| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། བྷཱུ་ཏི་སུནྣ་ར་སཱ་དྷཱ་ནཾ། བོད་སྐད་དུ། འབྱུང་མོ་མཛེས་མའི་སྒྲུབ་ཐབས། ཨོཾ་ཤྲཱི་མ་ཧཱ་བྷཱུ་ཏ་ཀུ་ལ་སུནྣ་རི་ཛཱ་ཞེས་སོ།། ཆུ་གཉིས་ཕྲད་པ་ལ་ཙན་དན་གྱི་མཎྜལ་བྱས་ཏེ། མེ་ཏོག་གཏོར ་ནས། གུ་གུལ་གྱི་དུད་པས་བདུགས་ནས་སྙིང་ཕྲག་བརྒྱད་བཟློས། ཡང་མཚན་མོ་སྟོང་ཕྲག་གཅིག་བཟླས་པས་ངེས་པར་འོང་བར་འགྱུར་རོ།། ནུབ་མོ་འདོད་ཡོན་བྱིན་པས་ཆུང་མར་འགྱུར་བས། ཐོ་རངས་གོ་སེར་སྲང་བརྒྱ་བྱིན ་ནས་འགྲོ་བར་འགྱུར་རོ།། དེ་བཞིན་དུ་ཉི་མ་རེ་རེ་བྱས་པས་ཟླ་བ་གཅིག་རྫོགས་པའི་རྫས་ལ་ཆོ་ག་ཇི་ལྟར་བཟླས་པས་རྟག་ཏུ་གནས་པར་འགྱུར་རོ།། འབྱུང་མོ་ཆེནཱ་མཽ་དཔལ་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས།། ་རྒྱ་གར་སྐད་དུ། ཤྲཱི་ཛ་ཡ་སུནྣ་རི་སཱ་དྷཱ་ནཾ། བོ་སྐད་དུ། དཔལ་རྒྱལ་བའི་མཛེས་མའི་སྒྲུབ་ཐབས། ཨོཾ་ཤྲཱི་ཛ་ཡ་སུནྣ་རི་ཧཱུཾ་ཞེས་སྷོ།། ཆུ་ཀླུང་གཉིས་ཕྲད་པའི་སར་ཙན་དན་གྱི་མཎྜལ་བྱོས་ཏེ། མཆོད་པ་དང་གཏོར་མ་དང ་ཟན་དང་ཞོ་ཕུལ་ནས། ཞག་བདུན་དུ་ཉི་མ་ར་ལ་སྟོང་ཕྲག་བརྒྱུད་བརྒྱད་བཟླས་པས། ཞག་བདུན་གྱི་ནུབ་མོ་བརྒྱན་དང་ངེས་པར་འོང་ངོ་།། བྱུང་བ་དང་ཆུས་མཆོད་ཡོན་དབུལ་ལོ།། དེ་དགྱེས་ནས་བུ་བདག་གིས་ཅི་བགྱི་ཞེས་ཟེར་ན ་བདག་ཉིད་རྒྱལ་པོར་གྱིས་ཤིག་ཅེས་བརྗོད་དོ།། དེས་རྒྱལ་པོ་དང་གོས་དང་། རྒྱན་དང་ཟས་ལ་སོགས་པ་རྣམས་སྟེར་བར་འགྱུར་རོ།། དཔལ་རྒྱལ་པོའི་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ་རྒྱུ་གར་སྐད་དུ། བི་མ་ལ་སུནྡྷ་རི་ས་དྷ་ནཱཾ། བོད་སྐད་དུ། དྲི་མེད་མཛེས་པའི་སྒྲུབ་ཐབས། ཨོཾ་བི་མ་ལ་སུནྡ་རི་ཨ་ཞེས་སོ།། དཔལ་རྡོ་རྗེ་འཆང་གི་ལྷ་ཁང་དུ་ཀ་ར་བི་རིའི་མེ་ཏོག་དང་། གུ་གུལ་གྱི་སྤོས་ཕུལ་ནས། སྔགས ་སྟོང་ཕྲག་བརྒྱད་བཟླས་པར་ངེས་པར་འོང་བར་འགྱུར་རོ།། བྱུང་བ་དང་མེ་ཏོག་གི་གདན་དབུལ་ཁམས་བདེ་འམ་ཞེས་བརྗོད་ལ། བདག་གི་ཆུང་མ་གྱིས་ཤིག་ཅེས་བརྗོད་དོ།། དེས་དངུལ་ཆུ་དང་བཅུད་ལེན་དང་གྲུབ་པའི་རྫས ་རྣམས་སྟེར་བ་དང་། དགྲ་ཐམས་ཅད་གསོད་པ་དང་། རྒྱབ་ཏུ་ཁུར་ནས་ལྷའི་ཡུལ་སྟོན་པ་དང་། ཚེ་ལོ་ཁྲི་ཕྲག་ཅིག་ཐུབ་པར་འགྱུར་རོ།། ལག་པ་གཡོན་པ་ཁུ་ཚུར་བཅངས་ནས་མཐེ་ཆུང་ཕྱིར་བཀྱེད་པ་ནི་འབྱུང་མོ་རྣམས་ཀྱི ་ཕྱག་རྒྱའོ།། དྲི་མེད་མཛེས་མ་ཞེས་བྱ་བའི་སྒྲུབ་ཐབས་རྫོགས་སོ།། ། རྒྱ་གར་སྐད་དུ། བི་ཤ་ཙ་པི་ལུ་པ་ལ་སཱ་དྷ་ནཾ། བོད་སྐད་དུ། ཤ་ཟ་པི་ལུ་པ་ལི་སྒྲུབ་ཐབས། ན་མོ་བྷ་ག་ཝ ་ཏི་པི་ལུ་པ་ལ་ཡ་བི་ཤཱ་ཙེ་ས་ཁ་བྷུ་ག་ཏཱི་སཾ་མེ་ཀམ་ན་པྲ་ཡཱཙྪ་ཏུ། ཏཱདྱ་ཐཱ། ཧུ་ལུ་ཏུ་ལུ། པི་ཤ་ཙ་བཱ་ར་བཨཱ་རྱ། བ་ར་དཱ་བ་ར་ད། ཙུ་ལུ་ཙུ་ལུ། ཙུ་ཊུ་ཙུ་ཊུ། ན་མཿསྭཱ་ཧཱ། ཞེས་སོ།། དེ་ནཱས་ཚེས་བཅུ་བཞི་ལ་ཉིན་མཚན་དུ་མྱང་གནས ་བྱས་ལ། ཚོན་ཙ་མ་འདྲེས་པ་སྣོད་སར་པའི་ནང་དུ་གཞག་ལ་པིར་གྱི་བྲི་བར་བྱ་བ་ནི། བྱང་ཆུབ་ཀྱི་ཤིང་གི་འོག་ཏུ་སྐྲ་གྱེན་དུ་ལངས་པ། གཅེར་བུ། མདོག་ལྗང་གུ། མི་སྡུག་པ། མིག་དམར་པོ། ལག་པ་གཡས་པ་མཆོག་སྦྱིན།། ་