CLOSE WINDOW

GT939: uts+tshuSh+mA zhes bya ba'i sgrub thabs
Wyliee-texts produced with BDRC’s OCR application

བྱུགས་པའི་སེང་ལྡེང་གི་སྒོ་ཤིང་སྟོང་ཕྲག་གཅིག་ལ། སྐྲ་གྲོལ་ཞིང་གཙིར་བུར་བྱས་པས་སྦྱིན་སྲེག་བྱས་ཏེ། མཐོང་ན། མ་འམ་སྲིང་མོར་གྱུར་ཏེ། མིས་ཀ་བཅུ་དྲུག་སྤངས་ན་བརྒྱད་སྟེ་རོ།། རང་གི་ཁྲག་དང་ཆང་བསྲེས་པས་མོ་བྱུང་བའི་དུས་སུ ་མཆོད་ཡོན་ཕུལོ།། ཨ་ལུམ་པི་ནི་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། །། རྒྱ་གར་སྐད་དོ། ཨུཙྪཉྫ་ནཱ་མ་སཱ་དྷོ་ནཾ། བོད་སྐད་དུ། ཨུརྒྷནྡྷ་ཞེས་བྱ་བའི་སྒྲུབ་ཐབས། ཨོཾ་ཨཱིཙྪུ་ཥྚཱ་ཡ་སྭཱ་ཧཱ། ཞེས་སོ།། འདི་ཡི་ཆོ་ག་ནི་ཉའི་དུས་ནས་ཕྱི་མའི་ཚེས་བཅུ་བཞིའོ ་བར་དུ་བསོད་སྙོམས་སྤངས་པའི་ཟན་ལོ་ཆང་བུ་གཅིག་ལ་སྔགས་བཟླས་ལ་རང་བཟའ། གཉིས་པ་ལ་བཟླས་ལྔ་ཆུ་ལ་བསྒྱུར་ལ་བཏང་། ཞིག་ཉེར་གོ་ཅིག་ན་གདོལ་པ་མོའི་གཟུགས་བྱས་ནས་སྒྲུབ་པ་པོ་ལ་ལུང་སྟོན་ཏོ།། དེ་ལ་སྨྱུག་བྲོ་བར་མི་བལྟའོ།། དེ་ནས ་རང་གི་གཟུགས་ཀྱིས་གནས་ཏེ། མ་འམ་སྲིང་མོ་འམ་ཆུང་མར་གྱུར་ཏེ། དམ་བཅའ་བྱེས་ནས་རྗེ་སུ་འབྲང་བར་འགྱུ་རོ།། ཚོགས་བསགས་པའི་གང་ཟག་གིས་ཞག་བདུན་ན་འགྲུབ་པོ།། བསོད་ནམས་ཆུང་བས་ཀྱང་ཞག་ཉི་ཤུ་རྩ་གཅིག་གི་བྲམ་ཟེ་གསད་དུ་ཟིན ་འགྲུབ་པར་འགྱུ་རོ།། གྲུབ་ནས་དྲི་ནར་ལྔ་ལྔ་ཉི་མ་རཱི་རེས་སྤྱིར་རོ།། ཟན་གྱི་ཆང་བུ་སྟེར་བའི་དུས་སུ་མི་མེད་པར་ཟན་བཟའ།། མཚན་མོ་གཅིག་པར་ཉལ་བར་བྱའོ།། ཨུཙྪུ་ལླཱ་ཞེས་བྱ་བའི་སྒྲུབ་ཐབས་རྫོགསོ།། ། རྒྱུ་གར་སྐད་དུ། ཀྵུ་ཀྵུ་ས~ཾ་རི་ཀཱནྡྷ་རི་སཱ་ཛཱི་ནཾ། ་བོད་སྐད་དུ། ཀྵ་ཀྵ་སེ་རི་ཀུན་དའི་སྒྲུབ་ཐབས། ན་མོ་པི་ཤཱ་ཙི་ནི་ཀྵ་ཀྵ་ས་རི་ཀུནྡ་རི་སྭཱ་ཧཱ། ཞེས་སོ།། དུར་ཁྲོད་ཀྱི་སོལ་བས་ཁང་པའི་ཤར་ཕྱོགས་ཀྱི་རྩིག་པ་ལ་འདྲི་མོའི་གཟུགས་བྲིས་ཏེ། དེའི་ནང་དུ་མི་མི་བཏང་བར་བྱས་ཏེ། ཉི་མ་རྒས་པ་དང་། གཟུགས་དེའི་འདུན་དུ་འདུག་སྟེ། ་དེའི་མགོ་ལ་ལག་པ་གཞག་ལ། བརྒྱད་ཀྱི་ལྷག་པའི་སྟོང་ཕྲག་གཅིག་བཟླས་ནས། དེའི་དྲུང་དུ་ཉལ་བས་ཞག་དང་པོ་ལ་དུར་ཁྱོད་ཀྱི་དྲི་རྣམ་པར་འགྱུ་རོ།། གཉིས་པ་ལ་ཨ་ཀ་རུ་ལ་སོགས་པ། བདུག་སྤོས་ཀྱི་དྲི་རྣམ་པར་འགྱུརོ།། གསུམ་པ་ལ་ལུས་ལ་རེག་བྱ་འཇམ ་པ་སྐྱེད་པར་བྱེད་དོ།། དེ་ལ་མཱི་མགུལ་བར་ཤིང་སྡོང་ལྟར་བསྡད་དེ། དེ་རང་ནུབ་མོ་ནས་འགྲུབ་པར་འགྱུར་བས། འགྲོན་བུ་པ་ནི་བརྒྱད་སྟེར་རོ་ཀྵ་ཀྵུ་སེ་རི་ཀུན་དའི་སྒྲུབ་ཐབས་རྫོགས་སོ།། ། རྒྱུ་གར་སྐད་དུ། པི་ཤཱ་ཙེ་ཀཱརྞ་གྲྀཧྞ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་མོ་རྣ་བ་འཛིན ་པའི་སྒྲུབ་ཐབས། ཨུནྡྲཥྨཱ་པི་ཤཱ་ཙི་ཀཎ་གྲཧྞ་སྭཱ་ཧཱ་ཞེས་སོ།། ཉི་མ་ནུས་པའི་དུས་ཚོད་ལ་སྦྱིན་པ་སླར་དོ་ཁྱེར་ནས་དབེན་པའི་སར་པོར་ལ་བཏིང་ངོ་།། ཞག་ཉི་ཤུ་རྩ་གཅིག་གི་དུས་སུ་འདྲེ་མོ་འོང་བར་འགྱུར་རོ།། དེ་མི་སྡུག་པའི་གཟུགས་སྟོན་ནི་དེ་ལ་འཇིགས་པནྡྷ ་མི་བྱའོ།། སྔགས་ཟློས་ཤིང་དེ་དང་གཏམ་སྨྲའོ།། སྐད་ཆུང་བར་བྱའོ།། དེ་ནས་དེ་ན་རེ་བདག་གིས་ཅི་བཱ་ཞིས་ཟེར་ན། བདག་ལ་གྲུབ་པར་གྱིས་ཤིག་ཅེས་བྱའོ།། དེ་ནས་དེ་ན་རེ་བདག་ལ་གཏོར་མ་བྱིན་ཞེས་ཟེར་ན་དུར་ཁྲོད་དུ་ཕྱིན་ནས། བལ་སྲན་གྱི་གཏོར་མ་དབུལ་ལོ།། ་དེནམོ་གཏེར་སྟོན་པ་དང་། བློ་འཕེལ་བའི་རྫས་དང་། གཞན་ཡིང་འདོད་པ་ཟད་སྦྱོར་བ་དང་། ཐམས་ཅད་སྲུང་པོར་བྱེད་པའི་འདྲ་མོའི་སྒྲུབ་ཐཱབས་རྫོགས་སོ།། རྒྱོ་གར་སྐད་དུ། བཱི་བཱ་པི་ཀྲྀཥྞ་མཱུ་ཁ་སྱོ་དྷ་ནཾ། བོད་སྐད་དུ། ཤཱ་ཟ་ནོག་མོའི་སྒྲུབ་ཐབས། ཨོཾ་ཏ་ཏི་ལོ་ཏི་ཏི་ལེ ་ཀྲྀཥྞ་མུ་ཁེ་མ་ཧཱ་བི་ཤཱ་ཙི་དེ་ཧི་ད་ད་ཧི་སྭཱ་ཧཱ། བསྙེན་པ་འབུམ་ཕྲག་གཅིག་བཟླས་ཏེ། དེ་ནས་ཚེས་བཅུ་བཞི་ནས་ཟན་ལྷག་མའི་ཆང་བུ་ལ་སྔགས་ལན་བདུན་བཟླས་ཤིང་། ཟླ་བ་གཅིག་གི་བར་དུ་སྦྱིན་ནོ།། ནམ་ཕྱེད་ལ་བཟླས་པ་མང་དུ་བྱ། དེ་ནས་ཚེས་བཅུ ་