀའི་མུཾ་ལས་འོད་ཟེར་འཕྲོས་པས་འཕགས་པ་མཆོད་པ་དང་། སེམས ་ཅན་གྱི་དོན་བྱས་སླར་རང་གི་ཐུགས་ཀཱར་ཐིམ། ཡང་སྔ་མ་ལྟར་སྤྲོ་ཞིང་བསྡུས་ཏེ། མཚན་བཀླག་པ་མཐོན་གྱི་བར་དུ་ཅི་རིགས་སུ་བྱ་བའོ།། དེ་ཡང་འདི་ཉིད་ལས་གསང་སྔགས་ཚུལ་ཆེན་ཉིད་ཅན་ཞེས་འབྱུང་ངོ་།། མཚན་ཡོན་ཏན་གྱི་ཚུལ ་དུ་བརྗོད་པ་ནི་རྗེ་བཙུན་འཇམ་དཔལ་ཉིད་ལ་འཁོར་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་དང་རང་སངས་རྒྱས་དཔག་ཏུ་མེད་པས་བསྐོར་བ། མདུན་གྱི་ན་མཁའ་ལ་སྤྱན་དྲངས་ཡ་མཚན་བརྗོད་པར་བྱ་སྟེ། འདི་ཡང་ཁྱོད་ཀྱི་ཡོན་ཏན ་ཡིན་ཞེས་དམིགས་པའོ།། དེ་ཡང་འདི་ཉིད་ལས། དེ་བཞིན་གཤེགས་པའི་ཡོན་ཏན་མཚོ་ཞེས་འབྱུང་ངོ་།། དེ་དག་ཀྱང་བསྡུ་ན་དོན་ཟབ་པ་དང་། ཚིག་རྒྱ་ཆེ་བ་གཉིས་ཏེ། འདི་ཉིད་ལས། ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོགས་པ་ཞེས་འབྱུང་ངོ་།། ད་ནི་བར་ཆད ་ཉེ་བར་ཞི་བར་བྱ་བའི་ཕྱིར་ཕྱག་བཙལ་བ་བསྟན་པ་ནི། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལོ།། ཞེས་སྨོས་ཏེ། ཕྱག་ན་རྡོ་རྗེས་ཤཱཀྱ་ཐུབ་པ་ལ་ཞུས་ནས། གླེགས་བམ་དུ་སྡུད་པའི་དུས་སུ། ཀླད་དུ་ཡི་དམ་ལྷ་ལ་ཕྱག་འཚལ་བ་ཡིན་ཏེ། འོ་ན་ཕྱག་ན ་རྡོ་རྗེ་ལ་ཡང་བར་ཆང་འབྱུང་ངམ་ཞེ་ན་མ་ཡིན་ཏེ། རྗེས་འཇུག་གི་དོན་དུ་དགོངས་པའོ།། དེ་ལ་འཇམ་དཔལ་ནི་གོང་དུ་བཤད་ཟིན་ཏོ།། སྐུ་དུས་གསུམ་དུ་བགྲེས་ཆུང་མི་མངའ་བས་གཞོན་ནུ་སྟེ། རྟག་ཏུ་ད་ལྟར་འཟུང་བ་ལྟ་བུའི་ཚུལ་དུ་བཞུགས ་ཕའོ། ལ་ནི་དགར་བའི་ཡི་གེ་སྟེ་འཇམ་དཔལ་ཉིད་ལའོ།། ཕྱག་འཚལ་ལོ་ཞེས་པ་ཟབ་པ་དོན་རྟོགས་པའི་ཕྱག་དང་། རྒྱ་ཆེ་ལུས་ངག་ཡིད་གསུམ་གུས་པའི་ཚུལ་གྱི་ཕྱག་བཙལ་བའོ།། དེ་དབང་པོ་འབྲིང་གི་དོན་དུ་དབུ་ཞབས་ཀྱི་དབྱེ་བ་བསྟན་པ་ནི། བཤད ་པའི་རྒྱུད་ཀྱི་རྗེས་སུ་འབྲངས་ནས་ལེའུ་བཅུ་བཞིར་སྟོན་པ་ལས་དང་པོ་ཞུས་པའི་ལེའུ་བསྟན་པའི་ཕྱིར། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། ཞེས་པ་ལ་སོགས་པ་སྨོས་ཏེ། དོ་ནས་ཞེས་བྱ་བ་ལ་ནི་མཚམས་སྦྱར་བའི་ཚིག་ཡིན་ཏེ། གོང་དུ་རྩ་བའི་རྒྱུད་ལིའུ་ཁྲི་དྲུག ་སྟོང་པ་བཤད་པའི་རྗེས་སུ་མཚན་ཡང་དག་པར་བརྗོད་པ་མན་ངག་གི་སྙིང་པོ་གླུར་ལངས་པའི་ལེའུ་འདི་ཞུས་ཞེས་པའོ།། དཔལ་ནི་རྟོག་པ་བདག་གི་དཔལ།། ཐུགས་རྗེ་གཞན་གྱི་དཔལ་གཉིས་དང་།། ཕྱག་ན་རྡོ་རྗེ་ཉིད་ལྡན་པའོ།། རྡོ་རྗེ་འཆང་བ་ནི། ནང་ན ་ཟླབ་པ་དོན་གྱི་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པ་འཆུང་ངོ་།། དེ་ཡང་མི་ཕྱེང་རྡོ་རྗེ་ཞེས་བརྗོད་དེ། སེམས་དཔའ་སྲིད་གསུམ་གཅིག་པུའོ་ཞེས་འབྱུང་ངོ་།། དོན་དེ་ལྟ་བུ་དང་ལྡན་པའི་རྟགས་སུ་རྒྱ་ཆེ་བ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་བསྣམས་པའོ།། དེས་མཛད་པའི་ཕྲིན་ལས ་ཙི་མཛད་ཅེ་ན།། གདུལ་དཀའོ་འདུལ་པོ་རྣམས་ཀྱི་མཆོག། དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ་ཞེས་སྨོས་ཏེ། ཚངས་པ་དང་ཁྱབ་འཇུག་ལ་སོགས་ཏེ། གདུལ་དཀའ་བ་རྣམས་འདུལ་པོ་ལོ།། སངས་རྒྱས་ཐམས་ཅད་འདུས་ནིས་རི་རབ་ཀྱི་རྩེ་མོར་ཕྱག་ན་རྡོ་རྗེ་ལ་དབང ་བསྐུར་བས་མཆོག་ཅེས་བྱའོ།། རང་འཇིགས་པ་དང་བྲལ་ཞིང་གཞན་གྱི་དཔུང་འཇོམས་པས་དཔའ་ལ། ས་འོག་གི་བདག་པོ་མ་ཧཱ་དེ་བ་དང་། ས་སྟངས་ཀྱི་བདག་པོ་ཁྱབ་འཇུག། ས་བླའི་བདག་པོ་ཚངས་པ་དང་གསུམ་ནི་ཕྱི་རོལ་པའི་སྐུ་གསུང་ཐུགས་ཀྱི་ལྷ ་གསུམ་ཡིན་ལ། དེ་གསུམ་གཏུལ་བས་འཇིག་རྟེན་གསུམ་ལས་རྒྱལ་བའོ།། དེ་ཡང་ནང་དུ་ཉོན་མོངས་པ་གསུམ་བཏུལ་བའི་རྟགས་སོ།། དེའི་རིགས་དང་རྟགས་གང་ཞེ་ན། རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ་ཞེས་སྨོས་ཏེ།། རྡོ་རྗེའི་རིགས་ཡིན་པ་དང་། གསང ་སྔགས་ཀྱི་སྡུད་པ་པོ་རྡོ་རྗེ་ཐེག་པའི་མངའ་བདག་ཏུ་གྱུར་པས་ཀྱང་རྡོ་རྗེ་དབང་ཕྱུག་གོ།། གསང་བའི་དམ་ཚིག་དང་ལྡན་ཞིང་། ནང་གི་ཉོན་མོངས་པ་དང་ཕྱིར་གདུག་པ་ཅན་རྣམས་ལས་རྒྱལ་བར་རྒྱལ་ཞེས་བྱའོ།། དེའི་ཞལ་རས་ཅི་འདྲ་ཞེ་ན། པདྨ་དཀར་པོ་རྒྱས་འདྲའི ་སྤྱན།། པདྨ་རྒྱས་པའི་ཞལ་མངའ་བ་ཞེས་སྨོས་ཏེ། པདྨ་འདམ་ནས་སྐྱེས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པ་དང་འདྲ་བར། ཕྱག་ན་རྡོ་རྗེ་ཉིད་ཤིན་ཏུ་ཁྲོ་ཁྲོ་འདྲ་ཡང་ནང་ན་ཉོན་མོངས་པ་མེད་པས་དཀར་བའོ།། སྤྱན་ཀུན་ཏུ་ཟླུམ་པས་རྒྱས་འདྲའི་སྤྱན་ནོ།། དེའི ་ཕྱོཕྱག་མཚན་ཅི་འདྲ་ཞེ་ན། རང་གི་ལག་གིས་རྡོ་རྗེ་མཆོག། ཡང་དང་ཡང་དུ་གསོར་བྱེད་པ། ཅེས་སྨོས་ཏེ། ལྷག་གི་རྡོ་རྗེ་དེ་དྲོན་གྱིསྭཱ་རྟགས་སུ་བྱུང་བས་མཆོག་གོ། ཡང་དང་ཡང་དུ་གསོར་བྱེད་པ་ནི། བཅོམ་ལྡན་འདས་ཀྱི་རྗེས་ཆོས་ཀྱི་འཁོར་ལྀ་ཡང་ནས ་ཡོད་དུ་སྐོར་ཅིག་པར་ཞུ་བ་འབུལ་བའི་བརྡ་ཡང་ཡིན། ནང་ན་ཡེ་ཤེས་རྒྱུན་མི་འཆད་པར་མངའ་བའི་བརྡ་ཡང་ཡིན། དེའི་གྲོགས་གོང་དང་ལྷན་ཅིག་ཞུས་ཞེ་ན། འཁོར་ལིག་ན་རྡོ་རྗེ་ཁྲོ་ཚོགས་ལྔ་བརྒྱ་དང་ལྷན་ཅིག་ཏུ་ཞུས་པའི་ཕྱིར། ཁྲོ་གཉེར་རིམ ་པད་ལྡན་ལ་སོགས།། ལག་ན་རྡོ་རྗེ་མཐའ་ཡས་པ་ཅེས་སྨོས་ཏེ། ཁྲོ་གཉར་ནི་མཆེ་བྱ་གཙིགས་པ་དང་སྤྱན་བཟློག་པ་དང་། སྨིན་མཱ་བསྡུས་པ་དང་། འབྲི་གུ་ཏཱ་གྱེན་དུ་འགྲེང་བ་ལ་སོགས་པའོ།། ཁྲོ་ཚོགས་དེ་དག་ལ་ཡང་ཡོན་ཏན་དང་མཐུ་མཐའ་ཡས ་པ་དག་དང་ལྡན་པའོ།། དེ་དག་གིས་འབྱིན་ལས་ཅི་མཛད་ཅ་ན། དཔའ་བོ་གདུལ་དཀའ་འདུལ་བ་པོ་ཅེས་སྨོས་ཏེ། གོང་དུ་བཤད་པ་དང་འདྲའོ།། ཅིའི་ཕྱིར་འདུལ་དཀའ་ཞེ་ན། དྲུག་པོ་བཙོན་ཐབས་ཀྱིས་འདུལ་དགོས་པའི་ཕྱིར་རོ།། དེའི་ཉམས་ཅི་འདྲ་ཞེ་ན། འཇིགས་སུ་རུང ་དང་དཔའ་བྱད་ཅན་ཞེས་སྨོས་ཏེ། ཁྲོ་བོའི་ཆ་བྱད་དང་ལྡན་པའོ།། དེ་དག་གི་ཕྱག་མཚན་ཅི་ཞེ་ན་རྡོ་རྗེ་རྩེ་མི་རབ་འཕྲོ་བ།། རང་གི་ལག་གི་རྡོ་རྗེ་མཆོག་ཅེས་སྨོས་ཏེ། རྡོ་རྗེའི་རྩེ་མོ་ལས་རྡོ་རྗེ་ཕྲ་མོ་བྱུང་ནས་གདུག་པ་ཅན་འདུལ་བའོ།། དེ་དག་ཀྱང་གཙོ་བོའི་རྗེས་མཐུན་དུ ་སྤྱོད་པའོ།། དེ་དག་གིས་བསམ་པའི་ཁྱད་པར་ཅི་ཞེ་ན། སྙིང་རྗེ་ཆེ་དང་ཤེས་རབ་དང་། ཐབས་ཀྱི་ངན་འགྲོ་དོན་བྱེད་པའི་མཆོག། ཅེས་པ་ལ་སོགས་པ་སྨོས་ཏེ། འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་དང་ལྡན་པ་ནི་རྒྱ་ཆེ་བའོ།། ཤེས་རབ་ཀྱི་ཆོས་རྣམ་པར་འབྱེད་པ་ནི་ཟབ ་བཾའོ།། ཐབས་དེ་ལྟ་བུས་གཞན་དོན་བྱེད་པས་མཆོག་གོ། ཡོན་ཏན་གྱི་ཁྱད་པར་ཇི་ལྟ་བུས་ཞེ་ན། དགའ་མགྲོ་རེངས་པའི་བསམ་པ་ཅན། ཅེས་པ་འགྲོ་བའི་དོན་བྱེད་པ་ལི་དགའ།། སྟོན་པ་མཐོང་བ་ནི་མེགུ།། ཆོས་བཤད་པས་རྗེས་སུ་ཡི་རང་བའི་བསོམ་པ་ཡོད་པའོ།། ་གཟུགས་ཅི་དང་ལྡན་པས་སངས་རྒྱས་ཀྱི་འཕྲིན་ལས་བྱེད་ཅེ་ན། ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། སངས་རྒྱས་ཕྲིན་ལས་བྱེད་པའི་མགོན།། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ་ཅེས་སྨོས་ཏེ། རྒྱན་དང་རང་བཞིན་ཁྲོ་བར་གནས་ཤིང་མཛད་པ་བཅུ་གཉིས་སམ་འཕྲིན ་ལས་རྣམ་པ་བཞིའི་སྒོ་ནས་འགྲོ་བའི་དོན་མཛད་ལ། ཁྲོ་བོ་དེ་རྣམས་ཀྱིས་ཀྱང་བག་མེད་དུ་མ་ཡིན་ཏེ། ཤིན་ཏུ་གུས་པའི་ཚུལ་གྱིས་ལུས་བཏུད་ནས་བཞུགས་པའོ།། ཚུལ་ལམ་ཐབས་ཇི་ལྟར་ཞུས་ཅེ་ན། དེ་བཞིན་གཤེགས་པ་བཅོམ་ལྡན་འདས།། རྫོགས་སངས་རྒྱས་ལ ་ཕྱག་འཚལ་ནས།། ཐལ་མོ་སྦྱར་བ་བྱས་ནས་ནི།། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ་ཞེས་སྨོས་ཏེ། དེ་བཞིན་ཉིད་དུ་གཤེགས་པ་དང་། འགྲོ་བའི་དོན་ལ་གཤེགས་ཤིང་བདུད་བཞི་བཅོམ། ལེགས་པའི་ཡོན་ཏན་དུག་དང་ལྡན་པའི་ཆེ་བའི་ཡོན་ཏན་ཐམས་ཅད ་རྫོགས་པ། མ་རིག་པའི་སྒྲིབ་པ་སྤངས་ཤིང་ཡེ་ཤེས་རྒྱས་པ་སྟེ། དེ་ཡང་མ་རིག་པ་གཉིད་ནི་སྤངས་ཕྱིར་དང་། ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། སངས་རྒྱས་པདྨོ་ལྟར་སངས་རྒྱས་ཞེས་པ་ལྟ་བུའོ།། དེ་དག་གི་ཐལ་མོ་སྦྱར་བའི་བར་དུ་རྡོ་རྗེ་བཅུག་ནས། མདུན་དུ ་ཙོག་ཙོག་པོར་འདུག་ནས་ཞུས་པའོ།། དགོས་ཕྱེད་ཅིའི་དོན་དུ་ཞུས་ཞེ་ན། ཁྱབ་བདག་བདག་ལ་སྨན་པ་དང་། བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར།། སྒྱུ་འཕྲུལ་དྲ་བའི་མངོན་རྫོགས་པའི།། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད་ཅེས་སྨོས་ཏེ། བརྟན་གཡོ་ཀུན་ལ ་ཁྱབ་པས་ན་ཁྱབ་བདག་ཅེས་སྟོན་པ་ལ་བོས་ནས། འཁོར་བདག་ཅག་རྣམས་ལ་སྨན་པ་དང་། བདག་ལ་ཐུགས་བརྩེ་བར་མཛད་པས་ཐབས་དང་ཤེས་རབ་ཁྱད་པར་ཅན། ཟུང་དུ་འབྲེལ་པས་སྒྱུ་འཕྲུལ་དྲ་བ་སྟེ། དེའི་སྒོ་ནས་མངོན་པར་རྫོགས་པར་བྱང་ཆུབ་བདག ་གིས་ཐོབ་པར་མཛོད་ཅེས་པ་སྟེ། རང་དོན་གཞན་དོན་དང་འབྲེལ་པའོ།། འོ་ན་བདག་གི་དོན་ཞུས་པ་དེ་ཡིན་ན། གཞན་གྱི་དོན་དུ་ཞུས་པ་དེ་ཡིན་ཞེ་ན། ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་།། མི་ཤེས་འདམ་དུ་བྱིང་བ་ཡིས།། སེམས་ཅན་ཀུན་ལ་སྨན་པ་དང་།། བླ ་མེད་འབྲས་བུ་ཐོབ་བྱའི་ཕྱིར།། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཞེས་སྨོས་ཏེ། སྡང་ལ་སོགས་ཉོན་མོངས་པས་བྱང་ཆུབ་སེམས་ཆུ་རྙོགས་པ་ལྟ་བུར་དཀྲུགས་ཤིང་། དེ་ཁོ་ན་ཉིད་མི་ཤེས་ཏེ། གླང་པོ་ཆེ་འདམ་དུ་ཆུད་པ་ལྟར། སྡུག ་བསྔལ་གྱི་རྒྱ་མཚོར་ཚུང་པའི་སེམས་ཅན་ཀུན་ལ། དེ་ལས་བཟློག་ནས་ཚེ་འདིར་སྨན་པར་བྱ་བ་དང་། ཚེ་ཕྱི་མ་ལ་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་ཐོབ་པར་བྱ་བའི་ཕྱིར་ཡང་བཤད་དུ་གསོལ་ཞེས་བྱ་བའོ།། སྟོན་པ་གང་ལ་ཞུས་ཞེ་ན། རྫོགས་པའི ་སངས་རྒྱས་བཅོམ་ལྡན་འདས།། འགྲོ་བའི་བླ་མ་སྟོན་པ་པོ་ཅེས་སྨོས་ཏེ། རང་དང་གཞན་གྱི་དོན་ཐམས་ཅད་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོ་ཞུས་ཞེས་པའོ།། དེས་འགྲོ་བ་རྣམས་ལོ་ཆོས་སྟོན་པར་མཛད་པའོ།། སྟོན་པ་དེས་དོན་མི ་མཁྱེན་པ་མི་སྲིད་དམ་ཞེ་ན། དམ་ཚིག་ཆེན་པོ་དེ་ཉིད་མཁྱེན་ཅེས་སོ།། དོན་རྟོགས་པ་ལས་མི་མངའ་བས་དམ་ཚིག་ཆེན་པོ་སྟེ། དེ་ཉིད་ཇི་ལྟ་བ་མཁྱེན་པའོ།། དེས་གདུལ་བྱའི་དབང་པོ་དང་བསམ་པས་མཁྱེན་ཞེ་ན། དབང་པོ་བསམ་པ་མཁྱེན ་མཆོག་གིས་ཞེས་སྨོས་ཏེ། དབང་པོའི་བྱེ་བྲག་གང་ལ་གང་མོས་མཁྱེན་པའོ།། འོ་ན་ཆོས་གུང་ཞུ་ཞེ་ན། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ།། གཙུག་ཏོར་ཆེན་པོའི་ཚིག་གི་བདག། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡི།། ་མིང་ནི་ཡང་དག་བརྗིད་པའི་མཆོག། ཆོས་སྨོས་ཏེ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ་ནི་མེ་མོ་ཇི་ལྟར་ཐམས་ཅད་ལེ་གསལ་ཞིང་འཚར་གྱིས་མེ་ལིང་ལྟ་བུའི་ཡེ་ཤེས་སོ།། གཙུག་ཏོར་ཆེན་པོ་ནི་ཆོས་ཐམས་ཅད་མཉམ་པ་ཉིད་ཀུན་གྱི་སྤྱི་བོའི་གཙུག་ཏུ ་བསྐུར་བའི་འོས་ཡིན་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། ཚིག་གི་བདག་པོ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་མཁྱེན་པའི་སྒོ་ནས་ཆོས་ཀྱི་ཚིག་གསུངས་པ་སྟེ། སོ་སོར་རྟོག་པའི་ཡེ་ཤེས་སོ།། ཡེ་ཤེས་སྐུ་ནི་འགྲོ་བའི་བྱ་བ་གྲུབ་པར་བྱེད་པའི་སྐུ ་སྟེདེ་དེ་ཡང་ཡེ་ཤེས་ལས་གྲུབ་པའི་སྐུ་ཡིན་པས་བྱ་བ་གྲུབ་པའི་ཡེ་ཤེས་སོ།། རང་འབྱུང་བ་ནི་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་ཀྱིས་ཡེ་ཤེས་སོ།། འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི།། རྩ་བ་བྱང་ཆུབ་ཀྱི་སེམས་ཏེ།། ཡེ་ཤེས་ཆེན་པོ་མཉམ་པ་ཉིད་ལ་སེམས ་ལར་ཐུགས་རྗེས་འགྲོ་བའི་དོན་ལ་སེམས་དཔའོ།། དེའི་རྟགས་གཟུགས་སྐུར་བྱུང་བ་ལ་ཡང་དེ་སྐད་ཅེས་བྱའོ།། ཚིག་དོང་དོན་གྱི་སྒོ་ནས་དེའི་མིང་ཡང་དག་པར་བརྗོད་པ་ནི་གཞན་པས་དོན་ཆ་བས་ན་མཆོག་གོ།། མདོར་ན་ཡེ་ཤེས་ལྔ་བྱང་ཆུབ་སེམས་དང་དྲུག ་རོ་གཅིག་པའི་ཆོས་གཅིག་ཞུས་པའོ།། འོ་ན་མིང་ལས་དོན་མ་ཞུས་སམ་ཞེ་ནི། དོན་ཟབ་དོན་ནི་རྒྱ་ཆེ་ཞིང་།། དོན་ཆེན་མཚུངས་མེད་རབ་ཞི་པ།། ཐོག་མ་བར་དང་མཐར་དགེ་བ། ཞེས་སྨོས་ཏེ། ཅིའི་ཕྱིར་ན་དོན་ཟབ་ཅེ་ན། དོན་ཆེན་པོ་གསང་སྔགས་ཀྱི་དོན་ཆོས ་མཉམ་པ་ཉིད་ཡིན་པས་ཀྱང་ཟབ། ཆོས་གང་དང་ཡང་མཚུངས་པ་མེད་པས་ཀྱང་ཟབ། སྤྲོས་པའི་མཚན་མ་རབ་ཏུ་ཞི་བས་ཀྱང་ཟབ། དགེ་བ་གསུམ་གྱི་རྒྱུ་དང་ལྡན་པས་ཀྱང་ཟབ། དུས་གསུམ་གྱི་སངས་རྒྱས་ཀྱིས་གསུངས་པས་ཀྱང་ཟབ། རྡོ་རྗེ་ཐེག་པའི ་གླུ་ཡིན་པས་གང་ཟབ། དེ་ལྟར་བརྗོད་བྱ་ཟབ་པས་བརྗོད་བྱེད་ཀྱང་ཟབ་བོ།། རྒྱ་ཆེ་བ་ནི་རྣམ་སྤྲུལ་སྣ་ཚོགས་སུ་སྣང་བའོ།། གང་དང་ཡང་མི་མཉམ་པས་མཚུངས་པ་མེད་པའོ།། སྤོས་པའི་མཐའ་ཐམས་ཅད་རབ་ཏུ་ཞི་བ། ཐོག་མར་དགེ་བ་ཐོས་པའི་ཤེས་ར ་བར་དུ་དགེ་བ་བསམ་པའི་ཤེས་རབ།། ཐ་མར་དགེ་བ་བསྒོམ་པའི་ཤེས་རབ་བོ།། ཅིའི་ཕྱིར་དགེ་ཞེ་ན། ཉོན་མོངས་པ་རྩད་ནས་འབྱིན་པ་དགེ་བའོ།། དེ་སུས་གསུངས་ཞེ་ན། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། མ་འོངས ་རྣམས་ཀྱང་གསུང་འགྱུར་ལ།། ད་ལྟར་བྱུང་བ་རྫོགས་སངས་རྒྱས།། ཡང་དང་ཡང་དུ་གསུང་བ་གང་ཞེས་སྨོས་ཏེ། རྒྱལ་བ་ཤཱཀྱ་ཐུབ་པས་རི་བྱ་རྐང་ཅན་དུ་ཕྱག་ན་རྡོ་རྗེ་ལ་འདི་གསུངས་པའི་དུས་སུ། དེའི་བྱིན་གྱིས་བརླབས་ཀྱིས་བྱང་ཕྱོགས་ཀྱི་འཇིག ་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་པདྨོ་མཆོག་ཅེས་བྱ་བས་ཀྱང་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ།། དེ་བཞིན་དུ་ཕྱོགས་ལྔ་པོར་ཡང་གསུངས་སོ།། ཆོས་ཉིད་ཀྱི་མཁའ་རྣམ་པར་དག་པར་ཀྱང ་སངས་རྒྱས་རྡོ་རྗེ་འཆིང་གི་འཁོར་གྱི་དེ་བཞིན་གཤེགས་པ་ལ་འདི་གསུངས་སོ།། དཔལ་རྣམ་པར་སྣང་མཛད་ཀྱིས་ཀྱང་འོག་མིན་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ།། རི་རབ་ཀྱི་རྩེར་སྤྲུལ་སྐུ་འཁོར་ལོ་སྒྱུར་བ་ལྟ་བུས་ཀྱང་སུམ་ཅུ ་རྩ་གསུམ་པའི་ལྷ་རྣམས་ལ་འདི་གསུངས་སོ།། དགའ་ལྡན་གྱི་གནས་སུ་ཡང་ལྷ་རྣམས་ལ་རྒྱལ་བ་བྱམས་པས་འདི་གསུངས་སོ།། དེར་ཡང་མ་ཟད་དེ་རྡེའུ་དང་། ཤིང་བུ་དང་ན་མཁའ་ལ་སོགས་པ་ལ་ཡང་འདིའི་སྒྲ་གྲགས་པ་འབྱུང་།། དེ་ཡང་སེམས་དཔའ ་མཆོག་གི་བསྟན་པ་ནི།། དབང་སྦྱོར་བ་དང་རྟོགས་པ་དང་། ཁ་དང་གཟུགས་ནི་ཐམས་ཅད་དང་།། ནམཁོའ་ལས་ཀྱང་གྲགས་པར་གྱུར་ཞེས་བྱ་བ་འབྱུང་ངོ་།། དེ་ཉིད་རྩ་བའི་རྒྱུད་ཁྲི་དྲུག་སྟོང་པར་ཡང་ལན་ཅིག་བཤད། ཕྱིས་དཀའ་བ་སྤྱོད་པ་འདིར་ཡང་ལན་ཅིག ་དེཤཱཀྱ་ཐུབ་པས་ལན་གཉིས་བཤད་པའོ།། སྒྱུ་འཕྲུལ་དྲ་བ་གླུར་བླངས་པའི་དོན་གང་ཡིན་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས།། རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་།། དཔག་མེད་རྣམས་ཀྱི་དགའ་བཞིན་དུ། གླུར་བླངས་གང་ལགས་བཤད་དུ་གསོལ། ཅེས་པ་རྩ་བའི ་རྒྱུད་སྒྱུ་འཕྲུལ་དྲ་བ་ལ་སོགས་པར་རྡོ་རྗེ་འཆང་གིས་ཀྱང་དོན་དཔག་ཏུ་མེད་པའི་རྡོ་རྗེའི་གླུ་གསུངས་ནས། འཁོར་རྣམས་དགའ་བ་སྐྱེད་པ་དེ་བཞིན་དུ། བདག་ཅག་ལ་ཡང་བཤད་དུ་གསོལ། ཞེས་པའོ།། ཞུས་པའི་དོན་དེ་གཟུང་བར་ཁས་བླངས་པ་ནི།། མགོན ་པོ་རྗེ་རིགས་སངས་རྒྱས་ཀུན་གྱི།། གསང་འཛིན་ཅི་ནས་བདག་འགྱུར་ཕྱིར།། ངེས་པར་འབྱུང་གི་བར་དུ་འདི།། བདག་གི་བསམ་པ་བརྟན་པོས་གཟུང་ཅེས་སྨོས་ཏེ། སངས་རྒྱས་ཀྱིས་གསུངས་པའི་གསང་སྔགས་རྣམས་བདག་འཛིན་པར་གྱུར་པའི་ཕྱིར། ངེས་པར ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བདག་གིས་བསམ་པ་ལ་ཐེ་ཚོམ་མེད་ཅིང་བརྗོད་པ་མེད་པར་གཟུང་ངོ་ཞེས་ཁས་བླངས་པའོ།། གཞན་དོན་དུ་བཤད་པར་ཁས་བླངས་པ་ནི། ཉོན་མོངས་མ་ལུས་གསལ་བ་དང་།། མི་ཤེས་མ་ལུས་སྤངས་པའི་ཕྱིར།། བསམ་པའི་ཁྱད ་པོར་ཇི་བཞིན་དུ།། སེམས་ཅན་རྣམས་ལ་བཤང་བྱུར་འཚལ་ཞེས་སྨོས་ཏེ། བཟུང་ནས་ཅི་བྱེད་ནཱ། སེམས་ཅན་གྱི་རྒན་མོངས་པ་མ་ལུས་གསལ་བ་དང་། དེའི་རྒྱུ་མི་ཤེས་པ་དང་མ་རིག་པ་སྨྱུང་བའི་ཕྱིར་བཤང་།། དེ་ཡང་བསམ་པ་ཇི་ལྟར་མོས་པའི་ཁྱད ་ཤེས་པར་བྱས་ནས་བཤད་ཀྱི་ཐུན་མོང་དུ་མ་ཡིན་ནོ།། ལུས་ངག་ཡོད་གསུམ་གུས་པའི་ཚུལ་གྱིས་ཞུས་པ་ནི། གསང་དབང་ལག་ན་རྡོ་རྗེ་ཡིས།། དེ་བཞིན་གཤེགས་ལ་དེ་སྐད་དུ།། གསོལ་ནས་ཐོལ་མོ་སྦྱར་བྱས་ཏེ། ལུས་བཏུད་ནས་ནི་སྤྱན་སྦྱར་འདྲོག། ་པ་ནི་ཕྱག་ན་རྡོ་རྗེས་ཤཱཀྱ་ཐུབ་པ་ལ་ཐལ་མོ་སྦྱར།། ལུས་གུས་པའི་ཚུལ་གྱིས་བརྒྱུད།། གདུན་པདྨ་ལ་འཕགས་ནས་གསོལ་པ་བཏབ་པའོ།། ང་ནི་ལན་གསུངས་པའི་ལེའུ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། རྫོགས་པའི ་སངས་རྒྱས་དང་གཉིས་མཆོག། ཅེས་པ་ལ་སོགས་པ་སྨོས་ཏེ། སྡོད་པ་པོས་སྟོན་པ་ལ་ཞུས་མ་ཐག་པའི་རྗེས་དེ་ནས་ཞེས་བྱ་བར་མཚམས་སྦྱར་རོ།། ཕུང་པོ་དང་། ཉོན་མོངས་པ་དང་། ལྷའི་བུ་དང་། འཆི་བདག་གི་བདུད་བཞི་བཅོམ་ལ། དཔལ་དང་གྲགས ་དང་ཡེ་ཤེས་དང་།། དབང་ཕྱུག་དང་ནི་གཟུགས་བཟང་དང་།། བརྩོན་འགྲུས་ཕུན་སུམ་ཚོགས་པ་དང་ལྡན་པ།། རྒྱལ་པོ་ཤཱཀྱའི་རིགས་སུ་སྐྱེས་པོས་ཀྱང་ཤཱཿ་ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་རང་བཞིན་གྱི་ཐུབ་པས་ཐུབ་ཅེས་བྱའོ།། ་བདག་དང་གཞན་གྱི་དོན་ཐམས་ཅད་རྫོགས་ཤིང་། སྒྲིབ་པ་ཐམས་ཅད་སྤངས་ཤིང་ཡེ་ཤེས་རྒྱས་པའོ།། མི་དང་ལྷ་རྐང་གཉིས་སུ་གནས་པོའི་གཙོ་བོར་གྱུར་པས་མཆོག་གོ།། ཡང་ན་སྐུ་མཆོག་ཏུ་གྱུར་པས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་དང་། གསུང་མཆོག ་ཏུ་གྱུར་པས་ཚངས་པའི་དབྱངས་ལྟ་བུ། ཐུགས་མཆོག་ཏུ་གྱུར་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཡོན་ཏན་མཆོག་ཏུ་གྱུར་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་ཟད་པ་མེད་པ་དང་། འཕྲིན་ལས་མཆོག་ཏུ་གྱུར་པས། འགྲོ་དོན་ལ་ཐོགས་པ་མེད ་པ་དང་། དེ་ལྟར་མཆོག་རྣམ་པ་ལྔ་དང་ལྡན་པའོ།། དེས་ཚུལ་ཇི་ལྟར་བཤད་ཅེ་ན། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ།། རིང་ཞིང་ཡངས་པ་བརྐྱང་མཛད་དེ་ཅེས་པ་ལ་སོགས་པ་སྤྲོས་ཏེ། ཤཱཀྱ་ཐུབ་པ་དེ་ཉིད་ཀྱི་ལྗགས་དེ་ནི་དམ་པའི་ཆོས་འབྱུང་བའི་གནས་ཡིན་པས ་བཟ་འ་དང་། ལྕགས་ཀྱི་མི་དགེ་བའི་ཆོས་མི་གསུང་བས་བཟང་བའོ།། དེའི་མཚན་ཉིད་ནི་རིང་ཞིང་ཞལ་ཡི་ནང་དུ་ཡངས་པའི་ལྗག་རྐྱེ་བའོ།། དེ་ལས་ཅི་མཛད་ཅེ་ན། འཇིག་རྟེན་གསུམ་པོ་སྣང་མཛད་ཅིང་། བདུད་བཞིའི་དགྲ་རྣམས་འདུལ་མཛད་པ།། སེམས ་ཅན་རྣམས་ཀྱི་ངན་སོང་གསམ། སྤོང་བར་བྱེད་པའི་འཛུམ་བསྟན་ནས་ཞེས་སྨོས་ཏེ། སྨྲར་དེ་བཞིན་གཤེགས་པ་ལ་རང་ཡོད་དེ། དེ་ཡང་ལྷ་རྣམས་ངནལ་བསྙུངས་པའི་ཕྱིར་བོད་ཀྱི་མིག་མེག་པར་བྱས་པ་དང་ཞེས་པ་ལྟ་བུ་དང་། དེ་བས ་ཀྱང་ཁྱད་པར་དུ་ལྕགས་ཀྱིལས་འོད་གྲེ་སྟེ། དང་པོར་རིལ་རྐང་མས་དེ་ནས་པའི་ལམས་དང་ས་ཁམས་དང་། གཟུགས་མེད་པའི་ཁམས་གསལ་བར་བྱས། འོད་ཟེར་གྱི་བདུད་རྣམ་པ་བཞི་ཡང་བཏུལ། འོད་ཟེར་ལས ་ཁྲེ་ཚོགས་སྤྲོས་ཏེ། ཁྱད་པར་དུ་ཆུང་བ་པ་ལ་བར་དུ་གསོང་པའི་ལྷའི་སེརས་གཟུགས་མཐོང་། འོན་པས་སྒྲ་ཐོས། ལྐུགས་པས་སྨྲ་ཤེས། དྲན་པ་ཉམས་པ་རྣམས་དྲན་པ་གསལ་ན ་ཀྱི་འགྲོ་ཤེསངན་མདོ་གསུམ་ལ་ཕིག་སྡུག་བསྔལ་དང་བྲལ། ན་མ་ལས་བརྐྱང་བ་དང་། སྔགས་ལས་འ་བར་བ་འནི་ཆོས་འ་བའི་སྔ་ལྟས་གསུམ་ཡིན། ་ལྔས་སུ་དུ་བ་ལྟ་བུའོ།། གསུང་གང་གིས་གསུ་ཞེ་ན། ཚངས་པའི་གསུང་ཡིས།། ཇིག་རྟེན་གསུམ་པོ་དུ་པ་ན་ཚངས་པ་གསུང་སྒྲོགས་ཀྱི་བ་ན་སྙན་པ་དང་ཆེ་བ་དང་། ཕྲ་བ་དང་། གསིལ་བདང་། ་རྒྱུན་རིང་བ་དང་། ལྟེང་ཆགས་པ་དང་། མེར་ཆགས་པ་དང་། ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེ་བ་དང་། ཤིན་ཏུ་ཐག་རིང་ཡང་རུང་དྲུང་ན་འདུག་པ་ལྟར་ཐོས་པ་ལ་སོགས་པ་གསུང་གི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན ་པའོ།། འདིར་ཡང་དེ་དང་འདྲའོ།། འཇིག་རྟེན་གསུམ་དུ་གསུངས་ཀྱང་སེམས་རྣམས་སྐད་རིགས་མི་མཐུན་པས་གཽ་ཡོ་ཞེ་ན། ལས་འཕྲོ་ཅན་གྱི་གོ་བར་འགྱུརརོ།། འཁོར་གང་ལ་གསུངས་ཞེ་ན། ལག་ན་རྡོ་རྗེ་སྟོབས་པོ་ཆེ། གསང་དབང་ལ་ནི་སླར་གསུང ་པ་ཞེས་སྨོས་ཏེ། ཕྱག་ན་རྡོ་རྗེ་ནི་སངས་རྒྱས་སྟོང་རྩ་གཅིག་གི་ཐ་ཆུང་ཡིན་པས། སངས་རྒྱས་ཐམས་ཅད་འདུས་པས་དབང་བསྐུར་བ་ཡིན་ཏེ། དེ་ཡང་ང་ནི་ཁྲོ་བོ་གོས་སྔོན་ཅན།། སངས་རྒྱས་ཐམས་ཅད་འདུས་པའི་སྐུ།། ཅེས་པ་ལྟ་བུའོ།། གསང་མཚན ་དུ་ཡང་ལག་ན་རྡོ་རྗེ་སྟོབས་པོ་ཆེ་ཞེས་བཏགས་སོ།། འོ་ན་འདི་བྱིན་གྱིས་བརླབས་པའི་བཀའ་ཡིན་ནམ་སྙམ་པ་ལ་མ་ཡིན་ཏེ། དངོས་སུ་གསུངས་པའི་བཀའ་ཡིན་པས། གསང་དབང་ལ་ནི་སླར་གསུངས་པ་ཅེས་པ་སྟེ། གསང་བའི་དབང་ཐོབ་པས་ཀྱང་གསང ་དབང་སྐུ་གསུང་ཐུགས་ཀྱི་གསང་བ་ལ་དབང་བསྐུར་བས་ཀྱང་གསང་དབང་། གསང་སྔགས་ཀྱི་སྡུད་པ་པོ་ཡིན་པས་ཀྱང་གསང་དབང་། སྔགས་ཀྱི་ཐེག་པ་ལ་དབང་མཛད་པའི་ཕྱིར་གསང་དབང་ངོ་།། སྟོན་པས་གོང་དུ་གླུར་བླངས་པ་དེ་ཕྱག་ན་རྡོ་རྗེ་ལ་ཡང་སླར ་གསུངས་པའོ།། དགོས་པ་ཅིའི་དོན་དུ་གསུངས་ཞེ་ན། སྙིང་རྗེ་ཆེ་དང་ལྡན་གྱུར་པས། འགྲོ་ལ་ཕན་པའི་དོན་དུ་ཁྱོད་ཅེས་པ་ལ་སོགས་པ་སྨོས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་འགྲོ་བ་ལ་འདི་དང་ཕྱི་མར་ཕན་པའི་དོན་དུ་ཁྱོད་པ་ལ་འདྲི་བ་ལ་འདི་བཤད་རྡོ ་ཞེས་པའོ།། གང་གིས་མཚན་ནས་བརྗོད་ན་དོན་ཆེ་ཞེ་ན། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི།། མིང་བརྗོད་པས་ནི་དོན་ཆེ་བ།། དག་པར་བྱེད་ཅིང་སྡིག་སེལ་བ་ཞེས་སྨོས་ཏེ། ཡེ་ཤེས་དྲུག་རོ་གཅིག་པའི་ལུས་ཅན་འཇམ་དཔལ་ཉིད་ཀྱི་མིང་ནས་བརྗོད་ན་དོན་ཆེ་བའོ།། ཅིའི ་ཕྱིར་དོན་ཆེ་ཞེ་ན་བཀླག་པ་ཙམ་གྱིས་རང་གི་རྒྱུད་ལ་ཡོད་པའི་སྒྲིབ་པ་ཐམས་ཅད་དག་པར་བྱེད་ཅིང་འཕྲལ་གྱི་སྡིག་པ་ཐམས་ཅད་སེལ་བར་བྱེད་པས་དོན་ཆེ་བའོ།། འཁོར་ལ་ཉོན་ཅིག་པར་བསྐུལ་བའི་ཕྱིར། ང་ལས་ཉན་པར་བརྩོན་པ་ནི།། ལེགས་སོ་དཔལ་ལྡན ་རྡོ་རྗེ་འཆང་།། ལག་ན་རྡོ་རྗེ་ཁྱོད་ལེགས་སོ།། གསང་བའི་བདག་པོ་དེ་ཕྱིར་ངས། ཁྱོད་ལ་ལོགས་པར་བསྟན་པར་བྱ།། ཁྱོད་ནི་རྩེ་གཅིག་ཡིད་ཀྱི་ཉོན།། ཞེས་སྨོས་ཏེ། ཤཱཀྱ་ཐུབ་པ་ང་ལ་ཁྱོད་ཉན་པ་ནི་ལོགས་སོ།། ཅིའི་ཕྱིར་ལེགས་ཞེ་ན། འཇམ་དཔལ་གྱི་དོན་དྲི ་བའི་ཕྱིར་རོ།། གསང་བའི་བདག་པོ་ཞེས་སྡུད་པ་པོ་ལ་བོས་ནས། མ་འོངས་པའི་སེམས་ཅན་རྣམས་ལ་ཕན་པར་བྱེད་པ་དེའི་ཕྱིར། ཁྱོད་ལ་མཚན་ཡང་དག་པར་བརྗོད་པའི་རིགས་དྲུག་གི་བདག་ཉིད་ཅན་ལེགས་པར་བསྟན་པར་བྱ་ཡིས། ཁྱོད་རྩེ་གཅིག་པའི ་ཡིད་ཀྱིས་ཉོན་ཅིག་ཅེས་བསྐུལ་བའོ།། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བསྐུལ་དགོས་སམ་ཞེ་ན། དེ་དགོས་པ་མ་ཡིན་ཏེ། ཕྱག་ན་རྡོ་རྗེ་ལ་མཚོན་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ལ་སྣོད་ཀྱི་མ་ཟིན་པ་དང་། བརྗེད་པ་དང་། འདྲེས་པ་དང་གསུམ་སྤོངས་ལ་ཉོན ་ཅིག་པར་གདམས་པའོ།། དེ་ལྟར་གསུངས་པས་འཁོར་རྗེས་སུ་ཡི་ར་རིང་བ་ནི། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ་ཞེས་སྨོས་པ་ཡིན་ཏེ། བཅོམ་ལྡན་འདས་བདག་ཅག་ལ་འཇམ་དཔལ་གྱི་ཆོས་གནང་བ་དེ་ནི་ལེགས་སོ་ཞེས་པའི་དོན་ཏོ།། ད་ནི་རིགས་ལ་གཟིགས ་པའི་ལེའུ་བསྟན་པའི་ཕྱིར། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་ཅེས་པ་ལ་སོགས་པ་སྨོས་ཏེ། ཉན་པར་ངེས་མ་ཐག་པ་དེ་ནས་བཅོམ་ལྡན་འདས་ཀྱིས་གསུངས་ཞེས་སྦྱར་རོ།། གསང་སྔགས་རིགས་ཆེན་ཐམས་ཅད་དང་། ཞེས་པ་འདིས་ནི་རིགས་བསྡུས ་པ་ལ་གཟིགས་པ་བསྟན་ཏེ། གསང་སྔགས་འདི་མན་ཏྲ་ཅེས་པའི་སྒྲ་སྐྱོབ་པ་ལ་འཇུག་སྟེ། མདོར་ན་ཐབས་དང་ཤེས་རབ་ཁྱད་པར་ཅན་ལ་བྱའོ།། རིགས་ལས་བྱུང་བས་ན་རིགས་སོ།། རིགས་འཛིན་པས་ནི་རིགས་སོ།། རིགས་ཐམས་ཅད་ཀྱི་བདག་པོར་གྱུར་ཅིང་། ་རིགས་ཐམས་ཅད་འདུས་པས་ན་རིགས་ཆེན་ནོ།། བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་ཐེག་པ་རྣམས་བསྐྱེད་པའི་གནས་སུ་གྱུར་པས་ཀྱང་དེ་སྐད་ཅེས་བྱའོ།། འདིའི་དགོས་པ་ནི་ཉོན་མོངས་པ་ལྔ་ཆ་མཉམ་དུ་འདུལ་བའི་གཉེན་པོ་སྟེ། མདོར་བསྟན་གྱི་ཚུལ་ལོ།། ་གསང་སྔགས་རིག་སྔགས་འཆང་བའི་རིགས་ཞེས་པ་འདིས་ནི་ལས་ཀྱི་རིགས་ལ་གཟིགས་པ་བསྟན་ཏེ། གསང་སྔགས་ནི་ཕོ་སྟེ་ཐབས་སོ།། རིག་སྔགས་ནི་མོ་སྟེ་ཤེས་རབ་བོ།། བྱེད་པ་ལས་ནི་གསང་སྔགས་ཀྱི་ནི་ལོག་པར་རྟོགས་པ་སེལ་ལོ།། རིག་སྔགས ་ཀྱིས་ནི་མ་རིགས་པ་སེལ་ཏོ།། དེ་ཡང་འདའ་བར་བྱ་བ་མ་ཡིན་ལ། དབྱེ་བར་དཀའ་བ་གསང་བ་ཉིད།། གསང་སྟེ་བསྒྲུབ་ཕྱིར་བསྔགས་པ་ནི།། གསང་སྔགས་ཞེས་བྱའི་ངེས་པར་བརྗོད་ཅེས་པ་དང་། ངག་གིས་རིགས་མཆོག་བསྒྲུབ་པ་དང་།། དངོས་གྲུབ་འདོད་པ ་ཡོད་པ་སྟེ། དེ་ཕྱིར་རིག་སྔགས་ཞེས་བྱའོ།། ཞེས་གསངས་པ་ལྟ་བུའོ།། འཆང་བ་ནི་འཛིན་པའོ།། འདིའི་དགོས་པ་ནི་གདུལ་བྱ་ཕྲག་དོག་དང་ལེ་ལོ་ཤས་ཆེ་བ་རྣམས་འདུལ་བའོ།། རིགས་གསུམ་ལ་ནི་རྣམ་པར་གཟིགས་ཞེས་པ་འདིས་ནི་དེ་བཞིན་གཤེགས་པའི ་རིགས་ལ་གཟིགས་པ་བསྟན་ཏེ། རིགས་གསུམ་ནི་སྐུ་གསུམ་ཐུགསོ།། རིགས་དེ་གསུམ་རྣམ་སྣང་ལ་འདུས་པས་དེ་སྐད་ཅེས་བྱའོ།། འདིའི་དགོས་པ་ནི་གཏི་མུག་ཤས་ཆེ་བ་རྣམས་འདུལ་བར་བྱེད་པའོ།། འཇིག་རྟེན་འཇིག་རྟེན་འདས་པའི་རིགས་ཞེས་པ་འདིས་ནི་པདྨའི ་རིགས་ལ་གཟིགས་པ་བསྟན་ཏེ། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་འཇིག་རྟེན་དང་འཇིག་རྟེན་ལྔས་འདས་པ་གཉིས་མཁྱེན་ཏོ། དེ་ཡང་གཉིས་སུ་སྣང་ལ་གཉིས་སུ་མ་ཞེན་པའི་ཚུལ་དུ་མཁྱེན་ནོ།། དེས་ན་འཇིག་རྟེན་འདས་པ་དང་། འཇིག་རྟེན་པ་གཉིས་ཀའི་རིགས་སོ།། ། ་འདིའི་དགོས་པ་ནི་འདོད་ཆགས་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ།། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་ཞེས་པ་འདི་ནི་རྡོ་རྗེའི་རིགས་ལ་གཟིགས་པ་བསྟན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་རྟོགས ་པས་འཇིག་རྟེན་སྣང་བར་བྱེད་དོ།། ཐམས་ཅད་ཀྱི་དྲོ་བོར་གྱུར་པས་རིགས་ཆེནོ།། འདིའི་དགོས་པ་ནི་ཞེ་སྡང་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ།། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། ཞེས་པ་འདིས་ནི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་བསྟན་ཏེ། ཕྱག ་རྒྱལ་སྤྱིར་དུ་མཱ་ཡོད་ཀྱང་འདིར་རྒྱས་བདེབས་པའི་ཕྱིར་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྒྱ་ས་བདེབས་པའི་མཆོག་གི།། འདིའི་དགོས་པ་ནི་ཕྱིར་སྤྲོས་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་དོ།། རིགས་ཆེན་གཙུག་རྗེ་གཟིགས་ནིས་ཞེས ་འདི་མིན་ཟིན་པ་ཚོའི་རིགས་ལ་གཟིགས་པ་བསྟོན་ཏོ། རིན་པོ་ཆེ་འབྱུང་ལྡན་ནི་ས་མ་རྒྱ་ཀྱི་ཚེ་མམ་ཡོན་ཏན་ཐམས་ཅད་འཐུང་པའི་རིགས་ཡིན་ཅིམོ་རིགས་ཆེན་ནོ།། གཙུག་ཏ་ན་ཡོན་ཏན་གྱི་མཐོ་རྫོ་བྱས་པའོ།། དེ་འི་མིང་གི་རྣམས་གྲལ་ནི་གཅིནམ ་ཞེས་བྱ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱའོ།། དེ་ཡང་ཚུལ་ཇི་ལྟར་གཟིགས་ན་ཡེ་ཤེས་ཀྱི་སྤྱན་གྱིས་ཟབ་པ་སྟོང་པ་ཉིད་ཇི་ལྟ་བ་ལ་གཟིགས་པ་དང་། ཐུགས་རྗེའི་སྤྱན་གྱི་རྒྱ་ཆེ་བ་ཇི་སྙེད་པ་ལ་གཟིགས་པའོ།། ་ཡང་གསུམ་སྟེ། སྤང་བ་ཉོན་མོངས་པ་དང་། དེ་སྤོང་བའི་གཉེན་པོ་ལྷའི་རིགས་དང་། ལྷའི་རྟོག་པ་བཟོལ་པར་བྱེད་པ་ཡེ་ཤེས་ལ་གཟིགས་པ་རྣམས་སུ་ཡང་སྦྱར་རོ།། ད་ནི་སྒྱུ་འཕྲུལ་དྲ་བ་མན་ངག་གི་ལེའུ་བསྟན་པའི་ཕྱིར་ཐམས་ཅད་ལ ་བསྟོད་པ་ཚིག་གི་བདག་པོས་ཚིགས་སུ་བཅད་ཅེས་པ། ཚིག་གི་བདག་པོ་ནི་བཅོམ་ལྡན་འདས་ཉིད་དོ།། རིགས་སུ་བཅང་བ་རིགས་དྲུག་གི་བདག་ཉིད་ཚིག་པར་བདུན་པ་ཉིད་དུ་ཚིགས་སུ་བཅད་དེ་སྟོན་པ་གསུང་གི་མངའ་བདག་ཡིན་པས་བདག ་པོ་ཞེས་ཀྱང་བཱ།། རིགས་ལ་གཟིགས་པ་ཐུགས་ལ་བསྡོགས་ནས། ཚིག་གི་བདག་པོས་ཚིགས་སུ་བཅ་ས་བྱའོ།། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་ཅེས་པ། ཨོཾ་བཛྲ་ཏཀྵི་ལ་སོགས་པ་ཡ་ཤེས་སེམས་དཔའ་དྲུག་གི་སྔགས་སོ།། བརྗོད ་བྱའི་གཙོ་བོ་ཇི་ལྟ་བུ་ཞིག་གསུངས་ཞེ་ན། གཉིས་སུ་མེད་པར་འབྱུང་བ་དང་ཞེས་པ་ལ་སོགས་ཏེ། གཟུང་འཛིན་གཉིས་མེད་པར་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་སངས་རྒྱས་པའོ།། མི་སྐྱེ་ཆོས་ཅན་འདི་གསུངས་པ་ཞེས་པ། རིག་པ་རང་གསལ་བ་དེ ་ཡང་སྐྱེ་མེད་ཀྱི་རང་བཞིན་དུ་གནས་པ་སྟེ་འབྲས་བུའི་མཆོག་གོ།། བློ་བྲོད་པ་བསྐྱེད་པའི་ཕྱིར་འབྲས་བུའི་ས་བསྟན་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿདེ་ཡང་སངས་རྒྱས་ཀྱི་ས་བཅུ་གཉིས་ལ་མཐེ་དམན་དང་རིམ་པ་ཡོད་པ་མ་ཡིན་ཏེ། ཡེ ་ཤེས་གཅིག་ལ་ཡོན་ཏན་གྱི་བྱེ་བྲག་བཅུ་གཉིས་སུ་བསྟན་པའོ།། དེ་ཡང་སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཀྱི་མ་རིག་པ་བཅོམ་ནས་ཤེས་བྱ་གསལ་བར་སྣང་བ་དང་། ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གསལ་བ་དང་། མཐའ་དང་དབུས་མེད་པ་དང་། མི་འགྱུར ་ཞིང་དབྱེར་མི་ཕྱེད་པ་དང་། སེམས་ཅན་གྱི་དགོས་འདོད་ཐམས་ཅད་འབྱུང་བ་དང་། འགྲོ་བའི་དོན་མཛད་ཀྱང་སྐྱོན་གྱིས་མ་གོས་པ་དང་བརྩོལ་བ་མེད་པར་གཞན་དོན་འགྲུབ་པ་དང་། ཡང་དག་པར་དཔེ་མཚོན་པ་དང་བྲལ་བ་དང་། ཕྱོགས་འདྲ་ཙམ་གྱིས་མཚོན་དུ་བཏུབ ་དང་རེག་པ་རང་བཞིན་གྱིས་འོད་གསལ་བ་དང་། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པ་དང་། སོ་སོ་རང་རིག་པ་གཉིས་སུ་མཁྱེན་པའོ།། དེ་རྣམས་སུ་སངས་རྒྱས་ཀྱི་ཡོན་ཏན་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་འདྲེས་པར་ཤེས་པར་བྱའོ།། དེ་ཡང ་སྐད་དུ་རྡོ་རྗེ་སྙིང་པོ་རྒྱན་གྱིས་རྒྱུད་ལས། ཀུན་ཏུ་འོད་ཀྱིསོ་ཆེན་པོ།། དེ་ནི་ཉི་མའི་དཀྱིལ་འཁོར་འདྲ།། བདུད་རྩི་བོད་ནི་གཉིས་པ་སྟེ།། ཤིན་ཏུ་འོད་གསལ་ཟླ་བ་འདྲ།། ནམ་ཁའི་འོད་ནི་གསུམ་པ་སྟེ།། ན་མཁའ་ཇི་བཞིན་རབ་ཏུ་གནས།། རྡོ་རྗེ་འོད་ནི་བཞི་པ་སྟེ།། ས་དེ ་ངནི་ཡིད་དགའ་བོ།། ལྔ་པ་རིན་ཆེན་འོད་ཅེས་པོ།། དབང་བསྐུར་བ་ལ་རབ་ཏུ་གནས།། པདྨའི་འོད་ནི་དྲུག་པ་སྟེ།། པདྨ་བཞིན་དུ་རབ་ཏུ་དགྱེས།། བདུན་པ་ལས་ཀྱི་འོད་ཅེས་བྱ།། སངས་རྒྱས་འཕྲིན་ལས་བྱེད་པར་འདོད།། བརྒྱུད་པ་དཔེ་མེད་ཅེས་བྱ་སྟེ།། དོན་ལ་དཔེ་དང ་མཉམ་པ་མིན།། དཔེ་ལྡན་ཞེས་པ་དགུ་པ་ཡིན།། ཐམས་ཅད་དཔེ་ནི་སོ་སོར་འབིགས།། བཅུ་པ་ཤེས་རབ་འོད་ཅེས་པ།། སངས་རྒྱས་ས་ནི་བླ་ན་མེད།། བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད།། ས་ཆེན་རབ་ཏུ་འོད་གསལ་བ།། བཅུ་གཉིས་སོ་སོ་རང་རིག་པ།། སངས་རྒྱས ་xxx། xxx ་ཛྙཱ་ན་མུརྟི་ནི་ཤེས་ཀྱི་སྐུའོ།། ཅན་དུས་གསུམ་གྱིས་ལ་རྒྱས་སོ།། བུདྡྷཱ་ནཱ~ཾ་ནི་བདག་ཉིད་ས་སུ་རྒྱས་ན་ནོ།། དྷཱདྦ་དཱང་ཐཱ་ནི་གསུམ་དུ་བཞུགས་པའོ།། མཽ་བསྟས་པས་པའི་དུས་གསུམ་སྡེ་བཞུགས་པའི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི ་སྐུའི་བདག་ཉིད་ཐུགས་ལ་གནས་པས་ན་ཞེས་པའོ།། དེ་ལ་ཤེས་རབ་ཀྱི་འཕེ་ལོ་བསྒོམ་པ་ལྡན་པ་ནི་སོ་བ་ཧྲཱིཔའོ།། དུཿཚད་ནི་སྡུག་མཽ་ཤྭེ་ཡནི་ཡེ་ཤེས་ཀྱི་གཙུག་ཏོར་རོ།། ཛྙཱན ་ཀཱ་ཡཱ་ནི་ཡེ་ཤེས་ཀྱི་སྐུ་ཅན་ནོ།། བཱ་གཱི་ཤྭ་ར་ནི་ངག་གི་དབང་ཕྱུག་གོ།། ཨ་རཱ་པ་ཙ་ན་ཡ་ཏྭེ་ནཱ་མརྠ་ནི་སྐྱེ་བ་མེད་པ་ཤེས་པཔ་ཆགས་དསྤྱོད་ཡུལ་ཅེས་པའོ།། དེ་དག་ནི་པདྨད། རྡོ་རྗེ་དང་། དེ་བཞིན་། གས་པ་དང་། ལས་དང་རིན་པོ་ཆེ་དང ་བྱང་སེམས་རྡོ་རྗེའི་ཚོགས་ཏེ། གོ་རིམསྣ་བསྦྱིན་དུ་སྦྱར་བདུ་སྟེའོ།། སྒོམ་ཞིང་སྐྱུགས་ཟློས་པའི་རྐྱེན་ནི་བདག་རྗེ་ཙུན་དུ་བསྐམས་ཐུགས་ཀར་འཁོར་མརྩིབས་དྲུགས་ཁྱུང་དང་ལྡན་པ་ལ་སྔགས་དྲག་པོ་འདི་བཀོད་ལ་སྤྲོ་སྡེ་བྱ་ཞིང་བཟླས ་xxx། xxx ་ལ་ཆགས་པ་སྨྲ་། ངན་ག་ནཱཿ་ས་།། ལྕགས་དཔས་སུན་སྣ་འབྱུང་བན་ཚུན་ཆོས་སྨྱེ་སྡུད་པ་ལ་གརྣམས་པ་ལས་འཇུང་བས། རྫོགས་པ་ས་ས་ནས་སུལུས་འཇུནས་སྷོ།། ན་ཡོ ་གཅོག་ཐུ་ལས་ཐུང་མི་ཡིན་ན་ན། ཨན་ཡིག་ཀུན་གྱི་མཆོག་ཅེས་པའོ།། འིཚོམ་མིན་ཞེ་ན། ཆོས་ཀྱི་དོནི་ཆེན་པོ་སྟན་ཐ་མོ་ཡི་གེ་ཡིན་པས། དོན་རྟེན་ཡི་གེ་དམ་པ་ཡིན་ཞེས་པའོ།། དེ་ཡང་ཅིའི་ཕྱིར་ན། དོན་ནོན་སྒྲིབ་མེད་པའི་དོན ་སྟོན་པས། ཁོང་ནས་འབྱུང་བ་སྐྱེ་བ་མད་ཅེས་པ་སྟེ། ཡི་གེ་གཞན་ནི་སོ་ལྕེ་མཆུ་དང་ཡོར་རྐན་ལ་སོགས་པ་རྣམས་ལ་རག་ལུས་ལ། ཨ་ནི་དེ་རྣམས་ལ་རག་མ་ལུས་ཏེ། ཁོང་ནས་རང་བྱུང་དུ་འབྱུང་བས་ཡི་གེ་རྣམས་ཀྱི་ནང་ན་དམ་པའོ།། དེ་ཉིད་ལ་བརྗོད་དུ་མེད ་པར་གནས་པས་ཚིག་ཏུ་བརྗོད་པ་སྤངས་པ་ད་ཞེས་བྱའོ།། བརྗོད་པའི་སྒྲ་ཐམས་ཅད་ཀྱི་རྒྱུའི་གཙོ་བོར་གྱུར་ཏེ་ངག་ཐམས་ཅད་ལ་འཇུག་པར་བྱེད་པས། བརྗོད་པ་ཀུན་གྱི་རྒྱུའི་མཆོག། ཆོ་ག་ཀུན་རབ་ཏུ་གསལ་བར་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ་ནཉོན་མོངས་པ་ཇི་ལྟར་སྤང་ཞེ་ན། མཆེད་པ་ཆེན་པོ་འདོད་ཆགས་ཆེ།། སེམས་ཅན་ཐམས་ཅད་དགའ་བར་བྱེད་ཅེས་བྱ་བ་ལ་སོགས་སྨོས་ཏོ།། དེ་མཆོད་པ་ནི་ལྷ་མཉེས་པར་བྱེད་པའི་ཕྱིར་ན་མཆོད་པ་སེའི་ཉོན་མོངས་པ་མ་སྤངས་པར་ཡེ་ཤེས་སུ་གྲུབ ་པ་དགོངས་པ་མཐུན་ཏེ་རང་གི་ངང་གི་མཆོད་པའོ།། དེ་ནས་ཀུན་ལ་སྦྱར་རོ།། ཆེན་པོའི་སྒྲ་ནི་དཔེར་ན་དུག་སེལ་བའི་སྔོགས་ལ་དུག་སྔགས་ཟེར་བ་ལྟར་མི་མཐུན་པའི་ཕྱོགས་འཇོམས་པོས་ཆེན་པོའོ།། འད་ཆགས་ན་ཡོངས་མཉམ་པ་ཉིད་ལ་རང་གི ་ཆགས་པའོ།། དེས་ལོག་པའི་འདོད་ཆགས་དང་བྲལ་བར་བྱེད་ཅིང་ཟག་མེད་ཀྱི་དགའ་བ་བསྐྱེད་པར་བྱེད་པའོ།། མཆོད་པ་ཆེན་པོ་ཞེ་སྡང་ཆེ།། ཉོན་མོངས་ཀུན་གྱི་སྒྲ་ཆེ་བ་ཞེས་པ་རྣམ་པར་རྟོག་པ་འཇོམས་པའི་ཞེ་སྡང་མངའ ་ལཿཞེ་སྡང་རང་ཁ་མ་འཇོམས་པས་དགྲ་ཆེ་བའོ།། མཆོད་པ་ཆེན་པོ་གཏི་མུག་ཚེ།། གཏི་མུག་བློ་སྟེ་གཏི་མུག་སེལ།། ཞེས་པ་ཆོས་ཐ་དད་དུ་བྱེད་པ་མེད་པའི་དོན་གྱི་གཏི་མུག་དང་ལྡན་པས་དེས་གཏི་མུག་རང་ཁ་མ་སེལ་བའོ།། མཆོད་པ་ཆེན ་པོ་ཁྲོ་བ་ཚེ།། ཁྲོ་བ་ཆེན་པོ་དགྲ་ཆེ་བ་ཞེས་སྨོས་ཏེ། ཉོན་མོངས་པ་སྐྱེར་མི་སྟེར་བས་ཁྲོ་བ་ཆེ་ལ། དེས་ཁོང་ཁྲོ་རང་ཁ་མ་འཇོམས་པས་དག་ཚ་བའོ།། མཆོད་པ་ཆེན་པོ་ཆགས་པ་ཚེ།། ཆགས་པ་ཐམས་ཅད་སེལ་བར་བྱེད་ཅེས་པ་དོན་ཟག་མེད ་ཀྱི་བདེ་བ་ལ་ཆགས་ལ། སེར་སྣའི་ཆགས་ཞེན་རང་ཁ་མ་སེལ་བར་བྱེད་དོ།། དེ་ལ་གོང་མ་གོང་མ་ནི་འཇོམས་བྱེད། འོག་མ་འོག་མ་ནི་གཞོམ་བྱའོ།། དེ་དག་ལ་མན་ངག་ཏུ་སྦྱར་ན་རྣམ་པ་བཞི་སྟེ། ཉོན་མོངས་པ་དེ་དག་ལ་ཞེན་པའི་གདུལ་བྱ ་ལ་དེ་དག་མ་སྤངས་པའི་རྗེས་སུ་མཐུན་པའི་སྤྱོད་པའི་ཐབས་ཀྱིསྣ་གྲོལ་བར་བྱེད་པས་སྤྱོད་མཐུན་གྲོལ་བའི་མོ་ཆོད་པའོ།། ཉོན་མོངས་པ་ཡེ་ཤེས་ལྟར་གནས་གྱུར་པས་མི་ནས་གྱུར་ཡེ་ཤེས་ཀྱི་མཆོད་པའོ།། ཉོན་མོངས་པ་ལྔ་ལས་གྲོལ ་བས་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པས་གྲོལ་མཐར་ཕྱག་རྒྱའི་མཆོད་པའོ།། ཉོན་མོ་ངེས་པ་ལ་བརྟགས་ན་ངོ་བོ་གྲུབ་པ་མེད་དེ་ཆོས་ཉིད་དུ་གནས་པས་རང་བཞིན་དག་པའི་མཆོད་པའོ།། འདོད་པ་ཆེན་པོ་བདེ་བ་ཆེ། དགའ་བ་ཆེན་པོ་མགུ་བ་ཆེ ་ཞེས་པ་སེམས་ཅན་ཐར་པར་འདོད་པའི་བློ་ཡོད་པ་ལ་ཐར་པའི་བདེ་བ་སྐྱེད་པར་བྱེད་ཅིང་། ཆོས་བསྟན་པས་དགའ་ལ། དོན་རྟོགས་པས་མགུ་བར་བྱེད་པའོ།། གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། ཁ་དོག་ཆེ་ཞིང་ལུས་བོང་ཆེ།། མིང་ཡང་ཆེ་ཞིང་རྒྱ་ཆེ་བ།། དཀྱིལ ་འཁོར་ཆེན་པོ་ཡངས་པ་ཡིན་ཞེས་སྣང་ལ་རང་བཞིན་མེད་པའི་གཟུགས་དང་། གདོལ་པ་ཅན་གྱི་ལུས་ལྟ་བུར་ཡང་སྤྲུལ་ཏེ། དེ་ཡང་ཡེ་ཤེས་ལས་གྲུབ་པ་ཡིན་པས་ཆེ་ཞེས་བྱའོ།། ནང་ན་ཡེ་ཤེས་གསལ་བའི་རྟགས་སུ་སྐུ་གཟི་མདངས་དང་ལྡན ་པས་ཁ་དོག་ཆེ་བའོ།། གཞན་ཟིལ་གྱི་ས་གནོན་པས་ལུས་བོང་ཆེ་བའོ།། གྲགས་པ་ཆེན་པོ་ཡོད་པས་མིང་ཆེ་བའོ།། བསོད་ནམས་ཀྱི་ཚོགས་རྒྱས་པས་རྒྱ་ཆེ་བའོ།། འདིར་ཟག་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ་དང་། ནོ་པི་ཀ་མཐའ་དག་འབྱུང་བས ་དཀྱིལ་འཁོར་ཆེན་པོའོ།། ཀུན་ལ་ཁྱབ་པ་དང་གང་ཡང་བཀག་པ་མེད་པས་ཡངས་པའོ།། དེ་ལ་ཡེ་ཤེས་ཀྱི་ཁྱད་པར་ནི། ཤེས་རབ་མཚོན་ཆེན་འཆང་བ་སྟེ། ཉོན་མོངས་ལྕགས་ཀྱུས་ཆེ་བའི་མཆོག། གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ།། སྣང་བ ་ཆེན་པོ་གསལ་བ་ཚྭ་ཞེས་སྤྲོས་ཏེ། ཤེས་རབ་ཀྱི་མཚོན་གྱིས་ཉོན་མོངས་པ་འཇོམས་པ་སྟེ། དཔེར་ན་ཉོན་མོངས་པ་གླང་པོ་ཆེ་སྨན་པ་ལ་ཡེ་ཤེས་ལྕགས་ཀྱུས་འདུལ་བ་ལྟ་དྷཿ། ཡིད་ཁམས་གསུམ་དུ་གྲགས་པ་ཁྱད་པར་ཅན་ཡོད་པ་དང་། ནང་དུ ་ཡེ་ཤེས་གསལ་བའི་རྟགས་སུ་ཕྱིར་འོད་ཟེར་གསལ་པས་བསྐུར་བའོ།། དེ་ལ་སྤྲུལ་པའི་ཚུལ་ཇི་ལྟར་བཐུང་ཞེ་ན། མེ་ཁས་པ་སྤྱི་འཕྲུལ་ཆེན་པོ་འཆང་།། སྤྱི་འཕྲུལ་ཆེན་པོ་དོན་གྲུ་ལ།། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ།། སྒྱུ་འཕྲུལ་ཆེན་པོ་མིག ་ཅན་ཞེས་སྨོས་ཏེ། འགྲོ་བ་ལ་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་སྟེ། སྒྱུ་མ་ལྟ་བུའི་སྤྲུལ་པས་འགྲོ་བའི་དོན་མཛད་པའི་ཐབས་ཀྱིས་གང་ལ་གང་འདོད་པའི་དོན་འགྲུབ་པར་བྱེད་པ་སྟོ་# ་ཀྱང་ནི་སྒྱུ་མ་འདྲ། དུས་ན་སྒྱུ་མའི་མཁན་པོ་འགྲུས། གྱོ་མོ་ལ་ནི་སྔགས་བཟླས་ཏེ། སྦྱོར་བ་གོམས་པས་བསྣུན་ན་ན།། རྐང་བཞི་པ་ལ་སོགས་པའི་གཟུགས། ཞེན་པའི་སེམས་ལ་སྣང་བར་འགྱུར་ཞེས་གསུངས་པ་ལྟོ་བུའོ།། ཐུགས་རྫས་འགྲེ་བདོན་ལྔ ་དགའ་བ་དང་། ཤེས་ར་བ་གཉིས་མེད་ཀྱི་དོན་ལ་དགའ་བའོ།། མེད་པ་འཕྲུལ་ཅིང་ཡོད་པར་སྒྱུར་བ་དང་འི་དྲ་སྟེ། དོན་ཟབ་མོ་རྟོགས་པ་རྣམས་ལས་མིག་འཕྲུལ་བསྟན་ནས་དངོས་འཛིན་བཟློག་པར་བྱེད་དོ།། དེས་ཐུན་མོང་གི་ལམ་ཇི་ལྟ་སུ་སྟོན་ཞེ་ན། སྦྱིན ་བདག་ཆེན་པོ་གཙོ་བོ་སྟེ།། ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག། བཟོད་ཆེན་འཆང་བ་བསྟན་པ་བོ།། བརྩོན་འགྲུས་ཆེན་པོ་རྟུལ་བ་ཡིན།། བསམ་གཏན་ཆེན་པོའི་ཏིང་འཛིན་གནས།། ཤེས་རབ་ཆེན་པོ་ལུས་འཆང་བ།། སྟོབས་པོ་ཆེ་ལ་ཐབས་ཆ་བ།། སྨོན ་ལམ་ཡེ་ཤེས་རྒྱ་མཚོ་སྟེ་ཞེས་སྨོས་ཏེ། འཁོར་གསུམ་ཡོངས་སུ་དག་པ་གཏོང་བས་སྦྱིན་པའི་གཙོ་བོའོ།། ཉེས་བྱས་མི་འབྱུང་བས་ཚུལ་ཁྲིམས་ཆེན་པོའོ།། མཚན་མས་མི་འཁྲུགས་པས་བཟོད་པ་བརྟན་པའོ།། རྟོགས་པས་མ་གོས་པས་བརྩོན་འགྲུས ་བརྟུལ་བའོ།། གཡེང་བའི་སྒྲ་མེད་པས་བསམ་གཏན་ཆེན་པོའོ།། གཉིས་མེད་རྟོགས་པོས་ཤེས་རབ་ཆེན་པོའོ།། བདུད་ཀྱི་དཔུང་འཇོམས་པས་སྟོབས་ཆེ་བའོ།། བདག་དང་གཞན་གྲོལ་བར་བྱེད་པའི་ཐབས་སྣ་ཚོགས་མངའ་བས་ཐབས་ཆེ་བར་འགྱུར་རོ།། ་བདག་དང་གཞན་གྲོལ་བར་བྱེད་པའི་སྨོན་ལམ་མངའ་བས་དང་། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བ་སྟེ། རྒྱ་ཆེ་བ་དང་། སྣང་ལ་ཞེན་པ་མེད་པ་རྒྱ་མཚོ་དང་འདྲའོ།། དེ་ལྟར་ཕ་རོལ་ཏུ་ཕྱིན་པ་བཅུ་དང་རྗེ་བཙུན་ལྡན་ལ། གཞན་ལ་ཡང་སྟོན་པར ་མཛད་དོ།། བྱམས་ཆེན་རང་བཞིན་དཔག་ཏུ་མེད།། སྙིང་རྗེ་ཆེན་པོ་བློ་ཡི་མཆོག། ཅེས་པ་འགྲོ་བ་ལ་བུ་གཅིག་པའི་མ་བཞིན་དུ་བྱམས་ལ། དེ་ཉིད་ལ་མ་ཞེན་པས་བྱམས་པ་ཆེན་པོའོ།། རིས་སུ་ཕྱེ་བ་དང་། རས་འཇོག་མེད་པས་དཔག་ཏུ་མེད་དོ།། འགྲོ་བ ་ལ་སྙིང་རྗེ་རྒྱུན་མི་འཆད་པས་ཆེ་བའོ།། དེ་ཉིད་ལའང་མ་ཞེན་པས་མཆོག་གོ།། འོ་ན་ཚད་མེད་པ་བཞི་ཡོད་པ་ལ་དགའ་བ་དང་བཏང་སྙོམས་མ་སྨོས་པ་ཅི་ཡིན་ཞེ་ནོ།། དེ་ནི་ཆོས་ཟླས་དབྱེ་བ་སྟེ། ཤུགས་ལ་བསྟན་ཏོ།། ཐབས་ཤེས་རབ་ཀྱི་ཁྱད་པར་ཅི་ཞེ་ན། ་ཤེས་རབ་ཆེན་པོ་བློ་ཆེན་ལྡན།། མཁས་པ་ཆེན་པོ་ཐབས་ཆེ་བ་ཞེས་སྨོས་ཏེ། ཆོས་རབ་ཏུ་རྣམ་པར་ཕྱེ་ནས་གཉིས་མེད་རྟོགས་པའི་ཤེས་རབ་ཆེན་པོ་མངའ་བ་སྟེ། དེས་འགྲོ་བའི་དོན་བྱེད་པའི་བློ་གྲོས་དང་ལྡན་པའི་སྒོ་ནས་ཐབས་ཀྱི་བྱ་བ་ལ་མཁས་ཏེ། ་གདུལ་བྱའི་བསམ་པ་དང་སྦྱར་ནས་གང་ལ་ཇི་ལྟར་གདུལ་བའི་ཐབས་སྣ་ཚོགས་སྟོན་པའོ།། ཐབས་དང་ཤེས་རབ་ནི་ཁྱབ་ཆེ་སྟེ། ལམ་དང་འབྲས་བུས་བསྡུས་པ་ཡོ་ལ་གནས་སོ།། འོ་ན་རྫུ་འཕྲུལ་སྒོ་ཇི་ལྟ་བུས་དོན་མཛད་ཅེ་ན། རྫུ་འཕྲུལ་ཆེན་པོའི་སྟོབས ་དང་ལྡ་ནོ།། ཤུགས་ཆེན་མ་གྱོགས་པ་ཆེན་པོ་སྟེ།། རྫུ་འཕྲུལ་ཆེན་པོ་ཚེར་གྲགས་པ།། སྟོབས་ཆེན་ཕ་རོལ་གནོན་པོའོ་ཞེས་སྨོས་ཏེ། བསྟོད་ནས་མེ་འའི་ར་བ་དང་། སྨད་ནས་ཆུ་འབྲུབ་པ་དང་། གཅིག་དུ་མར་བྱེད་པ་དང་། དུ་མ་གཅིག་ཏུ་བྱེད་པ་དང་། ་སྟོང་གསུམ་ཕྱག་རྒྱར་ཤོང་བ་དང་། ཕྱག་རྒྱ་སྟོང་གསུམ་དུ་སྤྲུལ་པ་ལ་སོགས་པ་དང་། ཆུར་མི་རྫི་བ་དང་། གཞན་པར་འཇོམས་པས་སྟོབས་སོ།། འགྲོ་བའི་དོན་བྱེད་པ་ལ་ཡིད་ལྟར་མགྱོགས་པའི་ཤུགས་དང་ལྡན་ཞིང་། ཉན ་ཐོས་དང་། རང་རྒྱལ་དང་། འཇིག་རྟེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཆེར་གྲགས་སོ།། ཡེ་ཤེས་ཀྱི་སྟོབས་ཀྱིས་བདུད་བཞི་ཟིལ་གྱིས་གནོན་པ་སྟེ་ཆེ་བའོ།། དེའི་ནུས་མཐུ་དངོས་གང་ཞེ་ན། སྲིད་པའི་རི་བོ་ཆེན་པོ་འཇོམས།། མཁྲེགས ་ཤིང་རྡོ་རྗེ་ཆེན་པོ་འཆང་།། དྲག་པོ་ཆེན་པོ་དྲག་ཤུལ་ཆེ།། འཇིགས་ཆེན་འཇིགས་པར་བྱེད་པ་པོ་ཞེས་སྨོས་ཏེ། ཡང་ནས་ཡང་དུ་འགྲོ་བ་དྲུག་ཏུ་སྐྱེ་བས་སྲིད་པའོ།། དེ་རི་བོ་དེ་གཞོམ་དཀའ་བས། གཉིས་མེད་རྟོགས་པས་འཇོམས་པར་བྱེད་པའོ།། དེའི ་མཚན་ཉིད་མི་འགྱུར་བས་མཁྲེགས་ལ། སྟོང་པ་ཉིད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའོ།། དེ་ཡོང་མི་ཕྱེད་མི་ཤིགས་པས་སྟོང་པ་ཉིད་ལ་རྡོ་རྗེར་བཤད་ཅེས་པ་ལྟ་བུའོ།། དེ་ཡང་དོན་གྱི་སྒོ་ནས་བག་ཆགས་ཐམས་ཅད་འཇོམས་པས་དྲག་པོ་ཆེ་ལ་རྟགས་ཀྱི་སྒོ་ནས ་གདུགས་པ་ཅན་ཐམས་ཅད་འདུལ་བར་བྱེད་པའི་དྲག་པོའི་གཟུགས་སུ་སྤྲུལ་པའོ།། དེས་གང་འཇིགས་པར་བྱེད་ན། ཁྱབ་འཇུག་དང་། མ་ཧཱ་དེ་བ་ལ་སོགས་པ་འཇིགས་ཆེན་རྣམས་རྗེ་བཙུན་གྱིས་འཇིགས་པར་བྱེད་པའོ།། ཁྱད་པར་གྱི་ལམ་གྱི་ཚུལ ་གང་ཞེ་ན། མགོན་པོ་རིགས་མཆོག་ཆེན་པོ་སྟེ།། བླ་མ་གསང་སྔགས་ཆེ་བའི་མཆོག། ཐེག་པ་ཆེན་པོའི་ཚུལ་ལ་གནས།། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག་ཅེས་སྨོས་ཏེ། གདུལ་བྱའི་མགོན་སྐྱབས་མཛད་པའི་སྐུ་གསུང་ཐུགས་ཀྱིས་ལྷའི་རིགས་ལ ་མཆོག་ཏུ་གྱུར་ཅིང་འགྲོ་བ་ལ་དམ་པའི་ཆོས་ཉེ་བར་སྟོན་པས་བླ་མ། ཐབས་དང་ཤེས་རབ་ཁྱད་པར་ཅན་སྟོན་པས་གསང་སྔགས་ཆེ་བའི་མཆོག་གོ།། དེ་ཡང་དོན་གཅིག་ན་ཡང་མ་རྨོངས་པ་དང་། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོའི་དབང་བྱས་པས ་སྔགས་ཀྱི་བསྟན་པ་ཁྱད་པར་འཕགས་ཞེས་གསུངས་པ་ལྟ་བུའོ།། དེ་ཡང་ཐེག་པ་ནི་ཤེས་རབ་དང་སྙིང་རྗེས་ཁྱད་པར་དུ་བྱས་པའོ།། སྐལ་པ་ཅན་དེ་ལ་གཟུད་པའི་ཕྱིར། རང་ཉིད་ཀྱང་དེ་ལ་གནས་པའི་ཚུལ་སྟོན་ནོ།། ཐེག་པ་ཆེན་པོ་འདིའི་ཚུལ་ཕ་རོལ་ཏུ་ཕྱིན ་པ་ལས་མཆོག་ཏུ་གྱུར་ཏོ།། གང་གིས་ན་འཁོར་འདས་དབྱེར་མེད་དུ་སྟོན་པའོ།། ད་ནི་ཆོས་ཀྱི་དབྱིངས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པོའི་ཕྱིར། སངས་རྒྱས་རྣམ་པར་སྣང་མཛད་ཆ།། ཐུབ་པ་ཆེན་པོ་ཐུབ་ཆེནི་ལྡན།། གསོང ་སྔགས་ཚུལ་ཆེན་ལས་བྱུང་བ།། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན་ཞེས་སྨོས་ཏེ། སྒྲིབ་པོ་སངས་ཤིང་ཡེ་ཤེས་རྒྱས་པས་གདུལ་བྱ་ལ་རྣམ་པ་སྣ་ཚོགས་སུ་སྣང་ཞིང་། སྐུ་གསུང་ཐུགས་ཀྱི་མི་དགེ་བའི་ལས་ལ་བསྲུང་མི་དགོས་པར་ཐུབ་ལ། དེ་ཡང ་དུས་རྟག་ཏུ་མཉམ་པ་ལ་བཞག་པས་ཐུབ་ཆེན་ལྡན་ནོ།། བསམ་གྱིས་མི་ཁྱབ་པའི་མཐུ་སྟོན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲོག་བསྐུལ་བས་ནི་བསྔག་སོ།། དེ་ཉིད་རྟོགས་དཀའ་བ་དང་། གཞན་ལ་བསྟན་པ་མ་ཡིན་པས་གསང་བའོ།། ་ཚུལ་ནི་ལམ་མོ།། དེ་ལས་སངས་རྒྱས་འབྱུང་བ་སྟེ། དེ་ནི་ཁྱད་པར་གྱི་ལམ་མོ།། རྗེ་བཙུན་ཉིད་གསང་སྔགས་ཀྱི་ངོ་བོ་ཅན་དུ་བཞུགས་པས་ན་བདག་ཉིད་ཅན་ནོ།། ཐུན་མོང་གི་ལམ་གང་ཞེ་ན། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ལ་གནས། ་ཕ་རོལ་ཕྱིན་བཅུ་དག་པ་སྟེ།། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ།། ཞེས་སྨོས་ཏེ། ཕ་རོལ་ཏུ་ཕྱིན་པ་བཅུ་ལ་དབང་ཐོབ་ཅིང་། གཞན་དེ་ལ་གཟུང་བའི་ཕྱིར་རང་ཡང་དེ་ལ་གནས་པའི་ཚུལ་སྟོན་པ་དང་། དེ་རྣམས་ལ་མ་ཞེན་པ་དང་། དེ་དག་གི ་གཞུང་ཚུལ་ལ་མཁས་པའོ།། མགོན་པོ་ས་བཅུའི་དབང་ཕྱུག་སྟེ།། ས་བཅུ་ལ་ནི་གནས་པ་པོ་ཞེས་པས་ནི་ཡོན་ཏན་འཕེལ་བའི་རྟེན་བྱེད་པས་ཤེས་རབ་དང་ཏོང་ངེ་འཛིན་ས་ལ་ཞེས་བྱ་སྟེ། དེ་ཡང་འཇིག་རྟེན་ལས་འདས་པའི་སེམས་ཐོབ་པས་ས་དང ་པོ་རབ་ཏུ་དགའ་བའོ།། ཚུལ་ཁྲིམས་འཆལ་པའི་དྲི་མ་དང་བྲལ་བས་གཉིས་པ་དྲི་མེད་པའོ།། མཆོག་ཏུ་གསལ་བའི་ཤེས་རབ་ཐོབ་པས་གསུམ་པ་འོད་བྱེད་པའོ།། བྱང་ཆུབ་ཕྱོགས་དང་མཐུན་པའི་ཆོས་ཀྱི་འོད་འཕྲོས་པས་བཞི་པ་འོད་འཕྲོ་བའོ།། བསམ། ་གཏན་དང་འགྲོ་དོན་མཛད་པ་གཉིས་འཛོམ་པས་རང་གི་རྒྱུད་སྦྱང་བར་དཀའ་བ་སྤྱོང་བར་མཛད་པས་ལྔ་པ་སྦྱང་དཀའ་བའོ།། མཚན་མ་མེད་པའི་ཏིང་འཛིན་མངོན་དུ་གྱུར་པས་དྲུག་པ་མངོན་དུ་གྱུར་པའོ།། མཚན་མ་ལས་རིང་དུ་སོང་བས་ན་བདུན་པ་རིང ་དུ་དུ་སོང་བའོ།། ཏིང་ངེ་འཛིན་དེ་ལ་མཚན་མ་གང་གིས་ཀྱང་མི་གཡོ་བར་གནས་པོས་བརྒྱད་མི་གཡོ་བའོ།། གདུལ་བ་རྣམས་ལ་ཆོས་སྟོན་པའི་བློ་གྲོས་ཆེན་པོ་དང་ལྡན་པས་དགུ་པ་ལེགས་པའི་བློ་གྲོས་སོ།། ཆོས་ཀྱི་ཆར་གྱིས་གདུལ་བའི་ཆོས་ཀྱི་ལོ ་ཏོག་སྨིན་པར་བྱེད་པའི་ཡོན་ཏན་གྱི་སྤྲིན་ཆེན་པོ་དང་ལྡན་པས་བཅུ་པ་ཆོས་ཀྱི་སྤྲིན་གྱིས་ཞེས་བྱའོ།། ས་བཅུ་ལ་དབང་སྒྱུར་ཞིང་ལ་འཆད་པ་དང་། གཞན་དེ་ལ་གཟུང་བར་བྱ་བའི་ཕྱིར། དེ་ལ་གནས་པའི་ཚུལ་སྟོན་པའོ།། དེར་ཡང་མ་ཟོད་དེ་ཆེ་བའི ་ཡོན་ཏན་དུ་མར་སྣང་བའི་ཕྱིར། ཤེས་བཅུ་རྣམ་དག་བདག་ཉིད་ཅན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་པ་བཅུ་ནི་ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་། ཤེས་པ་བཅུ་པོ་དེ་རང་བཞིན་མེད་པར་ཤེས་པས་རྣམ་དག་གོ། དེ་རྣམས་གཞན་ལ་སྟོན་པས་ཤེས་བཅུ་རྣམ་དག་འཆང་བ་པོ་ཞེས་བྱའོ།། ་རྣམ་པ་བཅུ་པོ་དོན་བཅུའི་དོན་ཞེས་པ་རྣམ་པ་བཅུ་ནི་འཁོར་བའི་ཆོས་ཕུང་པོ་ལྔ་དང་། ཉོན་མོངས་པ་ལྔ་སྟེ་བཅུའོ།། འཁོར་བའི་ཆོས་ཐམས་ཅད་བསྡུས་ན་དེར་འདུས་སོ།། དེ་དག་རྣམ་པར་དག་པས་དོན་བཅུ་སྟེ། རིགས་ལྕེ་ཡེ་ཤེས་ལྔ་སྟེ་བཅུའོ།། དེ ་བཅུ་ནི་དོན་དུ་གཉེར་བར་བྱ་བའི་འོས་ཡིན་པས་དོན་ཅེས་བྱའོ།། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག་ཅེས་པ་ཐུབ་པ་ནི་རྒྱལ་བ་རྣམས་སོ།། དེ་རྣམས་ཀྱི་གཙོ་བོར་གྱུར་པས་ཐུབ་དབང་ངོ་།། སྟོབས་བཅུ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི ་སྟོབས་དང་། ལས་དང་འབྲས་བུ་མཁྱེན་པའི་སྟོབས་དང་། ཁམས་རྣམས་ཇི་ལྟ་བ་བཞིན་དུ་མཁྱེན་པའི་སྟོབས་དང་། ལམ་སྣ་ཚོགས་པ་མཁྱེན་པའི་སྟོབས་དང་། ཕ་རོལ་གྱི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག ་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། སྐྱེ་བ་དང་འཆི་འཕོ་མཁྱེན་པའི་སྟོབས་དང་། ཟག་བཅས་དང་ཟག་མེད་དེ་མཁྱེན་པའི ་སྟོབས་སོ།། དེ་ཡང་ཐུགས་རྗེ་ཆེན་པོས་ཀུན་ལ་ཁྱབ་པའི་བདག་ཉིད་དུ་ཞུགས་པའོ།། ཐུགས་རྗེས་ཁྱབ་པ་ཙམ་མ་ཡིན་ཏེ། གདུལ་བྱ་མ་ལུས་པའི་དོན་ཇི་ལྟར་འཚམ་པར་མཛད་པས། ཀུན་གྱི་དོན་ནི་མ་ལུས་བྱེད་ཅེས་པ་སྨོས ་པ་ཡིན་ནོ།། རྣམ་བཅུ་དབང་ལྡན་ཆེ་བ་པོ་ཞེས་པ་རྗེ་བཙུན་ཉིད་དབང་བཅུའི་ཡོན་ཏན་དང་ལྡན་ཏཾ། ཚེ་ལ་དབང་བ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། རྫུ་འཕྲུལ་དང་། མོས་པ་དང་། སྨོན་ལམ་དང་། ཡེ་ཤེསོ་དང་། ཆོས་ལ ་དབང་བའོ།། དེ་ལྟར་ན་མཚན་མ་ཅན་གྱི་སྐྱོན་དུ་མི་འགྱུར་རམ་ཞེ་ན། ཐོག་མ་མེད་པ་སྤྲོས་མེད་བདག། དེ་བཞིན་ཉིད་བདག་དག་པའི་བདག་ཅེས་སྨོས་ཏེ། ཆོས་ཉིད་ལ་ཐོག་མཐའ་མེད་པ་ལ་བརྟགས་པས་ཐམས་ཅད་དང་བྲལ་བས ་སྤྲོས་པ་མེད་པའོ།། འགྱུར་བ་མེད་པས་དེ་བཞིན་ཉིད་དོ།། གཟུང་འཛིན་གྱི་དྲི་མ་མེད་པས་དག་པའི་བདག་གོ།། དེ་ལྟར་ན་གཞན་གྱིས་དོན་ལ་ཇི་ལྟར་འདུག་ཅེ་ན། བདེན་པར་སྨྲ་ཞིང་ཚིག་མི་འགྱུར།། ཇི་སྐད་སྨྲས་པ་དེ་བཞིན་བྱེད།། གཉིས་མེད ་གཉིས་སུ་མེད་པར་སྟོན།། གཞན་མི་སླུ་བར་དོན་དང་མཐུན་པར་སྨྲ་བས་བདེན་པར་སྨྲ་ལ། གཞན་དོན་བྱེད་པར་དམ་བཅས་པ་ཁོ་ན་བཞིན་དུ་མཛད་པས་ཚིག་མི་འགྱུར་བའོ།། ཆོས་ཐམས་ཅད་སྒྱུ་མ་འམ་རྨི་ལམ་ལྟ་བུ་ཡིན་ནོ་ཞེས་སྨྲ་བ ་ཁོ་ན་བཞིན་དུ་རང་ཡང་སྤྱོད་པར་བྱེད་དོ།། རྗེས་སུ་མཐུན་པས་གཞན་མོས་པ་བསྐྱེད་པའི་ཕྱིར་རོ།། དེ་མི་མཐུན་པའི་ཕྱོགས་ཟིལ་གྱི་གནོན་པར་བསྟན་པ་ནི། ཡང་དག་མཐའ་ལ་རྣམ་པར་གནས།། བང་ལ་མེད་སེང་གེའི་སྒྲ་དང་ལྡན།། མུ་སྟེགས ་རི་དྭགས་ངན་འཇིགས་བྱེད།། ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས།། དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས་ཞེས་སྨོས་ཏེ། ཡང་དག་པའི་མཐའ་གཉིས་མེད་ལ་གནས་ནས། བདག་དང་བདག་གིར་མངོན་པར་ཞེན་པ་མེད་པའི་ཆོས་ཀྱི་སྒྲ་འཇིགས ་པ་མེད་པར་སྒྲོགས་པར་བྱེད་པ། སེང་གེའི་སྒྲ་ལྟ་བུ་ལྟ་བ་ལོག་པ་བདག་ཏུ་རྟོགས་ཅིང་། ནང་པར་སྤྱོད་པའི་རི་དགས་ལྟ་བུ་ངན་པ་འཇིགས་ཤིང་སྐྲག་པར་བྱེད་ཅིང་འགྲོ་བ་ཀུན་གྱི་དོན་སྐྱེས་བུའི་སྟོབས་ལྟར་ཇི་ལྟར་ཡང་སྣང་ནས་མཛད་དོ།། དེ་ཡང་འགྲོ ་བའི་དོན་ལ་རེ་ཀ་བཞིན་དུ་གཤེགས་ཏེ། མྱུར་བར་མཛད་པའི་དཔེ་ནི་ཡིད་ལྟ་བུའོ།། དེ་ལ་སྐུའི་ཡོན་ཏན་ཇི་ལྟར་སྣང་ན། རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ།། འཁོར་ལོ་སྒྱུར་བ་སྟོབས་པ་ཆ།། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག། ཚོགས་རྗེ ་ཚོགས་བདག་དབང་དང་ལྡན།། མཐུ་ཆེན་གཅེས་པར་འཛིན་པ་སྟེ།། ཚུལ་ཆེན་གཞན་གྱི་དྲི་ནི་མི་འཇོག། ཅེས་ཏེ། ཡོན་ཏན་གྱི་བགོ་སྐལ་གྱིས་མ་ཕམ་པས་རྒྱལ་བ་དང་། རྣམ་པར་རྟོགས་པ་ལས་རྒྱལ་བ་དང་། དགྲ་བདུད་བཞི་ལས་རྒྱལ་བ་སྟེ། ་འཇིག་རྟེན་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟར་སྤྲུལ་ནས་འགྲོ་བའི་དོན་མཛད་པས་ཀྱང་འཁོར་ལོ་སྒྱུར་བའོ།། ཆོས་ཀྱི་འཁོར་ལོ་བསྐོར་བས་འགྲོ་བ་རྣམས་ཀྱི་ཁ་ལོ་སྒྱུར་བས་ཀྱང་འཁོར་ལོ་བསྒྱུར་བའོ།། དཀྱིལ་འཁོར་གྱི་གཙོ་བོ་མཛད་པས་ཀྱང ་འཁོར་ལོ་སྒྱུར་བའོ།། གཞན་གྱི་དཔུང་འཇོམས་པས་ཀྱང་སྟོབས་ཆེ་བའོ།། དེ་ཡང་ཉན་ཐོས་ཀྱི་ཚོགས་ཀྱི་སློབ་དཔོན་མཛད་ཅིང་། རང་རྒྱལ་བ་འདྲེན་པས་ཚོགས་ཀྱི་རོ་མཆོག་གོ།། བྱང་ཆུབ་སེམས་དཔའི་ཚོགས་ཀྱི་རྗེ་བོ་མཛད་ཅིང་། དེ་བཞིན ་གཤེགས་པ་ཚོགས་ཀྱི་བདག་པོ་མཛད། དེ་རྣམས་ལ་དབང་སྒྱུར་བའི་མཐུ་དང་ལྡན་པའོ།། དེར་ཡང་མ་ཟད་དེ་གཟུང་འཛིན་འཇོམས་པའི་མཐུ་ཆེན་པོ་མངའ་བས་ཤིན་ཏུ་གཅེས་པའི་ཆོས་ནི་གཉིས་མེད་ཡིན་པས་དེ་འཆང་བས ་འཛིན་པའོ།། དེས་ན་ལམ་བགྲོད་དུ་མེད་པས། གཞན་གྱིས་བཀྲི་མི་དགོས་པ་སྟེ། དཔེར་ན་གཞན་གྱི་དྲིང་མི་འཇོག་པའོ།། དེ་ལ་གསུང་གི་ཡོན་ཏན་ཇི་ལྟ་བུ་འབྱུང་ཞེ་ན། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། ཚིག་ལ་དབང་བ་ཚིག་མཐའ་ཡས།། ་ཚིག་བདེན་བདེན་པར་སྨྲ་བ་སྟེ།། བདེན་པ་བཞི་ནི་སྟོན་པ་པོ་ཞེས་སྨོས་ཏེ། འདིས་ནི་སོ་སོ་ཡང་དག་པར་རིག་པ་བཞི་བསྟན་ཏེ། ཚིག་རྗེ་ནི་དོན་སོ་སོ་ཡང་དག་པར་རིག་པའོ།། ཚིག་བདག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པའོ།། སྨྲ་བ ་མཁས་པ་ནི་ཆོས་སོ་སོ་ཡང་དག་པར་རིག་པའོ།། ཚིག་ལ་དབང་བ་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པའོ།། སྒྲ་སྐད་སྣ་ཚོགས་ཀྱིས་དོན་མཛད་པས་ཚིག་མཐའ་ཡས་སོ།། མི་སླུ་བའི་ཆོས་གསུངས་པས་ཚིག་བདེན་ལ། དེ་ཡང་ཀུན་རྫོབ་དང་དོན ་དམ་པ་གཉིས་སུ་ཕྱེད་ནས་སྨྲ་བ་དང་། སྡུག་བསྔལ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་སྟེ། དེ་ལྟར་བདེན་པ་བཞི་ཕྱེ་ནས་ཀྱང་སྟོན་པར་མཛད་དོ།། ངེས་པར་འབྱུང་བའི་ཆོས་སུ་ཇི་ལྟར་སྣང་ཞེ་ན། ཕྱིར་མི་ལྡོག་པ་ཕྱིར་མི་འོང་།། འདྲེན ་པ་རང་རྒྱལ་བསེ་རུའི་ཚུལ།། ངེས་འབྱུང་སྣ་ཚོགས་ལས་བྱུང་བ།། འབྱུང་བ་ཆེན་པོ་རྒྱུ་གཅིག་པོ།། དགེ་སློང་དགྲ་བཅོམ་ཟག་པ་ཟད།། འདོད་ཆགས་བྲལ་བ་དབང་པོ་ཐུལ།། བདེ་བ་རྙེད་པ་འཇིགས་མེད་ཐོབ།། ཅེས་སྨོས་ཏེ། སྤྱིར་བཟོད་པ་ཐོབ་ནས་ངན ་སོང་དུ་མི་ལྡོག། ས་དང་པོ་ཐོབ་ནས་འཁོར་བར་མི་ལྡོག། ས་བརྒྱད་པ་ནོན་ནས་ཐེག་དམན་དུ་མི་ལྡོག་སྟེ། དེ་ཕྱིན་ཆད་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་སྟེ། འཁོར་བར་མི་འོང་ངོ་།། འགྲོ་བའི་དོན་དུ་སྤྲུལ་པ་ནི་མ་གཏོགས་སོ།། དེ་ལ་འདྲེན་པ་རང ་རྒྱལ་ནི་ནེ་ཙོ་ལྟར་ཚོགས་ན་སྤྱོད་པའོ།། བསེ་རུ་ནི་བསེ་རུ་ལྟར་གཅིག་པུར་གནས་པའོ།། རྗེས་བཙུན་དེར་ཡང་སྤྲུལ་ལོ།། དེར་ཡང་མ་ཟད་དེ། ཐེག་པ་སྣ་ཚོགས་ཀྱི་སྒོ་ནས་གང་ལ་གང་གིས་འདུལ་བ་དང་། ཁམས་གསུམ་ལས་ངེས་པར་འབྱུང ་བའི་ལམ་སྣ་ཚོགས་སྟོན་པར་མཛད་ཅིང་། འབྱུང་བ་ཆེན་པོ་ལྔར་སྣང་ནས་ཀྱང་དོན་མཛད་དེ། དེ་དག་གི་རྒྱུ་ནི་གཉིས་སུ་མེད་པའི་ཡེ་ཤེས་སོ།། དེ་ཡང་དགེ་བ་ལམ་དུ་སློང་ཞིང་། ཉོན་མོངས་པའི་དགྲ་འཇོམས་པས་སྲིད་པར་སྐྱེ་བའི་ཟག ་པ་ཟད་དོ།། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དང་བྲལ་བས་སྤྱོད་ཡུལ་གྱིས་མི་གོས་ཏེ། མིག་ལ་སོགས་ཡུལ་ལྔ་ལ་མི་ཆགས་པར་ཤར་བས། འཁོར་བའི་གཡང་སས་འཇིགས་པར་མི་འགྱུར་རོ།། དེ་འཆང་པ་པོའི་ཚུལ་ཅི་འདྲ་ཞེ་ན། བསིལ ་བར་གྱུར་པས་རྙོག་པ་མེད།། རིག་པ་དང་ནི་རྐང་པར་ལྡན།། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག། བདག་གིར་མི་འཛིན་ངར་མི་འཛིན།། བདེན་པ་གཉིས་ཀྱི་ཚུལ་ལ་གནས།། འཁོར་བའི་ཕ་རོལ་མཐར་སོན་པ།། བྱ་བ་བྱས་པ་སྐམ་སར་གནས།། ཡེ ་ཤེས་འབའ་ཞིག་ལས་འབྱུང་བ། ཞེས་སྨོས་ཏེ། བསིལ་བ་ཆུ་ལྟ་བུའི་ཆོས་ཉིད་ཀྱི་ཉོན་མོངས་པའི་གདུང་བ་སེལ་ཅིང་། གློ་བུར་གྱི་རྣམ་པར་རྟོག་པ་དྲི་མཆུའི་རྙོག་མ་ལྟ་བུ་དང་བྲལ་ཏེ། མིག་དང་འདྲ་བའི་ལྟ་བ་རིག་པ་དང་། རྐང་པ་དང་འདྲ་བར་སྤྱོད་པ་ཟུང ་འབྲེལ་དུ་ལྡན་པས་འཁོར་བའི་སྡུག་བསྔལ་དང་བྲལ་བས་བདེ་བར་གཤེགས་པ་ལ་སེམས་ཅན་གྱི་ལས་འཕྲོ་དང་། མོས་པ་དང་སྣོད་དུ་རུང་མི་རུང་བ་དང་། འདུལ་བའི་དུས་ལ་བབ་མ་བབ་མཁྱེན་པས་ཉན་ཐོས་དང་། རང ་རྒྱལ་ལས་ཁྱད་པར་དུ་འཕགས་པས་འཇིག་རྟེན་རིག་པའི་མཆོག་གོ། མངོན་སུམ་དུ་སྣང་བ་འདི་སྒྱུ་མ་ལྟ་བུར་མཁྱེན་པས་ཕྱི་ཡུལ་ལ་བདག་གིར་མི་འཛིན་ལ། ནང་སེམས་ལ་ངར་མི་འཛིན་ཏེ། རང་དོན་དང་གཞན་དོན་གྱི་དབང་གིས ་བདེན་པ་གཉིས་ཀྱི་ཚུལ་ལ་གནས་པར་བྱེད་དོ།། འོ་ན་འཁོར་བར་མི་འགྱུར་རམ་ཞེ་ན། འཁོར་བ་འི་ཕ་རོལ་མཐར་སོན་ཏོ། བྱ་བ་བྱས་ནས་སྟོབས་དང་ལྡན་པས་འཁོར་བའི་འདམ་ནས་ཐོན་ཏེ་བྱང་ཆུབ་ཀྱི་སྐམ་ས་ལ་གནས་པའོ།། དེའི ་རྒྱུ་ནི་གཉིས་སུ་རྟག་མེད་པར་རྟོགས་པའི་ཡེ་ཤེས་འབའ་ཞིག་ལ་གཟུགས་སུ་གཉིས་འབྱུང་བའོ།། དེས་བསྟན་པའི་ཆོས་གང་ཞེ་ན། ཤེས་རབ་མཚོན་ཆེན་རྣམ་འཇོམས་པ།། དམ་ཆོས་ཆོས་རྒྱལ་གསོལ་བར་ལྡན།། འཇིག་རྟེན་སྣང་བར་བྱེད། ་པོའི་མཆོག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཤེས་རབ་མཚོན་ལྟ་བུས་ཉོན་མོངས་པ་འཇོམས་པའི་དམ་པའི་ཆོས་རྒྱལ་པོ་ལྟ་བུ་ཐུགས་ལ་གསལ་བར་ལྡན་པས་འཇིག་རྟེན་པ་ལས་ཡེ་ཤེས་སྣང་བར་བྱེད་པའོ།། དོན་ཕྲ་མོ་ཙམ་མ་ཡིན་ཏེ་ཐར ་པ་ལ་སྦྱོར་བའི་མཆོག་གོ།། ངེས་བཞིན་དོན་འབྱུང་བའི་ཚུལ་ནི་ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ།། ལེགས་པའི་ལམ་ནི་སྟོན་པ་པོ།། དོན་གྲུབ་བསམ་པ་གྲུབ་པ་སྟེ། ཞེས་སྨོས་ཏེ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་རྗེ་བཙུན་ཉིད་དབང ་སྦྱར་བས་ཆོས་ཀྱི་དབང་ཕྱུག་གོ།། ངེས་གདུལ་བྱ་རྣམས་ཉོན་མོངས་པ་ལས་རྒྱལ་བར་བྱས་ནས་ཕྱིན་ཅི་མ་ལོག་པར་ལྔར་འཚམ་པར་བསྟན་ཏེ། སེམས་ཅན་གྱི་དོན་དང་བསམ་པ་གྲུབ་པར་བྱེད་པའོ།། འོ་ན་རྗེ་བཙུན་ཉི ་བཅས་སུ་མི་འགྱུར་རམ་ཞེ་ན། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། རྣམ་པར་མི་རྟོག་དབྱིངས་མི་ཟད། ཆེས་གས་ཞེས་སྨོས་ཏེ། གཞན་དོན་མཛད་ཀྱང་རྟོག་པ་མེད་དེ། ཡང་དག་པའི་ཡེ་ཤེས་དང་ལོག་རྟོགས་ལ ་བའི་ཕྱིར་རོ།། རྣམ་པར་མི་རྟོགས་ཀྱང་དབྱིངས་ལས་ཡོན་ཏན་ཟད་པ་མེད་པ་འབྱུང་སྟེ། ཡོན་ཏན་གྱི་འབྱུང་ཅང་མི་ཤེས་པའོ།། དེ་ཚོགས་ཇི་ལྟར་རྫོགས་ཤེ་ན། བསོད་ནམས་ལྡན་པ་བསོད་ནམས་ཚོགས།། ་ཤེས་ཡེ་ཤེས་ཁྱད་པར་ཆེ།། ཡེ་ཤེས་ལྡན་པ་ཡོད་མི་ཤེས།། ཚོགས་གཉིས་ཚོགས་ནི་བསགས་པའོ།། ཞེས་སྨོས་ཏེ། ས་བསོད་ནམས་ཀྱི་ཚོགས་དང་ལྡན་ལ། གཞན་དེ་ལ་གཞུག་པའི་ཕྱིར་ཉིད་ཀྱང་ཚོགས་སོགས་པའི ་ཚུལ་སྟོན་པའོ།། ཡེ་ཤེས་ཀྱི་ཚོགས་དང་ཡང་ལྡན་ཏེ། དེ་ཡང་ཉན་ཐོས་དང་རང་རྒྱལ་བའི་ཡེ་ཤེས་ལས་ཀྱང་། བྱང་ཤེས་ཁྱད་པར་ཆེ་སྟེ། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ་དེ་བཞིན་གཤེགས་པའི་ཡེ་ཤེས་དང ་ལྡན་པས། ཡོད་པ་ཞེས་བྱ་བ་ཇི་སྙེད་པ་དང་། མེད་པ་ཞེས་བྱ་བ་ཇི་ལྟ་བ་ཤེས་ཏོ།། དེ་ལྟར་ཚོགས་གཉིས་རྫོགས་པས་ནི་རྫོགས་བསགས་པ་ལས་འཐུང་བར་བསྟན་པའོ།། ཚོགས་བསགས་པ་ལས་སངས་རྒྱས་ཇི་ལྟར་འབྱུང་ཞེ་ན། རྟག་པ་ཀུན ་རྒྱས་རྣལ་འབྱོར་ཅན།། བསམ་གཏན་བསམ་བྱ་བློ་ལྡན་མཆོག། སོ་སོ་རང་རིག་མི་གཡོ་བ།། མཆོག་གི་དང་པོ་སྐུ་གསུང་འཆང་ཞེས་པ་ལ་སོགས་པ་སྨོས་ཏེ། དོན་དམ་ཆོས་ཀྱི་སྐུ་མི་འགྱུར་བ་དེ་རྣམ་རྟོག་གི་དགྲ་ལས་རྒྱལ་ཞིང་། ཐབས ་དང་ཤེས་རབ་ཟུང་དུ་འབྲེལ་པ་སོ་རྣལ་འབྱོར་ཏེ། དེ་ཡང་འདི་སྐད་དུ། ཐབས་དང་ཤེས་རབ་སྙོམས་འཇུག་པ།། རྣལ་འབྱོར་ཞེས་སུ་བརྗོད་པ་ཡིན།། ཞེས་གསུངས་པ་ལྟ་བུའོ།། རྣམ་པར་མི་རྟོག་པའི་སྙིང་པོ་ལ་རྣམ་པར་རྟོག་པ་མི་གཡོ་བས་བསམ་གཏན ་དེ་སངས་རྒྱས་ངན་དུ་གཉེར་བ་རྣམས་ཀྱིས་བསམ་པར་བྱ་བའི་འོས་ཡིན་པས་བསམ་བྱ། གཉིས་མེད་རྟོགས་པས་བློ་དང་ལྡན་པའི་མཆོག་གོ།། དེ་ཡང་མཁྱེན་ཚད་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་མ་འདྲེས་པར་སོ་སོ་རང་གི་རིག་པའོ།། དེ་ལ་མ་ཞེན་པ ་ནི་མི་གཡོ་བའོ།། དཱི་ལྟ་བུ་ནི་སྐུ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་སྟེ། སྐུའི་བྱེ་བྲག་གཞོན་བྱུང་བའི་དངོས་པོ་ལ་དེ་ཐོབ་དགོས་པས་དང་པོ།། དེའི་ཡོན་ཏན་གྱི་ཁྱད་པར་སྐུ་གསུམ་དུ་སྣང་བའོ།། དེ་ལས་སྐུ་དང་ཡེ་ཤེས་ཀྱི་བྱེ་བྲག་ཇི་ལྟར་འབྱུང་ཞེ་ན། སངས ་རྒྱས་སྐུ་ལྔའི་བདག་ཉིད་ཅན།། ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག། སངས་རྒྱས་ལྔ་བདག་ཅོད་པན་ཅན།། སྤྱན་ལྷ་ཆགས་པ་མེད་པ་འཆང་།། སངས་རྒྱས་ཐམས་ཅད་བསྐྱེད་པ་པོ།། སངས་རྒྱས་སྲས་པོ་དམ་པའི་མཆོག་ཅེས་སྨོས་ཏེ། སྐུ་ལྔ་ནི་ཆོས་སྐུ ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། རྡོ་རྗེ་ལྟ་བུའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུའོ།། ཁྱབ་བདག་ནི་ཆོས་ཀྱི་དབྱིངས་ཀྱི་སྣོད་བཅུད་ཀུན་ལ་ཁྱབ་པའོ།། ཡེ་ཤེས་ལྔ་ནི་ཀླད་དུ་བཤད་ཟིན་ཏོ།། སངས་རྒྱས་ལྔ་ནི་རྣམ་པར་སྣང ་མཛད་ལ་སོགས་པ་ལྔའོ།། ཡེ་ཤེས་ལྔ་ལས་སངས་རྒྱས་ལྔས་བརྒྱན་པས་ཅོད་པན་ཅན་ཞེས་བྱའོ་སྤྱན་ལྔ་ནི་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཡེ་ཤེས་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ནོ།། དེ་རྣམས་ལ་ཐོགས་ཆགས་མེད་པས་མངའ་བའོ།། ་བྱང་ཆུབ་སེམས་ཀྱི་རྟོགས་ནས་སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ་དུ་འགྱུར་ཞིང་། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སངས་རྒྱས་ཀྱི་སྲས་སོ།། འོ་ན་ཉན་ཐོས་རྣམས་སྲས་དམ་པ་མིན་པ་ཅིའི་ཕྱིར་ཞེ་ན། དཔེར་ན། འཁོར་ལོ་སྒྱུར་བའི ་རྒྱལ་པོ་ལ་སྲས་ཡོད་ཀྱང་། མཚན་དང་ལྡན་པ་གཅིག་སྲས་ཀྱི་དམ་པར་འཛིན་པ་དེ་བཞིན་དུ། ཉན་ཐོས་དང་རང་རྒྱལ་ཤེས་རབ་དང་སྙིང་རྗེ་ཆུང་བས་སངས་རྒྱས་ཀྱི་རིགས་འཛིན་ཅིང་མཛད་པ་སྒྲུབ་མི་ནུས་པས་སྲས་ཀྱི་དམ་པ་མ་ཡིན་ནོ།། བྱང ་ཆུབ་སེམས་དཔ། སྙིང་རྗེ་དང་ཤེས་རབ་ཆེ་བས་སངས་རྒྱས་ཀྱི་རིགས་འཛིན་ཅིང་མཛད་པ་སྒྲུབ་པས་སྲས་པོ་དམ་པའོ།། གནས་སྐབས་སུ་བྱང་ཆུབ་སེམས་དཔའི་གཟུགས་སུ་རྗེ་བཙུན་ཉིད་བཞུགས་ནས་འགྲོ་བའི་དོན་མཛད་པས་དེ་སྐད་བྱའོ།། ་དེའི་མཛད་པ་ཅི་ཞེ། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད།། ཆོས་ལས་བྱུང་བ་སྲིད་པ་སེལ།། གཅིག་ཏུ་སྲ་མཁྲེགས་རྡོ་རྗེའི་བདག། སྐྱེས་མ་ཐག་ཏུ་འགྲོ་བའི་བདག་ཅེས་སྨོས་ཏེ། དེ་ཁོ་ན་ཤེས་པས་སྲིད་པ་ལས་འབྱུང་སྟེ། འཁོར་བར་སྐྱེ་བའི ་གནས་མེང་ངོ་དོ།། ཆས་ཀྱི་སྐུ་རྟོགས་པ་ལས་ཡེ་ཤེས་འབྱུང་སྟེ། དེས་སྲིང་པའི་རྒྱ་ལས་དང་ཉོན་མོངས་པ་སེལ་ལོ།། གང་གིས་སེལ་ན་ཡེ་ཤེས་དྲག་རོ་གཅིག་པ། གཉེན་པོ་མེང་བ། དབྱེར་མེང་དེས་སེལ་ལོ།། དུས་ནི་སྒྲོས་མ་ཐག་ཏུའོ།། ཡེ་ཤེས ་ལྔའི་ཚུལ་གྱིས་གཞན་གྱིས་མ་རིག་པ་ཇི་ལྟར་སེལ་ན། ན་མཁའ་ལས་བྱུང་རང་ཐུང་བ།། ཤེས་རབ་ཡེ་ཤེས་མེ་བོ་ཆེ།། འོད་ཆེན་རྣམ་པར་སྣང་བར་བྱེད།། ཡེ་ཤེས་སྐུར་མ་ལམ་མེ་བ།། འགྲོ་བའི་མར་མེ་ཡེ་ཤེས་སྒྲོན་ཞེས་སྨོས་ཏེ། ཆོས ་ཀྱི་དབྱིངས་དང་ན་མཁའ་འདྲ་བ་ལས་ཡོན་ཏན་འགགས་པ་མེད་པ་འབྱུང་བ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ།། གསལ་ལ་རྟོག་པ་མེད་པའི་ཡེ་ཤེས་ཀྱིས་མཚན་མ་འཇོམས་ཏེ། མེ་ཡིས་རྩི་སྤུར་བསྲེག་པ་ལྟ་བུ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ།། ་ཆོས་ཐམས་ཅད་མཉམ་པར་རྟོགས་པའི་ཡེ་ཤེས་ཀྱི་འོད་ཆེན་པོ་འབར།། གདུལ་བྱ་ལ་ཆེ་བའི་ཡོན་ཏན་སྣ་ཚོགས་སྣང་བར་བྱེད་པས་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ།། སོ་སོར་རྟག་པའི་ཡེ་ཤེས་སྤྲིན་མེད་པའི་ནམ་མཁའ་ལ་སྐར་མའི་ཚོགས་མ་འདྲེས་པར ་གསལ་བ་ལྟར་ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་འདྲེས་པར་རྟོགས་པས་སོ་སོར་རྟོགས་པའི་ཡེ་ཤེས་སོ།། བྱ་བ་གྲུབ་པའི་ཡེ་ཤེས་མར་མེ་ལྟ་བུས་འགྲོ་བའི་མ་རིག་པའི་མུན་པ་སེལ་ཞིང་། འདོད་པའི་དོན་ཡོངས་སུ་རྫོགས་པར་མཛད་པས་བྱ་བ ་གྲུབ་པའི་ཡེ་ཤེས་སོ།། ཁྱད་པར་གསང་སྔགས་ཀྱི་སྒོ་ནས་བསྣན་པའི་ཕྱིར། གཟི་བརྗིད་ཆེན་པོ་འོད་གསལ་བ།། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ།། གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།། གཙུག་ཏོར་ཆེན་པོ་རྨད་འབྱུང་གཙུག་ཅེས་སྨོས ་ཏེ། གཞན་ཟིལ་གྱིས་གནོན་པའི་གཟི་བརྗིད་ཀྱི་ཕུང་པོ་ཆེན་པོ་མངའ་ཞིང་། ནང་ན་ཡེ་ཤེས་ལྔ་གསལ་བའི་རྟགས་སུ་ཕྱི་རོལ་ཏུ་འོད་ཁ་དོག་ལྔ་གསལ་བའོ།། སྔགས་ཀྱི་མཆོག་ཏུ་གྱུར་པས་གསང་སྔགས་རིག་སྔགས་ཡིན་ལ་དེའི་མངའ་བདག་གོ།། རག ་སྔགས་ཀྱི་རྒྱལ་པོ་ནི་ཤེས་རབ་ཡེ་ཤེས་ཡིན་ལ།། གསང་སྔགས་ཀྱི་རྒྱལ་པོ་ནི་ཐབས་དང་ཤེས་རང་ཁྱད་པར་ཅན་ཡིན་ལ། སྐལ་པ་དང་སྐལ་བར་ལྡན་པ་ལ། དེ་གཉིས་ཀྱི་སྒོ་ནས་དོན་བྱེད་པའོ།། དེ་ནི་རྨད་དུ་བྱུང་བའི་ཆོས་ཡིན་པས་གཙུག་ཏོར ་ལྷལྟར་ཀུན་གྱི་སྤྱི་གཙུག་ཏུ་བཀུར་བར་འོས་པའོ།། དེ་ཙམ་དུ་མ་ཟད་དེ་འཁྲུལ་པ་སྣ་ཚོགས་སུ་འབྱུང་བ་ནི། ན་མཁའི་བདག་པོ་སྣ་ཚོགས་སྟོན།། སངས་རྒྱས་ཀུན་གྱི་སྐུ་ཡི་མཆོག། འགྲོ་ཀུན་དགའ་བའི་མིག་དང་ལྡན།། སྣ་ཚོགས་གཟུགས་ཅན་སྐྱེད ་པ་པོ་ཞེས་སྨོས་ཏེ། ཟབ་པ་རང་གི་དོན་ནམ་མཁའ་ལྟ་བུ་ལས་རྒྱ་ཆེ་བ་གཞན་གྱི་དོན་སྣ་ཚོགས་སྟོན་པའོ།། སྐུའི་མཆོག་ཏུ་གྱུར་པ་ནི་དྲུག་པོ་རོ་གཅིག་པའོ།། དེས་འགྲོ་བའི་དོན་ལ་གཟིགས་ཏེ་ཇི་ལྟར་དགའ་བའི་གཟུགས་སྣ་ཚོགས་སུ་སྤྲུལ་ནོས ་དོན་མཛད་པའོ།། མདོར་ན་བྱང་ཆུབ་ཀྱི་སེམས་སྣ་ཚོགས་སུ་སྤྲུལ་ནས་དོན་མཛད་པའོ།། མདོར་ན་བྱང་ཆུབ་ཀྱི་སེམས་གཟུགས་སྣ་ཚོགས་སུ་ཤར་བར་སྟོན་ཏོ།། དེ་ཉིད་དོན་དང་ལྡན་པས་གཞན་གྱིས་བཀུར་བའི་འོས་སུ་གྱུར་པའི་ཕྱིར། དྲང་སྲོང ་ཆེ་དགུས་མཆོད་ཅིང་བརྗོད།། རིགས་གསུམ་འཆང་བ་གསང་སྔགས་འཆང་།། དམ་ཚིག་ཆེན་པོ་གསང་སྔགས་འཛིན།། གཙོ་བི་དཀོན་མཆོག་གསུམ་འཛིན་པ་ཞེས་པ་སྟེ། དྲང་སྲོང་ནི་སྤྱིར་རིག་པ་སྒྲུབ་པ་རྣམས་ལ་བྱ་ལ། དྲང་སྲོང་ཆེན་པོ ་ནི་བཅོམ་ལྡན་འདས་ཏེ་རང་ཡང་དྲང་པོའི་ལམ་དུ་བཞུགས་པ་ལ། གཞན་ཡང་དྲང་པོའི་ལམ་དུ་སྤོང་བའི་ཕྱིར་རོ།། དེ་ཀྱང་རྗེ་བཙུན་ཉིད་ལ་མཆོད་པ་དང་། ཡོན་ཏན་བརྗོད་ཅིང་བསྟོད་པའི་གནས་སུ་གྱུར་པའོ།། དེ་ཅི་འཆང་ན། སྐུ་དེ་བཞིན་གབྱེ ་པའི་རིགས་དང་། གསུང་པདྨའི་རིགས་དང་། ཐུགས་རྡོ་རྗེའི་རིགས་དང་། གསུམ་འཆང་ཞིང་། ཐབས་དང་ཤེས་རབ་ཁྱད་པར་ཅན་འཆང་བས་ན། གསང་སྔགས་འཆང་བ་སྟེ། དོན་ལས་མི་འདའ་བས་ན། དམ་ཚིག་ཆེན་པོ་གསང་སྔགས་ཀྱི ་སྒོ་ནས་གདུལ་བྱ་རྗེས་སུ་འཛིན་ཏེ། རྩ་བ་བྱང་ཆུབ་ཀྱི་སེམས་ཏེ་ཆོས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པས་གཙོ་བོའོ།། དེས་དཀོན་མཆོག་གསུམ་གྱི་ཚུལ་རིག་ཅིང་། གཞན་ཡང་འཛིན་དུ་འཇུག་པར་མཛད་དོ།། དེ་ཡང་རྒྱ་ཆེ་བའི་དཀོན་མཆོག་ནི་སྤྱི་དང ་མཐུན། ཟ་བ་པོའི་དབང་དུ་བྱས་ནས་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་སངས་རྒྱས་དཀོན་མཆོག་དེའི་དོན་རྟོགས་པ་ནི་ཆོས་དཀོན་མཆོག་གོ།། རྗེས་སུ་སྒྲུབ་པ་ནི་དགེ་འདུན་དཀོན་མཆོག་གོ།། ཆོས་ཀྱི་སྒོ་མོ་ཇི་སྙེད་པ་ཡང་ཐེག་པ་གསུམ་དུ་འདུས་ཏེ། ་གདུལ་བྱ་རྗེས་སུ་གཟུང་བའི་ཕྱིར། ཐོག་པ་མཆོག་གསུམ་སྟོན་པ་པོ།། དོན་ཡོད་ཞགས་པ་རྣམ་པར་རྒྱལ།། འཛིན་པ་ཆེན་པོ་རྡོ་རྗེ་ཞགས།། རྡོ་རྗེ་ལྕགས་ཀྱུ་ཞིགས་པ་ཆེ། ཞེས་པ་སྨོས་ཏེ། ཉན་ཐོས་དང་། རང་རྒྱལ་བ་དང་། ཐེག་པ་ཆེན་པོ་ག་སུམ ་གང་ཟག་གི་བློ་དང་སྦྱར་ནས་གང་མོས་པ་ལ་སྟོན་པར་བྱེད་དེ། དེས་འགྲོ་བའི་དོན་ཡོད་པར་མཛད་དོ།། འཁོར་བ་ལས་རྒྱལ་བར་བྱེད་དོ།། ཐུགས་རྗེའི་ཞགས་པུས་གདུལ་བྱ་རྗེས་སུ་འཛིན་པས་དེ་ཡང་སྐུ་ཙ་ལས་འབྱུང་ན། ཆོས་ཀྱི་སྐུ་རྡོ་རྗེ་ལྟ་བུ་རྟོག ་པ་ལས་འབྱུང་ངོ་།། དེ་ཡང་སྟོང་ཉིད་ཆོས་སྐུ་རྟོགས་པོའི་རྟགས། བྱམས་དང་སྙིང་རྗེས་རབ་ཏུ་འཕེལ། ཞེས་པ་ལྟ་བུའོ།། ཐུགས་རྗེས་གདུལ་གྱི་རྗེས་སུ་འཛིན་པས་ལྕ་གོས་ཀྱུ་དང་འདྲ། ཉོན་མོངས་པ་རྣམས་འཆིང་བས་ཞགས་པ་དང་འདྲདེ ་ལ་ཡང་མ་ཞེན་པ་ཆེ་ཞེས་བྱའོ།། ད་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདིར་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་མིང་བསྟན ་དེ་ཡང་རྡོ་རྗེའི་རིགས་ཡིན་པས་རྡོ་རྗེའོ།། ཤིན་ཏུ་འཇིགས་པར་བྱེད་པའི་ཆ་བྱང་དུ་བསྟན་ནས། མ་ཧཱ་དེ་བ་ལ་སོགས་པ་དང་། ལས་ཀྱི་གཤིན་རྗེ་རྣམས་ཞི་བས་མི་འདུལ་བ་དེ་དག་འཇིགས་ཤིང་སྐྲག་པར་བྱེད་པས་འདུལ་བའོ།། ཁྲོ་བོའི་རྒྱལ ་གདོང་དྲུག་འཇིགས།། མིག་དྲུག་ལག་དྲུག་སྟོབས་དང་ལྡན།། ཀཽང་རུས་མཆེ་བ་གཙིགས་པ་པོ།། ཞེས་པ་འདིས་ཡོན་ཏན་རྟགས་ཀྱི་ཕྱག་རྒྱ་བསྟན་ཏེ། ཁྲོ་བོ་ནི་གསོད་པ་དང་སྐྲོད་པ་ལ་སོགས་པ་དྲག་པོའི་ཆ་བྱད་དུ་སྟོན་ཏེ། དེ་ཡང་གསོད་དང་སྐོང ་དང་དྲག་པོར་སྟོན།། འདི་ནི་ཁྲོ་བོའི་དོན་དུ་བརྗོད་ཅེས་པ་ལྟ་བུའོ།། དེ་ནི་ནང་དུ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་ཉོན་མོངས་པ་ཞེ་སྡང་ལོ་སོགས་པ་བཅོམ་པའི་རྟགས་སོ།། དེ་ནི་ཁྲོ་བོ་རྣམས་ཀྱི་ནང་ན་གཙོ་བོར་གྱུར་པས་རྒྱལ་བའོ།། དེ་ཡང་རིགས ་དྲདྲུག་དང་ལྡན་པའི་རྟགས་སུ་གདོང་དྲུག་གོ། ཡེ་ཤེས་དྲུག་དང་ལྡན་པའི་རྟགས་སུ་མིག་དྲུག་གོ།། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་རྟགས་སུ་ལག་པ་དྲུག་གོ་གདུག་པ་འཇོམས་པར་འཇམས་པར་བྱེད་པའི་སྟོབས་དང་ལྡན་པའོ།། མི་མགོ་སྐམ ་སྙོམ་གྷ་རྒྱན་པས་ཀེང་རུས་སོ།། ངེས་པར་འབྱེད་པའི་ཤེས་རབ་རྣོན་པོས་ཉོན་མོངས་པ་འཇོམས་ཤིང་། གདུག་པ་ཅན་འདུལ་བའི་རྟགས་སུ་མཆེ་བ་གཅིག་པའོ།། ཧ་ལ་ཧ་ལ་གདོང་བརྒྱ་པ། ཞེས་པ་འདིས་འཇིགས་བྱེད་ཆེན་པོའི་རྒྱན་བསྟན ་ཏེ&ཧ་ལཱ་ནི་དུག་སྟེ། དུག་བཞི་དང་ལྡན་པའི་སྦྲུལ་གྱིས་ལུས་དང་ཡན་ལག་བརྒྱན་པའོ།། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ།། རྡོ་རྗེ་ཤུགས་ཅན་འཇིགས་པར་བྱེད་པ་ཞེས་པ་འདིས་ནི་སྐུའི་འཕྲིན་ལས་བསྟན་ཏེ། འདི་ལས་ཀྱི ་གཤིན་རྗེ་རྣམས་འདུལ་བའི་གཤེད་དུ་གྱུར་པ་སྟེ། བགེགས་ཀྱི་རྒྱལ་པོ་བཱི་ན་ཡ་ཀ་དང་། ཚོགས་བདག་གླང་སྣ་ལ་སོགས་པ་རྣམས་འདུལ་བར་བྱེད་པས་རྒྱལ་བའོ།། རྡོ་རྗེ་ལྟར་འཕྲོ་ནཱི་ལས་ཐོགས་པ་མེད་པར་མཛད་པའི་ཤུགས་ཆེན་པོ་དང་ལྡན ་སྒོནས་གདུག་པ་ཅན་རྣམས་འཇིགས་ཤིང་སྐྲག་པར་མཛད་པའོ།། དེའི་གྲགས་པའི་ཁྱད་པར་ཇི་ཙམ་ཞེས། རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང་ཞེས་སྨོས་ཏེ། ཆོས་ཐམས་ཅད་རྡོ་རྗེ་ལྟར་དབྱེར་མི་ཕྱེད་ཅིང་། འཇིག་རྟེན་གསུམ་དུ་གྲགས་པའི་ཁྱད་པར་དང་ལྡན ་པའོ།། དབྱེར་མི་ཕྱེད་པ་རྡོ་རྗེ་ལྟ་བུ་སྟེ། ཆོས་ཐམས་ཅད་ཀྱི་འཕྲོ་བར་གྱུར་པའི་གཞིར་གྱུར་པས་ཀྱང་སྙིང་པོ།། རྡོ་རྗེ་ལྟ་བུ་ཐུགས་ཀྱིས་རིགས་ཡིན་པས་ཀྱང་རྡོ་རྗེའི་སྙིང་། རྟགས་ཁྲོ་བོ་རྣམས་ཀྱི་ཐུགས་ཀར་བཞག་པས་ཀྱང་རྡོ་རྗེ་སྙིང་ངོ་།། སྐུ་དེའི ་ཡོན་ཏན་བསྟན་པ་ནི། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ་ཞེས་སྨོས་ཏེ། སྒྱུ་མ་ལྟ་བུའི་སྤྲུལ་པ་སྣ་ཚོགས་སྤྲུལ་ཞིང་། རྡོ་རྗེ་ལྟ་བུའི་སྐུ་དེ་ཡང་ནང་དུ་ཆེ་བའི་ཡོན་ཏན་ཐམས་ཅད་ཀྱིས་གང་བའི་རྟགས་སུ་གསུས་ཁྱིམ་ཆེ་བའོ།། དེའི་རྒྱུ་ཅི་ཞེ་ན། རྡོ་རྗེ ་ལས་སྐྱེས་རྡོ་རྗེའི་བདག་རྩི་ས་པ་སྨོས་ཏེ། དེའི་རྒྱུ་ནི་ཆོས་སྐུ་རྡོ་རྗེ་ལྟ་བུ་རྟོགས་པ་ལས་སྐྱེས་ཏེ། རིགས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་བདག་པོའོ།། དེའི་དཔེ་ནི། རྡོ་རྗེ་སྙིང་པོ་མཁའ་འདྲ་བ་ཞེས་སྨོས་ཏེ། དངོས་པོ་མེད་པ་དང་། ཀུན ་ལས་ཁྱབ་པ་དང་། ཆོ་འཕྲུལ་མི་འགག་པའི་ཕྱིར་ན་མཁའོ།། འོ་ན་མཚན་མ་ཅན་དུ་མི་འགྱུར་རམ་ཞེ་ན། མི་གཡོ་རལ་པ་གཅིག་གིས་བསྒྱིངས།། གླང་ཆེན་ཀོ་རློན་གོས་སུ་གྱོན། ཞེས་པ་འདིས་ཡོན་ཏན་གྱི་བརྒྱན་བསྟན་ཏེ། མཚན་མའི་རྣམ་པར་རྟོག་པ་མི ་གཡོ་ཞིང་། གཉིས་སུ་མེད་པར་རྟོགས་པའི་རྟགས་རལ་པའི་ཐོར་ཚུགས་གཅིག་ཏུ་བཅིངས་པའོ།། ཐེག་པ་མཆོག་དང་ལྡན་པའི་རྟགས་སུ་གླང་པོ་ཆེའི་ཀོ་རློན་གོས་སུ་གྱོན་པའོ།། ཁྲོ་བོའི་གསུང་ཇི་ལྟ་བུ་ཞེ་ན། དྲག་ཆེན་ཧ་ཧ་ཞེས་སྒྲོག་པ།། ཧི་ཧི ་ཞེས་སྒྲོགས་འཇིགས་པར་བྱེད།། གང་མོ་ཆེན་མོ་གད་རྒྱངས་ཅན།། རྡོ་རྗེ་གད་མོ་ཆེར་སྒྲོགས་པ་ཞེས་སྨོས་ཏེ། འགྲོ་བའི་དོན་མཛད་པ་ལ་དགྱེས་པས་ཧ་ཧ་ཞེས་པའི་སྒྲ་སྒྲོགས་ཤིང་། ཧི་ཧི་ཞེས་པའི་སྒྲས་མ་རུངས་པ་རྣམས་འཇིགས་ཤིང་རྒྱལ་བར ་བྱེད་པའི་གད་མོ་ཆེར་བར་སྒྲོགས་ཏེ། རྡོ་རྗེ་དང་འདྲ་བར་གཞན་གྱིས་བར་དུ་མཆོད་པར་ཤིན་ཏུ་རྒྱ་ཆེ་བ་སྟེ། འཇིག་རྟེན་གསུམ་ན་ཐོས་པར་སྒྲོགས་པའོ།། འོ་ན་ཐུགས་ཀྱི་རང་བཞིན་ཇི་ལྟ་བུ་ལགས་ཞེ་ན། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ།། རྡོ་རྗེ ་རྒྱལ་པོ་བདེ་བ་ཆེ།། རྡོ་རྗེ་དྲག་པོ་དགའ་བ་ཆེ།། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས་ཞེས་སྨོས་ཏེ།། རྡོ་རྗེ་ལྟར་མི་ཕྱེད་པའི་ཐུགས་ཡེ་ཤེས་ཆེན་པོ།། ཆོས་ཀྱི་དབྱིངས་ལ་སེམས་དཔའ་དང་། ཐུགས་རྗེས་འགྲོ་བའི་དོན་ལ་སེམས་དཔའོ།། དེའི་གོང་ན་གཞན་མེད ་པས་རྒྱལ་པོའོ།། ཟག་པ་མེད་པའི་བདེ་བ་ཆེན་པོ་མངའ་ཞི་ང། གདུག་པ་ཅན་འཇོམས་པའི་ཐུགས་མངའ་བས་དྲག་པོའོ།། དེས་སེམས་ཅན་རྣམས་ཀྱི་དགའ་བ་ཆེན་པོ་སྐྱེད་པར་མཛད་དོ།། རྡོ་རྗེ་ལྟ་བུ་ཐུགས་སུ་ཆུད་པའི་སྒོ་ནས། ཧཱུཾ་ཧཱུཾ་ཞེས་པའི་སྒྲ ་བསྒྲགས་ནས། གདུག་པ་ཅན་ཚར་གཅོད་པ་མཛད་དོ།། ཁྲོ་བོ་དེ་ལས་ཅི་མཛད་ཅེ་ན།། མཚོན་དུ་རྡོ་རྗེ་མདའ་ཐོགས་པ།། རྡོ་རྗེ་རལ་གྲིས་མ་ལུས་གཅོད།། རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན།། རྡོ་རྗེ་གཅིག་པུ་གཡུལ་སེལ་བ་ཞེས་སྨོས་ཏེ། ཕྱག་མཚན ་རྡོརྗེ་ལྟར་ཉོན་མོངས་པ་འབིགས་ས་ཤེས་རབ་ཀྱི་མདའ་གཞུ་དང་། རྣམ་པར་རྟོགས་པ་གཅོད་པར་བྱེད་པའི། ཤེས་རབ་ཀྱི་རལ་གྲི་ཐོགས་པ་དང་། དུག་ལྔ་ཚོམས་པོའི་རྟགས་རྡོ་རྗེ་འཆང་བ་དང་། རྡོ་རྗེ་ལྟར་གཞན་འཇོམས་པར་བྱེད་པོའི་མཐུ་དང ་ལྡན་པས་རྡོ་རྗེ་ཅན་ཞེས་བྱའོ།། ང་ཡང་རྡོ་རྗེ་ལྟ་བུ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདུད་བཞི་དང་གདུག་པོ་ཅན་འཇོམས་ཤིང་གཡུལ་ངོ་བཟློག་པར་བྱེད་དོ།། རྒྱན་གྱི་སྒོ་ནས་ཁྱད་པར་གྱི་ཡོན་ཏན་བསྟན་པ་ནི། རྡོ་རྗེ་འབར་བ་མིག་མི་བཟང་།། སྐྲ་ཡང ་རྡོ་རྗེ་འབད་པ་སྟེ།། རྡོ་རྗེ་འོང་བྱས་འབེབས་པ་།། མིགྣ་བརྒྱ་པཱ་སྟེ་རྡོ་རྗེའི་མིག། ལུས་ནི་རྡོ་རྗེའི་བ་སྤྲི་ནཱན།། རྡོ་རྗེ་སྤུ་ནི་གཎྜཱིག་པ+འུ་ཝས།། སེཾན་མོ་སྤྲོས་པ་རྡོ་རྗེ་རྩེ།། རྡོ་རྗེ་སྙིང་པོ་ལྷགས་པ་མཁྲེགས།། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན།། རྡོ་རྗེ་རྒྱུན་གྱིས ་བརྒྱན་པ་སྟེ། ཞེས་སྨོས་ཏེ། རྡོ་རྗེ་འབར་བ་ལྟ་བུའི་དྲག་པོའི་སྤྱན་ཤིན་ཏུ་མི་བཟང་བར་འཇིགས་པ་མངའ་ཞིང་དབུ་སྐྲ་ཡིང་རྡོ་རྗེའི་སྒྲའོ།། གཞན་གྱི་རྒྱུད་ལས་ཡང་སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་ཡེ་ཤེས་འབེབས་པར་མཛད་ལ་མིག་བརྒྱ་ཞེས་པ་ནི་མཚོན ་པ་ཙམ་སྟེ། མས་ཅད་དུ་མ་འགགས་པ་ཤེས་རབ་ཀྱི་སྤྱན་དབྱེར་མི་ཕྱེད་པ་དང་ལྡན་པའོ།། ལུས་ལ་རྡོ་རྗེའི་བ་སྤུ་དངོས་སུ་འཁྱིལ་བ་མངའ་ཞིང་། རྡོ་རྗེའི་སྤུ་དེ་གཉིས་སུ་མེད་པའི་ལུས་ལ་བརྒྱན་པའོ།། གདུག་པ་ཅན་འདུལ་བའི་རྟགས་དང་རིགས་ལྔ་ཡ ་ཤེས་ལྔ་དབྱེར་མི་ཕྱེད་པའི་རྟགས་སུ་སོར་མོའི་རྩེ་མོར་རྡོ་རྗེ་སྐྱེས་པའོ།། ཐམས་ཅད་གཉིས་མེད་དུ་བསྡུས་པའི་རྟགས་སུ། རྡོ་རྗེའི་ལྤགས་པ་སྲ་ལ་འཐས་པའོ།། རྡོ་རྗེའི་ཕྲེང་བ་ཐོགས་ནས་གཞན་དོན་མཛད་པས་དཔལ་དང་ལྡན་པའོ།། ཆེ་བའི་ཡོན་ཏན་ཕྲེང་བ ་བརྒྱུས་པ་ལྟར་རྒྱུན་མི་འཆད་པ་དང་ལྡན་པའི་རྟགས་སོ།། དེ་ལྟར་ཁྱད་པར་གྱི་རྒྱན་རྡོ་རྗེས་བརྒྱན་པའི་སྒོ་ནས་ཆེ་བའི་ཡོན་ཏན་རྣམས་བསྟན་པ་ཡིན་ཏེ། ཐུགས་རྡོ་རྗེའི་རིགས་ཡིན་པའི་ཕྱིར་རོ།། འོ་ན་གསུངས་གི་སྒོ་ནས་འགྲོ་བ་འདྲེན་པའི་ཡོན་ཏན་གང་དེ ་གང་རྒྱངས་ཧཾ་ཧ་ངེས་པར་སྒྲོགས།། ཡི་གེ་དྲུག་པ་རྡོ་རྗེའི་སྒྲ།། འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ།། འཇིག་རྟེན་གསུམ་ན་སྒྲ་གཅིག་པ།། ན་མཁའི་མཐའ་ལ་སྒྲ་སྒྲོགས་པ།། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག་ཅེས་སྨོས་ཏེ། འགྲོ་བའི་དོན་མཛད་པ་ལ་དགྱེས ་པའི་སྒྲ་ཧ་ཧ་ཞེས་སྒྲོགས་ཤིང་། ཡི་གེ་དྲུག་པ་ནི་རྒྱས་པར་ཡི་གེ་དྲུག་གི་སྔགས།། དེ་ལས་བསྡུ་ན་བཱ་གཱི་ཤྭ་རིའི་འབྲུ་དྲུག་པའོ།། དེ་གཉིས་ནི་གསང་སྔགས་རྡོ་རྗེའི་ཐེག་པའི་སྒྲའོ།། ལས་འཕྲོ་ཅན་རྣམས་ལ་སྙན་ཅིང་ཡིད་དུ་འོང་བས་འཇམ་དབྱངས་སོ།། ། ་དོན་ཆེན་པོ་སྟོན་པའི་སྒྲ་ཡིན་པས་ཆེ་བས་སོ།། དེ་གང་དུ་སྒྲོགས་ན་འཇིག་རྟེན་གསུམ་དུའོ།། གཉིས་མེ་སྟོན་པའི་སྒྲ་ཡིན་པས་གཅིག་གོ། ཡང་ཇི་སྙེད་ཅིག་བསྒྲགས་ཀྱང་འགྲོ་བ་འདྲེན་པར་གཅིག་པའོ།། སྒྲ་དེ་ལ་འགྲན་ཟླ་མེད་པས་ཀྱང་སྒྲ་གཅིག་པའོ།། ། ་དེ་ཇི་ཙམ་དུ་སྒྲོགས་ཞེ་ན། ནམ་མཁའ་ཁྱབ་པར་སྒྲོགས་པའོ།། སྒྲ་རྣམས་ཀྱི་ནང་ན་ཆོས་ཀྱི་སྒྲ་འདི་མཆོག་ཏུ་གྱུར་པ་སྟེ། དོན་ཆེན་པོ་ལ་སྦྱོར་བའི་ཕྱིར་རོ།། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། ་ཡང་དག་བདག་མེད་དེ་བཞིན་ཉིད།། ཡང་དག་མཐའ་སྟེ་ཡི་གེ་མེད།། ཅེས་པ་ལ་སོགས་པ་སྨོས་ཏེ། དེ་ལ་གསུང་གི་རྒྱུ་ནི་ཡང་དག་བདག་མེད་དེ་བཞིན་ཉིད་དོ།། གསུང་གི་ཆེ་བ་ནི། སྟོང་པ་ཉིད་སྨྲ་བའི་ཁྱ་མཆོག་སྟེ།། ཟབ་ཅིང་རྒྱ་ཏེ་སྣ ་སྒྲོགས་པ།། ཆོས་ཀྱི་དུང་ཏེ་སྒྲ་ཆེན་ལྡན།། ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ།། མི་གནས་མྱ་ངན་འདས་པའོ།། ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ་ཞེས་སྨོས་ཏེ། ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྨྲ་པ་ནི་སྨྲ་བ་ཐམས་ཅད་ཀྱི་གཙོ་བོ་ཡིན་པས་ཁྱུ་མཆོག་སྟེ། གླ ་པོ་ཆེའི་ཕྲུ་གུ་ཕ་མ་ཤི་ནས་སེང་གིས་ནུ་མ་བསྣུན་ནས་གསོས་པ་ལ་ཁྱུ་མཆོག་ཟེར་ཏེ། དེས་ཁྱུས་འགྲོ་ཟིལ་གྱིས་གནོན་ཏེ་དེ་དང་འདྲ་བའི་ཕྱིར་རོ།། ཅིའི་མཆོག་ཡིན་ན། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྒྲ་སྒྲོགས་པའི་ཕྱིར་རོ།། ཆོས་འབྱུང་བའི ་ལྟས་ནི། ཆོས་ཀྱི་དུང་ལྟ་བུའི་སྒྲ་ཆེན་པོས་པ་དུད་བཏུལ་ནས། ཆོས་ཀྱི་གཎྜཱི་ལྟ་བུའི་སྒྲ་ཆེན་པོས་འཁོར་བསྡུས་ནས། མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པའི་ཆོས་སྟོན་པ་སྟེ། དེ་ཡང་ཤེས་པས་སྲིད་ལ་མི་གནས་དང་། སྙིང ་རྗེས་ཞི་ལ་མི་གནས་ཤིང་ཞེས་པ་ལྟ་བུའོ།། རྒྱ་ཇི་ཙམ་ཆེ་ཞེ་ན། ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་བྱེད་པའོ།། གང་གིས་ཞེ་ན། ཆོས་ཀྱི་སྒྲ་ཆེན་པོ་རྔ་བོ་ཆེ་དང་འདྲ་བ་སྒྲོགས་པའོ།། དེ་ལ་སྐུ་འབྱུང་བའི་གཞི་གང་ཞེ་ན། གཟུགས་མེད་གཟུགས་བཟང ་དམ་པ་སྟེ།། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས།། གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ།། གཟུགས་བརྙན་མ་ལུས་འཆང་པ་པོ་ཞེས་སྨོས་ཏེ། ཆོས་སྐུ་ལ་ངོ་བོ་ཉིད་མ་གྲུབ་པས་གཟུགས་མེད་པའོ།། དེའི་བྱིན་གྱིས་བརླབས་ལས་ལོངས ་སྤྱོད་རྫོགས་པའི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། གཟུགས་བཟང་བའི་དམ་པའོ།། སྤྲུལ་སྐུ་སྣ་ཚོགས་གཟུགས་ཅན་དེ་ཡིད་ཡེ་ཤེས་སུ་གྲོལ་བ་ལས་སྐྱེས་ཞེས་པ་དང་། ཡང་སྤྲུལ་སྐུ་སྣ་ཚོགས་གཟུགས་ཅན་གྱི་ཡིད་ལ་ཇི་ལྟར་འདོད་པ་ལྟར ་སྐྱེས་ཞེས་བཤད།། རྗེ་བཙུན་དེ་ཉིད་ཉན་ཐོས་དང་། རང་རྒྱལ་བ་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་དང་། ཁྱབ་འཇུག་ལ་སོགས་པའི་གཟུགས་བརྙན་མ་ལུས་པར་སྣང་ན་ས་དོན་མཛད་པའོ།། སྐུ་དེའི་ཆེ་བ་ཇི་ལྟ་བུ་ཞེ་ན། ཚུགས་པ ་མོམེད་ཅིང་ཆེ་བར་གྲགས།། ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ།། འཕགས་ལམ་ཤིན་ཏུ་མཐོ་ལ་གནས།། དར་བ་ཆེན་པོ་ཆོས་ཀྱི་ཏོག། ཅེས་སྨོས་ཏེ། ཚོགས་གཉིས་ཡོངས་སུ་རྫོགས་པའི་དབང་གིས་གཉེན་པོ་གང་གིས་ཀྱང་མི་ཚུགས་ཏེ། ་བདུད་དང་མུ་སྟེགས་ལ་སོགས་པ་གང་གིས་ཀྱང་ཟིལ་གྱིས་མི་ནོན་པས་ཆེ་བར་གྲགས་སོ།། དེ་ཡང་འཕགས་པའི་ལམ་ལས་མཐོ་བར་གྱུར་པས་གཉིས་སུ་མེད་པའི་ཡེ་ཤེས་ལ་གནས་པའོ།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མཁྱེན་པས ་དར་བ་ཆེན་པོའི་ཆོས་སོ།། གཉིས་སུ་མེད་པ་ནི་རབ་རྩེ་མོའི་ཏོག་ཅེས་བྱའོ།། དེ་གདུལ་བྱ་ལ་ཇི་ལྟར་མོས་པར་སྣང་བ་ནི།། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག། གནས་བརྟན་རྒན་པོ་སྐྱེ་དགུའི་བདག། སུམ་ཅུ་རྩ་གཉིས་མཚན་འཆང་བ།། སྡུག ་གུ་འཇིག་རྟེན་གསུམ་ན་མཛེས།། ཞེས་སྨོས་ཏེ། བྱང་ཆུབ་སེམས་དཔས་འདུལ་བ་རྣམས་ལ་བགྲེས་རྒུད་མི་མངའི་སྟེ་རྟག་ཏུ་བྱིས་པ་ལོ་བརྒྱད་ལོན་པ་ལྟ་བུ་གཞན་གྱི་ཡིད་འཕྲོག་པར་བྱེད་པ་ལྟ་བུས་དོན་མཛད་པའོ།། ཉན་ཐོས་ཀྱིས་འདུལ་བ་རྣམས ་ལ་གནས་བརྟན་རབ་འབྱོར་ལྟ་བུར་སྤྲུལ། རང་རྒྱལ་བས་འདུལ་བ་རྣམས་ལ་རང་རྒྱལ་རྒན་པོ་རྫུ་འཕྲུལ་ཆེར་སྟོན་པ་ལྟ་བུར་སྤྲུལ།། སྣ་ཚོགས་ཀྱིས་འདུལ་བ་ལ་སྐྱེ་དགུའི་བདག་པོར་སྤྲུལ་ནས་དོན་མཛད་དེ།། དེ་ལ་སྐྱེ་བ་དགུ་ནི་ཉན་ཐོས ་དང་། རང་རྒྱལ་བ་དང་། ཐེག་པ་ཆེན་པོ་གསུམ། དེའི་ཁར་འགྲོ་བ་རིགས་དྲུག་གི་གནས་སུ་སྤྲུལ་སྐུ་ཐུབ་པ་དྲུག་གིས་དོན་མཛད་པ་དང་དགུ་ལ་བྱའོ།། དེ་ལ་མཚན་སུམ་ཅུ་རྩ་གཉིས་ནི་ཐུན་མོང་དུ་བསྟན་ཏོ།། ཕྱག་དང་ཞབས་འཁོར་ལོའི ་མཚན་དང་ལྡན་པ་ཉིད་དང་། ཞབས་རུས་སྦལ་བཞིན་དུ་གནས་པ་དང་། ཕྱག་དང་ཞབས་ཀྱི་སོར་མོ་འབྲེལ་བ་དང་། ཕྱག་དང་ཞབས་གཞོན་ཞིང་འཇམ་པ་དང་། བདུན་མཐོ་བ་དང་། ཕྱག་གི་སོར་མོ་རིང་བ་དང་། རྟིང་པ་ཡངས་པ་དང་། སྐུ་ཆེ་ཞིང་དྲང་བ ་དང་འབུར་མི་མངོན་པ་དང་། སྐུའི་སྐུ་གྱེན་དུ་འཁྱིལ་བ་དང་། བྱིན་པ་རི་དགུས་ཨེ་ན་ཡ་ལྟ་བུ་དང་། ཕྱག་རིང་ཞིང་མཛེས་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། སྐུ་མདོག་གསེར་ལྟ་བུ་དང་། ལྤགས་པ་འཇམ་པ་དང་། སྤྲེ་རེ་རེ་ནས ་གཡས་ཕྱོགས་སུ་འཁྱིལ་བ་དང་། ཞལ་མཛོད་སྤུས་བརྒྱན་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། དཔུང་མགོ་ཟླུམ་པ་དང་། ཐལ་གོང་རྒྱས་པ་དང་། བློ་བའི་མཆོག་མཁྱེན་པ་དང་། ཤིངངྒནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་དང་། དབུ་གཙུག་ཏོར་དང་ལྡན ་བ་དང་། ལྗགས་རིང་བ་དང་། གསུང་ཚངས་པའི་དི་བྱངས་ལྟེ་བུ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ཚོམས་དཀ། ར་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་པོ་དང་། ཚེམས་བཞི་བཅུ་མངའ་བ་དང་། སྤྱན་མཐོན་མཐིང་དུ་གནས་པ་དང་། སྤྱན ་རྫི་མ་པའི་རྫི་མ་ལྟ་བུའོ།། ཁྱད་པར་གྱི་དབང་དུ་བྱས་ན། དཔལ་རྣམ་པར་སྣང་མཛད་ལ་རྒྱུའི་སེམས་དཔའ་བཅུ་དྲུག་འབྲས་བུའི་སེམས་དཔའ་བཅུ་དྲུག་གིས་བརྒྱན་པ་ལ་བཤད་དོ།། དེ་ལྟར་འཇིག་རྟེན་གསུམ་ན་ཤིན་ཏུ་སྡུག་ཅིང་ཡིད་དུ་བོང་ལ། བལྟ་བས ་ཆོག་མི་ཤེས་པ་བདུན་པ་སྐྱེས་བུའི་གནས་སུ་གྱུར་པའོ།། དེས་འཇིག་རྟེན་པ་ཇི་ལྟར་སྒྲུབ་ཅེ་ན། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། འཇིག་རྟེན་སློབ་དཔོན་འཇིགས་པ་མེད།། མགོན་སྐྱོབ་འཇིག་རྟེན་ཡིད་བཙུགས་པ།། སྐྱབས་དང་སྐྱོབ་པ་བླ་ན་མེད ་ཅེས་སྨོས་ཏེ། འཇིག་རྟེན་པའི་སྨན་དང་བཟོ་ལ་སོགས་པ་ཡང་རྗེ་བཙུན་ཉིད་ཀྱིས་བསླབས་པ་ཡིན་ལ། ལོག་པའི་ལམ་ལས་ལྡོག་ཅིང་དམ་པའི་ལམ་སྟོན་པའི་སློབ་དཔོན་ཡང་མཛད་དོ།། ཐ་སྙད་ཀྱི་རིགས་པ་དང་ལྡན་པས་གཞན་གྱི་རྩད་བཅད ་ཀྱང་འཇིགས་པ་དང་བག་ཚ་བ་མེད་པར་འཇིག་རྟེན་སྐྱོབ་པ་སྟེ། ཇི་ལྟར་ཡིད་དང་མཐུན་པར་སྔར་གྱི་ཡང་སྐྱབས་མཛད་ལ། ཕྱིས་ཀྱང་སྒྲུབ་སྟེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་བྱེད་དོ།། འོ་ན་ཐུགས་ཀྱི་མཁྱེན་ཚད་ཅི་མངའ་ཞེ་ན། ན་མཁའི་མཐའ ་ལ་ལོངས་སྤྱོད་པ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། ཞེས་པ། ཆོས་ཀྱི་སྐུ་ན་མཁའི་མཐའ་ལྟ་བུ་ལ་ལོངས་སྤྱོད་ཅིང་རྟོགས་པས་ཤོས་བཱི་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆེ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་བའོ།། དེའི ་ཕྱུང་བའི་ལས་གང་ཞེ་ན། མ་རིག་སྒྲོ་ངའི་སྦུབས་འབྱེད་པ།། སྲིད་པའི་དྲ་བ་འཇོམས་པ་པོ།། ཉོན་མོངས་མ་ལུས་ཞི་བྱེ་ད་པ།། འཁོར་བའི་རྒྱ་མོ་ཚེ་ཕ་རོལ་ཕྱིན་ཞེས་སྨོས་ཏེ། གཉིས་སུ་མེད་པའི་དོན་རྟོགས་པས་མ་རིག་སྒོ་ངའི་སྤུན་པགས་འདྲ་བ་སྦུབས ་ཕྱེ་ནས། སྲིད་པའི་དྲ་བ་ལས་དང་ཉོན་མོངས་པ་དང་འབྲེལ་པ་རྣམས་བཅོམ་སྟེ། ཉོན་མོངས་པ་རྩ་བ་ལྔ་འམ་དྲུག་དང་། ཉེ་བའི་ཉོན་མོངས་པ་ཉི་ཤུ་པོ་དང་། ཀུན་ནས་ཉོན་མོངས་པ་སྟེ་བརྒྱད་དང་གསུམ་ལྟ་བུ་ཞི་ནས་འཁོར་བའི་རྒྱ་མཚོ་ཕ་རོལ ་ཕྱིན་པའོ།། དེ་རྟོགས་པའི་ཕན་ཡོན་ནི།། ཡེ་ཤེས་དབང་བསྐུར་ཅོད་པན་ཅན།། རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས།། སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི།། གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ།། སྒྲིབ་པ་ཀུན་ལས་ངེས་པར་གྲོལ།། མཁའ་ལྟར ་མཉམ་པ་ཉིད་ལ་གནས།། ཉོན་མོངས་དྲི་མ་ཀུན་ལས་འདས།། ཞེས་སྨོས་ཏེ། གཉིས་སུ་མེད་པའི་དོན་རྟོགས་པས་ཉོན་མོངས་པ་ལྔ་མ་སྤངས་རང་སེར་གྲོལ་ཏེ། ཡེ་ཤེས་ལྔར་སྣང་བ་སྟེ། བུམ་པ་ལ་སོགས་པའི་དབང་ལ་ལྟོས་པ་མ་ཡིན་ཏེ། ཡེ་ཤེས་གཅིག ་རྫོགས་ཀྱི་དབང་ཞེས་བྱའོ།། གཞི་རིག་པ་གཅིག་ལ་སྣང་ཚུལ་ཡེ་ཤེས་ཀྱི་བརྒྱན་པ་དེ་ཤིན་ཏུ་མཛེས་པའི་ཕྱིར་ཅོད་པན་ནོ།། དེ་ཡང་། སེམས་ཀྱིས་ཆོས་ལ་དབང་ཐོབ་ན། རྫས་ཚིག་མཚན་མའི་དབང་རྣམས་ཀུན།། མ་བསྐུར་ཀྱང་ནི་ཐོབ་པར་འགྱུར། ཞེས ་པ་ལྟ་བུའོ།། ཡེ་ཤེས་ལྔའི་གཟུགས་བརྙན་སངས་རྒྱས་ལྔར་ཤར་ཏེ། གསལ་ཞིང་མཛེས་པའི་ཕྱིར་རྒྱན་ཞེས་བྱའོ།། སྡུག་བསྔལ་འདི་གསུམ་དུ་འདུས། དེ་ལྟར་བྱས་པས་སྡུག་བསྔལ་དང་། འདུ་བྱེད་ཀྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་གསུཾ ་ཞི་ལ། ཉོན་མོངས་པ་རྣམས་ཀྱང་དུག་གསུམ་དུ་འདུས་ཏེ། དེས་སེལ་ཞིང་སྤོང་ངོ་།། དེ་གསུམ་བསལ་ནས་འགྲོ་བ་མཐའ་ཡས་པའི་དོན་བྱས་ནས། འགྲོ་བ་ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་གསུམ་ཐོབ་པར་བྱེད་དོ།། ཁྱད་པར ་དུ་སྐུ་གསུམ་ལ་བྱའོ།། དེ་ཡང་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཀུན་ལས་གྲོལ་ནས། ནམ་མཁའ་ལྟ་བུའི་མཉམ་པ་ཉིད་ལ་གནས་ཏེ། དེ་ན་ཆོད་ཉོན་མོངས་པའི་དྲི་མ་ལས་འདས་པའོ།། དེ་ལྟར་རྟོགས་པའི་ངོ་བོ་ཅི་ཞེ་ན། དུས་གསུམ་དུས ་མེད་རྟོགས་པ་པོ།། སེམས་ཅན་ཀུན་གྱི་གཙོ་བོ་ཆེ།། ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད།། ལུས་ཀུན་ལས་ནི་རྣམ་གྲོལ་བ།། ནམ་མཁའི་ལམ་ལ་རབ་གནས་པ་ཞེས་སྨོས་ཏེ། མཉམ་པ་ཉིད་ལ་དུས་གསུམ་དུ་དབྱེར་མེད་དེ། དེ་ཡང་། འདས་པའི་དེ་བཞིན་ཉིད ་གང་མ་འོངས་དེ་བཞིན་ཉིད།། ད་ལྟར་དེ་བཞིན་ཉིད་འདི་ཐམས་ཅད་བྱེ་བྲག་མེད་ཅེས་པ་ལྟ་བུའོ།། དེ་ལྟར་རྟོགས་པ་ནི་སེམས་ཅན་ཀུན་ལས་ཆེས་ཁྱང་པར་འཕགས་པས་གཙོ་བོ་ཆེ་བའོ།། དེ་ཡང་། འཇིག་རྟེན་པ་བས་ཉན་ཐོས་ཡོན་ཏན་ཆེ་ལ། དེ་ལས་ཀྱང ་ཆུབ་སེམས་དཔའ། དེ་བས་ཀྱང་དེ་བཞིན་གཤེགས་པ་ཡོན་ཏན་ཆེ་བ་རྣམས་ཞེས་བྱའོ།། ཐོད་ནི་ཡོན་ཏན་གྱིས་མཛེས་པར་བརྒྱན་པའོ།། དེ་ལས་ཀྱང་ཐོད་ལྟར་མཛེས་ཤིང་རབ་ཏུ་གྱུར་པ་ནི་རྗེ་བཙུན་ཉིད་དོ།། དེ་ལྟར་འགྲོ་བའི་ལུས་ཀུན་ཏུ་སྐྱེ་བ་གྲོལ ་ནས་ན་མཁའ་ལྟ་བུའི་ཡེ་ཤེས་ལ་གནས་སོ།། འོ་ན་འགྲོ་བའི་དོན་ཇི་ལྟར་མཛད་ན། ཡི་དེ་བཞིན་ནོར་བུ་ཆེན་པོ་འཆང་།། ཁྱབ་བདག་རིན་ཆེན་ཀུན་གྱི་བདག། དཔག་བསམ་ཤིང་ཆེན་རྒྱས་པ་སྟེ།། བུམ་པ་བཟང་པོ་ཆེ་བའི་མཆོག། བྱེད་པ་སེམས་ཅན ་ཀུན་དོན་བྱེད།། ཕན་འདོད་སེམས་ཅན་མཉེས་ཤིན་པ།། ཞེས་པ་སྨོས་ཏེ། གཞན་དོན་འབྱུང་བའི་དཔེ་ཡིད་བཞིན་ནོར་བུ་ལ་ཡང་ཆོས་བརྒྱད་དོ། སེམས་ཅན་གྱི་དགོས་འདོད་འབྱུང་བ་དང་། དེ་ཡང་གསོལ་བ་མ་བཏབ་ན་མི་འབྱུང་བ་དང་། བཏབ་ན ་འབྱུང་བ་དང་། དུས་སུ་འབྱུང་བ་དང་། ཇི་ལྟར་འཚམ་པར་འབྱུང་བ་དང་། ཟད་མི་ཤེས་པར་འབྱུང་བ་དང་། རྟོག་པ་མེད་པར་འབྱུང་བ་དང་། ཕྱི་ལན་ལ་རེ་བ་མེད་པའོ།། དེ་དང་འདྲ་བའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་དེས་ཀུན་ལ་ཁྱབ་པའི ་བདག་ཉིད་དོ།། ཡང་དཔག་བསམ་ཤིང་དང་འདྲ་སྟེ། དེ་ལ་ཡང་ཆོས་བཅུ་སྟེ། སྔ་མ་བརྒྱད་ཀྱི་ཁར་བསིལ་བ་དང་། འགྲོ་བ་ངལ་སོས་པའི་གནས་སུ་གྱུར་པ་ལྟ་བུ་བཅུའོ།། ཡང་བུམ་པ་བཟང་པོ་བསྒྲུབ་པ་དང་འདྲ་སྟེ། དེ་ལ་ཆོས་བཅུ་སྟེ། སྔ་མ་བརྒྱད ་ཀྱི་ཁར། བསྒྲུབས་ན་འབྱུང་བ་དང་། མ་བསྒྲུབས་ན་མི་འབྱུང་བ་དང་བཅུའོ།། དེ་ཡང་བུམ་པ་བཟང་པོ་དང་ནི་དཔག་བསམ་ཤིང་།། ཡིད་བཞིན་ནོར་རྣམས་སེམས་དང་མི་ལྡན་པས།། སེམས་ཅན་རྣམས་ཀྱི་དོན་ནི་འབྱུང་འགྱུར་ན།། ཐུགས་རྗེ་ཆེར ་མངའ་རྒྱལ་བ་སྨོས་ཅི་དགོས།། ཞེས་པ་ལྟ་བུའོ།། དེ་ལྟ་བུ་གཅིག་པའི་མ་ལྟར་ཕན་འདོགས་པའོ།། དེས་འདུལ་བྱའི་བསམ་པ་ཇི་ལྟར་མཁྱེན་ཅེ་ན། བཟང་ངན་ཤེས་ཤིང་དུས་ཤེས་ལ།། ཁྱབ་བདག་དམ་ཤེས་དམ་ཚིག་ལྡན།། དུས་ཤེས་སེམས ་ཅན་དབང་པོ་ཤེས།། རྣམ་གྲོལ་གསུམ་ལ་མཁས་པ་པོ།། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། ཞེས་སྨོས་ཏེ། ལས་བཟང་ངན་ཤེས་ཤིང་། དེའི་འབྲས་བུ་དུས་ཇི་ཙམ་ན་འབྱུང་ཤས་ལ། ཐུགས་རྗེས་ཀུན་ལ་ཁྱབ་པའི་བདག་པོ་གཞན་གྱི་དམ་ཚིག ་ཀྱང་ཤེས་ལ། རང་ཡང་དེ་ཁོ་ན་ལས་མི་འདའ་བའི་དམ་ཚིག་ལྡན་པའོ།། དོན་མཛད་པའི་ཚེ་འདུལ་བའི་དུས་ཚོད་ཤེས་ཤིང་སེམས་ཅན་གྱི་དབང་པོ་རབ་འབྲིང་ཐ་མ་དང་། དད་པ་དང་བརྩོན་འགྲུས་རབ་འབྲིང་ཐ་མའི་དོན་ཤེས་པའོ།། དེ་ཡང་ཐམས་ཅད ་མཁྱེན་པའི་ཡེ་ཤེས་མངའ་བས། ཉན་ཐོས་དང་། རང་རྒྱལ་བ་དང་། ཐེག་པ་ཆེན་པོ་དང་རྣམ་གྲོལ་གསུམ་ལ་མཁས་པའོ།། སྐུ་དང་ཡེ་ཤེས་སྟོབས་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་དང་རྗེ་བཙུན་ཉིད་ཀྱང་ལྡན་ཞིང་། ཉན་ཐོས་དང་། རང་རྒྱལ ་བ་ལ་སོགས་པའི་རྒྱུད་ལ་ཡོད་པའི་ཡོན་ཏན་རྣམས་ཀྱང་ཤེས་པའོ།། དེ་ལྟར་གྱུར་པའི་བཀྲ་ཤིས་པའི་དམ་པར་བསྟན་པའི་ཕྱིར།། ཚོས་ཞེས་བཀྲ་ཤིས་བཀྲ་ཤིས་འབྱུང་།། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།། གྲགས་པའི་བཀྲ་ཤིས་སྙན ་གྲགས་དག། དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ།། དགའ་ཆེན་རོལ་མོ་ཆེན་པོ་སྟེ། ཞེས་སྨོས་ཏེ། དེ་ལྟར་ཆོས་ཀྱི་དོན་ཤེས་པས་ཚེ་འདིར་ཡང་ལེགས་པའི་ཡོན་ཏན་ཀུན་འབྱུང་བས་བཀྲ་ཤིས་ལ། ཕྱི་མར་ཡང་ལེགས་པའི་ཡོན་ཏན་ཀུན ་འབྱུང་བས་བཀྲ་ཤིས་འབྱུང་ངོ་།། འཇིག་རྟེན་པའི་ཚེ་རིང་བ་དང་། ནོར་དང་རིགས་རྒྱུད་འཕེལ་བ་ལ་སོགས་པ་བཀྲ་ཤིས་པ་རྣམས་ཀྱི་ནང་ན་ཡང་བཀྲ་ཤིས་དམ་པར་འགྱུར་རོ།། ཁམས་གསུམ་དུ་གྲགས་ཤིང་ལེགས་པའི་ཡོན་ཏན་འབྱུང ་བས་གྲགས་པའི་བཀྲ་ཤི་ས་སོ།། མི་དགེ་བ་ལས་ལོག་ནས་དགེ་བ་སྣ་ཚོགས་ལ་ཞུགས་པས་སྙན་གྲག་དགེ་བའོ།། འགྲོ་བ་རྣམས་ཐར་པའི་ལམ་དུ་དབུགས་འབྱིན་པས་ཀུན་དགའ་བའི་ཆོས་ཀྱི་སྟོན་མོ་ཆེན་པོ་མཛད་ཅིང་། ཟག་པ་མེད ་ཀྱི་བདེ་བ་ཐོབ་པས་དགའ་ཆེན། འདོད་པའི་ཡོན་ཏན་མི་སྤོང་བས་རོལ་མོ་ཆེན་པོ་ཞེས་བྱའོ།། དེས་འགྲོ་བ་སྐྱོབ་པའི་ཚུལ་ནི། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས།། མཆོག་ཏུ་དགའ་བའི་གྲགས་དག་དཔལ།། མཆོག་ལྡན་མཆོག་སྦྱིན་གཙོ ་སྟེ། སྐྱབས་ཀྱི་དམ་པ་སྦུབས་སུ་འོས།། འཛག་རྟེན་དགྲ་སྦྱརབ་ཀྱི་མཆོག། འཇིགས་པ་མ་ལུས་སེལ་བ་པོ་ཞེས་སྨྲས་ཏེ། ཀུན་གྱིས་བཀུར་བ་དང་། ཨནྡྲ་སྱམ་ན་ང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཕུན་སུམ་ཕྱོགས ་བ་ཐམས་ཅད་ཀྱི་གཏེར་དུ་གྱུར་པ། མཆོག་ཏུ་འགྲོ་བའི་དོན་ལ་དགའ་བ།། ཁམས་གསུམ་དུ་གྲགས་ཤིང་ཚོགས་གཉིས་རྟོགས་པས་དཔྲལ་ཧཱུ~ཾ། ཡོན་ཏན་གྱི་སྐེས་པ་མཆོག་དང་སྤྱན་ཞིང་། གཞན་ལ་ཡང་མཆོག་སྟེར་བའི་གཙོ་བོར་གྱུར་བའོ།། ས ་སྡུག་བསྔལ་བ་རྣམས་འཁོར་བའི་འཇིགས་པ་ལས་སྐྱོབ་ཅིང་དེ་ལས་ལྷག་པ་མེད་པས་སྐྱོབས་སུ་འོས་པའོ།། ཅི་ལས་སྐྱིབ་ཅེ་ན། འཇིག་རྟེན་གྱི་རྟོག་པ་དགྲ་ཡིན་ཏེ། དེ་ལས་སྐྱོབ་པའོ།། དེ་ཡང་འཇིག་རྟེན་ལས་རབ་ཏུ་གྱུར་པས་ཉན་ཐོས་སོ།། ་དེལས་རབ་ཏུ་གྱུར་བྱས་རང་རྒྱལ་ལོ།། དེ་ལས་རབ་ཏུ་གྱུར་པས་བྱང་ཆུབ་སེམས་དཔའ། དེ་དག་ལས་ཀྱང་མཆོག་ཏུ་གྱུར་པ་རྗེ་བཙུན་ནོ།། དེས་བདུད་དང་སྡུག་བསྔལ་ཐམས་ཅད་སོལ་བར་བྱེད་པའོ།། སུ་སྟེགས་ཀྱིས་ཁྱོད་ཀྱིས་འདུལ་བ་ལ་དྷེ ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། གཙུག་ཕུད་ཕུད་བུ་ལྕོང་ལོ་ཅན།། རལ་པ་མུན་ཛ་ཅོད་པན་ཅན།། གདོང་ལྔ་གཙུག་པུད་ལྔ་དང་ལྡན།། ཟུ་རི་ཕུད་ལྗི་པ་མེ་ཏོག་ཐོད།། ཅེས་སྨོས་ཏེ། གཙུག་ཕུད་ནི་ཁ་སྤུ་གཞར་ཕྱོགས་ནས། སྤྱི་བོར་གཙུས ་ཕུད་ཙམ་འཛིན་པ་འདུལ་བ་དེར་སྤྲུལ་ལོ།། ཕུང་པུ་ནི་སྒྲ་གཞར་བྲེགས་ནས་དཔྲལ་བར་བཅིངས་པའོ།། ལྕང་ལོ་ཅན་ནི་སྒྲ་སིལ་བུ་རིང་བའོ།། རེས་པ་ནི་རལ་པ་སོགས་ཁ་ནོན་པ་ནི། སྒྲ་ཆེན་པོ་ལ་དང་པ་རྣམས་ཀྱི་གཟུགས་འཛིན་པའོ།། མུན་ཛོ་ནི་གང ་སླེབས་པའི་རལ་པ་སྐེ་རགས་སུ་བཅིངས་པའོ།། ཅོད་པན་ནི་དར་ལ་སོགས་པ་ཐོད་དུ་བཅིངས་པའོ།། ཐ་མ་ཅོད་པན་དུ་འཕུར་བའོ།། གདོང་ལྔ་ནི་ཕྱོགས་བཞིན་གདོང་པ་བཞི། སྤྱི་བོའི་གཙུག་ན་གཅིག་སྟེ་ལྔའོ།། གདོང་བཞི་ནས་རིག་བྱེད་ཀྱི་སྒྲ་བཞི་དོན ་ཏེད་ཤར་ནས་ངེས་བརྗོད་ཀྱི་རིག་བྱེད། ལྷོ་ནས་མཆོད་བརྗོད་ཀྱི་རིག་བྱེད།། ནུབ་ནས་སྙན་དངགས་ཀྱི་རིག་བྱེད། བྱང་ནས་སྲིད་བསྲུང་གི་རིག་བྱེད་འདོན་པའོ།། དེ་ལྟར་ཚངས་པ་གདོང་ལྔ་པ་ལྟ་བུས་འདུལ་བ་དར་སྤྲུལ་ལོ།། ཡང་མགོ་ལ་གཙུག་ཕུད་ལྔ ་དང་ལྡན་པ་མུ་སྟེགས་གཟིགས་ཟོན་གྱི་གཟུགས་ཀྱིས་འདུལ་བ་ལ་དོར་སྤྲུལ་ལོ།། ཡང་མགོ་ལ་རིན་པོ་ཆེའི་ཟུར་ཕུད་ལྔ་ཡོད་པ་དྲི་ཟའི་གཟུགས་ཀྱིས་འདུལ་བ་ལ་དེར་སྤྲུལ་ལོ།། ཡང་མགོ་ལ་མེ་ཏོག་གི་ཐོད་བཅིངས་པས་གཞན་འཕྲུལ་དབང་བྱེད་ཀྱི་ལྷའི ་གཟུགས་ཀྱིས་འདུལ་བ་ལ་དེར་སྤྲུལ་ལོ།། འོ་ན་སངས་རྒྱས་པའི་བརྟུལ་ཞུགས་ཇི་ལྟར་འཛིན་ཞེ་ན། མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་འཆང་།། ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། གཙང་གནས་དམ་པ ་གོའུ་ཏ་མ།། བྲམ་ཟེ་ཚངས་པ་ཚ་ངས་པ་ཤེས་ཞེས་སྨོས་ཏེ། ཤཱཀྱ་ཐུབ་པ་ལྟ་བུའི་རབ་ཏུ་བྱུང་བས་འདུལ་བ་ལ་མགོ་ཟླུམ་དུ་སྤྲུལ་ནས་གནོད་པ་ལས་ཟློག་པོའི་བརྟུལ་ཞུགས་འཛིན་པར་མཛད་དོ།། ཡང་ཚོངས་པར་སྤྱོད་པའི་སྡོམ་པ་ལ་གནས་ཤིང ་བརྟུལ་ཞུགས་འཛིན་པས་འདུལ་བ་ལ་དེར་སྟོན་ཏོ།། ཤཱཀྱ་ཐུབ་པ་ཆུ་བོ་ནཻ་རཾ་ཛཱ་རར་དཀའ་ཐུབ་མཛད་པ་ལྟ་བུ་ལ་ཡང་དེར་སྟོན་ཏོ།། གཽ་ཏ་མ་ནི་ཤཱཀྱའི་རིགས་ཏེ། གཙང་སྒྲ་ལ་གནས་པ་རྒྱལ་རིགས་སུ་སྤྲུལ་པ་དང་། རང་བཞིན་གྱི་དཀའ་ཐུབ་དང་། ་གཙང་སྦྲ་ལ་གནས་པ་བྲམ་ཟེ་ལྟ་བུར་ཀྱང་སྤྲུལ་པ་མཛད་དེ། ཉིད་ལ་ཉེས་པའི་སྐྱོན་གྱིས་མ་གོས་པས་ཚངས་པ། གཞན་སྐྱོན་དང་བྲལ་བའི་ཐབས་ཤེས་པས་ཚངས་པ་ཤེས་ཞེས་བྱའོ།། དེ་ལྟར་སྤྲུལ་པའི་ཕན་ཡོན་ཅི་ཞེ་ན།། མྱ་ངན ་འདས་པ་ཚངས་པ་ཐོབ།། གྲོལ་བ་ཐར་པ་རྣམ་གྲོལ་ལུས།། རྣམ་གྲོལ་ཞི་བཞི་པ་ཉིད།། མྱ་ངན་འདས་པ་མྱ་ངན་འདས།། ལེགས་པར་མྱ་ངན་འདས་དང་ཉེ།། བདེ་སྡུག་སེལ་བ་མཐར་གྱུར་པ། ཞེས་སྨོས་ཏེ། འཁོར་བའི་སྡུག་བསྔལ་དང་བྲལ་བས་མྱ་ངན་ལས ་འདས་པའོ།། དེ་ཉིད་ལ་ཞེན་པ་དང་བྲལ་བས་ཚངས་པ་ཐོབ་པའོ།། དེ་ལྟར་འཆིང་བ་མཐའ་དག་ལས་གྲོལ་ཞིང་ཐར་ནས་ཡེ་ཤེས་ཀྱི་སྐུ་ཐོབ་སྟེ། དེས་ཡོན་ཏན་ཐམས་ཅད་འབྱུང་བའི་རྟེན་བྱེད་པས་ལུས་ཞེས་པའོ།། དེ་ལྟར་ཉོན་མོངས་པ་ལས་གྲོལ་ཞིང ་སྤྲོས་པའི་མཚན་མ་ཐམས་ཅད་ཞི་བས་ཞི་བའོ།། ཞི་བ་དེ་ཉིད་ལས་མྱ་ངན་ལས་འདས་པའི་ཆོས་ཀྱི་ཡོན་ཏན་རྣམས་འབྱུང་སྟེ། མྱ་ངན་ལས་འདས་པ་ནི་ཉན་ཐོས་ཀྱི་ལམ་མོ།། མྱ་ངན་ལས་འདས་པ་ཕྱི་མ་ནི་རང་རྒྱལ་བའི་ལམ་མོ།། ལེགས་པར་མྱ་ངན ་ལས་འདས་པ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ།། བདེ་བ་མྱ་ངན་ལས་འདས་པའི་མཐའ་དང་། སྡུག་བསྔལ་འཁོར་བའི་མཐའ་གཉིས་སེལ་ཏེ། མཐར་གྱུར་པའི་ཡེ་ཤེས་དང་ལྡན་པ་ནི་སངས་རྒྱས་ཉིད་དོ།། གཞིའི་གནས་ལུགས་རྣམ་པར་དག་པའི ་ངོ་བོ་ཉིད་དུ་བསྟན་པའི་ཕྱིར། ཆགས་བྲལ་ལུས་ལ་འདས་པ་པོ།། ཐུབ་པ་མེད་པ་དཔེ་མེད་པ།། མི་མངོན་མི་སྣང་གསལ་བྱེད་མིན།། མི་འགྱུར་ཀུན་འགྲོ་ཁྱབ་པ་པོ།། ཕྲ་ཞིང་ཟག་མེད་ས་བོན་བྲལ།། རྡུལ་མེད་རྡུལ་བྲལ་དྲི་མ་མེད།། ཉེས་པ་སྤངས་པ ་སྐྱོན་མེད་པ། ཞེས་སྨོས་ཏེ། ཡུལ་རྣམས་ལ་ཆགས་པའི་བློ་དང་བྲལ་བའི་ཡེ་ཤེས་སུ་སྣང་བ་ལས་འདས་ཏེ། དེ་ཉིད་མི་མཐུན་པའི་ཕྱོགས་སྟོབས་ཀྱིས་མི་རྫི་བས་ཐུབ་པ་མེད་དོ།། གང་དང་ཡང་མཉམ་པ་མེད་པས་དཔེ་མེད་དོ།། འདི་མཚན་ཉིད་དངོས་པོ་ཅིར ་ཡང་མི་མཐོང་ལ་མཚན་མ་གང་དུ་ཡང་མི་སྣང་སྟེ། རང་བཞིན་གྱི་འོད་གསལ་བའི་བདག་ཉིད་དུ་གནས་པས་དོན་ལ་གསལ་བྱེད་མི་དགོས་ཏེ་མར་མེ་ལྟ་བུའོ།། འདུས་མ་བྱས་པའི་རྐྱེན་གང་གིས་ཀྱང་མི་འགྱུར་ཞིང་།། བདེ་གཤེགས་ཀྱི་སྙིང་པོ་ཀུན་གྲོལ ་དེས་ཏིལ་འབྲུ་ལ་མར་བཞིན་ཀུན་ལ་ཁྱབ་བོ།། རྟུལ་པོས་མི་ཤེས་པས་ཕྲ་ཞིང་ཟག་པ་སྟེ་སྲིད་པར་སྐྱེ་བའི་ས་བོན་མ་རིག་པ་བདག་ཏུ་འཛིན་པ་དང་བྲལ་བའོ།། དེ་ལྟར་གཞི་ལ་རྣམ་པར་རྟོགས་པའི་རྡུལ་དག་ནས་མེད་ལ། དེ་མ་རྟོགས་པའི་བློ་ཡང་དེ ་ཉིད་ན་རྟོགས་ན་རྟོགས་པའི་རྡུལ་དང་བྲལ་བར་འགྱུར་ལ། དེ་ཉིད་ལ་ཡང་མ་ཞེན་པའི་དྲི་མ་མེད་པའོ།། དེ་ལྟར་སྒྲིབ་པ་གཉིས་སྤངས་པས་ཉེས་པའི་སྐྱོན་གང་ཡང་མེད་པའོ།། དོན་གཉིས་སུ་མེད་པ་ལྷུན་གྱིས་གྲུབ་པའི་ཚུལ་ནི། ཤིན་ཏུ་སད་པསད ་པའི་བདག། ཀུན་ཤེས་ཀུན་རིག་དམ་པ་པོ།། རྣམ་པར་ཤེས་པའི་ཆོས་ཉིད་འདས།། ཡེ་ཤེས་གཉིས་མེད་ཚུལ་འཆང་བ།། རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ།། ཅེས་སྨོས་ཏེ། སྒྲིབ་པ་གཉིས་ལས་སད་པ་འམ། ཡང་ན་སྣང་བ་ཡེ་ཤེས་སུ་ས ་པ་འམ། སེམས་སྟོང་པར་སད་པས་ཇི་སྙེད་པ་ཀུན་ཤེས་ཤིང་། ཇི་ལྟ་བ་རིག་ལ། དེ་ཡང་དབྱེར་མེད་དུ་ཤེས་པས་དམ་པའོ།། དེ་ལྟར་རྟོག་པ་དང་བྲལ་བས་རྣམ་པར་ཤེས་པའི་ཆོས་ཉིད་ཀྱི་ཀློང་དུ་འདས་པའོ།། འདས་པ་ཙམ་ནི་གཉིས་སུ་མེད་པའི ་ལག་ན་འོད་འབར་སྣང་བ་བོ།། ཞེས་སྨོས་ཏེ། ཤེས་རབ་དམ་པས་དོན་ལ་ལྟ་ཞིང་། ཐུགས་རྗེ་དམ་པས་འགྲོ་བ་ལ་གཟིགས་པས་ཀུན་ཏུ་ལྟའོ།། བདེ་བ་ཆེན་པོ་འཕགས་པས་མཆོག་ཏུ་དགའོ།། གཟི་བརྗིད་ཆེན་པོ་གཞན་ཡིད་དུ་འོང་སྡུག་པའི་སྐུ་མངའ ་ལ། ནང་ན་ཡེ་ཤེས་དྲུག་འབར་བས་མ་རིག་པའི་མུན་པ་སེལ་བའི་རྟགས་ཕྱི་རུ་འོད་ཁ་དོག་དྲུག་འབར་བའོ།། མཚན་ཐུན་མོང་མ་ཡིན་པ་ཐུགས་ཀ་ན་རིན་པོ་ཆེ་དཔལ་བེའུ་ཡིས་བརྒྱན་པའོ།། ཕྱག་ལས་ཀྱང་འོད་ཟེར་འབར་ཏི་ཞི་བས་འདུལ་བ་རྣམས ་འདུན་པ་སྐྱེ་བར་བྱེད་ལ། དེས་མི་འདུལ་བ་རྣམས་ཚར་གཅོད་པས་བྱེད་དོ།། ངོས་འགྲོ་བཱི་ནད་ཇི་ལྟ་ར་སེལ་ཞེ་ན། སྨན་པ་ཆེ་མཆོག་གཙོ་བོ་སྟེ།། ཟུག་རྔུ་འབྱིན་པ་བླ་ན་མེད།། སྨན་རྣམས་མ་ལུས་ལྗོན་པའི་ཤིང་།། ནད་དོ་ཅོག་གི་དགྲ་ཆེ་བ། ཞེས་སྨོས་ཏེ།། ་སྨན་པའི་མཆོག་སྟེ་བདག་མེད་ཀྱི་དོན་བསྟན་ནས་བདག་འཛིན་གྱི་ཟུག་རྔུ་འབྱིན་ཅིང་། དེ་ཡང་སྨན་གྱི་དཔེ་ནི་ལྗོན་ཤིང་དང་འདྲ་སྟེ། རྩ་བ་དང་ཡལ་ག་དང་ལོ་འདབ་དང་མེ་ཏོག་ལ་བརྟེན་ནས་འབྲས་བུ་འབྱུང་བ་ལྟར་རྩ་བ་བྱང་ཆུབ་སེམས་སོ།། ཡལ་ག་ནི ་རྟོག་པར་བྱེད་པའི་ཐབས་ཀྱི་ཡན་ལག་རྣམས་སོ།། ལོ་མ་ནི་འདིར་ཐེག་པ་སོ་སོའི་ཆོས་ཀྱང་བཀག་པ་མེད་པའོ།། མེ་ཏོག་ནི་རྟོགས་པའི་ཉམ་མྱོང་ངོ་།། འབྲས་བུ་ནི་དེ་མཐར་ཕྱིན་པའོ།། དེར་ཡང་མ་ཟད་ཕྱི་ནང་གི་སྨན་སྣ་ཚོགས་སུ་ཡང་སྤྲུལ་ལོ།། དེས་དགྲ ་ཕྱི་ནང་གི་ནོད་སེལ་བར་བྱེད་དོ།། འོ་ན་སྐུའི་ཁྱད་པར་ཅི་ཞེ་ན། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན།། ཞེས་སྨོས་ཏེ། སེམས་ཅན་གི་ངོ་བོ་ལ་སྡུག་ཅིང་མཛེས་པར་སྤྲུལ་ནས་དོན་མཛད་དེ། དཔེར་ན་རྒྱུ་སྐར་རྣམས་ཀྱི་ནང ་ན་ཟླ་བ་ལྟར། ལྷ་དང་མི་རྣམས་ཟིལ་གྱིས་གནོན་པའོ།། དེས་སྐྱོབ་པའི་ཐུགས་རྗེ་ཇི་ལྟ་བུ་ཞེ་ན། ཕྱོགས་བཅུ་ན་མཁའི་མཐའ་གཏུགས་པ།། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས།། འགྲོ་ན་གདུགས་ཅིག་ཡངས་པ་སྟེ།། བྱམས་དང ་སྙིང་རྗེའི་དཀྱིལ་འཁོར་ཅན།། དཔལ་ལྡན་པདྨ་གར་གྱི་བདག། ཁྱབ་བདག་ཆེན་པོ་རིན་ཆེན་གདུགས།། ཞེས་སྨོས་ཏེ། རྒྱ་ནི་ཕྱོགས་བཅུ་ན་མཁའི་མཐའ་དང་མཉམ་པར་དམ་པའི་ཆོས་སྒྲོགས་པའི་མཚན་མར་རྒྱལ་མཚན་འཛུགས་ཤིང་།། གདུགས ་ཀྱིས་ཆར་དང་ཉི་མ་ལ་སོགས་པ་སྐྱོབ་པ་ལྟ་བུ་ནི། བྱམས་པ་དང་སྙིང་རྗེར་ལྡན་པའི་དབང་གིས་སོ།། དྲི་ཡང་མི་གོས་པ་པདྨ་དང་འདྲ་ལ། འགྲོ་བའི་འདྲེན་པའི་ཐབས་སྣ་ཚོགས་བསྒྱུར་བ་ནི་གར་དང་འདྲའོ།། དེ་ཡང་ཡོན་ཏན་རིན་པོ་ཆེའི་གདུགས་ལྟ ་བུས་སྐྱོབ་པའི་བདག་པོ་ནི་རྗེ་བཙུན་ཉིད་དོ།། ཇི་ལྟར་བསྟན་ཀྱང་ངེས་པའི་ལམ་གཅིག་ལས་མེད་པའི་ཕྱིར། སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ།། སངས་རྒྱས་ཀུན་གྱི་སྐུ་འཆང་བ།། སངས་རྒྱས་ཀུན་གྱི་རྣལ་འབྱོར་ཚེ།། སངས་རྒྱས་ཀུན་གྱིས ་བསྟན་པ་ཅིག། ཅེས་སྨོས་ཏེ། རྗེ་བཙུན་ཉིད་ལས་སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེན་པོ་མངའ་ལ། སངས་རྒྱས་ཀུན་གྱི་སྐུ་རྣམ་པ་གསུམ་ཡང་འཆང་བར་མཛད་དེ། ཐམས་ཅད་རྗེ་བཙུན་གྱི་སྤྲུལ་པ་ཡིན་པའི་ཕྱིར་རོ།། སངས་རྒྱས་ཀུན་གྱི་རྣལ ་འབྱོར་ཆེ། ཐབས་དང་ཤེས་རབ་ཀྱི་གཙོ་བོར་ཡང་བཞུགས་ལ། སངས་རྒྱས་ཀྱི་བསྟན་པའི་ཆོས་ཇི་སྐད་ཅིག་གསུངས་ཀྱང་།། ཡང་དག་པར་ན་གཉིས་སུ་མེད་པར་སྟོན་པའི་ཐེག་པ་གཅིག་ལས་མེད་དོ།། དེ་ཡང་།། ཐེག་པའི་སྒྲོ་མོ་བསམ་ཡས་ཀྱང ་ངེས་པའི་དོན་དུ་གཅིག་ལས་མེད་ཅེས་པ་ལྟ་བུའོ།། ངེས་པའི་དོན་གཅིག་ལ་ཡེ་ཤེས་ལྔ་ཇི་ལྟར་སྣང་ཞེ་ན། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ།། རིན་ཆེན་ཀུན་བདག་དབང་ཕྱུག་སྟེ།། འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན་གྱི་རྗེ།། སངས་རྒྱས་ཀུན ་གྱི་ཐུགས་ཆེ་བ། ཞེས་སྨོས་ཏེ། རྡོ་རྗེ་ནི་ཚུར་མི་ཚུགས་པ་དང་ཕར་ཤེས་བྱ་འབིགས་པ་སྟེ། ཆོས་ཀྱི་དབྱིངས་རྟོག་པ་ལ་དབང་ཐོབ་པས། དེ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་མི་བསྐྱོད་པའི་ངོ་བོ་སྟེ། དེས་ཞེ་སྡང་རང་ཁ་མ་འདུལ་བར་བྱེད་པའོ།། ཆོས་ཐམས་ཅད ་ཉམ་པ་ཉིད་དུ་རྟོགས་ཏེ། ཡོན་ཏན་རིན་པོ་ཆེ་ཀུན་ལ་དབང་བསྒྱུར་བའི་བདག་པོ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་རིན་ཆེན་འབྱུང་ལྡན་ངོ་བོ་སྟེ། དེས་ང་རྒྱལ་དང་སེར་སྣ་རང་ཁ་མ་འདུལ་ལོ།། དེས་འཇིག་རྟེན་གྱི་ཆོས་ཐམས་ཅད་ཀྱི་ངོ་བོ་སོ་སོ་མ་འདྲེས་པ ་ལ་གསལ་བ་ལ་དབང་བསྒྱུར་བའི་བདག་པོ་ནི་སོ་སོར་རྟོགས་པའི་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་ངོ་བོ་སྟེ། དེས་འདོད་ཆགས་རང་ཁ་མ་འདུལ་ལོ།། རྡོ་རྗེ་ལྟར་འཕྲིན་ལས་ཐོགས་པ་མེད་པར་འཆང་བ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དོན་ཡོད་གྲུབ་པའི་ངོ ་བོ་སྟེ། དེས་ཕྲག་དོག་ད་ང་ལེ་ལོ་རང་ཁ་མ་འདུལ་ལོ།། སངས་རྒྱས་ཀུན་གྱི་ཐུགས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཆེན་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྣམ་པར་སྣང་མཛད་ཀྱི་ངོ་བོ་སྟེ། དེས་གཏི་མུག་རིང་ཁ་མ་འདུལ་ལོ།། དེ་དག་ཀྱང་སྐུ་གསུང་ཐུགས ་སུ་འདུས་པའི་ཚུལ་བསྟན་པའི་ཕྱིར། སངས་རྒྱས་ཀུན་གྱི་ཐུག་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན།། ཞེས་སྨོས་ཏེ། རྗེ་བཙུན་གྱི་ཐུགས་ནི་ཡེ་ཤེས་དྲུག་རོ་གཅིག་ཅིང་མཉམ་པ་སྟེ། དེས་སངས་རྒྱས་ཀུན ་གྱིས་ཐུགས་ལ་ཁྱབ་ཅིང་གནས་པའོ།། དེ་ཡང་ཤེས་བྱ་མ་ལུས་པ་མཁྱེན་ཅིང་རིག་པས་ན་ཐུགས་སོ།། སངས་རྒྱས་ཀུན་གྱི་སྐུར་སྤྲུལ་པ་ཡང་རྗེ་བཙུན་ཉིད་ཡིན་པས་སྐུ་རྣམས་ཀྱི་ནང་ན་ཆེ་བའོ།། དེ་ཡང་ཁྱབ་ཅིང་རྟེན་བྱེད་པ ་དང་སྣང་བས་ན་སྐུའོ།། སངས་རྒྱས་ཀུན་གྱི་གསུང་འབྱུང་བའི་རྒྱུ་དང་ངོ་བོ་ཉིད་དུ་ཡང་རྗེ་བཙུན་འགྱུར་བ་སྟེ། གསལ་བ་དང་གོ་བར་བྱེད་པ་དང་གྲགས་པའི་ཕྱིར་ན་གསུང་ངོ་།། དེས་གཞན་དོན་མུན་པ་སེལ་ཞིང་མ་གོས་པ་ནི། རྡོ་རྗེ་ཉི་མ་སྣང ་བ་ཆེ།། རྡོ་རྗེ་ཟླ་བ་དྲི་མེད་འོད།། ཆགས་བྲལ་ལ་སོགས་ཆགས་པ་ཆེ།། ཁ་དོག་སྣ་ཚོགས་འབར་བའི་འོད།། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས།། སངས་རྒྱས་འགྲོ་བའི་ཆོས་འཛིན་པ།། དཔལ་ལྡན་སངས་རྒྱས་པདྨ་སྐྱེས།། ཞེས་སྨོས་ཏེ། གཉིས ་སུ་མེད་པའི་ཡེ་ཤེས་ཀྱིས་སྲིད་པའི་རྒྱ་མཚོ་སྐེམས་པས་ཉི་མ་ཆེའོ།། མ་རིག་པའི་མུན་པ་སེལ་བས་ཟླ་བའི་འོད།། ཆགས་པ་རང་ཁ་མ་དང་བྲལ་ཞིང་དོན་དང་གདུལ་བྱ་ལ་ཆགས་པའོ།། ཡང་ན་ཕ་རོལ་ཏུ་ཕྱིན་པས་འདུལ་བའི་གང་ཟག་ལ ་ཆགས་པ་དང་བྲལ་བའི་ཚུལ་དུ་ཆོས་བཤད་ལ། གསང་སྔགས་ཀྱི་རིགས་ཅན་ལ་ཆགས་པ་རང་རྒྱུད་དུ་སྤྱོད་པའི་ཚུལ་གྱིས་ཆོས་བཤད་དོ།། ནང་ན་ཡེ་ཤེས་དང་ཐུགས་རྗེའི་འོད་འབར་བའི་རྟགས། ཕྱི་རོལ་དུ་ཁ་དོག་སྣ་ཚོགས་ཀྱི་འོད ་འབར་བའོ།། ཐབས་དང་ཤེས་རབ་དབྱེར་མེད་པའི་རྟགས་སུ་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པའོ།། སངས་རྒྱས་རྣམས་འགྲོ་བ་ལ་བྱམས་པའི་ཆོས་འཛིན་པ་ནི་ཐུགས་མི་རྟོགས་པའི་ཚུལ་གྱིས་རང་སྒྲར་ཤར་བ་ལོའོ།། ཉེས་སྐྱོན་དང་བྲལ་བ་ནི་པདྨ་ལྟ་བུ ་དེ་ནི་སངས་རྒྱས་ཀུན་གྱི་སྐྱེ་གནས་སུ་གྱུར་པའོ།། ཚུལ་ཇི་ལྟ་བུ་ཞེ་ན། ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ།། རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་།། ཆེ་བའི་སངས་རྒྱས་རིག་སྔགས་འཆང་ཞེས་སྨོས་ཏེ། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པས་ཀུན་མཁྱེན ་ཡེ་ཤེས་ཀྱི་མཛོད་འཛིན་པོའོ།། ཡོན་ཏན་གྱི་བགོ་སྐལ་ལས་རྒྱལ་བ་དང་བདུད་ལས་རྒྱལ་ཞིང་སྒྱུ་མ་ལྟ་བུའི་སྤྲུལ་པ་མོས་པ་སྣ་ཚོགས་འདུལ་བའི་ཐབས་སྣ་ཚོགས་འཆང་བའོ།། ཆེ་བའི་ཡོན་ཏན་ཁྱད་པར་དུ་གསང་སྔགས་ཀྱི་ངོ་བོ་ཐབས་ཤེས་རབ ་དང་རིག་སྔགས་ཀྱི་ངོ་བོ་ཤེས་རབ་དང་། ཡེ་ཤེས་འཆང་བའོ།། འོ་ན་ཤེས་རབ་ཀྱི་ལས་གང་ཞེ་ན། རྡོ་རྗེ་གནོན་པོ་རལ་གྲི་ཆེ།། ཡི་གེ་མཆོག་སྟེ་རྣམ་པར་དག། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད།། མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས།། རྡོ་རྗེ་ཟབ་མོ་ཛཱ ་ན་ཛཀ། རྡོ་རྗེ་བློ་གྲོས་དོན་བཞིན་རིག། ཅེས་སྨོས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་རལ་གྲི་དང་འདྲ་བས་བདག་ཏུ་རྟོགས་པ་ཐམས་ཅད་གཅོད་ཅིང་།། དོན་མི་འགྱུར་བ་ཡི་གེ་དང་འི་དྲ་སྟེ། རྟོག་པའི་དྲི་མས་མ་གོས་པས་མཆོག་གོ།། ཤེས་རབ ་སྙིང་རྗེས་ཁྱད་པར་བྱས་པས་ཐེག་པ་ཆེན་པོ་སྟེ། དེ་རྟོགས་པས་སྡུག་བསྔལ་རྩ་བ་ནས་གཅོད་པའོ།། དེ་གཅོད་པའི་མཚོན་ཆ་ནི་གཉིས་སུ་མེད་པའི་ཡེ་ཤེས་ལྟ་བུའོ།། དེ་ལྟ་བུའི་ཟབ་མོ་ནི་རྒྱལ་བའི་ཡང་རྒྱལ་པོ་ཡིན་པས་ཛཱི་ན་ཛིཀ་གོ། ཤེས ་རབ་ཆེན་པོའི་བློ་དང་ལྡན་པས།། ཤེས་བྱ་ཇི་ལྟ་བའི་དོན་རིག་པའོ།། དེ་ལྟར་རིག་པས་གདུལ་བྱ་ལ་རྒྱུ་འབྲས་ཀྱི་ཐེག་པ་སྟོན་པ་ནི། ཕ་རོལ་ཕྱིན་པ་ཀུན་རྫོགས་པ།། ས་རྣམས་ཀུན་གྱི་རྒྱན་དང་ལྡན།། རྣམ་པར་དག་པ་བདག་མེད་ཆོས།། ཡང་དག་ཡེ ་ཤེས་ཟླ་འོང་བཟུང་།། བརྩོན་ཆེན་སྒྱུ་འཕྲུལ་དྲ་བ་སྟེ།། རྒྱུད་ཆེན་གྱི་ནི་བདག་པོ་མཆོག་ཅེས་སྨོས་ཏེ། རྗེ་བཙུན་ཉིད་ལ་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་རྣམས་ཀྱང་རྫོགས་པར་མངའ་ལ། སྲ་བཅུའི་ཡོན་ཏན་གྱིས་ཀྱང་བརྒྱན ་ཏེ། མ་གོས་པས་རྣམ་པར་དག་པ་བདག་མེད་ཆོས་སོ།། ཡང་དག་པའི་ཡེ་ཤེས་ཟླ་བའི་འོད་ལྟ་བུས་མ་རིག་པ་དང་གདུང་བ་སེལ་ཅིང་། འགྲོ་བའི་དོན་ལ་བརྩོན་འགྲུས་ཆེན་པོ་དང་ལྡན་ཏེ། སྒྱུ་མ་ལྟ་བུའི་སྤྲུལ་པ་སྣ་ཚོགས་སྟོན་ཅིང་། ་ཁྱད་པར་དུ་རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་གཉིས་སུ་མེད་པའི་ཡེ་ཤེས་སྟོན་པའོ།། རྩ་བ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པས་རྒྱལ་བ་ཀུན་གྱི་སྙིང་པོར་བསྟན་པའི་ཕྱིར། རྡོ་རྗེའི་གདན་ནི་མ་ལུས་ལྡན།། ཡེ་ཤེས་སྐུ་རྣམས་མ་ལུས ་འཆང་།། ཀུན་ཏུ་བཟང་པོ་བློ་གྲོས་བཟང་།། ས་ཡི་སྙིང་པོ་འགྲོ་བ་འཛིན།། སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། ཞེས་སྨོས་ཏེ། གཞི་ཆོས་སྐུ་རྡོ་རྗེ་ལྟ་བུ་རྟོགས་པ་ལས་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་འབྱུང་ཞིང་བཟང་ངན་དང་བླང་དོར་གང་ཡང་མེད་པས ་ཀུན་ཏུ་བཟང་ལ། བདག་དང་གཞན་ལ་ཕན་པ་མཁྱེན་པས་བློ་གྲོས་བཟང་པོ།། ས་བཞིན་དུ་སེམས་ཅན་ལ་ཕན་པའི་ཡོན་ཏན་བསྐྱེད་པའི་ཕྱིར་དང་། སྣོད་ཀྱི་འཇིག་རྟེན་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་པའི་ཕྱིར། སངས་རྒྱས་ཀུན་གྱིས ་སྤྲུལ་པ་འབྱུང་བའི་སྙིང་པོ་ཆེན་པོར་གྱུར་པའོ།། སྙིང་པོ་དེ་ལ་སྤྲུལ་པ་ཚུལ་ཇི་ལྟར་འབྱུང་བ་ནི། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་།། དངོས་པོ་ཀུན་གྱི་རང་བཞིན་མཆོག། དངོས་པོ་ཀུན་གྱི་རང་བཞིན་འཛིན།། སྐྱེ་མད་ཆོས་དེ་སྣ་ཚོགས་སྟོན།། ་ཞེས་སྨོས་ཏེ། རིག་པ་བྱང་ཆུབ་སེམས་ཅིར་ཡང་འཆར་བས་སྒྲུབས་ཐབས་ཀྱི་བྱེ་བྲག་སྣ་ཚོགས་འབྱུང་བ་ཡིན་ལ། དེར་ཡང་མ་ཟད་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྣ་ཚོགས་འབྱུང་བའི་གཞི་ཡིན།། སྣོད་བཅུད་ཀྱི་དངོས་པོ་ཀུན་གྱི་རང་བཞིན་སྐྱེ་མེད་དུ་གནས་པ ་ཀྱང་མཆོག་གོ།། དོན་མེད་སྐྱེ་བ་མེད་ཀྱང་གཟུགས་རྣམས་རྣམ་པ་ནས་ཐམས་ཅད་མཁྱེན་པའི་བར་ལྟ་བུར་ཀྱང་མ་འགག་པར་ཤར་བས་རང་བཞིན་འཛིན་ཏེ། མདོར་ན་ཟབ་པར་སྐྱེ་བ་མེད་ཀྱང་རྒྱ་ཆེ་བ་སྣ་ཚོགས་སུ་སྟོན་ཏོ།། ཟབ་པ་དང ་རྒྱ་ཆེ་བ་གཉིས་མེད་པས་ཐེག་པ་ཐམས་ཅད་ཀྱི་མཆོག་ཅེས་བྱའོ།། ཤེས་རབ་དམ་པའི་ངོ་བོ་ཅི་ཞེ་ན། ཆོས་ཀུན་ངོ་བོ་ཉིད་འཆང་བ།། ཤེས་རབ་ཆེན་པོའི་སྐད་ཅིག་ལ།། ཆོས་ཀུན་ཁོང་དུ་ཆུད་པ་སྟེ།། ཆོས་ཀུན་མངོན་པར་རྟོགས་པ་སྟེ། ཞེས ་སྨོས་ཏེ། ཆོས་ཀྱི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ཀུན་གྱི་ངོ་བོ་ཉིད་ནི་མཉམ་པ་ཆེན་པོ་ཡིན་ལ། དེ་གང་གིས་རྟོགས་ན་ཤེས་རབ་ཆེན་པོས་སྐད་ཅིག་ལ། ཤེས་བྱའི་ཆོས་ཐམས་ཅད་ཁོང ་དུ་ཆུད་པ་མངོན་སུམ་དུ་གསལ་བར་རྟོགས་པའོ།། ཤེས་རབ་དེའི་སྟོབས་ཇི་ལྟ་བུ་ཞེ་ན། ཐུབ་པ་བློ་མཆོག་འབྱུང་པོ་སེལ། མི་གཡོ་རབ་ཏུ་དང་བའི་བདག། རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་།། སངས་རྒྱས་ཀུན་གྱི་མངོན་སུམ་པ།། ཡེ ་ས་མེ་ལྕེ་འོད་རབ་གསལ།། ཞེས་སྨོས་ཏེ། ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་ཐུབ་ཅིང་། ཆོས་ཉིད་རྟོགས་པའི་བློ་ཡི་མཆོག་ཡོད་པས་རྣམ་རྟོག་གི་གནོད་པ་འབྱུང་བ་ལྟ་བུ་སེལ་ཏེ། མཚན་མ་གང་གིས་ཀྱང་མི་གཡོ་བར་ཆུ་དང་བ་ལྟ ་བུའི་བདག་ཉིད་གསལ་ལ་རྟོག་པ་མེད་པ་ནི་རྫོགས་པའི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ཡང་ལམ་ལ་གནས་པའི་རྣལ་འབྱོར་པས་ནི་མཆོག་མཁྱེན་ལ། སངས་རྒྱས་ཀྱིས་ཡོན་ཏན་མཁྱེན་ཏེ། ཡེ་ཤེས་དེའི་དཔེ་ནི་མེ ་ལྕེ་འབར་བ་དང་འདྲ་ལ། མ་རིག་པ་སེལ་བ་དང་། ཉོན་མོངས་པ་སེལ་བ་དང་། སྲིན་བུ་མེ་ཁྱེར་ལ་སོགས་པའི་འོད་ཟིལ་གྱིས་གནོན་པ་དང་། ཞིང་ཁམས་གྲངས་མེད་དུ་སྣང་བར་བྱེད་པའོ།། ང་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ཕྱིར། འདོད་པའི་དོན་གྲུབ་དམ་པ་སྟེ།། ངན་སོང་ཐམས་ཅད་རྣམ་སྦྱོང་བ།། མགོན་པོ་སེམས་ཅན་ཀུན་གྱི་མཆོག། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད།། ཉོན་མོངས་གཡུལ་དུ་གཅིག་དཔའ་བ།། ་མི་ཤེས་དགའི་དྲེགས་པ་འཇོམས། ཞེས་པ་ལ་སོགས་པ་སྨོས་ཏེ། མཐོ་རིས་དང་ཐར་པ་འདོད་པ་རྣམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པའི་སྒོ་ནས་སྒྲུབ་པར་བྱེད་དེ། དམན་པ་ངན་སོང་གསུམ་ལས་ཀྱང་ཐར་པ་དང་རྗེས་སུ་མཐུན་པའི ་ཆོས་བསྟན་ནས་རྒྱུ་དང་འབྲས་བུ་སྦྱོང་ཞིང་། སེམས་ཅན་ཀུན་གྱི་དོན་བྱེད་པས་མཆོག་གོ།། སེམས་ཅན་ཐམས་ཅད་ཀྱི་བསམ་པ་མཁྱེན་པས་བློའི་རིམ་པ་དང་། སྦྱར་ནས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་བྱེད་དོ།། ཆོས་ཇི ་སྙིང་གཅིག་བཤད་ཀྱང་ཉོན་མོངས་པ་འདུལ་བའི་གཉེན་པོར་གཅིག་གོ། དེ་ཡིས་མུ་སྔགས་ལ་སོགས་པ་ཟིལ་གྱིས་གནོན་པས་དྲེགས་པ་འཇོམས་པའོ།། གཞན་གྱི་ཉོན་མོངས་པ་དེ་ལྟར་འཇོམས་ན། འོ་ན་གཞན་འདུལ་བའི་གཟུགས ་སུ་ཇི་ལྟར་སྟོན་ཞེ་ན། དཔལ་ལྡན་བློ་དང་སྒེག་པར་ལྡན།། བསྟན་པོ་མི་སྡུག་གཟུགས་འཆང་བ། ཞེས་སྨོས་ཏེ། བདག་དང་གཞན་གྱི་དཔལ་དུ་གྱུར་པས་ཤེས་རབ་ཆེན་པོའི་བློ་དང་ལྡན། བལྟ་ན་མཛེས་པར་མཛད་པས་ན་སྒེག་པའོ།། དོན་མི ་འགྱུར་བས་བརྟན་ལ། ཞི་བས་མི་འདུལ་བ་ལ་བདུད་ལ་སོགས་པ་ཟློག་པའི་འཇིགས་སུ་རུང་བའི་གཟུགས་འཆང་བའོ།། དེ་ཡང་གར་ལ་མོས་པ་ལ་གར་དུ་སྟོན་པའི་ཕྱིར། ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་།། གོམས་པའི་སྟོབས་ཀྱིས་གར ་བྱེད་པ།། དཔལ་ལྡན་ལག་པ་བརྒྱས་གང་ལ།། ནམ་མཁའ་ཁྱབ་པར་གར་བྱེད་པ།། ཞེས་སྨོས་ཏེ། ཚངས་པ་འདུལ་བའི་གར་ལག་པ་བརྒྱ་སྤྲུལ་ཏེ་བསྒྱུར་བ་དང་། ཚོགས་གཉིས་རྫོགས་པའི་མཐུས་ལོག་པ་བརྒྱར་སྤྲུལ་ཏེ། ནམ་མཁའ་ཁྱབ་ཚད ་དུ་འགྲོ་བའི་དོན་བྱེད་པའོ།། ལུས་ཀྱི་རྫུ་འཕྲུལ་གཞན་ཡང་སྟོན་པའི་ཕྱིར།། ས་ཡི་དཀྱིལ་འཁོར་བཞི་ཡིས་ཁྱོན།། རྐང་པ་ཡ་གཅིག་མཐིལ་གྱིས་གནོན།། རྐང་ཐེབ་སེན་མོའི་ཁྱོན་གྱིས་ཀྱང་།། ཚངས་པའི་ཡུལ་ས་རྗེ་ནས་གནོན།། ་ཞེས་སྨོས་ཏེ། གློང་བཞིའི་ཁྱབ་འཇུག་གིས་འདུལ་བ་དེའི་གཉེན་པོར་གླིང་བཞི་རི་རབ་དང་བཅས་པ་རྐང་པ་ཡ་གཅིག་གི་མཐིལ་གྱིས་མནན་པ་སྟེ། གླིང་བཞི་ཆུང་ངུ་མ་སོང་ལ་ཞབས་ཆེ་རུ་མ་སོང་ངོ་།། གྱེན་ལ་ནི་ཞབས་ཀྱི་མཐེ་བོང་ཚངས ་པའི་འཇིག་རྟེན་དུས་གཅིག་དུ་གནོན་ཏོ།། སྔ་མ་ལྟར་ཆེ་ཆུང་ངུ་མ་སོང་བའི་རྫུ་འཕྲུལ་སྟོན་ནོ།། འཁོར་བ་འདི་མ་སྤངས་པར་ཇི་ལྟར་གྲོལ་བར་འགྱུར་ཞེ་ན། དོན་གཅིག་གཉིས་མེད་ཆོས་ཀྱི་དོན།། དམ་པའི་དོན་དེ་འཇིགས་པ་མེད།། རྣམ་རིག་སྣ ་ཚོགས་གཟུགས་དོན་ཅན།། རྣམ་ཤེས་སྣ་ཚོགས་རྒྱུད་དང་ལྡན།། དངོས་དོན་མ་ལུས་རྣམས་ལ་དགའ།། སྟོང་པ་ཉིད་དགའ་འདོད་ཆགས་བློ།། སྲིད་པའི་འདོད་ཆགས་སྤངས་པ་སྟེ།། སྲིད་གསུམ་དགའ་བ་ཆེན་པོ་པ།། ་ཞེས་སྨོས་ཏེ། གཉིས་སུ་མེད་པ་ནི་དོན་དམ་པ་ཆོས་ཀྱི་སྐུ་སྟེ། གཞན་གྱིས་མ་ཐུབ་པས་འཇིགས་པ་མེད་དེ། ཐུགས་རྗེ་དང་སྨོན་ལམ་གྱི་ཤུགས་ཀྱིས་རྣམ་རིག་སྣ་ཚོགས་ཀྱི་གཟུགས་སུ་སྤྲུལ་ལོ།། ཀུན་བཞི་རྣམ་ཤེས་ཉིད་རྣམ ་རྟོག་སྣ་ཚོགས་དང་འབྲེལ་པས་རྒྱུད་དོ།། དེ་ལྟར་དངོས་པོ་འཁོར་བའི་དོན་མ་ལུས་པར་མཛད་པ་ལས་དགྱེས་ཤིང་། དོན་དམ་པར་སྟོང་པ་ཉིད་ལ་དགའ་ཞིང་ཆགས་ཀྱང་ཁམས་གསུམ་གྱི་འོད་དེ་ཆགས་རང་ཁ་མ་ལས་གྲོལ་བས ་སྦྱངས་པའོ།། ཤེས་རབ་ཆེན་པོས་སྲིད་པ་ལས་གྲོལ་ཀྱང་ཐུགས་རྗེས་དེར་སྤྲུལ་ནས་དོན་མཛད་པ་ལ་དགའོ།། དོན་མཛད་པའི་ཚེ་སྐུའི་གཟི་མདངས་ཅི་འདྲ་ཞེ་ན། སྤྲིན་དཀར་དག་པ་བཞིན་དུ་དཀར།། འོད་བཟངས་སྟོན་ཀའི་ཟླ་བའི ་འོདོད་། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས།། སེན་མོའི་འོད་ནི་ཤས་ཆེར་དམ་ར་ཞེས་སྨོས་ཏེ། དོན་ལ་མ་གོས་པའི་མཚན་མ་བོང་ཁ་དོག་སྤྲིན་ལྟར་དཀར་ཞིང་། ཡེ་ཤེས་ཀྱི་འོད་ཟེར་འཕྲོ་བའི་དཔེ་སྟོན་ཀའི་ཟླ་བའི་འོད་ལྟ་བུ་མ་རིག ་པའི་མུན་པ་སེལ་ཞིང་གདུང་བ་ཚིམ་པར་བྱེད་པའོ།། དེ་ལས་ཀྱང་ཡེ་ཤེས་དྲུག་རོ་གཅིག་པའི་རྟགས་སུ་འོང་ཁ་དོག་དྲུག་དང་ལྡན་པའི་སྐུ་མངའ་སྟེ། འགྲོ་བ་ལ་ཐུགས་རྗེས་ཆགས་པའི་རྟགས་སུ་ཕྱག་གི་སེན་མོ་དམར་བའོ།། རྒྱན་གྱི ་ཁྱད་པར་ཇི་ལྟ་བུ་ཞེ་ན། ཅོད་པན་བཟང་པོ་མཐོན་ཀའི་རྩེ།། སྐྲ་མཆོག་མཐོང་ཀ་ཆེན་པོ་པ།། ནོར་བུ་ཆེན་པོ་བོད་ཆགས་དཔལ།། སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན་ཞེས་སྨོས་ཏེ། མཐའ་གཉིས་ལས་རྒྱལ་བའི་རྟགས་སུ་དབུ་ལ་རིན་པོ་ཆེའི་ཅོད་པན ་བཟང་ཞིང་མཛེས་པས་རྒྱན་པའོ།། སྐྲ་ཡང་གཞན་པས་མཆོག་ཏུ་གྱུར་པས་རིན་པོ་ཆེ་མཐོང་ཀ་ལྟར་སྔོ་ཞིང་མཛེས་པའི་སྐུ་མངའ་བའོ།། འགྲོ་བའི་དོན་རྫོགས་པར་མཛད་པའི་རྟགས་སུ་ཐུགས་ཀ་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་བརྒྱན་ཅིང ་སངས་རྒྱས་ཀྱི་སྤྲུལ་པ་དཔག་ཏུ་མེད་པ་མངའ་བའི་རྟགས་སུ་བ་སྥུ་རེ་རེ་ལ་ཡེ་ཤེས་སེམས་དཔའ་རེ་རེ་གསལ་ཞིང་མཛེས་པར་བརྒྱན་པའོ།། དེ་ལྟ་བུ་དེ་ལ་ལམ་གྱི་ཁྱད་པར་ཇི་ལྟ་བུ་མངའ་ཞེ་ན། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ།། རྫུ ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན།། དེ་ཉིད་དྲན་པ་ཆེན་པོ་འཆང་། ཞེས་སྨོས་ཏེ། འཇིག་རྟེན་ཁམས་བརྒྱ་ནི་མཚོན་པ་ཙམ་སྟེ། མཐའ་ཡས་པར་བསྐྱོད་པར་མཛད་།། བསྐྱོད་ནས་ཅི་མཛད་ན་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་སོགས་པོའི་སྒོ་ནས ་འགྲོ་དོན་མཛད་དེ། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་འདུལ་བའི་ཏི་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་ཏིང་ངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་ཏིངངེ་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི ་ཏིང་འཛིན་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པའོ།། དེ་ཡང་དོན་མི་སྦྲེལ་བའི་དྲན་པ་ཆེན་པོ་འཆང་སྟེ། གཞན་ཡང་བྱང་ཆུབ་ཀྱི་ཡན་ལག་གང་ཞེ་ན། དྲན་པ་བཞི་པོ་ཏིང་འཛིན་རྒྱལ།། བྱང་ཆུབ་ཡན་ལག་མེ་ཏོག་སྤྲོས།། དེ་བཞིན་གཤེགས་པའི་ཡོན་ཏན ་མཚོ།། ལམ་གྱི་ཡན་ལག་བརྒྱད་ཚུལ་རིགས།། ཡང་དག་སངས་རྒྱས་ལམ་རིག་པ། ཞེས་སྨོས་ཏེ། དྲན་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ་དང་། སེམས་དང་ཚོར་བ་དང་། ཆོས་སོ།། དེ་རྣམས་ནི་ཚོགས་ལམ ་གྱི་གནས་སྐབས་སོ།། དྲན་པ་བཞི་པོ་དེ་ལ་ཡང་མ་ཆགས་པས་ཏིང་འཛིན་རྒྱལ་ལོ།། དེ་ལ་མཐོང་ལམ་གྱི་གནས་སྐབས་ན་བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རྣམ་པར་དབྱེ་བ་དང་། ་བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་འཛིན་དང་། བཏང་སྙོམས་སོ།། དེ་ལྟ་བུའི་སྒོ་ནས་འགྲོ་བའི་དོན་བྱེད་པ་དང་། འཕགས་པ་མཉེས་པར་བྱེད་པས་མེ་ཏོག་སྨོས་སོ།། དེར་ཡང་མ་ཟད་དེ་སངས ་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་རྒྱ་མཚོ་ཙམ་གྱི་གཞིར་རྗེ་བཙུན་ཉིད་འགྱུར་རོ།། གཞན་ཡང་སྒོམ་ལམ་གྱི་གནས་སྟོབས་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ་ཡང་དག་པའི་ལྟ་བ་དང་། རྟོག་པ་དང་། ངག་དང་། ལས་ཀྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་འཛིན་ནོ།། དེ་ལྟ་བུའི་ཚུལ་རིག་ནས་འགྲོ་བ་འདྲན་པར་མཛད་དོ།། དེ་ལྟར་རིག་པ་ནི་ཡང་དག་པར་སངས་རྒྱས ་པའི་ལམ་རིག་པའོ།། དོན་མཛད་པ་ལ་སྔོན་དུ་ཐུགས་རྗེ་སྐྱེ་དགོས་པའི་ཕྱིར། སེམས་ཅན་ཀུན་ལ་ཤས་ཆེར་ཆགས།། ནམ་མཁའ་ལྟ་བུར་ཆགས་པ་མེད།། སེམས་ཅན་ཀུན་གྱི་ཡིད་ལ་འཇུག། སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས།། ་ཞེས་སྨོས་ཏེ། སེམས་ཅན་ཀུན་ལ་བུ་གཅིག་པའི་མ་ལྟར་ཐུགས་རྗེས་ཆགས་ཤིང་། འོ་ན་མཚན་མར་མི་འགྱུར་རམ་ཞེ་ན། དོན་ནམ་མཁའ་ལྟར་མཁྱེན་པས་ཆགས་པ་རང་ཁ་མ་སེལ་ལོ།། དེ་ཡང་སེམས་ཅན་ཀུན་གྱི་ཡིད་ལ་ཁྱབ་པར་འཇུག་ཅིང་། ་འགྲོ་བའི་དོན་ལ་བརྩོན་འགྲུས་ཡིད་ལྟར་འགྱོགས་པར་མཛད་པའོ།། དེ་ལ་ཡང་དོན་བྱ་བའི་ཡུལ་མཁྱེན་པ་བསྟན་པའི་ཕྱིར།། སེམས་ཅན་ཀུན་གྱི་དབང་དོན་ཤེས།། སེམས་ཅན་ཀུན་གྱི་ཡིད་འཕྲོག་པ།། ཕུང་པོ་ལྔ་དོན་དེ་ཉིད་ཤེས།། རྣམ ་དག་ཕུང་པོ་ལྔ་འཆང་བ། ཞེས་སྨོས་ཏེ། སེམས་ཅན་ཀུན་གྱི་དབང་པོ་རབ་འབྲིང་ཐ་མི་ཤེས་ཤིང་དོན་གང་ལ་མོས་པ་རྣམས་ཤེས་པས་སོ།། སྐུ་ལྟ་བས་མཆོག་མི་ཤེས་པ་སྟོན་པས་ཀྱང་སེམས་ཅན་ཀུན་གྱི་ཡིད་འཕྲོག་ལ། ཡིད་རྟོག་བཅས ་རྟོག་མེད་དུ་ཟློག་པས་ཀྱང་ཡིད་འཕྲོག་པའོ།། དེ་ཡང་ཕུང་པོ་ལྔའི་དོན་ཀུན་རྫོབ་སྒྱུ་མ་ལྟ་བུར་ཤེས་ལ། དོན་དམ་དུ་སྐྱེ་བ་མེད་པར་ཤེས་པའོ།། དེ་ཡང་རྣམ་པར་དག་པའི་ཕུང་པོ་ལྔ་དང་ལྡན་ཏེ། ཚུལ་ཁྲིམས་ཀྱི་ཕུང་པོ་དང་། ཏིང་འཛིན ་གྱི་ཕུང་པོ་དང་། ཤེས་རབ་ཀྱི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཕུང་པོ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ།། འོ་ན་དོན་བྱེད་པའི་ཐབས་ཇི་ལྟར་མཁྱེན་ཅེ་ན། ངེས་འབྱུང་ཀུན་གྱི་མཐའ་ལ་གནས།། ངེས་པར་འབྱུང ་བ་ཀུན་ལ་མཁས།། ངེས་འབྱུང་ཀུན་གྱི་ལམ་ལ་གནས།། ངེས་པར་འབྱུང་བ་ཀུན་སྟོན་པ།། ཞེས་སྨོས་ཏེ། ཁམས་གསུམ་པ་ལས་ངེས་པར་འབྱུང་བའི་ཆོས་ཀུན་གྱི་མཐར་ཐུག་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ལ་རྫ་བཙུན་ཉིད་དང ་གིས་གནས་ཤིང་ངེས་པར་འབྱུང་བའི་ཆོས་ཀུན་སྟོན་པ་ལ་ཡང་མཁས་པའོ།། ཉིད་ཀྱང་ལམ་དེ་ལ་གནས་པའི་ཚུལ་སྟོན་ཏེ། གཞན་དང་འདྲ་བའི་ཕྱིར་རོ།། གདུལ་བྱ་རྣམས་ལ་ཇི་ལྟར་འཚམ་པར་འབྱུང་བའི་ཆོས་སྟོན་པར་མཛད ་དོའདེས་གཞན་དོན་ཇི་ལྟར་མཛད་ཅེ་ན། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན།། དག་པ་རྣམ་པ་བཅུ་གཉིས་འཆང་།། བདེན་བཞི་ཚུལ་གྱི་རྣམ་པ་ཅན།། ཤེས་པ་བརྒྱད་པོ་རྟོགས་པ་འཚོང་།། བདེན་དྲོན་རྣམ་པ་བཅུ་གཉིས་ལྡན།། དེ་ཉིད་རྣམ་པ་བཅུ ་དྲུག་རིག། རྣམ་པ་ཉི་ཤུ་བྱང་ཆུབ་པ། རྣམ་པར་སངས་རྒྱས་ཀུན་རིག་མཆོག། སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ།། བྱེ་བ་དཔག་མེད་འགྱེད་པའོ།། ཞེས་སྨོས་ཏེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱིས་ནི་སྲིད་པ་ཡིན་ཏེ། མ་རིག་པའི་རྐྱེན ་གྱིས་འདུ་བྱེད་འབྱུང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ ་ཚོར་བའི་རྐྱེན་གྱིས་སྲེད་པ། སྲོང་བའི་རྐྱེན་གྱིས་ལེན་པ། ཡིན་པའི་རྐྱེན་གྱིས་སྲིད་པ། སྲེད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྨི་ཤིའོ།། དེ་རྣམས་ཀྱི་རྩ་བ་ནི་མ་རིག་པ་ཡིན་ཏེ། མ་རིག་པ་འགགས་ན་དེ་རྣམས་འགག་པའི་ཕྱིར ་རོགཉིས་སུ་མེད་པའི་ཡེ་ཤེས་ཆེན་པོས་མ་རིག་པ་རྩ་བ་ནས་བཏོན་པའོ།། ཡང་སྐྱེ་མཆེད་བཅུ་གཉིས་དག་པའི་ཚུལ་ནི། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་དང་སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག ་བྱ་དང་། ཡིད་དང་། ཆོས་ཀྱིའོ།། ཡང་བདེན་པ་རྣམ་པ་བཞིས་ཀྱང་སེམས་ཅན་ཁྲིད་པར་མཛད་དེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ།། དེ་དག་ནི་ཐུན་མོང་གི་ལམ་མོ།། ཁྱད ་པོར་གྱི་ལམ་ནི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རང་བཞིན་རྟོགས་པའི་སྟེ། དེ་ཡང་ཚོགས་བདུན་ནི་ཀུན་གཞིའི་བྱིན་བརླབས་ཀྱིས་འབྱུང་བ་ཡིན་ལ། ཀུན་གཞི་སྐྱེ་མེད་དུ་ཤེས་པས། དེས་འདྲེས་པས་བརྒྱད་ཅར་སྐྱེ་མང་དུ་ཤེས་པར ་འགྱུར་རོ།། དེ་ཡང་འདི་སྐད་དུ། བརྒྱད་པ་སྐྱེ་མོད་ཤེས་པ་ཡིས།། དགོངས་པ་རྒྱལ་བ་ཀུན་དང་མཉམ་ཞེས་པ་ལྟ་བུའོ།། ཡང་དག་པའི་བདེན་པའི་དོན་སངས་རྒྱས་པའི་ཡོན་ཏན་བཅུ་གཉིས་དང་ཡང་ལྡན་ཏེ། རིགས་ལྔ་ཡེ་ཤེས་ལྔ་ཤེས ་རབ་དང་སྙིང་རྗེ་ཁྱད་པར་ཅན་ནོ།། དེ་ཉིད་རྣམ་པ་བཅུ་དྲུག་ནི་སྟོང་པ་ཉིད་བཅུ་དྲུག་སྟེ། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད ་དང་འདུས་བྱས་སྟོང་པ་ཉིད་དང་། འདུས་མ་བྱས་སྟོང་པ་ཉིད་དང་། མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང་། དོར་བ་མེད་པ་སྟོང་པ་ཉིད་དང་། རང་བཞིན་སྟོང་པ་ཉིད་དང་། ཆོས་ཐམས ་ཅིང་སྟོང་པ་ཉིད་དང་། རང་གི་མཚན་ཉིད་སྟོང་པ་ཉིད་དང་། མི་དམིགས་པ་སྟོང་པ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ།། དེ་མ་རྟོགས་པ་སེམས་ཅན་གྱི་དུས་ན། ས་ལ་སོགས་པ་འབྱུང་བ་ལྔ་གཟུགས་ལ་སོགས་པ་ཕུང་པོ་ལྔ། ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ། མིག་ལ་སོགས་པ་དབང་པོ་ལྔ་སྟེ། རྣམ་པ་ཉི་ཤུར་སྣང་བ་སྟེ། དོན་རྟོགས་པའི་དུས་ན་དེ་དག་ཀྱང་རིགས་ལྔར་ཤར་ཏེ། སངས་རྒྱས་ཀྱི་ཆོས་དང་དེ་དག་ཏུ་འདུས་ཏེ། རྣམ་པ་དེ ་ག་ལས་གྲོལ་ནས་སངས་རྒྱས་ཀྱི་བྱང་ཆུབ་ཡིན་པས་མཆོག་གོ། དེ་ཡང་འདི་སྐད་དུ། འབྱུང་བ་ལྔ་དང་ཉོན་མོངས་ཕུང་པོ་ལྔ།། དབང་པོ་རྣམ་ལྔའི་ཞན་པ་དང་བྲལ་ནས།། རིགས་ལྔ་ཡེ་ཤེས་ལྔར་སྣང་ལ།། རྫོགས་སངས་རྒྱས་པའི་བྱང་ཆུབ ་ཡིན་ཞེས་གསུངས་པ་ལྟ་བུའོ།། དེ་ལྟ་བུའི་སངས་རྒྱས་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངའ་བས་ཀུན་རིག་པའོ།། རིག་ནས་སྤྲུལ་པ་བྱེ་བ་དཔག་ཏུ་མེད་པ་བཀྱེ་ནས་སེམས་ཅན་གྱི་དོན་མཛད་པའོ།། དེ་ཡང་གདུལ་བྱའི་བློ་དང ་འཚམ་པའི་ཐེག་པ་སྟོན་པའི་ཕྱིར། སྐད་ཅིག་ཐམས་ཅད་མངོན་པས་རྟོགས།། སེམས་ཀྱི་སྐད་གཅིག་དོན་ཀུན་རིག། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས།། འགྲོ་བས་དོན་ལ་རྟོགས་པ་པོ།། ཐེག་པ་གསུམ་གྱིས་ངེས་འབྱུང་ལ།། ཐག་པ་གཅིག ་གི་འབྲས་བུར་གནས།། ཞེས་སྨོས་ཏེ། སྐད་ཅིག་གིས་གདུལ་བྱའི་བསམ་པ་དང་བག་ལ་ཉལ་བ་ཐམས་ཅད་རིག་ནས་དོན་མཛད་དེ། འོན་རྟོགས་བཅས་སུ་ཐལ་ལོ།། ཞེ་ན། རྟོགས་བྱེད་དེ་རང་ཡང་སྐྱེ་མེད་དུ་རིག་པའོ།། རིག་ནས་ཐེག་པ ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་པའོ།། དེ་ཡང་འདི་སྐད་དུ། ཇི་སྲིད་སེམས་རྣམས་འཇུག་གི་བར།། ཐེག་པའི་མཐའ་ལ་ཐུག་པ་མེད། ཅེས་པ་ལྟ་བུའོ།། དེ་ཡང་གདུལ་བྱ་ཐེག་པ་གསུམ་གྱིས་འདུལ་བ་ལ་ཉན་ཐོས་དང་། རང་རྒྱལ་དང་། ཐེག ་བ་ཆེན་པོ་བསྟན་ནོ།། ཡང་དག་པར་ཐེག་པ་གཅིག་སྟེ། འབྲས་བུ་རྡོ་རྗེའི་ཐེག་པའོ།། དེ་ཡང་འབྲས་བུ་སངས་རྒྱས་ན་ཇི་ལྟར་གནས་པ་དྲ་ལྟ་ཉིད་ནས་ལམ་དུ་ཁྱེར་ནས་འབྲས་བུར་གནས་ཞེས་བྱའོ།། དེ་ཡང་སྐུ་དགུ་ཐེག་དགུ་བསྟན་ཡང་འགྲོ་བའི་དོན ་བསྟན་མ་གཏོགས་པ། ཐེག་པ་འདི་ཀུན་ཡང་དག་པའི་ཐེག་པ་དག་ལས་གཞན་མ་ཡིན་ཞེས་པ་ལྟ་བུ། དེ་ཡང་གསུམ་པོ་ནི་རྒྱུའི་ཐེག་པའོ།། གཅིག་ནི་འབྲས་བུའི་ཐེག་པའོ།། དེ་ཡང་རྒྱུ་ལ་སྦྱོར་བ་རྒྱུའི་ཆོས།། འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། ་ས་བུའི་ཐེག་པ་ཉེ་ལམ་ཞིག། དུས་ཚོགས་ཕྱི་མར་འབྱུང་བར་འགྱུར།། ཞེས་པ་ལྟ་བུའོ།། དེ་ལའང་སྤངས་པའི་ཁྱད་པར་བསྟན་པའི་ཕྱིར། ཉོན་མོངས་ཁམས་རྣམས་དག་པའི་བདག། ལས་ཀྱི་ཁམས་རྣམས་ཟད་བྱེད་པ།། ཆུ་བོ་རྒྱ་མཚོ་ཀུན་ལས ་ལདང་སྦྱོར་བའི་དགོན་པ་ལས་བྱུང་བ།། ཉོན་མོངས་ཉེ་བ་ཀུན་ཉོན་མོངས།། བག་ཆགས་བཅས་པས་གཏན་སྤངས་པ།། ཞེས་སྨོས་ཏེ། གཉིས་མེད་རྟོགས་པས་ཉོན་མོངས་པ་དག་ཅིང་།། ལས་ངན་སློང་བར་བྱེད་པའི་སེམས་མེད་པ་དང་།། ལས་ཟད་པར ་བྱེད་པའོ།། འཁོར་བའི་སྤྱོད་ཡུལ་ཇི་སྙེད་པ་རྣམས་ནི་ཆུ་བོ་དང་འདྲ་སྟེ། རྒྱུན་རིང་བ་དང་། རྒྱུན་ཕྱོགས་སུ་ཁྱེར་བར་བྱེད་པ་དང་། རྒལ་དཀའ་བ་དང་། མང་བའི་ཕྱིར་དེ་ལས་རྒལ་ཞིང་དོན་ལ་སྦྱོར་བའི་ཡེ་ཤེས་ནི། རྟོག་པ་ལས་དབེན་པས་དགོན ་པོ་ཞེས་བྱའོ།། ཉོན་མོངས་པའི་རྩ་བ་དྲུག་དང་། དེ་ཡང་ཉེ་བའི་ཉོན་མོངས་པ་ཉི་ཤུ་དང་། ཀུན་ནས་ཉོན་མོངས་པ་སྡུག་བསྔལ་རྣམས་དང་བག་ཆགས་ས་བོན་དང་བཅས་པ་གཏན་ནས་སྤངས་པའོ།། དེ་ཉིད་ཐབས་དང་ཤེས་རབ་དམ་པ་དང་ཇི་ལྟར་ལྡན ་ཞེ་ནར་སྙིང་རྗེ་ཆེན་པོ་ཤེས་རབ་ཐབས།། དོན་ཡོད་འགྲོ་བའི་དོན་བྱེད་པ།། འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་།། རྣམ་ཤེས་དོན་ནི་འགག་པར་བྱེད་ཅེས་སྨོས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པས་ཞི་བའི་མཐའ་ལ་མི་གནས་ཤིང་། ་ཤེས་རབ་ཆེན་པོ་དང་ལྡན་པས་སྲིད་པ་འམ་འཁོར་བ་ལ་མི་གནས་ཏེ། ཐབས་དེ་ལྟ་བུས་འགྲོ་བའི་དོན་བྱེད་དོ།། འོ་ན་མཚན་མར་འཛིན་པ་ཅན་དུ་མི་འགྱུར་རམ་ཞེ་ན། འདུ་ཤེས་ནི་ཡུལ་ལ་མཚན་མར་འཛིན་པ་སྟེ། དེས་སྤངས་ཤིང་རྣམ ་ཤེས་ཟག་པ་དང་བཅས་པ་སྐྱེ་མེད་དུ་རྟོགས་པས་དེའི་སྐྱོན་མེད་དོ།། དེ་ལྟར་རང་རྟོགས་པ་མ་ནོར་བས་གཞན་མ་ནོར་བའི་ལམ་ལ་འགོད་པའི་ཕྱིར། སེམས་ཅན་ཀུན་གྱི་ཡིད་དང་ལྡན།། སངས་རྒྱས་ཀུན་གྱི་ཐུགས་རིག་པ།། སེམས ་ཅན་ཀུན་གྱི་ཡིད་ལ་གནས།། དེ་དག་སེམས་ཅན་མཐུན་པར་འཇུག། སེམས་ཅན་ཀུན་ཡིད་ཚིམ་པར་བྱེད།། སེམས་ཅན་ཀུན་གྱི་ཡིད་དགའ་བོ།། གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད།། ནོར་བ་ཐམས་ཅད་རྣམ་པར་སྤངས།། དོན་གསུམ ་ཐེ་ཙོམ་མེད་པའི་བློ།། ཀུན་དོན་ཡོན་ཏན་གསུམ་གྱི་བདག། ཅེས་སྨོས་ཏེ། སེམས་ཅན་གྱི་ཡིད་དང་མཐུན་པར་དོན་མཇེད་པ་དེ་ཡང་སངས་རྒྱས་ཀྱི་ཐུགས་མི་རྟོག་པར་རིག་པའི་སྒྲ་ནས་མཛད་དེ། དེས་སེམས་ཅན་ཀུན་གྱི་ཡིད་ལ་ཁྱ ་པར་གནས་ཏེ། དེ་དག་གི་སེམས་དང་མཐུན་པར་འགྲོ་བའི་དོན་ལ་འཇུག་ལ། ཞུགས་ནས་སེམས་ཅན་ཇི་ལྟར་འདོད་པ་ལྟར་ཚིམ་ཞིང་དགའ་བར་བྱེད་དེ། སེམས་ཅན་གྱི་དོན་སྒྲུབ་པ་མཐར་ཕྱིན་པར་བྱེད་དོ།། དེ་ཡང་འཁྲུལ་པ་འམ་ནོར ་བ་ཐམས་ཅད་སྤངས་ཏེ། དྲང་བའི་དོན་དང་། ངེས་པའི་དོན་དང་། ཐེག་པ་སྣ་ཚོགས་ཀྱི་དོན་དང་གསུམ་ལ་ཐེ་ཙོམ་མེད་པ་སྟེ། གྲུབ་པའི་མཐའ་རྣམས་ངེས་པར་ཤེས་པའི་ཕྱིར་རོ།། སེམས་ཅན་ཀུན་གྱི་དོན་དུ་གྱུར་པའི་ཡོན་ཏན་སྐུ་དང་གསུང ་དང་ཐུགས་གསུམ་གྱི་བདག་པོར་གྱུར་པའོ།། འདི་ཉིད་ལས་ཀྱང་། སངས་རྒྱས་ཀུན་གྱི་ཐུགས་ལ་གནས།། སངས་རྒྱས་ཀུན་གྱི་སྐུ་ཆེ་བ།། སངས་རྒྱས་ཀུན་གྱི་གསུང་ཡ་ཡིན། ཞེས་འབྱུང་ངོ་།། དེ་ཡང་རྒྱུ་རྟོགས་པས་འབྲས་བུ་མཆོག ་ཏུ་གྲུབ་པའི་ཕྱིར། ཕུང་པོ་ལྔ་དོན་དུས་གསུམ་དུ།། སྐད་ཅིག་ཐམས་ཅད་བྱེ་བྲག་པང་།། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས།། སངས་རྒྱས་ཀུན་གྱི་རང་བཞིན་འཆང་།། ལུས་མེད་ལུས་དེ་ལུས་ཀྱི་མཆོག། ལུས་ཀྱི་མཐའ་ནི ་རྟོགས་པ་པོ།། གཟུགས་རྣམས་སྣ་ཚོགས་སྣང་བའི་དཔལ།། ནོར་བུ་ཆེན་པོ་རིན་ཆེན་ཏོག། ཅེས་སྨོས་ཏེ། རྒྱུའི་དུས་ན་ཕུང་པོ་ལྔ་ལ་དུས་གསུམ་གྱི་སྐད་ཅིག་མས་གཞིགས་ན་བྱེ་བྲག་ཕྱེད་དེ། མུ་སྟེགས་ཀྱི་བདག་པོ་ལ་སོགས་པར ་བྱད་དེ། འབྲས་བུའི་དུས་སུ་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པ་ལ་རིམ་པ་ཡོད་པ་མ་ཡིན་པས་སྐད་ཅིག་མས་སངས་རྒྱས་ཏེ། འདི་ནི་ལས་འཕྲོ་དང་དབང་པོའི་མཆོག་ཏུ་གྱུར་པ་ལ་བྱེད་རྩོལ་གྱི་སྤྲོས་པ་བཅད་དེ། དེ་བཞིན་ཉིད་བསྒོམ་པས ་ལམ་ཉེ་བར་སྟོན་ནོ།། དེ་ཡང་བྱེད་རྩོལ་གྱི་སྤྲོས་པ་བཅད་པ་ནི་འདི་སྐད་དུ། ཤེས་རབ་དམ་པས་མ་ཟིན་པའི།། ལམ་གྱི་དགེ་བ་སྟེགས་བཅས་ཀྱང་།། མཐོ་རིས་ལྷ་དང་མི་རུ་སྐྱེ།། སྐྱེ་ཤི་མེད་པའི་ས་མི་ཐོབ།། ཅེས་པ་ལྟ་བུའོ།། དེ་ཡང ་སངས་རྒྱས་ཀུན་གྱི་རང་བཞིན་མཉམ།། ཐུགས་རྗེས་འགྲོ་དོན་མཛད་པར་མཉམ།། མཛད་ལུགས་མི་མཉམ། སྐུ་བོང་དང་ཚེ་ཚད་དང་། ཚུལ་དང་། རིགས་མི་མཉམ་པ་ལྟར་སྣང་ངོ་།། དེ་ཡང་རང་བཞིན་སྐྱེ་མེད་འཆང་བར ་མཛད་དོ།། ཆོས་ཀྱི་སྐུ་ལ་ཟག་བཅས་ཀྱི་ལུས་མེད་ལ། དེའི་བྱིན་གྱིས་བརླབས་ལས་ལོངས་སྤྱོད་རྫོགས་པའི་སྐུ་ལུས་ཀྱི་གྱུར་པ་འབྱུང་ངོ་།། ལུས་ཐམས་ཅད་ཀྱི་མཐའ་སྐྱེ་མེད་དུ་རྟོགས་པ་ལས་སྤྲུལ་སྐུ་སྣ་ཚོགས་པ་འགྲོ་བའི་དཔལ་དུ ་འབྱུང་བ་ནི་ཡིད་བཞིན་གྱི་ནོར་བུ་དང་འདྲ་བར་འདོད་པ་སྐོང་བས་རབ་ཅེས་བྱའོ།། ཙེ་ཏོ་ཞེས་བྱའོ།། མེ་ཏོག་ཅེས་བྱའོ།། དེ་ཡང་ལོངས་སྤྱོད་རྫོགས་པའི་སྐུ་ནི་ངེས་པ་རྣམ་པ་ལྔ་དང་ལྡན་ཏེ། རྣམ་པ་ངེས་པ་དང་། གནས་ངེས་པ་དང་། ་འཁོར་ངེས། ཆོས་ངེས། དུས་ངེས་པའོ།། སྤྲུལ་སྐུ་ནི་རྣམ་པ་མ་ངེས། གནས་མ་ངེས།། འཁོར་མ་ངེས། ཆོས་མ་ངེས། དུས་མ་ངེས་པའོ།། ། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི ་མཚན་བསྟན་པར་བྱ་སྟེ། དེ་ཡང་འཕྲིན་ལས་ཀྱི་རྒྱུ་གང་ཞེ་ན། སངས་རྒྱས་ཀུན་གྱིས་རྟོག་བྱ་བ།། སངས་རྒྱས་བྱང་ཆུབ་བླ་ན་མེད།། ཅེས་པ་ལ་སོགས་པ་སྨོས་ཏེ། ཆོས་ཀྱི་སྐུ་གཉིས་ནི་སངས་རྒྱས་ཀུན་གྱི་རང་བཞིན་རྟོགས་པར་བྱ་བའི ་ཆོས་ཆེན་པོ་ཡིན་ལོ།། དེ་རྟོགས་ནས་སངས་རྒྱས་ཀྱི་བྱང་ཆུབ་བླ་ན་མེད་པའོ།། གསང་སྔགས་ལས་བྱུང་ཡི་གོ་མེད།། གསང་སྔགས་ཆེན་པོ་རིགས་གསུམ་པ།། གསང་སྔགས་དོན་ཀུན་བསྐྱེད་པ་པོ།། ཐིག་ལེ་ཆེན་པོ་ཡི་གེ་མེད།། སྟོང ་པ་ཆེན་པོ་ཡི་གེ་ལྔ།། ཐིག་ལེ་སྟོང་པ་ཡི་གེ་བརྒྱ།། ཞེས་པ་ཐབས་དང་ཤེས་རབ་ལས་འབྱུང་བའི་ཆོས་ཀྱི་ངོ་བོ་ཉིད་བརྗོད་དུ་མེད་པས་ཡི་གེ་མེད་པའོ།། སྐུ་ཆེ་བ་ཐབས་དང་ཤེས་རབ་ལས་འབྲས་བུ་ཆེ་བ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་ལྷུན་གྱིས་གྲུབ ་པའོ། |དེས་གསང་སྔགས་ཀྱི་དོན་བསྐྱེད་རིམས་དང་། རྫོགས་རིམས་གཞན་གྱི་རྒྱུད་ལ་བསྐྱེད་པར་བྱེད་པའོ།། དོན་དམ་པར་ཐིག་ཆོས་ཉིད་མི་འགྱུར་ལ། ལེ་ཁྱབ་ཅིང་གདལ་བ་སྟེ། ངོ་བོ་ཚིག་གིས་བརྗོད་དུ་མེད་པའོ།། སྟོང་པ་ཆེན་པོ་ཆོས་ཀྱི་སྐུ ་དེ་ཉིད་ལས་དེ་བཞིན་གཤེགས་པ་ལྔའི་ས་བོན་ཡི་གེ་མ་འགག་པར་ཤར་པ་ནི། ཨོཾ་ཨ་ཧཱུ~ཾ་སྭཱ་ཧཱ། དེ་ལྔའོ།། ། ཐིག་ལེ་སྐྱེ་བ་མེད་པ་དེ་ལས་ཡི་གེ་བརྒྱ་སྟེ། དེ་ལ་བརྟེན་ནས་སྒྲུབ་ཐབས་སྣ་ཚོགས་འབྱུང་བ་སྟེ། དོན་དུ་ན ་ཆོས་ཀྱི་སྐུ་ལ་ཕྱོགས་རིས་མེད་ཅིང་འགག་པ་མེད་པའི་མཐུའོ།། འོ་ན་ཐུགས་ཀྱི་སྤྲུལ་པ་གང་ཞེ་ན། རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན།། ཡན་ལག་མེད་པའི་རྩིས་ལས་འདས།། བསམ་གཏན་ཡན་ལག་ཀུན ་ཤེས་ཤིང་།། ཏིང་འཛིན་རིགས་དང་རྒྱུད་རིག་པ། ཞེས་སྨོས་ཏེ། ཀུན་རྫོབ་ཏུ་མཚན་དང་དཔེ་བྱད་ལ་སོགས་ཏེ་སྣོད་བཅུད་ཀྱི་རྣམ་པ་ཀུན་དང་ལྗོན་ལ་དོན་དམ་པར་སྣང་བའི་ངོ་བོ་ཉིད་མེད་དོ།། དབྱངས་ཀྱི་ཡི་གེ་བཅུ་དྲུག་གི་ཕྱེད། ཡི་གེ་བརྒྱད ་ཡིན་ལ། བརྒྱད་ཀྱི་ཕྱེད་བཞི་ཡིན་ཏེ། ཨ་ཨཱ་ཨཾ་ཨཱཿཅེས་པའོ།། དེ་བཞིན་ནི་མཚོན་བྱེད་དུ་བྱུང་བ་ཡིན་ཏེ། དེ་བཞིས་ཅི་མཚོན་ན། རྣམ་པར་ཐར་པའི་སྒོ་བཞི་མཚོན་ཏེ། སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་དང་། མཚན་མ་མེད་པའི་རྣམ་པར ་ཐར་པ་དང་། སྨོན་པ་མེད་པའི་རྣམ་པར་ཐར་པ་དང་། ཐབས་མཁས་པའི་རྣམ་པར་ཐར་པའོ།། དེ་ཡང་སྟོང་པ་ཉིད་ཀྱིས་ནི་དངོས་པོ་ལས་འབྱིན་པར་བྱེད་དོ།། མཚན་མ་མེད་པས་ནི་མཚན་མ་ཕྲ་མོའི་ཞེན་པ་ལས་ཀྱང་འབྱིན་པར ་བྱེད་དོ།། སྨོན་པ་མེད་པས་ནི་འབྲས་བུ་ར་སྨོན་གྱི་མཐའ་ལ་དམིགས་པ་ལས་འབྱིན་པར་བྱེད་དོ།། ཐབས་ལ་མཁས་པས་ནི་ཐབས་དམན་ཞིང་མི་མཁས་པ་རྣམས་ལས་འབྱིན་པར་བྱེད་དོ།། དེ་བཞི་ཡང་སྤྲོས་པ་ཕྱོགས་རེ་བཅད་པའི་ཡོན་ཏན ་ཆེནས་བཞིར་བཤད་ཀྱིས། དོན་དུ་ན་ཐིག་ལེ་ཆེན་པོ་ཡི་གེ་མེད་པའོ།། ཡང་སྤྱི་བོ་བདེ་བ་ཆེན་པོའི་འཁོར་ལོ་ན་བང་ཆུབ་ཀྱི་སེམས་ཐིག་ལེ་ཆ་བཅུ་དྲུག་ཏུ་གནས་ཏེ། དེ་ལས་ཀྱི་ཕྱག་རྒྱའི་ཐབས་ཀྱི་པེ་བྲག་རྣམས་ལ་བརྟེན་ཏེ། སྤྱི་བོ་བདེ་བ ་ཆེན་པོའི་འཁོར་ལོའི་ཐིག་ལེ་བཅུ་དྲུག་པོ་བཞུ་བའི་ཕྱེད་བརྒྱད་སྙིང་ཁ་ཆོས་ཀྱི་འཁོར་ལོར་ཕབ། དེ་བཞུ་བའི་ཕྱེད་ལྕི་བ་སྤྲུལ་པའི་འཁོར་ལྷོར་ཕབ། དེའི་ཕྱེད་གསང་བ་བདེ་སྐྱོང་གི་འཁོར་ལོར་ཕབ་སྟེ། གཉིས་ཤོར་གཉིས་མཉམ་གྱི ་དུས་སུ་ངོས་གཟུང་ངོ་།། དེ་ཡང་དང་ཡང་དུ་གོམས་པོར་བྱས་པས་མཐར་དེའི་ཞེན་པ་ཙམ་དང་ཡང་བྲལ་ཏེ། ཐིག་པོ་ཆེན་པོཡི་གེ་མེད་པ་རྟོགས་པར་འགྱུར་རོ།། དེ་ཡང་འདི་སྐད་དུ། ཟབ་མོ་རྣམ་པར་ཐར་པ་བཞིས།། རྣོན་པོའི་དོན་དུ་བཤད ་བཻ་ཡིན། འཁོར་ལོ་བཞིན་དུ་སྐོར་བྱེད་པ།། རྟུལ་པོའི་དོན་དུ་ཤེས་པར་བྱ།། ཞེས་འབྱུང་ངོ་།། དེ་ལྟར་བསྒོམས་པས་རྣམ་རྟོག་གི་ཡན་ལག་མེད་པ། བརྗོད་པའི་རྩིས་ལས་འདས་པའོ།། ཏིང་ངེ་འཛིན་བཟང་བ་ནི་བསམ་གཏན་བཞི་ལ་སྨན། ་ཏིངེ་འཛིན་ལྟ་བུའོ།། ཉིད་ཀྱང་དེ་ལྡན་ཞིང་གཞན་གྱིས་བསམ་གཏན་གྱི་ཡན་ལག་རྣམས་ཀྱང་ཤེས་ཏེ། དེ་ཡང་འདོད་པའི་ཁམས་ན་ལྷག་མཐོང་ཤས་ཆེ་བའི་བསམ་གཏན་ཀྱང་ཤེས་པའོ།། གཟུགས་མེད་པའི་ཁམས་ན་ཞི་གནས་ཤས་ཆེའི ་བསམ་གཏན་ཀྱང་ཤེས་པའོ།། གཟུགས་ཀྱི་ཁམས་ན་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་པའི་བསམ་གཏན་ཀྱང་ཤེས་ཏེ། དེ་ལ་བསམ་གཏན་བཞི་ལ་ཡན་ལག་བཅོ་བརྒྱད་དེ། བསམ་གཏན་དང་པོ་ལ་ཡན་ལག་ལྔ་སྟེ། རྟོག་པ་དང་། དཔྱོད ་པ་དང་། དགའ་བ་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ།། བསམ་གཏན་གཉིས་པ་ལ་ཡང་ཡན་ལག་བཞི་སྟེ། དགའ་བ་དང་། བདེ་བ་དང་། ནང་རབ་ཏུ་དང་བ་དང་། སེམས་རྩ་གཅིག་པ་ཉིད་དོ།། བསམ་གཏན་གསུམ་པ་ལ་ཡང ་ཡན་ལག་ལྔ་སྟེ། བཏང་སྙོམས་དང་། དྲན་པ་དང་། ཤེས་བཞིན་དང་། བདེ་བ་དང་། སེམས་རྩེ་གཅིག་པ་ཉིད་དོ།། བསམ་གཏན་བཞི་པ་ལ་ཡན་ལག་བཞི་སྟེ། བཏང་སྙོམས་ཡོངས་སུ་དག་པ་དང་། དྲན་པ་ཡོངས་སུ་དག་པ་དང་། བདེ་བ ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་ཡོངས་སུ་དག་པ་དང་། སེམས་རྩེ་གཅིག་པ་ཉིད་དོ།། དེ་རྣམས་རྗེ་བཙུན་ཉིད་ཀྱིས་ཤེས་པའོ།། གཞན་དཔའ་བར་འགྲོ་བའི་ཏིང་འཛིན་དང་། རིན་ཆེན་ཕྱག་རྒྱའི་ཏིང་འཛིན་དང་། ་སེང་གེ་རྣམ་པར་བི་སྒྱིངས་པའི་ཏིང་ངེ་འཛིན་དང་། ཟླ་བའི་རྒྱལ་མཚན་དཔལ་ཞེས་བྱ་བའི་ཏིངངེ་འཛིན་ལ་སོགས་པ་ཏིང་འཛིན་བརྒྱ་རྩ་གཅིག་ཀྱང་མཁྱེན་ཅིང་། གང་ཟག་གིས་བསམ་པ་དང་བག་ལ་ཉལ་དང་སྐྱེ་གནས་ཀྱི་རྒྱུད་ཀྱིས་བསྡུས ་པ་རྣམས་ཀྱང་རིག་ཅིང་མཁྱེན་ནོ།། འོ་ན་ལོངས་སྐུའི་མཚོན་པ་ཅི་ཞེ་ན། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག། ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ།། ཞེས་སྨོས་ཏེ། ཏིང་འཛིན་གྱི་ལུས་ཅན་ནི་ཆོས་ཀྱི་སྐུ་སྟེ། སྐུ་དེ ་གཉིས་ཀྱི་རྟེན་བྱེད་ཅིང་མཆོག་ཏུ་གྱུར་པ་དེ་ནི་གཞིའོ།། དེ་ལས་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པ་སྐུ་རྣམ་པར་སྣང་མཛད་དུ་སྣང་སྟེ། དེ་ཡང་ངེས་པ་ལྔ་དང་ལྡན་ཞིང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྟ་བུར་བཞུགས་པ་སྟེ། ་དེ་ཡང་ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར།། ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་འདོད། ཅེས་པ་ལྟ་བུའོ།། དེ་ཡང་སྐུའི་མཛད་སྤྱོད་རྣམ་པར་དག་པའི་སྒོ་ནས་འཁོར་ས་བཅུའི་བྱང་ཆུབ་སེམ་ས་དཔའི་གཙོ་བོར་གྱུར་པ་རྣམས་ལ་ཆོས ་ཀྱི་འཁོར་ལོ་བསྐོར་བར་མཛད་དོ།། དེ་ལ་སྤྲུལ་པའི་སྐུའི་མཛད་སྤྱོད་ཅི་ཞེ་ན། སྤྲུལ་པའི་སྐུ་སྟེ་སྐུའི་མཆོག། སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ།། ཕྱོགས་བཻ་ཙུ་རཾ་སྤྲུལ་པ་སྣ་ཚོགས་འགྱེད།། ཇི་བཞིན་འགྲོ་བའི་དོན་བྱེད ་པབཞེས་སྨོས་ཏེ། དེ་ཡང་རྒྱལ་བ་སྤྲུལ་པའི་སྐུ་ནི། འཁོར་རིགས་དྲུག་གྲི་སེམས་ཅན་དང་། ཉན་ཐོས་དང་། རང་རྒྱལ་བ་རྣམས་ནཱི་ལ་གསུཾ་ང་གི་མཛད་སྤྱོད་རྣམ་པར་ད་ག་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད ་དེསྤྲུལ་སྐུ་མ་དག་པ་ལས་མཆོག་ཏུ་གྱུར་པ་སངས་རྒྱས་རྣམ་པར་གཟིགས། གཙུག་ཏོར་ཅན་ལ་སོགས་པ་སངས་རྒྱས་སྟོང་རྩ་གཉིས་ཀྱི་རྒྱུད་དུ་སྤྲུལ་པའོ།། སྤྲུལ་ནས་གང་དུ་འགྱེད་ན་ཕྱོགས་བཅུར་འགྱེད་དེ། བཀྱེ་ནས་ཅི་བྱེད ་ན་ཇི་ལྟར་འཚམ་པ་ལྟར་འགྲོ་བའི་དོན་བྱེད་པའོ།། འོ་ན་མ་དག་པའི་སྤྲུལ་སྐྲ་གང་ཞེ་ན། ལྷ་ཡི་དབང་པོ་ལྷ་ཡི་ལྷ།། ལྷ་ཡི་བདག་པོ་ལྷ་མིན་བདག། འཆི་མེད་དབང་པོ་ལྷ་ཡི་བླ།། འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ་ཞེས་སྨོས་ཏེ། ལྷའི ་དབང་པོ་སྟེ་ཁྱབ་འཇུག་གིས་འདུལ་བ་ལ་ཁྱབ་འཇུག་དུ་སྤྲུལ་ལ།། ལྷ་ཡི་ལྷ་ནི་ཚངས་པའོ།། ལྷའི་བདག་པོ་ནི་བརྒྱ་བྱིན་ནོ།། ལྷ་མིན་བདག་ནི་ཐགས་བཟངས་རིས་སོ།། འཆི་མེད་དབང་པོ་ནི་འཐབ་བྲལ་ལ་སོགས་པའི་ལྷའི ་རྒྱལ་པོ་རྣམས་སོ།། ལྷའི་བླ་ནི་གཞན་འཕྲུལ་དབང་བྱེད་ལ་སོགས་པའི་ལྷའི་རྒྱལ་པོའོ།། འཇོམས་བྱེད་ནི་དྲག་པོ་འཇིགས་བྱེད་དོ།། འཇོམས་བྱེད་དབང་ཕྱུག་ནི་མ་ཧཱ་དེ་བའོ།། དེ་རྣམས་ཀྱིས་འདུལ་བ་ལ་དེ་རྣམས་སུ་སྤྲུལ་ནས ་དོན་མཛད་དོ།། ཆོས་ཀྱི་སྦྱིན་པའི་ཚུལ་ནི།། སྲིད་པའི་དགོན་པ་ལས་རྒལ་བ། སྟོན་པ་གཅིག་པུ་འགྲོ་བིའོ་བླ།། འཇིག་རྟེན་ཕྱོགསོ་བཅུར་རབ་གྲགས་པ།། ཆོས་ཀྱི་སྤྲིན་བདག་ཆེ་བ་པོ།། བྱམས་པའི་གོ་ཆས་ཆས་པ་སྟེ།། སྙི་ང་ཎཱ ་ཡི་ནི་ཡ་ལང་དགོས།། ཤེས་རབ་རལ་གྲི་མདའ་གཞུ་ཐོགས།། ཉོན་མོངས་མི་ཤེས་གཡུལ་ངོ་སལ།། དཔའ་བོ་བདུད་དགྲ་བདུད་འདུལ་བ།། བདུད་བཞིའི་འཇིགས་པ་སེལ་བར་བྱེད།། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། ཞེས་སྨོས ་ཏེསྲིད་པ་ནི་ངེས་པའི་འབྱུང་གནས་ཡིན་ཏེ། དགོན་པ་ནི་དེ་ལས་དབེན་པའོ།། དེ་ལས་རྒལ་ཏེ་དོན་གཉིས་མེད་རྟོགས་པས་སྟོན་པ་གཅིག་པུའོ།། ཡང་ན་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བས་སོ།། འགྲོ་བ་ཐམས་ཅད ་ཀྱི་སྟོན་པར་གྱུར་པས་ན་བླ་མའོ།། དེ་ཡིས་འཇིག་རྟེན་ཕྱོགས་བཅུར་གྲགས་ཏེ། རྒྱུ་ཅིས་གྲགས་ན་ཆོས་ཀྱི་སྦྱིན་པས་གྲགས་སོ།། དེ་ཡང་རློམ་པ་ལྟ་བུ་མ་ཡིན་ཏེ། བྱམས་པའི་གོ་ཆ་གོན་ཞིང་། རྗེའི་ཁྲབ་སྨོན ་པའོདད་དེའི་མཚོན་ཆ་ནི་ཉོན་མོངས་པ་གཅོད་པའི་ཤེས་རབ་ཀྱི་རལ་གྲི་དང་། ཐབས་ཤེས་རབ་ཀྱི་མངའ་གཞུས་ཉོན་མོངས་པ་དང་མ་རིག་པའི་གཡུལ་པོ་སེལ་ལོ།། གང་ལས་དཔའ་ན་བདུད་འདུལ་བས་དཔའོ།། གཞན་བདུད་བཞིའི་འཇིག ་པ་ལས་ཀྱང་སྐྱོབ་ཅིང་སེལ་བར་བྱེད་དོ།། ཕྱོགས་གཅིག་སེལ་བ་ཙམ་མ་ཡིན་ཏེ། བདུད་ཀྱི་དཔུང་སྡེ་དང་བཅས་པ་ཕམ་པར་བྱེད་པ་སྟེ། དེ་ཡང་སེམས་སྐྱེ་བ་མེད་པ་རྟོགས་པས་ཉོན་མོངས་པའི་བདུད་བཅོམ། སེམས་ཉིད་ལ་རྒས ་རྒུཆུད་མེད་པས་ཕུང་པོའི་བདུད་བཅོམ། སེམས་ཉིད་ལ་སྐྱེ་ཤི་མེད་པས་འཆི་བདག་གི་བདུད་བཅོམ། སེམས་ཉིད་རྟོགས་པས་ཐོ་ཙོམ་དང་བྲལ་ཏེ་ལྷའི་བུའི་བདུད་བཅོམ། དེ་ཡང་འདི་སྐད་དུ་གལ་ཏེ་བདུད་ཀྱི་ཚོགས་ནི་བྱེ་བ་དྲག། སངས ་རྒྱས་སྐུ་བསྒྱུར་བར་ཆད་སྨྲ་བྱས་ཀྱང་། ཆོས་ལ་མཁས་པས་ཆོས་ཉིད་རབ་ཐོབ་སྟེ།། དེ་དག་བྱང་ཆུབ་ལས་ནི་ཟློག་མི་ནུས། ཞེས་པ་ལྟ་བུའོ།། དེ་ལྟ་བུ་དེ་མཆོད་པའི་འོས་སུ་བསྟན་པའི་ཕྱིར།། རྫོགས་པའི་སངས་རྒྱས་འཇིག་རྟེན ་འདྲེན།། མེ་ཆོད་འོས་བསྟེ་དོ་འོས་ཕྱག་གི་གནས།། རྟག་ཏུ་རི་མོར་བྱ་བའི་འོས།། བཀུར་འོས་བརྗོད་པས་བྱ་བའི་མཆོག། ཕྱག་བྱར་འོས་པ་བླ་མའི་རབ་ཅེས་སྨོས་ཏེ། སངས་རྒྱས་ཀྱི་བདག་ཉིད་རྗེ་བཙུན་གྱིས་འཇིག་རྟེན་པ་རྣམ་པར་ཐ ་པར་གནས་སུ་འདྲེན་པས། མཆོད་པ་དང་། བསྟོད་པ་དང་། ཕྱག་བྱ་བ་དང་། སྐུ་གཟུགས་བྲིས་ལ་མཆོད་པ་དང་། རྒྱན་གདགས་པ་དང་། ཕུད་ཏུ་བཀུར་བ་དང་། ཡོན་ཏན་བསྒྲགས་པ་དང་། ལུས་ངག་ཡིད་གསུམ་གུས་པས་ཏེ་ར་འོས་ཏེ། ་བླ་མའི་རབ་ཏུ་གྱུར་པའི་ཕྱིར་རོ།། དེའི་མཁྱེན་པའི་བྱེ་བྲག་ཅི་ཞེ་ན། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད།། མཁའ་ལྟར་མཐའ་མེད་རྣམ་པར་གནོན།། གསུམ་རིག་གཙང་མ་དག་པ་སྟེ།། མངོན་ཤེས་དྲུག་ལྡན་རྗེས ་ཏེ་འཇིག་རྟེན་གསུམ་པོ་དེ་ཤེས་རབ་ཀྱིས་གོམ་པོ་གཅིག་གིས་བར་དུ་བགྲོད་ལ། རྟགས་རྫུ་འཕྲུལ་གྱི་གོམ་པས་བགྲོད་ངོ་དོ།། ནམ་མཁའ་ལྟར་ཆོས་ཀྱི་སྐུ་མཐའ་མེད་པར་རྟོགས་པས་ཉོན་མོངས་པ་གནོན་པར་བྱེད་དོ།། དེ ་གསུམ་རིགས་ལ། ནང་དུ་སྐུ་གསུང་ཐུགས་རིགས་སྟེ། བདག་གཞན་གྱི་དྲི་མ་དང་བྲལ་བས་གཅིང་མ་དག་པའོ།། གཞན་ཡང་མངོན་པར་ཤེས་པ་དྲུག་སྟེ། ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པ ་ཕ་རོལ་གྱི་སེམས་ཤེས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པ་དང་། ཟག་པ་ཟད་པའི་མངོན་པར་ཤེས་པའོ།། རྗེས་སུ་དྲན་པ་དྲུག་ནི། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དཀ ་དུན་རྗེས་པ་དང་། དམ་ཚིག་རྗེས་སུ་དྲན་པ་དང་། ཐུགས་རྗེ་རྗེས་སུ་དྲན་པ་དང་། མཛད་པ་རྗེས་སུ་དྲན་པ་དང་དྲུག་གོ།། ཤེས་རབ་དམ་པ་ཇི་ལྟ་བུ་ཞེ་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་རྫ་འཕྲལ་ཆེན ་ཤེས་རབ་ཕ་རོལ་ཏུ་ཕྱིན་པའི་མཐའ།། ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། ཅེས་སྨོས་ཏེ། ང་ནུབ་སོ་ཞིར་རོ།། སོདེ་ཆེན་པོ་ནི་གཞན་དོ་ནོ།། དེ་ཡང་བྱང་ཆུབ་ནི་ནམ་མཁའ་ལྟ་བུའི་ཆོས་ཀྱི་སྐུ་ལ།། སེམས་དཔའ་དེ་ནི་དེ་རྟོགས་པར་འདོད་པའི་འདུན ་པ་ཡོད་པ་དང་། གཞན་གྱི་དོན་ལ་དཔའ་བོའོ།། དེ་ཡང་འདི་སྐད་དུ། བྱང་ཆུབ་ན་མཁའི་མཚན་ཉིད་དེ།། ཀུན་ཏུ་རྟོག་པ་ཐམས་ཅད་སྤངས།། གང་ཞིག་དོ་རྟོགས་འདོད་པ་དེ།། བྱང་ཆུབ་སེམས་དཔའ་ཞེས་བྱའོ།། ཞེས་པ་ལྟ་བུའོ།། དེ་རྫུ་འཕྲུལ ་པོ་བརྙེས་ཏེ་འཇིག་རྟེན་ལས་འདས་པའོ།། ཕ་རོལ་ཏུ་ཕྱིན་པའི་མཐོར་ཐུག་པ་དེ་ཁོ་ན་ཉིད་ནི། ཤེས་རབ་ཀྱིས་ཐོབ་པར་བྱེད་དོ།། དེ་ཉིད་དཔེ་ལས་འདས་པར་བསྟན་པའི་ཕྱིར། བདག་རིག་གཞན་རིག་ཐོཐམས་ཅད་པ།། ཀུན་ལ་ཕན་པའི་གང ་ཟག་མཆོག། དཔེར་བྱ་ཀུན་ལས་འདས་པ་སྟེ།། ཤེས་དང་ཤེས་བྱའི་བདག་པོ་མཆོག། ཅེས་སྨོས་ཏེ། ཇི་ལྟ་བ་བདག་གི་དོན་དང་། ཇི་སྙེད་པ་གཞན་གྱི་དོན་ཐམས་ཅད་རིག་པའི་སྒོ་ནས་ཀུན་ལ་ཕན་པར་བྱེད་པ་སྟེ། གང་ཟག་ལྟར་སྤྲུལ་ཀྱང་དངོས ་མ་ཡིན་པས་མཆོག་གོ། ཅུང་ཟད་དུ་ཡང་མཉམ་པ་མེད་པས་ནི་དཔེ་ལས་འདས་པའོ།། ཤེས་པར་བྱེད་པ་དང་ཤེས་པར་བྱ་བའི་དོན་གཉིས་ཀའི་བདག་པོའི་མཆོག་ཏུ་གྱུར་པའོ།། གང་གིས་སྒོ་ནས་ཤེས་པར་བྱེད་ཅེ་ན།། གཙོ་བོ་ཆོས ་ཀྱི་སྦྱིན་བདག་སྟེ།། ཕྱག་རྒྱ་བཞི་པོ་དོན་སྟོན་པ།། འགྲོ་བའི་བསྙེན་བཀུར་གནས་ཀྱི་མཆོག། ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི།། དོན་གྱི་དམ་པ་རྣམ་དག་དཔལ།། འཇིག་རྟེན་གསུམ་ན་སྐལ་བཟང་ཆེ།། ཞེས་སྨོས་ཏེ། རྗེ་བཙུན་ཉིད་སངས ་རྒྱས་ཐམས་ཅད་ཀྱི་གཙོ་བོར་གྱུར་པས་ཀྱང་ཆོས་ཀྱི་སྦྱིན་པ་ནི་སྦྱིན་པ་རྣམས་ཀྱི་གཙོ་བོར་གྱུར་པའོ།། དེའི་བདག་པོ་ནི་རྗེ་བཙུན་ནོ།། དེ་ཕྱག་རྒྱ་བཞིའི་ཆོས་སྟོན་ཏེ། དེ་ལ་ཡང་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ལ། ཐེག་པ་ཆུང་ངུའི་བཀའ་རྟགས ་ཀྱི་ཕྱག་རྒྱ་བཞི་ནི། མི་རྟག་པ་དང་། སྡུག་བསྔལ་བ་དོང་།། སྟོང་པ་དང་། བདག་མེད་པའོ།། དེ་ཡང་། མི་རྟག་སྡུག་བསྔལ་སྟོང་དང་བདག་མེད་པ།། དེ་ནི་རྫོགས་སངས་རྒྱས་ཀྱིས་གསུངས་པའི་ཆོས།། ཞེས་འབྱུང་ངོ་།། འདི་ཉིད་ལས་ཀྱང་། བདེན ་བཞིའི་ཚུལ་གྱི་རྣམ་པ་ཅན།། ཞེས་འབྱུང་ངོ་།། ཐེག་པ་ཆེན་པོའི་དབང་དུ་བྱས་ནས། བཀའ་ལ་སྣང་། དོན་དང་མཐུན། རིགས་པས་འཐད། གཏན་ཚིགས་ཀྱིས་རྒྱས་པའོ།། དེ་ཡང་བཀའ་དོན་རིགས་པ་གཏན་ཚིགས་དང་།། སྣང་དང་མི ་འགལ་རྒྱས་འཐུད་ཡིན།། ཞེས་པ་ལྟ་བུའོ།། དེ་ལ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བཞི་ནི། སྐུ་ཕྱག་རྒྱ་ཆེན་པོ། གསུང་ཆོས་ཀྱི་ཕྱག་རྒྱ། ཐུགས་དམ་ཚིག་གི་ཕྱག་རྒྱ། འཕྲོ་འདུ་ལས་ཀྱི་ཕྱག་རྒྱའོ།། གདུལ་བྱ་ལམ་གྱི་ཕྱག་རྒྱ་བཞི་ནི་ལས་ཀྱི ་ཕྱག་རྒྱ་དང་། ཆོས་ཀྱི་ཕག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱའོ།། དེ་ལྟར་སྟོན་པ་ནི་འགྲོ་བ་རྣམས་ཀྱི་བསྙེན་བཀུར་བའི་ཆོས་ཀྱི་མཆོག་གོ།། དུས་འབྱུང་གསུམ་ནི་ཐེག་པ་གསུམ་མོ།། དེ་བགྲོད་པའི་འབྲས་བུ་ནི། དོན ་དམ་པ་སྒྲིབ་པ་གཉིས་དག་པས་བདག་དང་གཞན་གྱི་དཔལ་དུ་འགྱུར་ཏེ། འཇིག་རྟེན་གསུམ་ན་སྐལ་བ་མཆོག་ཏུ་གྱུར་པའོ།། དེ་ལྟ་བུའི་སྟོན་པ་དེ་གང་ཡིན་ཞེ་ན། ཚོགས་གཉིས་རྫོགས་ཤིང་བདག་དང་གཞན་གྱི་དཔལ་དུ་གྱུར་པ་འབྱོར་པ ་ཕུན་སུམ་ཚོགས་པ་སྟེར་བར་བྱེད་པ་རྗེ་བཙུན་ཉིད་ཡིན་པས། དཔལ་ལྡན་འབྱོར་པ་ཀུན་བྱེད་པ།། འཇམ་དཔལ་དཔལ་དང་ལྡན་པའི་མཆོག། ཅེས་གསུངས་པ་ཡིན་ནོ།། ད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ ་ལྔལ་བསྟོད་པའི་ལེའུ་བསྟན་པའི་ཕྱིར།། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད།། ཡང་དག་མཐར་གྱུར་ཁྱོད་ལ་འདུད།། སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད།། ཅེས་པ་ལ་སོགས་པ་སྨོས་ཏེ། དེ་ཡང ་འདིས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་སྟེ། མཆོག་ཏུ་གྱུར་པའི་ཆོས་ཀྱི་དབྱིངས་གཞན་ལ་སྦྱིན་པར་བྱེད་པ་ནི་སྐུ་གསུང་ཐུགས་རྡོ་རྗེ་ལྟར་དབྱེར་མི་ཕྱེད་པའི་མཆོག་རྗེ་བཙུན་འཇམ་དཔལ་ཁྱོད་ཡིན་པས་ཁྱོད་ལ་འདུད ་ཅིང་ཕྱག་འཚལ་ཞེས་པའོ།། ཁྱོད་ཅེས་པ་ནི་བོད་པའི་སྒྲ་ཀུན་ལ་སྦྱར་རོ།། ཡང་དག་པའི་མཐོར་གྱུར་པ་ནི་སྐྱེ་བ་མེད་པོ་ཁྱོད་ལ་འདུད་པའོ།། སྟོང་པ་ཉིད་ཀྱིས་དོན་རྟོགས་པ་ལས་བྱུང་བ་ཁྱེད་ལ་འདུད་དོ།། སངས་རྒྱས་རྣམས་ཀྱི་བྱང ་ཆུབ་ངོམ་པ་ཡིན་པས་ཁྱོད་ལ་གུས་པས་འདུད། ཅེས་པའོ།། མོ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་ཆགས་པ་ཁྱོད་ལ་འདུད།། སངས་རྒྱས་འདོད་ལ་ཕྱག་འཚལ་བདུད།། སངས་རྒྱས་དགྱེས་པ ་ཁྱེད་ལ་འདུད།། སངས་རྒྱས་རོལ་ལོ་ཕྱག་འཚལ་འདུད། ཅེས་སྨོས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་མེ་ལོང་ལྟ་བུས་ཆོས་ཀྱི་དབྱིངས་ལ་གནས་ཤིང་ཆགས་པ་ཁྱོད། ས་ངས་རྒྱས་རྣམས་ཐུགས་རྗེས་འགྲོ་བ་འདྲེན་པར་འདོད་པ་ཁྱོད་ལ་བདུང་ངོ་།། ་སངས་རྒྱས་ཀྱི་སེམས་མེ་ལོང་ལྟ་བུས་ཆོས་ཀྱི་དབྱིངས་རྟོགས་པས་དགྱེས་པར་ཁྱོད་ལ་འདུད་དོ།། སངས་རྒྱས་ཀྱི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ལ་རོལ་པས་ཁྱོད་ལ་ཕྱག་འཚལ་ཞིང་འདུད་དོ།། ད་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི ་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད།། སངས་རྒྱས་བཞེད་ལ་ཕྱག་འཚལ་འདུད།། སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད།། སངས་རྒྱས་ཐུ་གྲོ་ལ་ཕྱག་འཚལ་འདུད། ཅེས་སྨོས་ཏེ། སངས་རྒྱས་ཀྱི་དེ་ཁོ ་ན་ཉིད་ཁོང་དུ་ཆུད་པས་མཉེས་ནས་ཞལ་འཛུམ་པ་མཛད་པོས་ཁྱོད་ལ་འདུད་དོ།། སངས་རྒྱས་འགྲོ་བའི་དོན་མཛད་པ་ལ་དགྱེས་ནས་བཞད་པ་ནི་ཆོས་གསུང་བའི་སྔ་ལྟས་སྟོན་པོ་ཁྱོད་ལ་ཕྱག་འཚལ་ཞིང་འདུད་དོ།། སངས་རྒྱས་གསུང ་གི་སྒོ་ནས་གདུལ་བྱ་ལ་སྣ་ཚོགས་སུ་ཆོས་སྟོན་པས་ཁྱོད་ལ་འདུད་དོ།། སངས་རྒྱས་འགྲོ་བའི་ཆོས་མཛད་ཀྱང་ཐུགས་མཉམ་པ་ཉིད་ལས་མ་གཡོས་པས་ཁྱོད་ལ་ཕྱག་འཚལ་ཞིང་འདུད་ཅེས་པའོ།། ད་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས ་བསྟོད་པ་བསྟན་པའི་ཕྱིར། མེད་པ་ལས་བྱུང་ཁྱོད་ལ་འདུད།། སངས་རྒྱས་འབྱུང་བ་ཁྱོད་ལ་འདུད།། ནམ་མཁའ་ལས་བྱུང་ཁྱོད་ལ་འདུད།། ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། ཅེས་སྨོས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པར་རྟོགས་པ་ལས ་འབྱུང་བ་ཁྱོད་ལ་འདུད་དོ།། སངས་རྒྱས་འགྲོ་བའི་དོན་ལ་འཇིག་རྟེན་དུ་འབྱུང་བས་ཁྱོད་ལ་འདུད་དོ།། ཆོས་ཉིད་ན་མཁའ་ལྟ་བུ་རྟོགས་པ་ལས་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བས་ཁྱོད་ལ་འདུད་དོ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ལས་འཐུང ་བའི་འཇམ་དཔལ་ཁྱོད་ལ་འདུད་དོ།། ད་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་བསྟན་པའི་ཕྱིར། སྒྱུ་འཕྲུལ་དྲ་བ་ཁྱོད་ལ་འདུད།། སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད།། ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད།། ཡེ་ཤེས ་སྐུ་ཉིད་ཁྱོད་ལ་འདུད། ཅེས་སྨོས་ཏེ། སྒྱུ་མ་ལྟ་བུའི་སྤྲུལ་པ་ཐམས་ཅད་ཐབས་དང་ཤེས་རབ་དྲ་བ་ལྟ་བུར་འབྲེལ་པས་མེད་པ་སྤྲུལ་ཞིང་ཡོད་པ་བསྒྱུར་བ་ཁྱོད་ལ་འདུད་དོ།། འགྲོ་བའི་དོན་དུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་པ་སྣ ་ཚིཚོཚིགགས་སྟོན་པ་ཁྱོད་ལ་འདུད་དོ།། ཡོན་ཏན་ཐམས་ཅི་དེ་དང་ལྡན་ཞིང་ཡོན་ཏན་ཐམས་ཅད་ཀྱི་གཞན་དོན་གྲུབ་པར་བྱེད་པ་ཁྱོད་ལ་འདུད་དོ།། ཡེ་ཤེས་དྲུག་རོ་གཅིག་པ་ལས་གྲུབ་པའི་སྐུ་ཉིད་འཇམ་དཔལ་ཁྱོད་ཡིན་པས་ཕྱག་འཚལ ་འདུད་དོ་ཞེས་བསྟོད་པའོ།། ད་ནི་འབད་པ་དོན་ཡོད་པར་བྱ་བའི་ཕྱིར། ཉམས་སུ་བླངས་པའི་ཕན་ཡོན་བསྟན་པ་ནི། ལག་ནི་རྡོ་རྗེ་རྡོ་རྗེ་འཆང་།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ནི་བཅོམ་ལྡན་འདས་ཀྱིས་དབང་བསྐུར་པོའི་མིང་ངོ་།། ལུས ་དང་། ངགྲ་དང་། ཡིད་ཀྱིས་གསང་བ་ཞེས་པ་ནི། དེ་སྣང་སྟོང་དང་། གྲགས་སྟོང་དང་། རིག་སྟོང་དུ་རྟོགས་དཀའ་བས་གསང་བའོ།། ལྷག་མ་ནི་གོ་སླའོ།། ཆོས་ཐམས་ཅད་ཀྱི་ལུང་ངོ་ཞེས་པ་ནི། མཚན་ཡང་དག་པའི་དེ་ཁྱབ་ཆེ་བས་ན ་ལུང་ངོ་།། མི་སླུ་བས་ན་ལུང་། བཟུང་བླ་བས་ན་ལུང་ངོ་།། ཚངས་པའི་གནས་བཞི་ནི་ཚད་མེད་པ་བཞིའོ།། རྫབ་ཐམས་ཅད་ལས་ཐར་པ་ནི། ཉོན་མོངས་པ་དང་བཅས་པའི་ཕུང་པོ་དང་བྲལ་བའོ།། མི་ཁོམ་པ་བརྒྱད་པོ་ནི། སེམས་ཅན་དམྱལ ་བར་སྐྱེ་བ་དང་། ཡི་དྭགས་དང་། བྱོལ་སོང་དང་། དབང་པོ་མ་ཚང་བ་དང་། ལྟ་བ་ལོག་པ་འཛིན་པ་དང་། ཡུལ་མཐའ་འཁོབ་དུ་སྐྱེ་བ་དང་། སངས་རྒྱས་མི་བཞུགས་པའི་ཞིང་དུ་སྐྱེས་པ་དང་། འདུ་ཤེས་མེད་པའི་སྲིད་པར་སྐྱེས་པའོ།། འཇིགས་པ ་ཆེན་པོ་བརྒྱད་ནི། སེང་གྲེ་དང་། སྟག་དང་། གླང་པོ་ཆེ་སྨོན་པ་དང་། སྦྲུལ་དང་། རྒྱལ་པོའི་ཆད་པ་དང་། མེ་དང་། ཆུ་དང་། ཤ་ཟའི་འཇིགས་པ་དང་བརྒྱད་དོ།། དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་བྱ་སྟེ། ་དེ་ཡང་ཕ་རོལ་ཏུ་ཕྱིན་པའི་གཞུང་གིས། སྐུ་ཡང་བ་ད་ང་། ཕྲ་བ་དང་།། གཞན་གྱིས་མཆོད་པ་དང་། བདག་པོར་གྱུར་པ་དང་། ལོངས་སྤྱོད་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་སྤྱོད་པ་དང་བརྒྱད་དེ། ་གསང་སྔགས་ཀྱི་གཞུང་གིས་སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཐམས་ཅད་དུ་སོང་བའི་དབང་ཕྱུག་དང་། འདོད་སྤྱོད་ཀྱི་དབང་ཕྱུག་དང་། ཅི་འདོད་སྦྱིན་པའི་དབང ་ཕྱུག་དང་། གནས་ཀྱི་དབང་ཕྱུག་དང་བརྒྱད་དོ།། དེ་ཡང་འདི་སྐད་དུ་ཡང་ཞིང་ཕྱེ་བ་མཆོད་པའི་འོས། བདག་གྱུར་ལོངས་སྤྱོད་གར་ཡང་ཕྱིན།། འདོད་གུར་ལྡན་ཞིང་དགའ་མགུར་སྤྱོད།། དེ་དག་རྒྱལྔ་པོའི་དབང་ཕྱུག་བརྒྱད།། ཅེས་པ ་འབྱུང་ངོ་།། སྐུ་གསུང་ཐུགས་དང་རྫུ་འཕྲུལ་ཆེ།། ཀུན་སོང་འདོད་སྤྱོད་གཞན་ལ་སྤྱོ་ནི།། གནས་ཀྱི་དབང་ཕྱུག་རྣམ་པ་བརྒྱད། འདི་དག་རྡོ་རྗེ་འཚང་གི་ཆོས། ཞེས་འབྱུང་ངོ་།། སྤྱན་ལྔ་ནི་གོང་དུ་བཤད་ཟིན་ནོ།། གྲོང་ནི་ཁང་ཁྱིམ་གཅིག་ཡོད ་པའོ།། གྲོང་ཁྱེར་ནི་ཁྱིམ་མང་པོ་ཚན་གཅིག་ཏུ་སྤུངས་པའོ།། གྲོང་བརྡལ་ལམ་ནི་གྲོང་ཆོམ་བུ་མང་པོ་ཡོད་པའོ།། ལྗོངས་ནི་ཡུལ་ལུང་བ་གཅིག་གི་བསྡུས་པའོ།། ཡུལ་འཁོར་ནི་ཡུལ་གྲུ་མང་པོ་ཞིག་ཕྱོགས་གཅིག་ཏུ་བྱས ་པའོད་དུམ་མ་བདུན་པོ་ནི་ཁྱོ་མེད་མོ་བཞི། ཁྱོ་ཅན་མ་གསུམ་སྟེ་བདུན་ལྔས་ཚངས་པ་མོ་དྲང་། ཁྱབ་འཇུག་མོ་དང་། དབང་མོ་དང་། གཞོན་ནུ་མཱ་དང་། བཞི་ཁྱོ་མེད་མེའོ།། དྲག་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་གསུམ་མ་ཧཱ་དཾ་བའི ་ཆུང་མའོ།། སྙིག་ས་མཱ་ལྔ་ནི།། ལྟ་བའི་སྙིགས་མ་དང་། ཉོན་མོངས་པའི་སྙིགས་མ་དང་། ཚེའི་སྙིགས་མ་དང་། ཟས་ཀྱི་སྙིགས་མ་དང་། དུས་ཀྱི་སྙིགས་མཱ་དང་། ལྷག་མ་རྣམས་ནི་གོ་སླ་བས་མ་བཤད་དོ།། ད་ནི་ཤིན་ཏུ་བསྡུས་པ་ལས་མཚན ་ཐམས་ཅད་བསྡུས་པའི་སྔགས་བསྟན་པའི་ཕྱིར། ཨོཾ་སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཨོཾ་ནི་བཀྲ་ཤིས་པའི་ཚིག་ཀྱང་ཡིན། ཡེ་ཤེས་ལྔ་ཡང་ཡིན། ཕྱག་འཚལ་ཞིང་བྱིན་གྱིས་རློབ་པར་བྱེད་པ་ཡང་ཡིན་ནོ།། སརྦ་ནི་ཐམས་ཅད ་དྷརྨྨ་ནི་ཆོས་ཨཾ་བྷཱ་བ་ནི་དངོས་པོ་མེད་པ། སྲྀ་བྷཱ་བ་ནི་རང་བཞིན། བཽ་ཤུདྡྷ་ནི་རྣམ་པར་དག་པ། ཙཀྵུ་ནི་མིག། ཨ་ཨཱ་ཨཾ་ཨ་ནི། རྣམ་པར་ཐར་པ་བཞི་ཡི་མཚོན་པ་སྟེ། སྟོང་པ་ཉིད་དང་། མཚན་མོ་མེད་པ་དང་། སྨོན་པ་མེད་པ་དང་། ཐབས ་མ་ཁས་པ་དང་བཞི་སྟེ། འདི་བཞི་ཡང་དོན་སྐྱེ་བ་མེད་པར་འདུ་སྟེ། དེ་ལྟར་མཐའ་བསྡུས་པས། ཆོས་ཐམས་ཅད་དངོས་པོ་མེད་པ་རང་བཞིན་གྱིས་རྣམ་པར་དག་པའི་དེའི་མིང་གི་སྐྱེ་བ་མེད་པས་ཤེས་སོ།། ཞེས་བཤད་པ་ཡིན་ནོ།། དེ་དག་གིས་ནི ་རྩ་བའི་སྔགས་བསྟན་ཏོ།། པྲ་ཀྲི་ནི་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པ། པ་རི་ཤུདྡྷ་ནི་ཡོངས་སུ་དག་པ། སརྦ་དྷརྨྨ་ནི་ཆོས་ཐམས་ཅད། ཡ་དུ་ཏ་ནི་སྐྱེད་པ། སརྦ་ཏ་ཐཱ་ག་ཏཱ་ནི་དེ་བཞིན་གཤེགས་པ་ཐམས་ཅད། ཛྙཱ་ན་ཀཱ་ཡ་ནི་ཡེ་ཤེས་ཀྱི་སྐུ། མཉྫུ་ཤྲཱི་ནི ་འཇམ་དཔལ་ལོ།། པ་རི་ཤུདྡྷི་ཏ་ནི་ཡོངས་སུ་དག་པ། མུ་པ་ཏ་ཡེ་ཏི་ཨ། ཞེས་པ་བྱིན་གྱིས་བརླབ་པར་བྱེད་པ་ཞེས་ཀྱང་སྟོན་ཏོ།། ཁས་བླང་ངོ་།། གཟུང་བར་བྱའོ།། ཞེས་པར་ཡང་སྟོན་ཏོ།། མཐའ་བསྡུས་པས་ཟབ་པ་དང་རྒྱ་ཆེ་བ་གཉིས་སུའི་མེད ་པར་ཡོངས་སུ་དག་པ་ལས་ཆོས་ཐམས་ཅད་སྐྱེད་པར་བྱེད་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འཇམ་དཔལ་ཡོངས་སུ་དག་པར་ཁས་བླང་གཟུང་བར་བྱ།། ཞེས་པའོ།། ཨ་ཨཾ་ནི་སྐྱེ་འགག་མེད་པ། སརྦ་ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ ་ཐམས་ཅད། ཧྲི་ད་ཡ་ནི་སྙིང་པོ་སྟེ་ཐུགས་སོ།། ཧོ་ར་ཧ་རོ་འཕྲོག་པར་བྱེད་པའོ།། ཨོཾ་ཧཱུཾ་ཧྲཱིཿསྐུ་གསུང་ཐུགས་བྱིན་གྱིས་རློབ་པའོ།། བྷ་ག་བན་ནི་བཅོམ་ལྡན་འདས་སོ།། ཛྙཱ་ན་མུནྟི་ནཱི་ཡེ་ཤེས་སྐུའོ།། བཱ་གི་ཤྭ་ར་ནི་ངག་གི་དབང་ཕྱུག་གོ། མ་ཧཱ་པཱ་ཙ ་ནི་གསུང་བ་ཆེན་པོའོ།། སརྦ་དྷརྨཱ་ནཻ་ཆོས་ཐམས་ཅད། གཱ་ག་ནེ་ནི་ནེ་མཁོའ་ལྟ་བུའོ།། ཨོཾ་མ་ལ་ནི་དྲི་མེ་མེདོ་པ། སུ་པ་རི་ཤུད་དྷ་ནི་ཡོངས་སུ་དག་པའོ།། དྷརྨྨ་དྷ་ཏུ་ནི་ཆོས་ཀྱི་དབྱིངས་སོ།། དྷཱི་ན་གརྦྷ་ཨཱཿནི་ཡེ་ཤེས་ཀྱི་སྙིང་པོའོ།། མཐའ་བསྡུས ་པས་སྐྱེ་འགག་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་འཕྲོག་པར་བྱེད་པ། སྐུ་གསུང་ཐུགས་བྱིན་གྱི་རློབ་པར་བྱེད་པ། བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། གསུང་གི་དབང་ཕྱུག་གསུང་བ་ཆེན་པོ། ཆོས་ཐམས་ཅད་ན་མཁའ་ལྟར་དྲི་མ ་མེད་ཅིང་ཡོངས་སུ་དག་པ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སྙིང་པོ་ཞེས་བྱ་སྟེ། དེས་ནི་ལས་སྔགས་བསྟན་ཏེ། བསྡུས་པའི་དོན་ཏོ།། །། དེ་ལྟར་སྟོན་པ་ཤཱཀྱ་ཐུབ་པས་ལམ་འབྲས་བུ་དང་བཅས་པའི་ཆོས་སོ།། ཐུན་མོང་མ་ཡིན ་པའི་མཚན་གསུངས་པས་འཁོར་རྗེ་སུ་ཡི་རང་བ་བསྟན་པ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཚོང་།། དགའ་ཞིང་མགུ་ནས་ཐལ་མོ་སྦྱར།། ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ཡང་འདིས་ནི་ཇི་ལྟར་ཡི་རང་བ་བསྟན་ཏེ། མཚན་གྱི་གཞུང་རྫོགས་པའི་རྗེས ་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་།། རང་དང་གཞན་གྱི་དོན་ཡོངས་སུ་རྫོགས་པས་དགའ་ཞིང་། དེ་བཤད་པའི་སྟོན་པ་མགུ་ནས་ལུས་ཙོག་པུར་འདུག། ལག་པ་ཐིལ་མོ་སྦྱར་ནས་ཡི་ར་།། ཡུལ་གང་ལ་ཡི་རང་ན། མགོན་པོ་བཅོམ་ལྡན་དེ་བཞིན ་གཤེགས།། རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། ཞེས་སྨོས་ཏེ། འགྲོ་བ་རྣམས་ཀྱི་དོན་མཛད་པས་ཀྱང་ཤཱཀྱ་ཐུབ་པ། བདུད་བཞི་བཅོམ་ཞིང་། ལེགས་པའི་ཡོན་ཏན་དྲུག་དང་ལྡན་པས། ཟབ་པ་དེ་བཞིན་ཉིད་དུ་གཤེགས་པ་དང་། རྒྱ་ཆེ་བ་འགྲོ ་བའི་དོན་ལ་གཤེགས་པ། ཚོགས་གཉིས་རྫོགས་ཤིང་། སྤངས་པ་ཕུན་སུམ་ཚོགས་པ་དང་། ཡེ་ཤེས་ཕུན་སུམ་ཚོགས་པ་དེ་ལ། ལུས་ངག་ཡིད་གསུམ་གུས་པ་དང་བཅས་ནས། གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་མང་པོ་དང་བཅས་ཏེ ་ཕྱག་འཚལ་བའོ།། འཁོར་གང་དང་བཅས་ཏེ་ཡི་རང་ན། དེ་ནི་མགོན་པོ་གསང་བའི་བདག། ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ།། སྣ་ཚོགས་གཞན་དང་ལྷན་ཅིག་ཏུ་ཞེས་སྨོས་ཏེ། འགྲོ་བའི་མགོན་མཛད་པ། གསང་བའོ་བདག་པོ་ལག་ན་རྡོ་རྗེ་ལ་སངས་རྒྱས་ཐམས ་ཅད་ཀྱིས་ལས་ཁྲོ་བོར་དབང་བསྐུར། དབང་རྟག་སུ་ལག་ཏུ་རྡོ་རྗེ་གཏད།། གསང་མཚན་དུ་ལག་ན་རྡོ་རྗེ་ཞེས་བཏགས་པས་ན། ཁྲོ་བོའི་རྒྱལ་པོའོ།། ཡོན་ཏན་སྣ་ཚོགས་དང་ལྡན་པའི་འཁོར་ལྔ་བརྒྱ་པོ་གཞན་དང་ལྷན་ཅིག་ཏུ་ཡི་རང་ངོ་།། ཚིག་གང་གིས། ་ནས་ཡི་རང་ན། གསང་བསྟོད་ནས་ནི་ཚིག་འདི་གསོལ།། མགོན་པོ་བདག་ཅག་ཡི་རང་ངོ་།། ལེགསོ་ལེགསོ་ལེགས་པར་གསུངས།། ཞེས་སྨོས་ཏེ། གསང་བསྟོད་ནས་ནི། ཞུམ་པ་མེང་པར་དབུ་འཕངས་བསྟོད་པའོ།། བདག་ཅག་འཁོར་དང་བཅས། ་པ་ཡི་རང་སྟེ། ཟབ་པ་རང་གི་དོན་འབྱུང་བ་ལགས་སོ།། རྒྱ་ཆེ་བ་གཞན་གྱི་དོན་འབྱུང་བ་ལག་སོ།། ཟབ་པ་རྒྱ་ཆེ་བ་གཉི་སུ་མེད་པར་གསུངས་པས་ལེགས་པར་གསུངས་པའོ།། དགོས་པ་གང་གི་ཕྱིར་ཡི་རུང་ན། རྣམ་གྲོལ་འབྲས་བུ་འཚལ་བ་ཡིས།། ་འགྲོ་བ་མགོན་མེད་རྣམས་དང་ནི།། བདག་ཅག་ཡང་དག་རྫོགས་པ་ཡི།། བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། ཅེས་སྨོས་ཏེ། ཉོན་མོངས་པའི་འཆིང་བ་ལས་གྲོལ་བའི་འབྲས་བུ་འདོད་པའི་འགྲོ་བའི་མགྲོན་མེད་པ་རྣམས་དང་། བདག་ཅག ་གི་རྫོགས་པའི་བྱང་ཆུབ་ཐོབ་པའི་དོན་དུ་མཛད་པས་སོ།། ཆོས་གང་ལ་ཡི་རིང་ན། སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ།། འདྲི་ནི་རྣམ་དག་ལེགས་པའི་ལམ།། ཟབ་ཅིང་ཡངས་ལ་རྒྱ་ཆེ་སྟེ།། དོན་ཆེན་འགྲོ་བའི་དོན་བྱེང་པ། ཞེས་སྨོས་ཏེ། སྒྱུ ་འཕྲུལ་དྲ་བའི་ཆོས་སུ་བསྟན་པ་འདི་ནི་ཤིན་ཏུ་ལེགས་པའི་ལམ་སྟེ། ཟབ་པ་དང་། ཡི་ངས་ཤིང་རྒྱ་ཆེ་བ་དང་། འགྲོ་བའི་དོན་བགྱིད་པས་སོ།། ཡིད་ཆེས་པའི་རྒྱུ་མཚན་ཅི་ཡོད་པའི་ཕྱིར་རྗེས་སུ་ཡི་རང་ན། སངས་རྒྱས་རྣམས་ཀྱི་ཡུ་ལ ་འདི་ནི།། རྫོགས་པའི་སངས་རྒྱས་རྣམས་ཀྱི་བཤད་ཅེས་སྨོས་ཏེ། སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་གྱི་ཆོས་འདི་ནི་གང་ཟག་གི་མ་གསུངས་ཏེ། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པས། བརྫུན་དང་། ནོར་བ་མི་འབྱུང ་བས་ཡིད་ཆེས་པའི་ཕྱིར། རྗེས་སུ་ཡི་རང་ཞེས་བཤད་པ་ཡིན་ནོ།། དེ་ཡང་ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། ཉེས་པ་ཟད་པ་རྫུན་གྱི་ཚིག། སྨྲ་བར་མི་བྱེད་རྒྱུ་མེད་ཕྱིར། ཉེས་ཟད་ལུང་དུ་ཤེས་པར་བྱའོ་ཞེས་གསུངས་པ་ལྟ་བུའོ།། ། ་སངས་རྒྱས་ཀུན་གྱི་བདག་ཉིད་འཇམ་དཔལ་མཚན།། ཟབ་ཅིང་རྒྱ་ཆེའི་ཤིན་ཏུ་དཔག་དཀའ་ཡང་།། བཤད་པའི་རྒྱུད་དང་གདམས་ངག་ལ་བརྟེན་ནས།། སློ་བ་མས་གསོལ་བ་བཏབ་ཕྱིར་བདག་གི་བརྩམས།། ནོངས་པར་གྱུར་པ་འཕགས ་དྲང་མཁས་ལ་བཤགས།། འདི་བརྩམས་དགེ་བ་མ་ནོར་མཆིས་པ་ཡིས།། ཀུན་གྱིས་འཇམ་དཔལ་གོ་འཕངས་ཐོབ་པར་ཤོག། ཆོས་སྐད་བྱིངས་ལ་མ་བརྟན་བོད་ཀྱི་མིས།། གོ་བ་བདེ་ཕྱིར་རང་སོའི་སྐད་ཀྱིས་བཀྲོལ།། དེ་ཕྱིར་མཁས་པས ་ཚིག་སྐྱོན་བརྟག་མི་རིགས།། འོན་ཀྱང་རྒྱལ་བའི་ལུང་ལའང་སྐུར་འདེབས་ན།། བདག་འདྲའི་གཞུང་ལ་ཅི་ཕྱིར་སྨོས་མི་རིགས།། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མེ་ཞེས་བྱ་བ་རྫོགས་སོ།། ་སློབ་དཔོན་བི་མ་ལ་མི་ཏྲས་མཛད་ནས་ཐུགས་ཀྱི་སྲས་ཉང་ཏིང་ངེ་འཛིན་གྱིས་ཞུས་པའོ།། །། གཉིགས་གཉའ་ནས་བསྒྱུར་བའོ།། ། ་གླཙོ་མོ་བཞི་དང་ཁྱིའུ་བཞི།། བུ་མོ་བཞི་ཡི་གཟུགས་ཀྱང་བཞག། དེ་དུག་མཛེས་པའི་གཟུགས་བྱའོ།། པདྨའི་ལྟེ་བར་རིན་ཆེན་ལྔ།། མཚམས་ཀྱི་པདྨ་བཞི་པོ་ལ།། དཀར་སེར་དམར་སེར་བུད་མེད ་ཀྱི། འོ་མ་བཞི་ནི་མཚོ་བཞི་སྟེ།། དེར་ནི་ཀློ་གཟུགས་སྣ་ཚོགས་བཞག། ལྗང་ཁུ་དར་གྱིས་སྟེང་དག་བ་པོ།། དེ་ནས་རཏྣ་ལྷའི་ས་བོན་ལས།། འོད་ཟེར་ལྕགས་ཀྱུ་ལྟ་བུ་ལས།། འགའ་ཞིག་རྣམ་སྨིན་ལུས་བོར་བ།། བར ་དེའི་སེམས་དེ་བཀུག་བྱས་ཏེ།། དྲི་ཆུ་ཡིས་ནི་གཉིས་ཀ་བསང་།། གཟུགས་ལ་བསྟིམ་ཞིང་འོ་མར་བདར།། སྣ་ཚོགས་སྨན་གྱིས་གཏོར་བར་བྱ།། དེ་ལྟར་དགུག་པ་ལན་གསུམ་བྱ།། དེ་ལྟར་གསོ་བ་ཕྱི་ནང་གཉིས།། རང་ལྷའི ་ས་བོན་འོད་འཕྲོས་པསོ།། འགའ་ཞིག་སེམས་ཀྱི་བག་ཆགས་སྦྱངས།། ལྕེ་ཡི་རྡོ་རྗེ་ལྟ་བར་ཨ།། ཨ་ཡི་འོད་ཟེར་ཕུལ་བཏབ་པས།། འགའ་ཞིག་སེམས་ཀྱི་ཨ་ལ་ཐིམ།། བདུད་རྩིའི་རྒྱུན་ཕབ་སེམས་གསོའོ།། སེམས ་དང་ཤེས་པ་དྲན་གསལ་བསམ།། འཆི་མེད་བདུད་རྩིའོ་རྒྱུན་འདིས།། ཀླུ་བརྒྱད་འཁོར་བཅས་ཁྱེད་རྣམས་ཀུན།། སེམས་དང་ཤེས་པ་གསུལ་གྱུར་ཅིག། ལུས་དང་དབང་པོ་རྒྱས་གྱུར་ཅིག། དྲིན་ལནྡ་དམ་ཚིག་དྲན་པར་གྱིས ་ལ། བཀའ་དང་དམ་ལས་མ་འདའ་བར།། ཤིན་ཏུ་ཁྲོས་པ་ཞི་གྱུར་ཅིག། དེ་ལྟར་རིམ་པས་ལོན་གསུམ་པར།། དེ་ནི་ནང་གི་གསོ་བ་ཡིན།། དེ་ནས་མངར་གསུམ་འབྲས་ཚོན་མར།། གསེར་དང་ཁྱི་ཡི་འོ་མ་དང་།། ན་ག ་གེ་སར་ལ་སོགས་པའི།། གསྔོ་བའི་སྨན་ནི་སྣ་ཚོགས་བསག། བདུད་རྩིའི་འོ་རྒྱན་བྱིན་བརླབས་ཏེ།། དེ་ཡི་ཉམས་པ་རྣམས་སོས་བསམ།། གསོ་སྨན་ལ་སྩོགས་རིམ་པ་ནི།། མཆོད་ཅིང་འདི་སྐད་བརྗོད་པར ་བྱ། ཧཱུ~ཾ་ད་ནི་ཐུགས་རྗེ་ཆེན་པོ་ཡི།། པ་སྤུའི་བུཾ་གཱ་ཐམས་ཅད་ནས།། གསོ་བའི་བདུད་རྩི་རྒྱན་ཕབ་ནས།། ཀླུ་བརྒྱད་འཁོར་བཅས་ཁྱེད་རྣམས་ཀུན།། དྲག་པོའི་སྔགས་ཀྱི་གཟི་བརྗིད་ཀྱིས།། བསྲེག་དང་བཅི་བའི ་སྡུག་བསྔལ་དང་།། མཚོན་ཆ་རྣམ་པ་སྣ་ཚོགས་ཀྱིས།། བསྟན་ཅིང་གཏུབས་པའི་སྡུག་བསྔལ་དང་།། སྡུག་བསྔལ་རྣམ་པ་སྣ་ཚོགསོ་མྱོང་།། འཆི་མེད་གསོ་བར་སྨན་ཚོགས་ཀྱིས།། བསྲེགས་ཤི་བཙོས་པ་སོས ་གྱུར་ཅིག། བསྣུནྡ་ཅིང་གཏུབས་པ་སོས་གྱུར་ཅིག། ལུས་དང་དབང་པོ་རྒྱུས་གྱུར་ཅིག། མཐུ་སྟོབས་ལྡན་ཞིང་བདེ་གྱུར་ཤོག། སྡུག་བསྣོལ་ཀུན་ལས་ཐར་པར་ཤོག། བྱང་ཆུབ་སེམས་བསྐྱེད་དགའ་སེམས་ལྡན།། ་དབང་པོ་རྣམས་ཀྱི་སྤྱོད་ཡུལ་དུ།། མཁ་དགུ་ལོངས་སྤྱོད་ཐམས་ཅད་ནི།། འདོད་པ་ཐམས་ཅད་ལྡནྡེ་གྱུར་ཅིག། ཉམས་པའི་ལུས་སོགས་རྒྱས་གྱུར་ཅིག། ཡན་ལག་ཐམས་ཅད་བྱེད་གྱུར་ཅིག། ཀླུ་ནང ་ཐམས་ཅད་སོས་གྱུར་ནས།། སྡུག་བསྔལ་ནད་ལས་ཐར་པར་ཤོག། ངན་སོང་གསུམ་ལས་ཐར་ནས་ནི།། ཚངས་པའི་ཚེ་དང་ལྡན་གྱུར་ཏོ།། ཆོས་སྤྱོད་དབང་པོ་ཐུལ་ནས་ནི།། ཕྱག་ན་རྡོ་རྗེའི་ཞལ་མཐོང་ཤོག ་