| Wylie | e-texts produced with BDRC’s OCR application |
བཞིའི་མཚན་མོ་ཐོག་ཐག་བཟླས་པ་བྱ། ནམ་ཕྱེད་དམ་ཡང་ན་ཐོ་རངས་ཀ་འགྲུབ་པར་བྱེད་དོ།། ཉི་མ་རེ་རེ་དི་ན་ར་བཅུ་བཅུ་སྟེར་རོ།། འདྲེ་མོ་ཁ་ནག་མོའི་སྒྲུབ་ཐབས་རྫོགསོ།། །། གཤིན་རྗེ་གཤེད་ལ་ཕྱག་འཚལོ།། གནོད་སྦྱིན་མོ་ལ་སོགས ་པ་དེ་རྣམས་ཀྱི་མཐུས།། ཉི་མ་རེ་ལ་ཇི་ཙམ་ལག་ཏུ་བླངས་པ་དེ་ཐམས་ཅད་གསོག་འཇོག་མི་བྱ་བོར་ལོངས་སྤྱད་ཅིང་། ཟད་པར་བྱའོ།། གཞན་ལ་ཡང་མི་ཤད་དོ།། དེ་ལྟར་མ་བྱས་ན་འགྲུབ་པར་མི་འགྱུར་རོ།། དེ་དོག་ཐད་ཀྱི་དམ་ཚིག་གི་ཕྱག་རྒྱས།། ་སོར་གསུངས་པའོ།། ཡང་ན་དེ་དག་ཐམས་ཅད་རྡོ་རྗེའི་རིགས་ཁོ་ནས་འདུས་པས། རྡོ་རྗེའི་རིགས་ཀྱི་ཕྱག་རྒྱ་ཁོ་ན་བྱ་བ་ནི་ཐམས་ཅད་ལོ་ཁྱད་མེད་པའི་ཕྱིར་རོ།། རྡོ་རྗེ་བསྡམས་པ་བྱོས་ནས་ནི། ཁྲོས་པའི་བསམ་པས་བཅིང་བར་བྱ། མཐོ་བོ་རྡོ་རྗེ་བརྟན ་པས་མནན། འདི་ནི་ཁྲོ་བོའི་ཕྱག་རྒྱར་དྲན་ཞེས་སོ།། འདི་རྣམས་ཀྱི་རིམ་པ་ས་ལྟ་བས་ལན་བདུན་ཚུན་ཆད་ཀྱིས་གལ་ཏེ་མ་གྲུབ་ན་དེའི་ཚེ་ཁྲོ་བོའི་རྒྱལ་པོའི་སྔགས་སྦྱར་ཏེ། སྟོང་ཕྲག་ཙམ་རྟོག་པ་ལས་གསུངས་པའི་གྲངས་ཀྱིས་ངེས་པར ་འགྲུབ་པར་འགྱུར་རོ།། དེ་ལ་སྦྱོར་བ་ནཱི། ཨོཾ་ཡ་མཱནྟ་ཀ་ཨོཾ་བྷོ་ག་བ་ཏེ་སྭཱ་ཧཱ་ཧཱུཾ། དེ་བཞིན་དུ་གཞན་གྱི་ཡང་སྔགས་རྣམས་སྦྱར་ལ། བཟླས་པར་བྱའོ།། དེ་ལྟར་བྱས་ཀྱང་མི་འགྲུབ་ན། བདག་གིས་བྱས་པས། གནོད་སྦྱིན་མིའི་མངོན་རྟོགས་ཀྱི་ཚུ ་གྱིས་འདིར་བསྒྲུབ་པར་བྱའོ།། དེ་བཞིན་དུ་གཞན་ཡང་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་གྱི་རྒྱུད་ལས་བསྟན་པའི་སྒྲུབ་ཐབས། ཐམས་ཅད་དཔལ་གཤིན་རྗེ་གཤིད་ཀྱི་རྣལ་འབྱོར་པས་བསྙེན་པ་བསྐྱལ་བ་དང་། དགུག་པ་ལ་སོགས་དང་། མཆོད་པ ་ས་ཆོ་ག་བཞིན་དུ་བྱས་ཏེ། བསྒོམས་པས་བསྒྲུབ་པར་བྱའོ།། དེ་ལས་སྐྱོ་ན་བཟླས་པས་སྒྲུབ་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་རྣམས་རྣལ་འབྱོར་ཆེན་པོའི་ནང་ནས་གསུངས་པའི་སྒྲུབ་ཐབས་ཐད་བསྒྲུབ་པར་བྱའོ།། ཞེས་གསུངས་པའི་ཕྱིརརོ།། ་དའི་ཕྱིར་ན་ཐེག་པ་གཞན་ལ་ཡང་གནས་པའི་སྒྲུབ་ཐབས་སྒྲུབ་པར་བྱེད་པ་ལ་ཐེ་ཚོམ་དུ་མི་བྱའོ།། སྔགས་རྣམས་ཡིད་བཞིན་ནོར་བུ་ལྟར་སྒྲུབ་པའི་འབྲས་བུ་གཅིག་ཏུ་མ་ངེས་བྱས་སོ་ཞེས་སོ།། བྱ་བ་སྤྱོད་པ་རྣལ་འབྱོར་རྣམས།། ་རྣམས་དོན་ལ་ཁྱད་མེད་ཀྱང་།། སེམས་ཅན་བསམ་པ་ཐ་དད་ཕྱིར།། དེ་བཞིན་ཕྱེ་ནས་བསྟེན་པོའོ།། འགྲོ་ལ་ཕན་པ་དེ་ཉིད་ཀྱིས།། འགྲོ་ཀུན་སྒྱུ་མ་ལྟར་གསུངས་ཀྱང་། ཁྲུས་ལ་སོགས་པ་དག་འདོད་པ།། དེ་ལ་ཅི་ཕྱིར་བདག་མེད་བཤད། སྣ ་ཚོགས་ཐབས་ཀྱི་རྒྱུན་རྣམས་ནི།། སྙིང་རྗེའི་རོ་དང་ལྡན་པས་ན།། དེ་ཕྱིར་བྱང་ཆུབ་སེམས་དཔའ་ཡིས།། སྒྱུ་མའི་གདན་ནི་བསྟན་པའོ།། བྱི་བ་སྤྱོད་པ་རྣལ་འབྱོར་ལ།། གང་ཞིག་བློ་ནི་ཆགས་གྱུར་པས།། དེས་ནི་ཆོ་ག་མ་ཆད་པར།། དེ་ལས ་གསུངས་པའི་བྱ་བའོ།། དཔའ་བོའི་འཁྲུག་པས་གཞན་འཇོམས་མ། ཡང་ན་འབྲོས་པ་ལེགས་པ་ཡིན།། གཉིས་པོ་སྤངས་པའི་སྤྱོད་པ་དེ།། དགོད་པ་མེད་པར་ལྟུང་བའི་ཕྱིར།། རྒྱུད་རྒྱལ་རྒྱ་མཚོའི་ནང་ནས་ཤིན་ཏུ་རིན་ཆེན་ཆོ་ག་འདི།། འགྲོ ་ལ་ཕན་ཕྱིར་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་སྒྲུབ་ཐབས་བཏོན།། དེ་ཕྱིར་འདི་ལས་རང་གཞན་དོན་དུ་རབ་ཏུ་བསྒྲུབ་པ་གྱིས།། སྐབས་དོན་ཕན་པ་འདི་ལས་ཐོབ་པརརོ་མི་འགྱུར་རམ།། འདི་ཉིད་བྱེད་པ་སེམས་ཀྱི་རྣམ་པ་ཐམས་ཅད་ཀྱི།། ་ལས་ཅན་རྣམས་ཀྱི་སེམས་ནི་རང་དབང་སྤྲོས་པ་ལ།། སྲིད་པ་དེ་སྲིད་ཐར་པས་རབ་ཏུ་ཁྱབ་པའི་ཕྱིར།། བློ་ཡི་ནོར་ལྡན་བླ་བ་དག། ལ་ཐོགས་པར་འགྱུར་རམ།། སྐྱེ་ཤི་ནད་ཀྱིས་ཆུ་རླབས་འཁྲུགས་པའི་ཕྲེང་བ་ཅན།། སྲིད་ཆུའི ་གཏེར་ལས་སྐྱེ་བོའི་བསོད་ནམས་འདིར་ཐོབ་ཤོག། བདག་ཀྱང་འཇམ་པའི་རྡོ་རྗེའི་སྐུར་ནི་རབ་གྱུར་ཏེ།། སྲིད་པ་གསུམ་ལོ་ཕན་ཇི་སྲིད་ན་མཱ་ཁའི་དབྱིངས། བཟང་ངན་རྣམ་པར་སྤྱོད་པའི་རང་བཞིན་གྲུབ་མཐའ་དང་། འཇམ་དཔལ་ཞབས་ཀྱི་པདྨའི ་རྡུལ་ཚོགས་མགོས་ལེན་ཅིང་།། སྡིག་པ་ཕྲ་ཞིང་ཆུང་ལའང་འཇིགས་པས་རབ་ཏུ་འཛེམ།། ཐོས་དང་སྙིང་རྗེ་སྦྱིན་དང་བཟོད་པ་ངེས་ཚིམ་པའོ།། ཤེས་རབ་སྐྱོང་གིས་དཔལ་ལྡན་གཤིན་རྗེ་གཤེད་ཆོ་ག་བསྟན།། གཤིན་རྗེ་གཤེད་ཀྱི་ཡོད ་བཞིན་གྱི་ནོར་བུའི་ཕྲེང་བ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། རྒྱ་གར་ཤེར་ཕྱོགས་བྷ་ག་ལའི་པཎྜི་ཏ་དཱ་ན་ཤི་ལ་ཞེས་བྱ་བས་བྱིན་གྱིས ་བརླབས་པ་དྲང་སྲོང་སྲིན་པོ་རོར་རང་འགྱུར་དུ་བྱས་པའོ།། བཀྲིས། 5། ཛད་མ་ལ་ཏེ་ས་ཀྱིམ་མཚན་མར་བྱར་རྒྱབ་མིམ་མོ་ས་མ་བབགས་པའི་རྫི་ལྗོངས་ས་བྱེད།། དེ་འདི་རློག་ལྔའི་མགྲོ་མུ་མས ་