CLOSE WINDOW

GT930: sha za pi lu'i pa li sgrub thabs
Wyliee-texts produced with BDRC’s OCR application

ཕྱག་རྒྱའོ།། དྲི་མེད་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། བི་ཤ་ཙ་པི་ལུ་པ་ལ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་པི་ལུ་པ་ལི་སྒྲུབ་ཐབས། ན་མོ་བྷ་ག་ཝ ་ཏི་པི་ལུ་པ་ལ་ཡ་བི་ཤཱ་ཙེ་ས་ཁ་བྷུ་ག་ཏཱི་སཾ་མེ་ཀམ་ན་པྲ་ཡཱཙྪ་ཏུ། ཏཱདྱ་ཐཱ། ཧུ་ལུ་ཏུ་ལུ། པི་ཤ་ཙ་བཱ་ར་བཨཱ་རྱ། བ་ར་དཱ་བ་ར་ད། ཙུ་ལུ་ཙུ་ལུ། ཙུ་ཊུ་ཙུ་ཊུ། ན་མཿསྭཱ་ཧཱ། ཞེས་སོ།། དེ་ནཱས་ཚེས་བཅུ་བཞི་ལ་ཉིན་མཚན་དུ་མྱང་གནས ་བྱས་ལ། ཚོན་ཙ་མ་འདྲེས་པ་སྣོད་སར་པའི་ནང་དུ་གཞག་ལ་པིར་གྱི་བྲི་བར་བྱ་བ་ནི། བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་སྐྲ་གྱེན་དུ་ལངས་པ། གཅེར་བུ། མདོག་ལྗང་གུ། མི་སྡུག་པ། མིག་དམར་པོ། ལག་པ་གཡས་པ་མཆོག་སྦྱིན།། ་གྱི་ཕྱག་རྒྱ་བྱས་པ། གཡོན་པས་བྱང་ཆུབ་ཀྱི་ཤིང་ལ་འཇུས་པ། དེའི་མིག་གཉིས་རང་གིས་ཁྲག་གིས་ཕྱེ་ལ། དེའི་མདུན་རྩ་ཀུ་ཤའི་མདུན་དུ་བསྡོད་པ་འམ། ཡང་ན་གཞན་ཡང་རུང་སྟེ། གཅེར་བུར་བྱས་ལ། ་འབུམ་ཕྲག་གཅིག་བསྙེན་པ་བསྐུལ་ཏེ། དེ་ནས་ཡུངས་ཀར་སྟོང་ཕྲག་བརྒྱད་ལ། རྡོག་པོ་རེ་ལ་སྔགས་ལན་རེ་བཟླས་སྙིང་གར་བརྒྱབ་པས་སྟོང་ཚེ་བརྒྱད་རྫོགས་པའི་རྗེས་ལ་ཆོས་བཅུ་བཞི་ལ་གཏོར་མ་ཆེན་པོ་དབུལ ་ཞིང་མཆོད་པ་ཆེན་པོ་བྱའོ།། དེ་ནས་མི་སྡུག་པའི་གཟུགས་ཅན་ནམ། ཡང་ན་དྲི་ཞིམ་པོས་བྱུག་ནས་འོང་བར་འགྱུར་རོ།། དེ་ལ་འཇིགས་པར་མི་བྱའོ།། པི་ལུ་པཱ་ལ་ཞེས་བྱ་བའི་གྲོགས་པོ་ཁམས་བདེ་འམ་ཞེས་དྲིས་ཏེ། མེ་ཏོག ་པོ་དང་། ཙན་དན་དཀར་པོ་སྲེས་པས་མཆོད་ཡོན་དབུལ་ལོ།། དེ་ནས་ཁོ་ན་རེ་བདག་གིས་ཅི་བགྱི་ཞེས་ཟེར་ན། ང་ཅི་ཟེར་བ་གྱིས་ཤིག་ཅེས་སྨྲའོ།། དེ་བཞིན་དུ་བགྱིའོ།། ཞེས་ཟེར་ནས་མི་སྣང་བར་འགྱུར་རོ།། དེ་ནས་གང་བསྒོ་བ་བྱེད་པ ་དང་། མཚན་མོ་དཔག་ཚད་བརྒྱ་ནས་ཀྱང་བུད་མེད་འགུགས་པ་དང་། ཕར་སྐྱེལ་བ་དང་། གྲུབ་པའི་དངུལ་ཆུ་དང་བཅུད་ལེན་དང་། འདོད་པའི་རྫས་དང་རྒྱགས་ཀྱང་སྟེར་རོ།། སྡུག་པའི་དུས་སུ་དྲན་པར་བྱས་ན་ཕྲག་པ་ལ་ཁུར་ནས ་གར་འདོད་པ་དེར་སྐྱེལ་ལོ།། ཕན་པ་དང་གནོད་པ་ཡོང་བཤད་དོ།། ཁྱད་པར་དུ་ལན་གཉིས་ལན་གསུམ་བསྒྲུབས་ན། བྲམ་ཟེ་གསད་ཀྱང་ངེས་པར་འགྲུབ་པོ།། བི་ལུ་བ་ལ་ཞེས་བྱ་བའི་སྒྲུབ་ཐབས་རྫོགསོ།། ་